མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ང་གསུམ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་གིས་ཕ་རྒན་ས་རུབ་མ་རུབ་ཞིག་གི་མཚམས་སུ་ཕྱིར་ནང་དུ་འབྱོར། བློ་བཟང་དང་ནུ་མོ་མཚོ་མོ་སྐྱིད། ཚ་བོ་རྡོ་རྗེ་རྒྱལ། ཨ་མ་སྒྲོལ་མ་འཚོ་ཁོང་ཚོས་ནུབ་ཟས་གྲྭ་སྒྲིག་བྱས་ཚར་ཡོད་ན་ཡང་། བློ་བཟང་གི་ཕ་རྒན་ལ་སྒུག་ནས་བསྡད་ཡོད་པ་རེད།

བློ་བཟང་གིས་ཕ་རྒན་གྱི་གདོང་ལ་ལྟ་ཙམ་ཞིག་བྱེད་པ་ལས། མོ་ཡག་བཙོག་གང་ཡང་མ་དྲིས་པ་མ་ཟད། ཕ་རྒན་གྱིས་ཀྱང་དེ་ཡི་སྐོར་གང་ཡང་མ་བཤད་པར། ཁྱེད་ཚོས་ང་ལ་སྒུག་དགོས་ནི་མ་རེད། ཡ་ད་འཐུང་ཟེར་ཞོར་དུ་བློ་བཟང་གི་འཁྲིས་ཀྱི་རྐུབ་སྟེགས་སྟེང་དུ་བསྡད། ནུ་མོ་མཚོ་མོ་སྐྱིད་ཀྱིས་ཨ་ཕ་ཁྱོད་གང་ང་སོང་བ་ཡིན། ང་ཚོ་རྔན་པ་འདྲ་ཉོས་ཨེ་ཡོད་ཅེས་བཤད།

ནུབ་ཚལ་འཐུང་ཚར་རྗེས་སུ། ནུ་མོ་མཚོ་མོ་སྐྱིད་དང་། ཚ་བོ་རྡོ་རྗེ་རྒྱལ་གཉིས་ཀྱིས་འཚང་ཁ་བྱེད་ཞོར་དུ། དོ་ནུབ་ང་ཕུ་བོ་བློ་བཟང་མཉམ་དུ་ཉལ་རྒྱུ་ཡིན་ཟེར་ནས་གཉིས་ཀ་བློ་བཟང་གི་ཉལ་སའི་ནང་དུ་འཛུལ། བློ་བཟང་གིས། དགོད་ཞོར་དུ། འགྲིག་གི་རེད། ང་ཚོ་ཚང་མ་མཉམ་དུ་ཉལ་་་

ནུ་མོ་དང་ཚ་བོ་གཉིས་གཉིད་རྗེས་སུ། ཨ་མ་སྒྲོལ་མ་འཚོས་བློ་བཟང་དང་ཕ་རྒན་འཇིགས་གྲོལ་གཉིས་ལ་ཇ་ཞིག་བལྡུག་ཞོར་དུ། འཇིགས་གྲོལ་དེ་རིང་ཞི་ལུའི་དོན་དག་དེ་ག་འདྲ་འདུག་ཟེར་ནས་དྲིས་དུས། བློ་བཟང་གིས་རང་གི་ཕ་རྒན་གྱིས་གདོང་ལ་བལྟས་དེ་ག་རེ་བཤད་ཡོང་བསམ་ནས་བསྡད།

ཕ་རྒན་འཇིགས་གྲོལ་གྱིས། ཨ་ལགས་ཚང་གིས་ཕྱག་མོ་ཡིན་ན་གཏན་ནས་ཡག་པོ་མི་འདུག དཔེར་ན། ཆུ་ཁའི་ཤིང་ལེབ་སྟེང་དུ་བསྡོད་པ་དང་གཅིག་པ་རེད། བརྟན་པོ་མི་འདུག་གསུངས་སོང་། གལ་ཏེ། བཟའ་ཚང་བྱེད་རྒྱུ་ཡིན་ཟེར་ན་ནི། བཀའ་འགྱུར་ཆ་ཚང་ཞིག བསྟན་འགྱུར་ཆ་ཚང་ཞིག་སྐུ་རིམ་ལ་འབབ་འདུག ད་ཁྱེད་རང་གིས་ལྟོས། ངས་བསམ་ན། ཨ་ལགས་ཚང་གི་གསུངས་པ་དེ་ནོར་ནི་མ་རེད་འདོད་ཀི

བློ་བཟང་གིས་གདོང་གཤིས་ཕྲན་པུ་ཞིག་འགྱུར་ནས། གལ་སྲིད་དེ་འདྲ་ཞིག་ཡིན་ན་ནི། ངེད་གཉིས་ལ་རེ་བ་མེད་པ་འདྲ། ངས་ཚེ་ཐོག་འདིར་དངོས་ནས་ཕ་མ་གཉིས་ལ་ངོ་གནོང་དགོས་པའི་བྱ་བ་མང་བོ་ཞིག་བྱས་མྱོང་ཡོད་པ་རེད་ལ། སྔོན་ཆད་ཁྱེད་གཉིས་ལ་སྐད་ཆ་མ་དྲིས་པར་བྱ་བ་མང་བོ་ཞིག་རང་ཐག་རང་གིས་བཅད་དེ་ཕྱིན་པ་རེད། ད་ནས་བཟུང་། ངས་གཏན་ནས་དེ་འདྲ་བྱེད་འདོད་མི་འདུག ཚེ་གཅིག་གི་ཕ་མ་རེད། ཚེ་ཕྱི་མ་ཟེར་ན་དཀའ་མོ་རེད། ཚེ་འདི་ནས་ཁྱེད་གཉིས་ཀྱི་སེམས་ལ་སྡུག་ཡང་བསྐྱར་མི་འཇོག དེ་ཡིན་དུས་ང་རང་ཕྱིར་རྒྱ་གར་དུ་འགྲོ་འདོད་འདུག གལ་སྲིད་ཁྱེད་གཉིས་ཀྱིས་ང་རང་གཏོང་གི་མིན་ཟེར་ན་ང་རང་འདི་ནས་བསྡད་ཆོག འོན་ཀྱང་། མི་རིང་བར་ང་རང་རྒྱ་འདི་བ་ཚང་གི་ཁྲིམས་ཁང་ནང་དུ་འགྲོ་དགོས་པ་ནི་དངོས་བརྟན་འཁེལ་བ་ཡིན་སོགས་རང་གི་སེམས་ནང་གི་འདོད་པ་དག་ཞིབ་དུ་ཕ་མ་གཉིས་ལ་ཞུས་པ་རེད།

དེ་དུས་མ་རྒན་སྒྲོལ་མ་འཚོས། དངོས་ནས་ཞི་ལུའི་བཤད་པ་བདེན་པ་རེད། འདི་ནས་རྒྱ་རྒན་འདི་བ་ཚང་གིས་ཁྱེད་རང་ཁྲིམས་ཁང་དུ་བཅུགས། ཁྱེད་རང་གི་ལུས་སྡུག་མྱོང་། ངེད་ཚོས་སེམས་སྡུག་མྱོང་། རང་གཞན་གཉིས་ཀ་སྡུག་ལ་སྤྱོར་བ་ལས། ཁྱེད་རང་གི་འདོད་པ་ལྟར། ནུ་མོ་མཚོ་མོ་སྐྱིད་ཁྲིད་དེ་ཕྱིར་རྒྱ་གར་དུ་སོང་ན་འགྲིག་གི་རེད། དངོས་ནས་བྱས་ན། བཟའ་ཚང་བཀང་བོ་ཟ་རྒྱུ་ཁམ་བཀང་མ་གཏོགས་མེད་ཀྱང་ལྷན་དུ་འཛོམ་ནས་བསྡད་ན་སྐྱིད་པོ་འདུག་ན་ཡང་། དེ་ལས་ཁྱེད་རང་གི་མི་ཚེ་གལ་ཆེན་པོ་ཡིན་པ་རེད། ནུ་མོ་མཚོ་མོ་སྐྱིད་ཁྲིད་དེ་འགྲོ་རྒྱུ་ཡིན་ཟེར་ན་དངོས་ནས་སེམས་ཀྱི་ལོངས་དཀའ་མོ་ཞིག་རེད། ལྷག་པར་དུ། སྡེ་བའི་ནང་གི་མི་ཚོས། ཁོང་ཚང་གི་ཞི་མོ་མིན་སྟབས་ཁ་སྐོར་བ་རེད་ཟེར་ནི་རེད་ཅེས་བཤད།

བློ་བཟང་གིས། ཨ་མ་ལགས། ངས་ཀྱང་མཚོ་མོ་སྐྱིད་ཀྱི་མ་འོངས་པ་བསམ་ནས་འདི་ཁྲིད་རྒྱུའི་ཕྱོགས་སུ་བསམ་བློ་བཏང་བ་ཡིན། ད་ལྟ་མོ་རང་ལོ་ཆུང་ཆུང་རེད། རྒྱུ་མཚན་གསལ་བོ་ཤེས་ཀྱི་ཡོད་པ་མ་རེད། དེ་ཡིན་དུས་ཆེན་པོ་ཆགས་ནས་རང་མགོ་མི་ཐོན་པ་དང་ཀ་ངོ་ཡིག་ངོ་ཡག་པོ་ཞིག་ཀྱང་མི་ཆོད་པར་མི་ངོ་འཚོ་དགོས་པའི་དུས་སུ་སླེབས་དུས། ད་གཞི་ནས་མི་དེ་ཚོས་ཁྱེད་རང་དེ་བ་ཚང་གི་ཞི་མོ་ཡིན་ནི་མ་རེད་ཅེས་ངོ་འཚང་འདྲ་དྲིས། ཁྱེད་རང་དྭ་ཕྲུག་ཡིན་ནི་རེད་ཟེར་ནས་གོ་དུས་དངོས་ནས་དཀའ་ནི་རེད། ངས་མཚོ་མོ་སྐྱིད་ཀྱི་མ་འོངས་པ་བསམ་ནས། སུས་ཀྱང་མོ་རང་གི་སྐྱེ་ཁུངས་མི་ཤེས་པའི་རྒྱང་རིང་དེ་ནས། མོ་རང་སློབ་གྲྭ་འགྲིམ་དུ་བཅུགས་དེ། མོ་རང་གི་སེམས་ལ་སྡུག་བསྔལ་དེ་དག་མ་ཡོང་ན་བསམ་པ་ཡིན་ཟེར་ནས་གནས་ལུགས་མང་བོ་ཞིག་བཤད།

བློ་བཟང་གི་ཕ་མ་གཉིས་ཀྱིས། མཚོ་མོ་སྐྱིད་བློ་བཟང་གི་ལྷན་དུ་ཁྲིད་འགྲོ་རྒྱུར་མོས་མཐུན་བྱས་པ་དང་། དེ་ནས་ནང་དུ་དངུལ་མེད་དུས། བློ་བཟང་གིས་དེ་ཡི་ཕྱོགས་སུ་སེམས་ཁྲལ་མ་བྱེད། ང་རང་ལ་འདི་ན་རྒྱ་སྒོར་ཉིས་སྟོང་མ་ཟིན་ཙམ་ཞིག་ལྷག་ཡོད། དེ་ཡིན་དུས་ངའི་གསེར་གྱི་ཚིག་ཁེབས་ཆུང་ཆུང་འདིས་ཀྱང་རྒྱ་སྒོར་ལྔ་བརྒྱ་དྲུག་བརྒྱ་ཞིག་ཁུགས་ངེས་ཡིན་ཞེས་མཚན་མོ་དེར། ཁོང་ཚོས་བློ་བཟང་ཕྱིར་རྒྱ་གར་དུ་འགྲོ་རྒྱུའི་གྲོས་ཐག་བཅད།

བློ་བཟང་གི་ནུ་མོ་རུ་འབོད་པའི་མཚོ་མོ་སྐྱིད་ནི། བློ་བཟང་གི་ནུ་མོ་དངོས་ནས་དེ་མིན་པ་སྡེ་བ་དེ་ཡི་ནང་གི་མི་ཕལ་ཆེ་བ་ཞིག་གིས་གསལ་བོ་ཤེས་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། བློ་བཟང་གི་མ་རྒན་མ་བློ་བཟང་སྤུན་གསུམ་སྐྱེ་བའི་རྗེས་སུ་སྐབས་དེར་རྒྱ་ནག་གིས་ཁྲིམས་ལྟར་སྨན་ཁང་ནས་གཤག་བཅོས་བྱས་ཟིན་པ་རེད། དེ་ཡིན་དུས། ཁོང་ཚོས་ནང་དུ་བུ་གསུམ་ལས་བུ་མོ་མེད་པ་རེད། དེ་ཡི་སྐོར་ཡང་གཞན་གྱིས་གསལ་བོ་ཤེས་ཀྱི་ཡོད། བློ་བཟང་ལོ་བཅོ་ལྔ་ཡིན་དུས་སུ། ཉིན་ཞིག་དྲིན་ཆེན་མ་ལོ་དགོན་པའི་ནང་དུ་བློ་བཟང་གི་སར་ཡོང་ནས། བློ་བཟང་ལ། དེ་རིང་འུ་ཚང་ལ་ཞི་མོ་ཞིག་རེག་སོང་ཞེས་དགའ་བཞིན་སྤྲོ་བཞིན་དུ་བཤད།

བློ་བཟང་གིས། ཨ་མ། ཞི་མོ་ཞིག་རེག་སོང་། ཇི་ལྟར་རེག་སོང་ཞེས་དྲིས་དུས་སུ། བློ་བཟང་གི་ཨ་མ་སྒྲོལ་མ་འཚོས། ད་ནངས་སྔ་བོ་ནམ་མ་གསལ་གོང་དུ་ཆུ་ཚོད་བཞི་ལྔ་ཙམ་ཞིག་ལ་སྒོ་འགྲམ་ནས་བྱིས་པ་ཞིག་ངུས་པའི་སྒྲ་གྲགས་ཀྱི་འདུག དེ་དུས་ངས་ཁྱེད་ཀྱི་ཕ་རྒན་ལ། ཁྱེད་རང་སོང་དང་། སྒོ་ན་བྱིས་པ་ཞིག་ངུ་བཞིན་འདུག་ཟེར་ནས་བཤད་པ་ཡིན། སྐབས་དེར་ཁོ་སོང་ནས་བལྟས་དུས། སྒོ་འགྲམ་དུ་བྱིས་པ་དམར་འཇར་ཞིག་ངུ་བཞིན་འདུག་ཟེར། ཁོས་དེ་ལག་དུ་བཟུང་ནས་ཡར་མར་ལ་བལྟས་དེ་སྐད་བརྒྱབ་ཀྱང་། ཁ་གྲགས་མཁན་མི་འདུག་སྟབས་ནང་དུ་ཁུར་ཡོང་ནས་བལྟས་དུས། ཞི་མོ་ཞིག་རེད་ལ་རྐ་ལག་ཡན་ལག་ཡང་ཚང་མ་ཞིག་རེད། དང་བོ་དངོས་ནས་སྐྲག་སོང་། ཁུ་བཙུར་བསྡམ་ནས་བསྡད་འདུག མཛུབ་མོ་མེད་མཁན་ཞིག་རེད་བསམ་སོང་། ད་དུང་ཁོང་ཚོས་ཞི་མོའི་དཀྲིས་སའི་ནང་དུ་ཡི་གེ་འདི་འདྲ་ཞིག་འདུག་ཞེས་བློ་བཟང་གི་ལག་པར་བཞག

བློ་བཟང་གིས། རས་དཀར་པོ་ཆུང་ཆུང་ཞིག་གི་སྟེང་དུ་བྲིས་པའི་དབུ་ཅན་ཡིག་གཟུགས་ཅན་གྱི་ཡི་གེ་དེ་ཀློག་དུས། ཞི་མོའི་མིང་ལ་མཚོ་མོ་སྐྱིད་ཡིན། ཁྱེད་ཚང་ང་ཚོས་ངོ་ཤེས་ཀྱི་ཡོད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༧ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༧ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

མཆན། 2

  1. hortsangdhondup says:
    ལོ་ 16 སྔོན།

    ཐུང་ཐུང་སྙན་པོ་ཞིག་བྲིས་ན་མི་བཟང་ངམ།

    Reply
  2. hortsangdhondup says:
    ལོ་ 16 སྔོན།

    ཨ་ཁུ་ ཁྱེད་འདི་རིང་དྲགས་སོང་ཟིག་
    ང་འདྲ་སྒོར་མོ་མེད་ནི་ཚོ་སྡུག་ལ་སྤྱར་ནི་རེད་ལ
    འཛིན་གྲྭ་ལ་འགྲོ་དགོས་དུས་ཚོད་མི་རག་གི
    ཐུང་ཐུང་སྙན་ཞིག་བྲིས་ན་མི་བཟང་ངམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese