མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ཞེ་དགུ

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


ཀ་ཅུ་རུ་འབྱོར་མ་ཐག བློ་བཟང་གིས་འུ་གཉིས་ལ་མི་གྲངས་ལག་ཁྱེར་མེད་པས་ད་ནི་མགྲོན་ཁང་ཡག་པོ་ཞིག་གི་ནང་དུ་ཐོ་འགོད་བྱེད་དཀའ་བས། ངེད་གཉིས་སྒེར་བའི་མགྲོན་ཁང་ཞིག་འཚོལ་དུ་འགྲོ མགྲོན་ཁང་ལག་དུ་རེག་སོང་བ་ཡིན་ན་དེ་ནས་ཅ་ལག་རེ་ཉོ་རུ་འགྲོ་ཞེས་བཤད་དུས། བན་སྡེ་འཚོས། ང་རང་ལ་ལས་ཀ་བྱེད་སའི་ལས་བྱེད་ཡིན་པའི་དབང་རྟགས་ལག་ཁྱེར་ཞིག་ཡོད། ཕལ་ཆེར་དེས་འུ་གཉིས་ལ་ཐོ་འགོད་བྱེད་ཐུབ་རྒྱུ་རེད།

བློ་བཟང་གིས་དེས་ན་བཟང་གི ཕར་ཕྱོགས་ཀྱི་མགྲོན་ཁང་དེ་ནི་བལྟས་ཚོད་ལ་མགྲོན་ཁང་གཙང་མ་ཞིག་རེད་འདུག འུ་གཉིས་དེ་རུ་འགྲོ་ཟེར་ནས་དེ་ཡི་ཕྱོགས་སུ་འགྲོ་རྩིས་བྱོས་དུས། བན་སྡེ་འཚོས། མགྲོན་ཁང་དེ་ནི་ཕལ་ཆེར་གོང་ཆེན་པོ་ཡོད་རྒྱུ་རེད། འུ་གཉིས་མགྲོན་ཁང་བརྫིག་པོ་ཞིག་གི་ནང་དུ་བསྡོད་དགོས་དོན་ཡོད་པ་མ་རེད། ཁྱེད་རང་གིས་དངུལ་ཁུགས་བོར་བའི་སྒང་ལ། ད་དུང་། འདི་ནས་མགྲོན་ཁང་འདི་འདྲ་ཞིག་གི་ནང་དུ་བསྡད་པ་ཡིན་ན། ཁྱེད་རང་གི་ནང་མི་ཚོར་ལག་སྐྱེས་འདྲ་ཉོ་དགོས་པ་མ་ཡིན་ནམ། དེ་ལས་གཞན་ཞིག་དུ་འགྲོ་ཟེར་ནས་འགྲོ་རྩིས་བྱས།

བློ་བཟང་གིས། སྐྱོན་ནི་མ་རེད། ང་རང་གིས་སྒོར་ཁུགས་བོར་སོང་རུང་། འུ་གཉིས་འདི་ནས་ཞག་མ་གཅིག་བསྡད་པ་དེར་མི་སྐྱོན། ད་ལྟ་ང་ལ་སྒོར་རྡོག་ཁ་ཤས་ཤིག་ཡོད། ནང་མི་དག་ལ་ལག་སྐྱེས་ཉོ་བྱེད་ཀྱང་འདང་ངེས་ཡིན་ཟེར་ནས་ཁོ་མོར་དེ་རུ་ཐོ་འགོད་བྱེད་དུ་ཨུ་ཚུགས་ཀྱིས་བསྔགས།

ཅུང་མ་འགོར་བར་བན་སྡེ་འཚོ་ཕྱིར་ཡོང་ནས། མི་གཅིག་ལ་རྒྱ་སྒོར་ལྔ་བཅུ་དགོས་ཟེར་གྱི་འདུག དངོས་ནས་གོང་ཆེན་པོ་རེད། དེ་ལས་འུ་གཉིས་གཞན་ཞིག་ལ་འགྲོ མགྲོན་ཁང་གོང་ཆེན་པོ་དེ་འདྲ་ཞིག་ལ་བསྡད་ནས་ཅི་བྱེད་ཅེས་བཤད་དུས། བློ་བཟང་གིས་འུ་གཉིས་འགྲོ་ལ་་གཅིག་བལྟ། ནང་གི་ཆ་རྐྱེན་ཡག་ན། མི་གཅིག་ལ་རྒྱ་སྒོར་ལྔ་བཅུ་ཡིན་ན་སྐྱོན་ནི་མ་རེད་ཅེས་བན་སྡེ་འཚོའི་ལག་མགོར་འཇུས་དེ་ཕྱིར་མགྲོན་ཁང་དེ་ཡི་ནང་དུ་འཛུལ།

བན་སྡེ་འཚོས། བློ་བཟང་། ང་ཚོང་ར་ཆེན་མོ་འདི་ལ་སྔོན་ཆད། གྲོང་ཁྱེར་འདིས་ཉེ་ས་ཞིག་ནས་འོ་མ་བཟོ་གྲྭ་ཞིག་གི་ནང་དུ་ལས་ཀ་བྱེད་སྐབས་སུ། ཐེངས་མ་ཁ་ཤས་ཤིག་ལ་ཡོང་མྱོང་ཡོད། འདི་ན་དངོས་ནས་བྱིས་པ་ཚོར་ལག་སྐྱེས་འདྲ་ཉོ་དགོས་རྒྱུ་འདྲ་ཡོད་ན་སྙིང་རྗེ་དེ་འདྲ་ཡོད་ཟེར་ནས་བཤད་ཞོར་དུ། ཚོང་ར་ཆེན་མོ་དེ་ཡི་སྒོ་ཆེན་ནང་དུ་ཡར་སོང་།

བློ་བཟང་གིས། བན་སྡེ་འཚོ། གོན་པ་དེ་དངོས་ནས་ཁྱེད་རང་ལ་འཚམ་པོ་འདུག་ཟེར་ནས་དེང་རབས་གྱོན་ཆོས་གསར་པ་ཆ་འགྲིག་ཞིག་ལ་མཛུབ་མོ་བཙུགས་དུས། བན་སྡེ་འཚོས། ང་རང་ལ་དེ་འདྲ་འཛའ་ནི་མ་རེད་ཅེས་འཁང་ཆུང་གིས་ལན་བཏབ་དུས། བློ་བཟང་གིས་ཚོང་བདག་མ་རྒྱ་མོར་དེར་བཤད་ནས། གོན་པ་དེ་བན་སྡེ་འཚོ་ལ་ཚོད་ལྟ་བྱེད་དུ་བཅུགས།

བན་སྡེ་འཚོས། ཁྱེད་རང་ལ་དངོས་ནས་དཀའ་ལས་གཏད་པ་མང་དྲགས་སོང་། ཁྱེད་རང་གིས་དེ་འདྲ་བྱས་ན་ང་རང་བདེ་བོ་མི་འདུག་ཟེར་བཞིན། ཁོ་གཉིས་ཀྱིས་བློ་བཟང་གི་ནང་མི་ལ་སྤྲོད་རྒྱུའི་ལག་སྐྱེས་མི་ཉུང་བ་ཞིག་ཉོས་པའི་ཞོར་དུ། བན་སྡེ་འཚོ་ལ་ཡང་། དབྱར་ལྭ་ཆ་ཚང་ཞིག་གི་སྤྱིན་བདག་བློ་བཟང་གིས་བྱས།

བློ་བཟང་གིས། བན་སྡེ་འཚོས་ཆེས་དགའ་བའི་ཟ་མ་ནི། ཆུ་མོག་བཙོས་མ་ཡིན་པ་ཤེས་ཡོད་སྟབས། ཁོ་གཉིས་ཀྱིས་ཆུ་མོག་རྒྱ་མ་གཅིག་དང་ཕྱེད་ཀ ད་དུང་ཟས་རིགས་མི་ཉུང་བ་ཞིག་དང་། འཐུང་ཆུ་མངར་མོའི་རིགས་ཁ་ཤས་ཤིག བློ་བཟང་གིས་རང་ཉིད་ལ་ཐ་མག་སྒམ་ཆུང་གཉིས་བཅས་ཉོས་དེ་ཕྱིར་མགྲོན་ཁང་དུ་འབྱོར་དུས། ཕྱི་དྲོའི་ཆུ་ཚོད་དྲུག་པ་ཟིན་ཡོད་པ་རེད།

བློ་བཟང་གིས་གཟུགས་པོ་ཞིག་དཀྲུས་དེ། ཕྱིར་ཡོང་ནས་རང་གི་ཉལ་ཁྲིའི་སྟེང་ནས་ཟི་ལུང་ནས་ཉོས་པའི་གངས་རྒྱན་མེ་ཏོག་གི་དེབ་གསར་བ་ཁ་ཤས་ཤིག་དང་། སྒྲུང་རྩོམ་གསར་བ་གླུ་འབུམ་མི་རྒོད་ཀྱི་དེབ་དེ་དག་རྒྱབ་ཁུག་ནས་ཕྱིར་བཏོན་ནས། གླུ་འབུམ་མི་རྒོད་ཀྱི་སྒྲུང་རྩོམ་ཀློག་མགོ་བརྩམས་དུས། བན་སྡེ་འཚོས། བརྙན་འཕྲིན་ལ་བལྟ་ཞོར་དུ། ཁྱེད་རང་གིས་ཀློག་བཞིན་པའི་དེབ་དེ་ཅི་ཞིག་གི་སྐོར་རེད་ཅེས་དྲིས།

བློ་བཟང་གིས། འདི་ནི་སྒྲུང་གཏམ་རེད། ཁྱེད་རང་གིས་ཉན་འདོད་ན། ངས་ཁྱེད་རང་ལ་ཀློག་ཆོག འདིར་ཤོག་དང་ཟེར་ཞོར་དུ་རང་གི་ཉལ་ཁྲིའི་སྟེང་ནས་ཕར་ནུར་ཙམ་བྱས་དུས། བན་སྡེ་འཚོས་ཀྱང་། རེད་རེད། དངོས་ནས་ཉན་འདོད་འདུག་ཞེས་ཁོ་རང་གི་ཉལ་ཁྲིའི་ཟུར་དུ་བསྡད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༧ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༧ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

མཆན། 1

  1. free sopu says:
    ལོ་ 16 སྔོན།

    དེས་རྗེས་ལ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese