མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་ས་ནས་ལོ་སར་མ་གཏོང་།

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp
ངྷ་ས་བདེ་དོན་ལས་ཁུངས་ཀྱིས་ངྷ་སའི་མང་ཚོགས་ཚོས་འདི་ལོའི་ལོ་སར་སྐབས་རྒྱས་སྤྲོས་ཀྱི་རྣམ་པ་གང་ཡང་བྱེད་མི་ཆོག་པའི་གསལ་བསྒྲགས་སྤེལ་ཡོད་འདུག
ཕྱི་ཚེས་ ༦ ཉིན་ངྷ་ས་བདེ་དོན་ལས་ཁུངས་ནས་གསལ་བསྒྲགས་ཤིག་བཀྲམས་ཏེ་ངྷ་སར་གནས་སྡོད་མང་ཚོགས་ཚོས། འདི་ལོའི་ལོ་སར་རྒྱས་སྤྲོས་ཀྱི་རྣམ་པའི་ཐོག་ནས་གཏོང་མི་ཆོག་པའི་གསལ་བསྒྲགས་སྤེལ་ཡོད་ལ། གསལ་བསྒྲགས་དེའི་ནང་དུ་འདི་ལོ་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ལས་བྱེད་ཚོས་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད་ལོ་སར་གཏོང་མི་ཆོག་པའི་བཀའ་ཕེབས་ཡོད་སྟབས། ངྷ་སར་གནས་སྡོད་བོད་རིགས་མང་ཚོགས་ཚོས་ཀྱང་ལོ་སར་སྐབས་གཞས་ཞབས་བྲོ་འཁྲབ་པ་དང་། གླུ་ལེན་གར་རྩེད་ལ་རོལ་བ། ཤོག་སྤག་སྦར་བ་སོགས་མི་བྱེད་པར་གདུང་སེམས་མཉམ་སྐྱེད་བྱ་དགོས་སྐོར་བཀོད་ཡོད།
འདི་གའི་གསར་འགོད་པས་ངྷ་ས་བདེ་དོན་ཚེ་རིང་ཕུན་ཚོགས་སུ་དེའི་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་ཕྱི་ཚེས་ ༥ ཉིན་བོད་གཞུང་ནང་སྲིད་ལས་ཁུངས་བརྒྱུད་བཀའ་ཤག་གིས་སྤེལ་བའི་གསལ་བསྒྲགས་དེ་འདི་གར་བཏང་སོང་ལ། གསལ་བསྒྲགས་དེ་ནི་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་ས་གནས་མགོ་འཛིན་ཚང་མར་ཕུལ་བ་ཞིག་རེད་འདུག དེ་ལྟར་ས་གནས་མགོ་འཛིན་ཚང་མར་འབུལ་དོན་ནི་ས་གནས་མགོ་འཛིན་ཚོའི་ཁྱབ་ཁོངས་འོག་ཡོད་པའི་མང་ཚོགས་ཚོར་སྤེལ་བ་ཞིག་ཀྱང་ཆགས་ཀྱི་ཡོད་པར་བརྟེན། ངྷ་སའི་མང་ཚོགས་ཚོས་ཀྱང་ལོ་སར་སྐབས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལས་སྤྲོ་སྐྱིད་ཀྱི་རྣམ་པ་མེད་པའི་ཐོག་ནས་ལོ་སར་གཏོང་དགོས་པའི་གསལ་བསྒྲགས་སྤེལ་བ་ཡིན་སྐོར་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༠ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 7

  1. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    བདེ་དོན་ལས་ཁུངས་གིས་ད་ལོར་བོད་མི་མང་གིས་ལོ་གསར་གཏོང་ཆོག་མི་ཆོག་གི་འགན་ཞིག་འཁུར་གྱིན་ཡོད་པ་ངོ་མཚར་ཆེ། ༢༠༠༨ལོར་བོད་མི་དེ་འདྲ་མང་པོ་ཞིག་གི་ལུས་སྲོག་ལ་གྱོང་རྒུད་བྱུང་བའི་ལོ་དེར་ཁོང་ཚོ་འཇམ་ཅག་ཅག་གིས་བསྡད་སོང་། མི་མང་སྒེར་ངོས་ནས་ལོ་གསར་མི་གཏོང་བའི་ལས་འགུལ་མ་སྤེལ་བར་དུ་ཚིག་གཅིག་ཀྱང་གྲག་མ་སོང་།
    རེད་རེད། ད་ལོ་ཁོང་ཚོར་ན་ཚ་ཞིག་ཡོད་ངེས། དེ་ནི་གཞན་གང་ཡང་མ་ཡིན་པར་ཉེ་ཆར་རྒྱ་ནག་གིས་ང་ཚོའི་སྐུ་ཚབ་ཚོར་རྡ་རམ་ས་ལའི་གཞུང་ནི་ཁྲིམས་འགལ་རེད། དེས་བོད་མི་མང་གི་ཚབ་མཚོན་ཐུབ་གྱིན་མ་རེད་ཅེས་བརྗོད་པ་དེས་ཁོང་ཚོའི་རྩམ་ཁུག་རིན་པོ་ཆེ་ལ་བརྡབ་བསིག་འདྲ་ཐེབས་མི་ཡོང་ངམ་སྙམ་པའི་འཇིགས་སྐྲག་ཅིག་སླེབས་སོང་བ་ཡིན་གྱི་རེད།

    Reply
  2. karma dorje says:
    ལོ་ 16 སྔོན།

    ལོ་གསར་ལ་རྟེན་འབྲེལ་སྒྲིག་སྟངས།

    ཤ་མང་བཟས་དྲགས་ལུས་ནད་མང་། །
    ཆང་མང་འཐུང་དྲགས་ལབ་རྙོག་མང་། །
    འགྲོ་སོང་ཆེ་དྲགས་བསོད་ཟད་མང་། །
    ལོ་གསར་ཞེས་པ་རྣམ་རྟོག་མང་། །

    འོན་ཀྱང་ཆོས་ཕྱོགས་རྟེན་འབྲེལ་ལ །
    སྐུ་འདྲ་སྒྲིག་ལ་ཡོན་ཆབ་ཕུལ། །
    མཆོད་མེ་སྤོར་ལ་སྤོས་བསང་ཐོངས། །
    འདི་ཕྱིའི་དོན་གྲུབ་སྨོན་ལམ་ཐོབ། །

    ལོ་གསར་ལ་བཀྲ་ཤིས་བདེ་ལེགས།

    Reply
  3. བཀྲ་ཤིས་སྒྲོལ་མ། says:
    ལོ་ 16 སྔོན།

    རེད་མ་གཞི་སྨོན་ལམ་རྒྱག་རྒྱུ་དེ་ཡང་བོད་ཀྱི་གོམས་སྲོལ་ཞིག་རེད། དོན་ངོ་མའི་འབབ་ས་ཞིག་ལ་བབ་ནས་བལྟས་ན་སྨོན་ལམ་ཞིག་གིས་གང་ཡང་ཡོང་གི་མ་རེད། དེ་ལས་རང་ཉིད་ཀྱི་ནུས་པ་དང་འཇོན་ཐང་ལ་དཔག་པའི་བོད་མིའི་དཀའ་སྡུག་སེལ་ཐབས་དང་ཁྱོད་རང་ཉིད་དང་གཞིས་བཞུགས་བོད་མི་ཚང་མ་མགྱོག་ནས་མྱུར་དུ་བོད་ནང་ལ་ལོག་ཐུབ་པའི་ལས་དཀའ་དེ་འདྲ་རྩོམ་རྒྱུ་ཡོད་པ་མ་བརྗེད་རོགས།

    Reply
  4. མཁར་སྒང་བསོད་ནམས་དབང་ལྡན། says:
    ལོ་ 16 སྔོན།

    འོ་ཡ ཟས་མི་བཟའ་བའི་ངོ་རྒོལ་དེས་སྡུག་གྱོང་རང་གི་མགོར་ལྷུང་།

    Reply
  5. བཀྲ་ཤིས་སྒྲོལ་མ། says:
    ལོ་ 16 སྔོན།

    ང་རྡ་ས་ནས་འདུག་མ་མྱོང་། རྡ་སར་ཆ་རྒྱུས་ཆེན་པོ་མེད། འོན་ཀྱང་ངའི་མཐའ་འཁོར་དུ་ཡོད་པའི་གྲོགས་པོ་དང་ལས་གྲོགས་གསུམ་བོད་ནས་ཡོང་བ་ལས་གཞན་ཚང་མ་རྒྱ་གར་ནས་ཡོང་བ་དང་དེའི་ནང་ནས་ཀྱང་རྡ་ས་ནས་ཡོང་བ་རྐྱང་ཡིན། དེའི་ངའི་རྡ་སའི་སྐོར་གང་འཚམ་ཤེས་ཀྱི་ཡོད། ཁོང་ཚོས་བཤད་པ་ལྟར་ན་རྡ་ས་ནས་ལོ་གསར་མ་བྱེད་ཟེར་གི་རེད། བཀའ་ཁྱབ་བསྒྲགས་གི་རེད། གསལ་བསྒྲགས་སྤེལ་གི་རེད། འོན་ཀྱང་ལོ་གསར་བྱེད་མཁན་ནི་དེ་ལྟར་བསྒྲགས་མཁན་སྤེལ་མཁན་ཚོ་རེད། མ་བདེན་ན་རྡ་ཤོད་ཀྱི་སྡེབ་ཚོང་ཁང་རྣམས་ཀྱི་ནང་དུ་ལོ་གསར་གྱི་གསོལ་སྟོན་བྱེད་སྤྱད་ཀྱི་ཚོང་རྫས་ཉོ་རུ་ཁོང་ཚོ་ཡོང་ཡོད་མེད་ལ་བལྟས་པས་ཤེས་ལབ་སོང་། ད་བྱས་ན་ལོ་གསར་བྱེད་ཀྱི་ཡོད་མེད་ཀྱི་གནད་དོན་ལྟ་ས་གཙོ་བོ་དེ་ཕལ་ཆེར་རྡ་སའི་གཡས་གཡོན་གྱི་ཚོང་ཁང་དག་དང་དེ་བཞིན་མེག་ལོའི་སྲང་ལམ་གྱི་འཕྲལ་སེལ་ཚོང་བ་ཚོར་ཚོང་ཡོང་ཡོད་མེད་ཀྱི་སྟེང་ཤེས་རབས་བཤད་སོང་། གསར་འགོད་པ་དང་ཟིན་པ་ཚོས་ཁོང་ཚོར་ཉམས་ཤིག་ཞོགས་ཕལ་ཆེར་ལྷང་ལ་འབུད་རྒྱུ་ཞིག་ཡོད་ས་རེད།

    ལོ་གསར་བྱེད་དགོས་མི་དགོས་དང་། ལོ་གསར་བྱས་མ་བྱས་ཀྱི་ཕན་གནོད། ད་དུང་ལོ་གསར་གྱི་དགོས་པ་དགེ་མཚན་སོགས་མང་པོ་ཞིག་གི་ཐད་ཆེད་རྩོམ་ཞིག་འབྲི་བཞིན་ཡོད། ཉིན་ཁ་ཤས་རྗེས་ནས་དུས་བབ་ལ་བསྐུར་གི་ཡིན།

    Reply
  6. གཞིས་ཆགས་བུ། says:
    ལོ་ 16 སྔོན།

    ང་རང་ཆུང་དུས་ལོ་གསར་ལ་དགའ་སྣང་དང་སྤྲོ་སྣང་ཚད་མེད་ཞིག་སྐྱེས་མྱོང་ཡང། དུས་ད་ལྟ་བསམ་བློ་ཞིག་གཏོང་སྐབས་འདས་ཟིན་པའི་ལོ་གསར་རྣམས་ནི་མིང་ཙམ་ལས། ངོ་མ་དེ་ནི་མ་ཡིན་པ་ར་འཕྲོད་བྱུང། ཅི་སྟེ་མ་འོངས་པར་གཞིས་བྱེས་མཉམ་འཛོམས་ཀྱི་དུས་ཤིག་འབྱུང་ནས། ཕ་ཡུལ་གངས་ལྗོངས་སུ་ལོ་གསར་ཞིག་གཏོང་རྒྱུ་འབྱུང་ན། དེ་ནི་ངའི་མི་ཚེ་ནང་གི་ལོ་གསར་སྐྱིད་ཤོས་དེ་ཡིན་པ་སྨོས་མི་དགོས་ལ། དེ་ནི་ངའི་མི་ཚེའི་ནང་བརྗེད་པར་དཀའ་བའི་དུས་ཤིག་ཀྱང་ཡིན་པ་བཤད་མི་དགོས།

    ང་ནི་ཕ་ཡུལ་རིག་མ་མྱོང་བའི་བཙན་བྱོལ་བོད་ཕྲུག་ལས་དམན་ཞིག་ཡིན་ལ། ཕ་ཡུལ་དུ་ཐེངས་ཤིག་བསྐྱོད་རྒྱུ་ནི་ངའི་རྨི་ལམ་ཡིན་ལ། ངའི་དམ་བཅའ་ཞིག་ཀྱང་ཡིན།

    ཕ་ཡུལ་ཡ་ཕ་ཡུལ།
    ང་མགྱོགས་མྱུར་ཁྱེད་ཕྱོགས་སུ་སླེབས་ཐུབ་པའི་སྨོན་ལམ་ཡོད།

    Reply
  7. འཆམ་ར་དྲི་མེད་རྒྱལ་མཚན། says:
    ལོ་ 16 སྔོན།

    ལོ་གསར་རྒྱས་སྤྲོ་མ་བྱས་ནས་མི་ལོ་བཅུ་གཉིས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese