མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ང་བདུན།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བན་སྡེ་འཚོས། གལ་སྲིད་ཁྱེད་རང་གི་དམིགས་ཡུལ་འགྲུབ་སོང་བ་ཡིན་ན། ངས་ཁྱེད་རང་གི་ཐག་ཉེ་ས་ཞིག་ནས་ལས་ཀ་བྱེད་ཆོག སློབ་མཐར་ཕྱིན་རེག་བར་དུ་ངས་ཁྱེད་རང་ལ་སྒུག་ཆོག ཁྱེད་རང་གི་འདོད་པ་གང་ཡོད་པ་དེར་ངས་རྒྱབ་སྐྱོར་བྱེད་ངེས་ཡིན། གལ་སྲིད། ནམ་ཞིག་ཁྱེད་རང་ཕྱིར་རྒྱ་གར་དུ་ལོག་འདོད་ཡོད་ན། ངེད་གཉིས་ལོག་ཆོག དམིགས་ཡུལ་མ་འགྲུབ་པར་ཕྱིར་ལོག་འདོད་ཡོད་ན། འུ་གཉིས་ཕྱིར་ལོག་ན་འགྲིག་གི་རེད། ངས་ད་ལྟའི་བར་དུ་ལས་ཀ་བྱས་ནས་སྒོར་མོ་ཁ་ཤས་ཤིག་གསོག་ཡོད། དེ་ཡི་འུ་གཉིས་ཕྱིར་རྒྱ་གར་ལ་འགྲོ་བའི་འགྲོ་སོང་འདང་ཁོ་ཐག་ཡིན་ཞེས་བཤད།

སྐད་ཆ་དེ་དག་གིས་དངོས་ནས་བློ་བཟང་གི་སེམས་ཁོང་དུ་སྔར་བྱུང་མ་མྱོང་བའི་ཚོར་བ་དེ་དག་ཁོ་མོའི་ལུས་སྟེང་ནས་རྙེད་པའི་སྒང་ལ། སྐད་ཆ་དེ་དག་ནི་དེ་བས་ཀྱང་བུད་མེད་ཡིག་རྨོངས་པ་ཞིག་གིས་སེམས་ཁོང་ན་ཤེས་ཡོན་གྱི་ཕྱུག་པའི་མིས་ཀྱང་རྟོགས་མི་ཐུབ་པའི་རིན་ཐང་གཞལ་དུ་དཀའ་བའི་ཚིག་རེ་འདུག་ཨང་སྙམ་ཞོར་དུ། བན་སྡེ་འཚོ་ལ་འཐམ་ནས། ཁྱེད་རང་དངོས་ནས་བུད་མེད་ཡ་རབས་ཤིག་རེད། ཁྱེད་རང་ང་ལ་ཐོབ་པ་འདི་ངས་བསོད་ནམ་རེད་ཅེས་བཤད།

ཕྱི་དྲོ་དེར་ཆུ་ཚོད་གསུམ་པའི་བརྒྱབ་དུ། ཁོ་གཉིས་མགྲོན་ཁང་དེ་ནས་ཕྱི་ལ་བུད་དེ་རླངས་འཁོར་འབབ་ཚིག་ལ་སོང་། རླངས་འཁོར་ཆུ་ཚོད་གཅིག་ཙམ་སོང་བའི་རྗེས་སུ་ཁོ་གཉིས་ཀྱིས་ལམ་ཕྱོགས་མི་གཅིག་སྟབས། བན་སྡེ་འཚོ་རླངས་འཁོར་དེ་ལས་མར་འབབ་ཞོར་དུ། ངས་ཁྱེད་རང་ལ་སང་ཉིན་དགོང་མོ་ཁ་པར་གཏོང་ཆོག ང་རང་ནངས་ཉིན་བླ་བྲང་དུ་ཡོང་ཐུབ་ནོ་ཁོ་ཐག་ཡིན་ཞེས་བཤད་དེ་ལག་གཡུགས་ཤིག་བྱེད་ཀྱིན་རླངས་འཁོར་དེ་ལས་ས་ལ་འབབ།

བློ་བཟང་གིས་རླངས་འཁོར་གྱི་སྒེའུ་ཁུངས་ནང་ནས་ཁོ་མོའི་ཕྱོགས་སུ་བལྟ་ཞོར་དུ། ཡིད་ལ་སྐྱོ་སྣང་ཞིག་སྐྱེ་ཡང་། ནངས་ཉིན་འཕྲད་ངེས་རེད་བསམ་པའི་ཚོར་བ་དེས་ཁོ་རང་གི་སྐྱོ་སྣང་དེ་ག་ལེར་ཞི།

བློ་བཟང་བླ་བྲང་གི་རླངས་འཁོར་ས་ཚིགས་སུ་འབྱོར་མ་ཐག གླ་བྱེད་རྐང་འཁོར་གྱི་ཁ་ལོ་བ་དང་། གླ་བྱེད་རྐང་གསུམ་སྤག་སྤག་གི་ཁ་ལོ་བ་ཡིན་པའི་བོད་ཀྱི་ཕོ་གསར་ལོ་ཆུང་ཆུང་མི་ཉུང་བ་ཞིག་གིས་རླངས་འཁོར་ནང་དུ་འཚང་ཁ་བརྒྱབ་དེ། ཧ་ལོ་ ཧ་ལོ་ཟེར་བཞིན་ནང་ལོག་གི་རྒྱ་མི་དག་འཕྲོག་རྩོད་བྱེད་ཀྱི་ཡོད་པ་དེ་ཡི་སྐབས་སུ། ཕོ་གསར་ཆུང་ཆུང་ཞིག བློ་བཟང་གི་རྒྱབ་ཁུག་ཆེན་པོ་དེ་ཡི་སྟེང་ལ་འཇུས་དེ། ཧ་ལོ་ བླ་བྲང་དགོན་པ་འགྲོ་འམ་ཟེར་ནས་རྒྱ་སྐད་ཤེས་ལ་མ་ཤེས་ལ་རྒྱག་ཞོར་དུ་རྒྱ་སྒོར་གཉིས་ཡིན་ཟེར་ནས་རྒྱབ་ཁུག་ཆེན་པོ་དེ་རྒྱབ་དུ་ཁུར་རྩིས་བྱོས་དུས། བློ་བཟང་གིས་ང་རང་རྒྱ་མིན། བོད་ཡིན་ཟེར་ནས་ལན་བཏབ་དུས། ཕོ་གསར་དེ་རེ་ཞིག་རིང་ཧད་དེ་བསྡད་ཡོད་པའི་སྐབས་དེར། བློ་བཟང་གི་ཕ་རྒན་འཇིགས་གྲོལ་གྱིས། ཕར་སོང་། ཕར་སོང་། ཁོ་རྒྱ་མ་རེད་ཅེས་བཤད།

བློ་བཟང་གིས་རང་གི་ཕ་རྒན་འཇིགས་གྲོལ་གྱིས་རླངས་འཁོར་འབབ་ཚིགས་དུ་སྒུག་ཡོད་པ་མཐོང་མ་ཐག ཡིད་ལ་ཆེས་སྤྲོ་སྣང་དང་གདོང་ལ་འཛུམ་མདངས་དང་བཅས་དེ་རྒྱབ་ཁུག་དེ་ཚོ་ཕ་རྒན་ལ་སྤྲོད་ཀྱིན་སྐབས་དེར། རླངས་འཁོར་ཕྱི་ནས། ཕུ་བོ་ཟེར་ནས་སྐད་ཞིག་ཐོས་པ་དེ་རུ་བལྟས་དུས། ནུ་བོ་ཀླུ་འབུམ་རྒྱལ་ཡིན་པ་ཤེས་ནས་སེམས་གཏིང་ནས་དགའ་བ་དང་བཅས་རླངས་འཁོར་གྱི་ཕྱི་རུ་འབུད་དུས། ཕོ་གསར་ཆུང་ཆུང་རྐང་གསུམ་སྤག་སྤག་གི་ཁ་ལོ་བ་དེས་ཁོ་རང་གི་རོགས་པ་ཚོར་སྐད་ཆ་ཤུབ་ཤུབ་ཞིག་བཤད་ཀྱིན་པ་བློ་བཟང་གིས་ཕྱིས་བལྟས་ཤིག་བྱེད་ཞོར་དུ། རང་གི་ནུ་བོ་ཀླུ་འབུམ་རྒྱལ་གྱི་སྐེ་རུ་འཐམ་ནས་བདེ་མོ་ཡིན་ནམ་ཞེས་བཤད།

གླ་བྱེད་རླངས་འཁོར་ཞིག་གི་སྒོ་ནང་ནས་ཕ་རྒན་འཇིགས་གྲོལ་གྱིས། ཡ་་ ད་མགྱོགས་པོ་ཤོག ནང་ན་ཨ་མ་དང་བཟའ་ཚང་བཀང་བོས་དེ་རིང་ཁྱེད་ལ་སྒུག་ནས་བསྡད་ཡོད་པ་རེད། ཀླུ་འབུམ་རྒྱལ་སྤག་སྤག་བཏང་ནས་སྔོན་ལ་སོང་། ཕུ་བོ་བློ་བཟང་དང་ངེད་གཉིས་གཞུག་ན་ཡོང་གི་འདུག་ཟེར་ནས་ཤོད་ཅེས་སྐད་བཏང་།

བློ་བཟང་གིས་ནུ་བོ་ཀླུ་འབུམ་རྒྱལ་ལ། རེད་ ཁྱོད་སྔོན་ལ་སོང་། ད་མགྱོགས་པོ་ཐུག་གི་རེད་ཟེར་ཞོར་དུ་གླ་བྱེད་རླངས་འཁོར་དེ་ཡི་ནང་དུ་བུད།

ཨ་ཕ་ཁྱེད་རང་གིས་དེ་རིང་ཡུན་རིང་ལ་སྒུག་ནས་དཀའ་ཡོད་རྒྱུ་རེད་ཅེས་རང་གི་ཕ་རྒན་འཇིགས་གྲོལ་ལ་བློ་བཟང་གིས་སྐད་ཆ་དྲིས་དུས། ཕ་རྒན་འཇིགས་གྲོལ་གྱིས། ད་ནངས་ཆུ་ཚོད་དྲུག་པ་ནས་བཟུང་དེ་འདི་ནས་སྒུག་བསྡད་པ་ཡིན། རླངས་འཁོར་ཡོང་ཡོང་ཚང་མ་ལ་བལྟས་པ་ཡིན། ཉིན་མའི་གུང་ལ་སླེབས་སོང་། གྲོད་ཁོག་ལྟོགས་ནས་ཕར་ནང་དེར་ཕྱེ་ཐིག་འཁྱག་པ་ཞིག་འཐུང་དུ་སོང་བ་ཡིན། དེ་དུས་སྐར་མ་ལྔ་དྲུག་ཞིག་མ་གཏོགས་འགོར་མེད། ཡང་དེ་ཡི་སྐབས་སུ་ཁྱེད་རང་བུད་སོང་ནི་མིན་ན་བསམ་ནས་སེམས་ཁྲལ་བྱོས་དེ་བསྡད་ཡོད་པའི་སྐབས་དེར། ཀླུ་འབུམ་རྒྱལ་སླེབས་ནས། ཁྱེད་རང་ད་དུང་སླེབས་མ་སོང་བ་ཤེས་སོང་། དེ་ནས་ཁོ་རང་གིས་སྒུག་ནས་འདུག ང་སྔོན་ལ་སོང་ནས་ངལ་གསོས་དེ་བསྡོད་ཟེར་ན་ཡང་། ངས་ཆུ་ཚོད་ལྔ་དང་ཕྱེད་ཀ་བར་དུ་སྒུག་དེ་ནས་མ་ཡོང་ན་ང་འགྲོ་ཟེར་ནས་བསྡད་པ་ཡིན།

བློ་བཟང་གི་རླངས་འཁོར་གླ་བྱེད་དེ་ལས་ཕྱིར་བུད་མ་ཐག རས་གུར་གྱི་སྒོ་ཁ་རུ་རང་གི་དྲིན་ཆེན་མ་ལོའི་ལག་དུ་ཁ་བཏགས་དཀར་པོ་ཞིག་བཟུང་དེ་སྒུག་ཡོད་པ་དེ་མཐོང་མ་ཐག ཤ་གསེང་རུས་གསེང་ནས་འདར་སུག་བརྒྱབ་ཀྱང་། ཨ་མ་བདེ་མོ་ཡིན་ན་ཟེར་ནས་ཕར་སྐད་ཆ་དྲིས་མ་ཐག ཨ་མའི་མིག་ཟུང་མཆི་མས་བཀང་ཞོར་དུ། ཨ་མའི་གཅེས་ཕྲུག ཨ་མ་བདེ་མོ་ཡིན། ཁྱེད་རང་ཕྱིར་འཚམ་པོ་བདེ་མོ་སླེབས་པ་དགའ་ཡོད་ཟེེར་ནས་ཁ་བཏགས་དེ་བློ་བཟང་གི་སྐེ་རུ་སྐོན་ནས་བློ་བཟང་ལ་འཐམ་ནས་ངུས། དེ་དུས་བློ་བཟང་གིས་ཨ་མ་ད་མ་ངུ་། ང་ཕྱིར་འཚམ་པོ་ཐོན་ཡོད་པ་འདི་རེད་ཅེས་བཤད།

བློ་བཟང་གི་དྲིན་ཆེན་མའི་རྗེས་སུ་བློ་བཟང་ལ་ཁ་བཏགས་འཐེན་མཁན་གྱི་ཉེ་མི་ཁ་ཤས་ཤིག་རས་གུར་གྱི་མཐའ་རུ་གྲལ་སྒྲིག་ནས་ཡོད་ཀྱང་། བློ་བཟང་གིས་རེ་རེ་བཞིན་སུ་ཡིན་ཡང་ཡག་པོ་ཞིག་སྙམ་འཇོག་ཁོམ་ཡང་མ་བྱུང་བར་རས་གུར་ནང་དུ་འཛུལ་ནས་ལོ་ན་མཐོ་བའི་རང་གི་ཨ་མྱེ་བདེ་ཆེན་ལ་འཚམ་འདྲི་ཞུ་རུ་ཕྱིན།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 3

  1. rhaloo says:
    ལོ་ 17 སྔོན།

    བར་སྐབས་ཞིག་ནས་ངས་བསམ་ཚུལ་ཞིག་སྤེལ་དགོས་བསམ་བསྡད་པ་ཡིན། བསམ་ཚུལ་དེ་མ་སྤེལ་ན་བསམ་ནས་ཀྱང་ཡུན་རིང་བསྡད་པ་ཡིན། དེ་རིང་ད་བསམ་ཚུལ་དེ་སྤེལ་གི་ཡིན།

    ཁྱོད་ཀྱི་སྒྲུང་འདི་ཀློག་གི་ཡོད། མུ་མཐུད་ནས་འབྲི་རོགས་ཞེས་རེ་སྐུལ་ཡང་ཞུ་གི་ཡིན། ཡིན་ཡང་། ཉིན་རེར་ཚན་པ་རེ་རེ་བྲིས་ནས་སྤེལ་ན་གང་འདྲ་འདུག དེང་སྐབས་ཟིན་བྲིས་ཀྱི་ས་ཆས་མ་འདེང་བར་ཡོད་དུས་ཤིག་ལ་ཁྱོད་གཅིག་པུས་ཟིན་བྲིས་གསར་ཤོས་ཀྱི་ས་མིག་བཅུའི་ཁྲོད་ཀྱི་བཞི་བཟུང་ནས་བསྡད་པ་ཡིན་ན་ཟིན་བྲིས་པ་གཞན་པ་མང་པོ་ཞིག་གི་ཟིན་བྲིས་རྣམས་རྐང་བཙུགས་ནས་ཀློག་མ་བཅུག་པའི་ཚོར་སྣང་དེ་འདྲ་མི་འདུག་གམ། དེང་སྐབས་ཟིན་བྲིས་འདི་དག་ཡ་མཚན་ཞིག་རེད།

    ཟིན་བྲིས་གསར་ཤོས་ནང་དུ་བོད་ཤ་ཁྲག་རུས་གསུམ་གྱིས་བཀང་འདུག ཟིན་བྲིས་ཁྱབ་ཤོས་ནང་དུ་ཨ་རིག་དགེ་མཐོང་དང་ཨ་རིག་འགྱུར་མེད་གཉིས་ཀྱིས་བཀང་འདུག ཨ་རིག་ཚང་གི་ཟིན་བྲིས་པ་གཉིས་ལ་དབང་འདུག

    Reply
  2. chentsasopa says:
    ལོ་ 17 སྔོན།

    ཉི་མ་གསུམ་བཞི་ཞིག་གི་རིང་ལ་རྩོམ་ཟེར་ནོ་རྟ་སྤང་གཏོང་གཏོང་བྱས་དང་ཐལ། དེ་དང་མཉམ་དུ་ཡིག་ནོར་དང་གཏགས་ནོར་ཟེར་ནོ་ཡང་རྟ་སྤང་གཏོང་གཏོང་བྱས་དང་ཐལ། ཅུང་ཙམ་དལ་མོར་བཀོད་ན་ཡིག་ནོར་དང་གཏགས་ནོར་ཀྱང་འདི་ལྟར་ཆུ་བཞུར་བཞུར་བྱེད་རྒྱུ་མ་རེད་འདོད་ཀི་ཡ།
    སྐེད་རག་ཅུང་ཙམ་སྡོམ་རྒྱུ་ཞིག་ཨེ་ཡོད་ཀི ལྷོད་དྲག་འདུག་པཱ།
    ད་འགྲོ་རན་སོང་། ལས་ཀ་ཟེར་ནོ་ཁྱོའི་རྩོམ་ཡིག་ནང་བཞིན་གཅིག་འཕྲོ་གཅིག་གིས་དེད་འོང་གིས། འདུག་ཁོམ་ཅུང་ཙམ་ཡང་མེད་ཀི རྗེས་སུ་ཡང་སྐོར་རེ་རྒྱགས་ཡ།

    Reply
  3. kawakampo says:
    ལོ་ 17 སྔོན།

    ཡག་གི་ངོ་མ་ཡག་གི་རེམ་པོར་ཕྲིས་ཨ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese