མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ཞེ་བརྒྱད།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བན་སྡེ་འཚོས་གཟུགས་པོ་ཞིག་དཀྲུས་རྗེས་མེ་ལོང་ཆེན་པོ་དེ་ཡི་ཟུར་ནས་སྐྲ་རིང་བོ་དེ་ཤད་ཀྱིན་བརྙན་འཕྲིན་ལ་བལྟ་ཞོར་དུ། བློ་བཟང་ལ་ཁྱེད་རང་གིས་གཟུགས་པོ་མི་དཀྲུ་ནས་ཞེས་དྲིས་དུས། བློ་བཟང་གིས་སྨྱུ་གུའི་རྩེ་མོར་སོ་འདེབས་ཀྱིན། མིན། ཅུང་ཙམ་རྗེས་སུ་ང་རང་གདོང་པ་ཞིག་དཀྲུ་རུ་འགྲོ་ངེས་ཡིན། ཁྱེད་རང་གིས་སྒོ་བརྒྱབ་ན་འགྲིག་གི་ཡོད་ཅེས་བཤད།

བློ་བཟང་། ཁྱེད་རང་གིས་ག་རེ་འབྲི་བཞིན་ཡོད།
ཉིན་ཐོ།
ཉིན་ཐོ་ཟེར་ན་ཅི་རེད།


བློ་བཟང་ཅུང་ཡ་མཚར་ཞོར་དུ། ཁྱེད་རང་གིས་དངོས་ནས་ཤེས་ཀྱི་མེད་ན་ཟེར་ནས་ཉིན་ཐོའི་སྐོར་ལ་འགྲེལ་བཤད་ཐུང་ཐུང་ཞིག་བྱས་པ་དང་། དེ་ནས་གོན་པ་ཡང་མ་འཕུད་པར་རང་གིས་ཉལ་ཁྲིའི་སྟེང་གི་ཉལ་ཐུལ་ཚུར་འཐེན་ཞོར་དུ། ཞོགས་པ་ང་རང་སྔ་བོ་བླངས་དེ་རླངས་འཁོར་འཛིན་བྱང་ཉོ་རུ་འགྲོ་ཆོག ཁྱེད་རང་ང་ཕྱིར་ཡོང་རོགས་བར་དུ་ཉལ་བསྡད་ན་འགྲིག་གི་རེད་ཅེས་བཤད་དུས། བན་སྡེ་འཚོས། ཁྱེད་རང་གིས་བརྙན་འཕྲིན་ལ་བལྟས་དེ་ཅུང་ཙམ་མི་འདུག་གམ།

ད་མི་འདུག ཁྱེད་རང་གིས་ལྟོས། སྔ་བོ་ཉལ་ན་ཡག་ས་རེད། དེ་རིང་ཡར་མར་ལ་འཆམ་ནས་ཐང་ཆད་འདུག་ཟེར་བཞིན་མགོ་བོ་ཉལ་ཐུལ་ནང་དུ་བརྒྱབ་དེ་ཉལ།

བློ་བཟང་གིས་རླངས་འཁོར་འཛིན་བྱང་གཉིས་ཉོས་དེ་སྒོར་ཁུག་ལག་པར་བསྡམ་ནས་ཁ་ཕྱིར་འཁོར་དུས་སུ། གྲྭ་རྒན་ཞིག་གིས་ལག་དུ་རྒྱ་སྒོར་ཉི་ཤུ་ལོར་ཞིག་བཟུང་དེ་ཡར་མར་ལ་བལྟ་བཞིན་པ་དེ་བློ་བཟང་གིས་མཐོང་ནས། ཨ་ཁུ་ལགས། ཁྱེད་རང་གང་དུ་འགྲོ་མཁན་ཡིན་ཟེར་ནས་དྲིས་དུས། གྲྭ་བ་དེས། ཨ་ཙི། ཁྱེད་རང་བོད་པ་ཞིག་ཡིན་ནམ། ད་དངོས་ནས་བཟང་གི ང་རང་གཅན་ཙ་ལ་འགྲོ་མཁན་ཡིན། ཁྱེད་རང་གིས་ང་ལ་རླངས་འཁོར་འཛིན་བྱང་ཞིག་ཉོ་རོགས་བྱོས་ན་འགྲིག་གི་རེད་དམ།

བློ་བཟང་གིས་འདི་ཁྱེད་རང་གི་སྒོར་ལྷག་རེད། འདི་གཅན་ཙ་ལ་འགྲོ་བའི་རླངས་འཁོར་འཛིན་བྱང་རེད། ཆུ་ཚོད་འདི་འདྲ་ཞིག་གི་སྒང་དུ་འགྲོ་མཁན་རེད་འདུག་ཟེར་ནས་གྲྭ་བ་དེར་བཤད་ཀྱིན་རང་གི་ཨམ་ཕྲག་ནང་དུ་ལག་གཉོབ་ཞིག་བྱོས་དུས། རང་གི་དངུལ་ཁུགས་མེད་པ་ཤེས་ནས། གྲྭ་བ་དེར་ཁྱེད་ཀྱིས་ང་རང་གི་རྒྱབ་ལོག་དུ་མི་འདྲ་ཡོད་པ་མཐོང་སོང་ངམ། ངའི་དངུལ་ཁུགས་མི་འདུག་ཟེར་ནས་གྲྭ་བ་དེར་སྐད་ཆ་དྲིས་དུས། གྲྭ་བ་དེས། ངས་མཐོང་མ་སོང་། ཕལ་ཆེར་ཁྱེད་རང་གིས་བསྡུ་ས་ནོར་བ་ཡིན་རྒྱུ་རེད། གཟབ་ནན་གྱིས་ལྟོས་དང་། བློ་བཟང་གིས་རང་གི་ཨམ་ཕྲག་ཚང་མས་ནང་དུ་བསྔོག་ཀྱང་རང་གི་དངུལ་ཁུགས་ནི་གཏན་ནས་མ་རྙེད།

དེ་དུས་གྲྭ་བ་དེར་ལྟ་ཞོར་དུ། སྒོར་མོ་ཁྱེར་སོང་ན་མི་སྐྱོན་མོད། ནང་དུ་ང་རང་ས་མཚམས་ལ་བསྐྱོད་ཆོག་པའི་ཐོངས་ཆེན་ལག་ཁྱེར་དང་མི་གྲངས་ལག་ཁྱེར་གཉིས་ཀ་ཡོད། ད་ཚར་སོང་བ་རེད། འགྱོད་ཀྱང་མི་ཕན་ཟེར་ཞོར་དུ་གདོང་ལ་འཛུམ་མདངས་ཤིག་བླངས་ཀྱིན། བན་སྡེ་འཚོས་གོར་མོ་ནས་བཟུང་དེ་ཁོ་རང་ལ་ཡང་ཡང་བཤད་པའི་སྐད་ཆ་དེ་དྲན། ཁྱེད་རང་གི་དངུལ་ཁུགས་དོར་མའི་ཨམ་ཕྲག་ནང་དུ་མ་བསྡུ། རྐུན་མས་བརྐུས་ཡོང་།

བློ་བཟང་ཕྱིར་མགྲོན་ཁང་དུ་འབྱོར་དུས། བན་སྡེ་འཚོས། ཅ་ལག་ཚང་མ་བསྡུ་གསོག་བརྒྱབ་དེ་ཁོ་རང་ལ་སྒུག་ནས་ཡོད་པ་མཐོང་དུས། ཁོ་རང་དགོད་ཞོར་དུ། ངའི་དངུལ་ཁུགས་རྐུ་མའི་བརྐུས་འདུག་ཞེས་བཤད་དུས། བན་སྡེ་འཚོས། ད་དེ་རེད། ངས་སྔོན་མ་ནས་ཁྱེད་རང་ལ་བཤད་ན་ཡང་ཁྱེད་རང་གིས་ཉན་མ་སོང་། ད་སེམས་ཁྲལ་མ་བྱེད། ཁྱེད་རང་གི་ཕ་ཡུལ་བར་དུ་སླེབས་བྱེད་ཀྱི་སྒོར་མོ་ཞིག་ང་རང་ལ་ཡང་ཡོད་ཟེར་ནས་བློ་བཟང་ལ་བཤད།

བློ་བཟང་གིས་སྒོར་མོ་གཅིག་བུ་མིན། སྒོར་མོ་ད་དུང་ང་རང་ལ་ཡོད། དེ་ཡི་ཕྱོགས་སུ་ཁྱེད་རང་གིས་སེམས་ཁྲལ་མ་བྱེད། སྒོར་ཁུགས་ནང་དུ་ཐོངས་ཆེན་ལག་ཁྱེར་དང་མི་གྲངས་ལག་ཁྱེར་གཉིས་ཀ་ཡོད།

སྐབས་དེར་བན་སྡེ་འཚོས། གླེན་པ་ཁྱོད། ཟེར་ནས་བློ་བཟང་གི་ཕྲག་པར་ལག་བརྡེབས་ཤིག་བྱེད་ཀྱིན། ཡ་་་ད་འགྲོ རླངས་འཁོར་རྗེས་ལུས་ཐེབས་པ་ལས་སྔ་ས་ནས་སོང་ན་བཟང་གི་རེད། གཅིག་བྱས་ན། ཁྱེད་རང་སྒོར་ཁུགས་རྐུ་མཁན་དེས་ཐོངས་ཆེན་ལག་ཁྱེར་དང་མི་གྲངས་ལག་ཁྱེར་རླངས་འཁོར་འབབ་ཚིག་ན་གཡུགས་ཡོད་ན་ཐང་།

ཀ་ཅུ་རུ་འགྲོ་བའི་རླངས་འཁོར་ནང་དུ་བུད་ནས་ཁོ་རང་གཉིས་རྐུབ་སྟེགས་གཅིག་གི་འཁྲིས་སུ་གཅིག་ཡོད་པ་དེ་འདྲ་ཞིག་ཡིན་དུས། གོར་མོ་ནས་མེ་འཁོར་ནང་དུ་ཡོང་བ་བཞིན་བར་ཐག་བཞག་ནས་བསྡོད་མི་ཐུབ་ཀྱང་། བློ་བཟང་གིས་རང་གི་ས་ནས་ཁ་རོག་གེར་བསྡད་དུས། རླངས་འཁོར་འགྲོ་བའི་འགོ་བཙུགས་མ་ཐག བན་སྡེ་འཚོས། རང་གི་ལག་པ་བློ་བཟང་གི་ལག་པའི་ནང་དུ་བཞག་ནས། ཆེས་སེམས་ཐག་ཉེ་བའི་སྙིང་གི་གྲོགས་པོ་ཞིག་གི་ངང་ཚུལ་དེས། བློ་བཟང་གི་སེམས་པ་འཁྲུགས་དུ་བཅུགས།

བློ་བཟང་གིས། ད་འབུ་ཚེ་གཟད་གྲོག་ཚང་སྒོ་ཟེར་བ་དེ་ཅི་མ་བདེན་སྙམ་ཞོར་དུ། མ་ཤེས་ཁུལ་བྱས་ནས་ཁོ་མོའི་ལག་པ་ལ་དམ་པོར་བསྡམ་ནས་བསྡད། དེ་དུས་བན་སྡེ་འཚོས་ག་ལེར་གཉིད་ཁུལ་བྱེད་ཞོར་དུ་རང་གི་མགོ་བློ་བཟང་གི་ཕྲག་སྟེང་དུ་བཞག་ནས་མིག་བཙུམ་པ་རེད།

ཆུ་ཚོད་ཁ་ཤས་ཤིག་གི་རྗེས་སུ། བན་སྡེ་འཚོས། བློ་བཟང་ལ་ཁྱེད་རང་ཀ་ཅུ་རུ་སླེབས་མ་ཐག ཕ་ཡུལ་དུ་ལོག་འགྲོ་ངེས་ཡིན། དེ་རིང་ཀ་ཅུ་ནས་ལག་སྐྱེས་རེ་ཉོས་དེ་སང་ཉིན་འགྲོ་རྒྱུ་ཡིན་ཞེས་དྲིས་དུས། བློ་བཟང་གིས་ཁྱེད་རང་ཀ་ཅུ་ནས་བསྡོད་རྩིས་ཡོད་དམ་ཞེས་ཕར་དྲི་བ་གཅིག་པ་ཞིག་དྲིས་དུས། མོ་རང་གིས་མགོ་བོ་ཅུང་དམའ་རུ་འཛིན་བཞིན། ཁྱེད་རང་བསྡད་འདོད་ཡོད་ན་ངས་ཁྱེད་རང་ལ་རོགས་པ་བྱེད་ཆོག་ཞེས་བཤད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

མཆན། 2

  1. free sopu says:
    ལོ་ 16 སྔོན།

    རྐུན་མ་དུ་རང་མིན་པར་སྨོན།

    Reply
  2. shichen says:
    ལོ་ 16 སྔོན།

    བཀླགས་ཟིན་ཡག་པོ་འདུག་རྐུན་མིན་ན་དེ་བས་ཀྱང་ཡག་གི་ལོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese