མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འཁྲིག་སྤྱོད་ཀྱི་བརྙན་པར་དང་སེམས་ཁྲལ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

འཁྲིག་སྤྱོད་ཀྱི་བརྙན་པར་དང་སེམས་ཁྲལ།

རྩོམ་པ་པོ། ལྷོ་ཕྲུག་སྣ་བོ་ཆེ།

བཀུར་འོས་སྤྱིར་གྱི་དྲྭ་གྲོགས་ཁག་དང་ལྷག་དོན་རབ་བྱུང་གི་རྟགས་ཆ་ལུགས་འཆང་མཁན་ཡོངས་ཀྱི་སྙན་ལམ་དུ།

དེང་སང་གློག་ཀླད་ཀྱི་ཤེས་ཡོན་དང་གནས་ཚད་རྒྱུན་མི་ཆད་པར་ཡར་རྒྱས་འགྲོ་བཞིན་པའི་སྐབས་འདིར་ང་ཚོས་སོ་སོའི་སྐད་ཡིག་སྲུང་སྐྱོབ་དང་ཤེས་བྱའི་གནས་ལུགས་འཚོལ་ཞིབ་སོགས་མི་ཚེའི་ནང་འདོར་དུ་མེད་པའི་གནད་དོན་མང་དག་ཅིག་གི་བྱ་བ་དྲྭ་རྒྱ་བརྒྱུད་ནས་སྒྲུབ་ཀྱིན་ཡོད་པ་རེད། མདོར་བསྡུས་ནས་བཤད་ན་དེང་སང་དྲྭ་རྒྱའི་མཐུན་རྐྱེན་འདི་མེད་ན་འཇིག་རྟེན་འདིར་འཚོ་གནས་མི་ཐུབ་པའི་ཚད་ལ་བསླེབས་ཡོད་པ་ཡིན།

ང་ཚོའི་འཚོ་བའི་ནང་འདི་ལྟའི་གལ་ཆེན་གྱི་གནས་བབ་ཟིན་པའི་བརྒྱུད་ལམ་འདི་བེད་སྤྱོད་གཏོང་ཤེས་ན་རླབས་ཆེན་གྱི་བྱ་བ་བསྒྲུབ་པའི་གོ་སྐབས་ཡོད་ཅིང་བེད་ལོག་ཏུ་སོང་ན་རླབས་ཆེན་གྱི་ནོར་འཁྲུལ་ཤོར་བའི་གོ་སྐབས་ཀྱང་ཡོད་པ་ཡིན།
ཆོས་ཕྱོགས་ནས་བཤད་ན་དེ་སྔ་སྤྱན་དང་མངོན་ཤེས་ཀྱིས་བསྒྲུབ་དགོས་པའི་བྱ་བའི་རིགས་མང་དག་ཅིག་དེང་སང་དྲྭ་བའི་བརྒྱུད་ལམ་ནས་སྟབས་བདེ་པོས་བསྒྲུབ་སྐབས་ཡོད་ཅིང་།
ཏོག་ཙམ་འུད་ཤོབ་ཀྱིས་བཤད་ན་མཆོག་གི་སྤྲུལ་སྐུའི་མཛད་པ་ཁག་ཅིག་ཀྱང་ཕྱོགས་མཐུན་ཙམ་ཞིག་ས་ལམ་སྒྲུབ་པ་ལ་ལྟོས་མི་དགོས་པར་དྲྭ་རྒྱའི་མཐུན་རྐྱེན་ལ་བརྟེན་ནས་མལ་ཁྲི་གྲུ་བཞིའི་སྟེང་ནས་ཉལ་སྟབས་ཀྱིས་བསྒྲུབ་ཐུབ་པ་འདུག

སྲིད་ཕྱོགས་ཀྱི་གནས་སྟངས་དང་འབྲེལ་ནས་བཤད་ན་ཚར་རབས་མི་འདུག་ཀྱང་དོན་སྙིང་བསྒྲིལ་ན་དེང་སང་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ཚོགས་སྡེ་ཁག མི་སྒེར་སོགས་ཡོངས་རྫོགས་ཀྱི་སྲིད་འབྱོར་རིག་གསུམ་གྱི་གནད་དོན་ཡོངས་རྫོགས་དྲྭ་རྒྱའི་བརྒྱུད་ལམ་ལ་བརྟེན་ཡོད་པ་འདིས་ཤེས་ནུས་པ་ཡིན།

འདི་ལྟའི་ཕན་ནུས་རླབས་ཆེན་ལྡན་པའི་ཆ་ནས་བཤད་ན་གྲྭ་པ་ཞིག་གི་ངོས་ནས་དྲྭ་རྒྱ་བེད་སྤྱོད་གཏོང་བ་འདི་འོས་ཤིང་འཚམ་པ་རེད། འོན་ཀྱང་དྲྭ་རྒྱའི་ཤེས་ཡོན་དང་གནས་ཚད་ཀྱིས་ང་ཚོ་མ་སྒུག་པར་རྒྱུན་མི་ཆད་པར་ཡར་རྒྱས་འགྲོ་བའི་སྐབས་འདིར་ང་ཚོས་གཟབ་གཟབ་ངེས་པར་བྱེད་དགོས་པའི་དོན་དག་ཁག་ཅིག་འདུག ལྷག་དོན་རབ་བྱུང་ཚོས་གཟབ་དགོས་ཀྱི་འདུག

དཔེར་ན་འཁྲིག་སྤྱོད་ཀྱི་བརྙན་པར་སོགས་གང་བྱུང་གང་འདོད་དུ་བལྟ་བསྔོག་བྱ་རྒྱུ་འདི་ཡིན། གྲྭ་པ་ཚོར་དངོས་སུ་འཁྲིག་སྤྱོད་ཀྱི་ལག་ལེན་བྱེད་སྐབས་མེད་སྟབས་ལྟད་མོ་འདི་རིགས་བལྟ་བའི་སྤྲོ་སྣང་དང་གྲངས་ཀའི་ཆ་ནས་བཤད་ན་སྐྱ་མི་ལས་མང་ཚོད་ཡིན་པ་འདྲ། གཅིག་བྱས་ན་མཚར་སྣང་དང་དྭོགས་སྣང་གི་རྐྱེན་གྱིས་ཀྱང་ཡིན་སྲིད། གང་ལྟར་ཡང་གྲྭ་པ་ཚོས་སོ་སོའི་གློག་ཀླད་ནང་ཕྱི་ནང་གི་གནས་སྟངས་ཡོངས་རྫོགས་ཤེས་མཁན་སོ་སོ་ལས་མེད་སྙམ་གྱི་ལོག་རྟོག་དེ་བཅངས་ནས་གང་བྱུང་བལྟ་བསྔོག་མ་བྱེད་རོགས།

དྲྭ་རྒྱའི་ཡར་རྒྱས་འདི་ཧ་ཅང་ཚད་མཐོ་བའི་དབང་གིས་ཁྱེད་ཀྱི་གློག་ཀླད་ནང་གི་གསང་བ་ཡོངས་རྫོགས་དང་ལྷག་དོན་ཁྱེད་ཀྱིས་ཁྱེད་རང་གི་གློག་ཀླད་ནང་ཡི་གེ་ཀ་ལྟ་བུ་ཞིག་འབྲི་ཡི་ཡོད་པའི་གསང་བ་དེ་ཡང་ཁྱེད་དང་འབྲེལ་མེད་ཅིག་གིས་ལེ་དབར་སྟོང་ཕྲག་གི་ཕ་རོལ་ནས་ཧ་གོ་ཡིན་འདུག འདི་རྣམ་མཁྱེན་གྱིས་ཆོས་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་ལྟར་གཞལ་ཟེར་བའི་ཡོན་ཏན་དེ་དང་ཕྱོགས་མཐུན་ཙམ་ཞིག་ཡིན་པ་འདྲ།

དེ་རིང་ཉིན་དགུང་ངོ་ཤེས་ཕོ་གསར་ཞིག་དང་ལབ་གླེང་སྐབས་འབྲེལ་ཡོད་དྲྭ་རྒྱའི་སྐོར་གྱི་ཆེད་མཁས་པ་ཞིག་གིས་དུས་རྒྱུན་དྲྭ་རྒྱ་དང་འབྲེལ་བའི་ལས་དོན་སྒྲུབ་པའི་བརྒྱུད་རིམ་ནང་དགོན་སྡེ་ག་གེ་མོ་ཞིག་གི་དགེ་འདུན་པ་དྲྭ་རྒྱ་སྤྱོད་མཁན་ཁག་གིས་འཁྲིག་སྤྱོད་གློག་བརྙན་བལྟ་བསྔོག་བྱས་པའི་གྲངས་ཚད་ནི་ཧ་ལས་པ་ཞིག་ཡིན་པ་ཤེས་འདུག
ཁོ་པས་སྐད་ཆ་འདི་བུད་སོགས་མང་ས་ནས་བཤད་པ་སྟབས་དངོས་གནས་ང་ཚ་དང་ཁ་སྐྱེངས་ཀྱི་ཚོར་བ་ཞིག་བྱུང་།

འདིའི་སྐབས་ངས་གོང་གི་མཚར་སྣང་དང་དྭོགས་སྣང་ཞེས་པའི་འགྲེལ་བཤད་དེ་བརྒྱག་ཐབས་བྱས་པ་ཡིན། འོན་ཀྱང་འགྲེལ་བཤད་འདིས་ང་ཚོའི་ངོ་གདོང་སྦས་འགེབ་བྱ་རྒྱུ་ལས་སླ་པོ་མ་རེད།

སྤྱིར་ཡིན་ན་དགོན་སྡེ་ག་གེ་མོ་ཞེས་ངེས་བཟུང་མེད་པའི་སྐད་ཆ་བཤད་རྒྱུ་འདི་འོས་འཚམ་ཡིན་མིན་ཐག་གཅོད་དཀའ་བ་ཞིག་ཡིན། འོན་ཀྱང་གནས་དུས་ལ་ལར་དངོས་མིང་དང་བྱུང་བ་ཡོངས་རྫོགས་དམར་དམར་བརྗེན་བྱ་རྒྱུ་འདིར་ཁེ་ཕན་དང་དགེ་མཚན་ཆུང་ལ་སྐྱོན་ཆ་དང་ནོར་འཁྲུལ་ཆེ་བའི་གོ་སྐབས་ཀྱང་ཡོད་པ་རེད། དེར་བརྟེན་ངོས་ནས་གནད་དོན་ཡོངས་རྫོགས་གསལ་པོ་མ་བཟོས་པ་འདི་འཇིགས་སྐྲག་ཅིག་ཡོད་པའི་ཆ་ནས་སམ་ཡང་ན་སྤྱི་ཚོགས་ནང་གཞི་མེད་ཀྱི་གླེང་ཕྱོགས་ཤིག་བཟོ་འདོད་ཀྱི་དབང་གིས་མིན་པ་མཁྱེན་པར་འཚལ།

སྐད་སྐུར་ཤི་སྐད་ཡིན་ཡང་ཤོད། སྐུར་མ་ལྷམ་ཚང་ཡིན་ཡང་འཁྱེར་དགོས།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

ཆུ་ཚོད་ ༦ སྔོན་ལ།
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

ཆུ་ཚོད་ ༧ སྔོན་ལ།
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 21

  1. ling_jamyang says:
    ལོ་ 13 སྔོན།

    ཐམས་ཅད་ཐོབས་ཐང་ཡིན་ཞེས་པའི་དུས་རབས་འདི་ལ་རི་གྲོང་གང་སར་ཆོས་མིན་སྲིད་མིན་དང་དགོན་སྡེ་ཕལ་ཆེར་སྐྱ་མིན་སེར་
    མིན་དག་གི་རླུང་རྟ་མེ་ལྕེ་བཞིན་མཆེད་པའི་སྒང་ཡིན་པས་ཁྱེད་བསླབ་བྱ་དག་ལག་ལེན་ཕར་བཞག་ཉན་མཁན་ཁག་པོ་རེ་།།

    Reply
  2. kunga283 says:
    ལོ་ 13 སྔོན།

    སྣ་བོ་ཆེ་ལོ་གསར་བཟང་།་ཁྱེད་ཀྱི་བྲིས་པའི་ཟིན་བྲིས་དེ་ལ་ཁྱོད་ལ་དགོས་པའི་སླབ་བྱ་རེད་འདུག་།་རྗེས་མ་ཁྱེད་ཀྱི་དེ་ཚོ་ལ་བཟབ་བཟབ་བྱེད་དགོས་།

    Reply
  3. tsekyis says:
    ལོ་ 13 སྔོན།

    ཡུལ་རིང་མ་མཇལ་བའི་གྲོགས་ཤ་ཁྲག་ལགས་ལོ་གསར་ལ་བཀྲིས་བདེ་ལེགས་ཞུ་བ་དང་ཆབ་ཅིག་སྐུ་ཉིད་ནས་དུས་བབས་ཚང་ལ་ཟིན་བྲིས་ཆུ་མོའི་རྒྱུན་བཞིན་སྤེལ་བ་ནི་ཕྲན་ཡང་སྤོབས་ཆེན་པོ་སྐྱེ་གི་འདུག དེ་ནི་བོད་མི་རིགས་ཀྱི་ཆེད་དུ་ཡིན་པས་ཐུགས་རྗེ་ཆེ།།

    Reply
  4. tsekyis says:
    ལོ་ 13 སྔོན།

    གལ་པོ་ཆེ་ལ་ནན་ཏན་ཞེས་པ་ལྟར་དངོས་གནས་བདེན་པ་རེད།
    དེང་དུས་རིག་གསར་ཀྱི་ལམ་ལས་བྱ་བ་མང་པོ་ཞིག་ཚེགས་མེད་བདེ་བླག་ངང་ནས་བསྒྲུབ་ཐུབ་ཀྱི་ཡོད་ལ།
    གསང་བ་མང་པོ་ཞིག་ཚེགས་མེད་བདེ་བླག་ངང་ནས་གཞན་གྱིས་རྐུ་འཁྱེར་བྱེད་བཞིན་པའི་ད་ལྟའི་སྐབས་འདིར།
    རབ་བྱུང་ཕོ་མོ་རེ་བཟུང་གིས་འཁྲིག་སྤྱོད་ཀྱི་དྲ་རྒྱ་ལྟ་སྲིད་པ་རེད་ལ་མིག་མཐོང་ཡང་ཡོད་རེད།
    ཡིན་ན་ཡང་རྒྱ་ཆེ་ས་ནས་བཤད་ན་འཕགས་པའི་དགེ་འདུན་པ་ཡོངས་ལ་མཚན་དམད་མི་འབྱུང་བའི་ཆེད།
    འཁྲིག་སྤྱོད་ལ་དགའ་ཞིང་འཁྲིག་སྤྱོད་ལ་དུངས་པའི་བཙུན་གཟུགས་འཛིན་པ་ཡོངས་ནས།
    འཁྲིག་སྤྱོད་དྲ་རྒྱ་དང་དེ་མིན་སྐད་ཆའི་གླེང་སྟེགས་གཟུགས་མཐོང་གླེང་སྟེགས་འཕྲིན་ཡིག་གླེང་སྟེགས་ལམ་ནས་ཆགས་སྲེད་དང་འབྲེལ་བའི་སྙིང་གཏམ་གཤོད་པ་དང་འདྲ་པར་བསྐུར་བ་ལུས་པོའི་ཉམས་འགྱུར་བསྟན་པ་སོགས་བྱེད་ན་དེ་ནི་རང་མཚང་གཞན་ལ་བསྟན་པའི་བླུན་པོའི་སྤྱོད་ཚུལ་ལས་མ་འདས་པས་གཟབ་པར་འཚལ།
    གཏམ་དཔེར།
    བ་ངན་གཅིག་གི་བ་བརྒྱ་རླུང་ལ་བསྐུར།།
    མི་ངན་གཅིག་གིས་མི་བརྒྱ་གཡང་ལ་གཡུགས།།
    ཟས་ངན་གཅིག་གིས་ལུས་ཀྱི་སྟོད་སྨད་དཀྲུགས།།
    ནད་ངན་གཅིག་གིས་ཡུལ་ཁམས་ཕུང་བར་འགྱུར།།
    ཞེས་པ་ལས་མ་འདས་པས་ཅིས་ཀྱང་གཟབ་པར་འཚལ་
    གཟབ་པར་འཚལ། གཟབ་པར་འཚལ།། །།

    Reply
  5. mheru says:
    ལོ་ 13 སྔོན།

    ངོ་མ་རེད་ལྷོ་ཕྲུག་སྣ་བོ་ཆེ་གསུངས་པ་ངོ་མ་རེད།སྐྱབས་གནས་དགེ་འདུན་བ་མང་ཆེ་བ་ཞིག་
    དངོས་གནས་རྗེས་སུ་ཡིད་རངས་ཞུ་འོས་པ་རེད།
    འོན་ཀྱང་ཉུང་ཤས་ཀྱིས་འདི་འདྲ་བྱས་ན་གྲྭ་བ་ཡོངས་རྫོགས་ལ་གནོད་ཀྱི་ཡོད།དེར་བརྟེན་འདི་འདྲའི་རིགས་ལ་དོ་སྣང་ངེས་པར་དུ་གནང་དགོས།
    ལྷོ་ཕྲུག་སྣ་བོ་ཆེ་ཁོ་རང་ལ་འོས་ཤིང་འཚམ་པའི་རྩོམ་ཡིག་ཞིག་སྤེལ་གནང་འདུག་ཐུགས་རྗེ་ཆེ་རྗེས་སུ་ཡང་མུ་མཐུད་ཕེབས་རོགས།

    Reply
  6. yangtso says:
    ལོ་ 13 སྔོན།

    ཁྱོད་ཀྱིས་བསམ་ཚུལ་ཡག་པོ་ཞིག་བརྗོད་འདུག་ འོན་ཀྱང་འཁྲིག་སྤྱོད་གློག་བརྙན་ལ་བལྟ་མཁན་རྣམས་ཀྱིས་བསམ་བློ་གཏོང་རོགས ཕན་མི་ཐོགས་རུང་གནོད་མ་སྐྱེད་ན་བཟང་།

    Reply
  7. yangtso says:
    ལོ་ 13 སྔོན།

    ཁྱོད་ཀྱིས་བསམ་ཚུལ་ཡག་པོ་ཞིག་བརྗོད་འདུག་ འོན་ཀྱང་འཁྲིག་སྤྱོད་ལ་བལྟ་མཁན་རྣམས་ཀྱིས་བསམ་བློ་གཏོང་རོགས། ཕན་མི་ཐོགས་རུང་གནོད་མ་སྐྱེད་ན་བཟང་།

    Reply
  8. hortsangdhondup says:
    ལོ་ 13 སྔོན།

    ལོ་གསར་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  9. beri Palden Namgyal says:
    ལོ་ 13 སྔོན།

    བཀླགས་ཟིན་ དགོངས་ཚུལ་གང་ཡང་མེད་

    Reply
  10. lhakyab2001 says:
    ལོ་ 13 སྔོན།

    རང་མཚང་ཡག་པོ་སྟོན་འདུག་
    ཡིན་ནའང་དྲ་རྒྱ་བརྒྱུད་ནས་ཆགས་སྲེད་ཀྱི་གློག་བརྙན་བལྟས་ན་མི་གཞན་ཞིག་གིས་ཁྱེད་ཀྱི་དྲ་རྒྱའི་མཐུད་སྣེ་IPབརྒྱུད་ནས་ཁྱེད་ཀྱི་གནས་ཡུལ་བརྟགས་ཐུབ་པས་ གཟབ་ནན་གནང་རོགས་།

    Reply
  11. mekor says:
    ལོ་ 13 སྔོན།

    སྐད་ཆ་དངོས་གནས་རེད་ད་་་་གཟབ་དགོས་པ་རེད།

    Reply
  12. lhotruknawoche says:
    ལོ་ 13 སྔོན།

    དྲྭ་གྲོགས་ཤ་ཁྲག་རུས་གསུམ་ལགས།
    ངའི་རེ་འདུན་བཞིན་སྐད་ཆ་འདི་ཁྱེད་ཀྱི་ཟིན་བྲིས་སུ་འགོད་གནང་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

    དེ་བཞིན་ཅོ་རི་རྒན་པོ་གཙོས་པའི་དགོངས་ཚུལ་གསུངས་མཁན་ཡོངས་རྫོགས་ལ་ཐུགས་རྗེ་ཆེ་ཞུ་བ་དང་།       ངའི་སྐད་ཆ་འདི་དོན་དངོས་ཤིག་དང་ལྷག་དོན་ཁོ་བོར་དེ་འབྲེལ་གྱི་སེམས་ཁྲལ་ཞིག་ཡོད་སྟབས་ཁྱེད་འདིར་ཕེབས་ཡོངས་ཀྱིས་གནས་ཚུལ་འདི་རིགས་ལྷག་རྒྱུའི་ཉེན་ཁ་ཡོད་རིགས་ལ་གྲོགས་པོ་ནང་ཚགས་ཀྱི་ཚུལ་གྱིས་བསམ་ཚུལ་ཤོད་རོགས།

    སྤོབས་པ་མཐའ་ཡས་ལགས།
    ཁོ་བོར་འདུལ་བའི་སྐོར་གྱི་ཤེས་ཡོན་དང་གོ་རྟོགས་ཅི་ཡང་མེད།          ཉིད་ནས་དུས་རྒྱུན་སྒོམ་སྡེ་མཆོག་གི་ཟིན་བྲིས་སུ་མཆན་འདེབས་གནང་གི་ཡོད་སྟབས་གོ་སྐབས་དེ་བརྒྱུད་ནས་ཁོང་ལ་དྲི་བ་འདི་ཕུལ་ན་ཏན་ཏན་ཐུགས་ཕན་གསོས་ངེས་ཡིན།

    Reply
  13. Pobpathaye says:
    ལོ་ 13 སྔོན།

    འཁྲིག་སྤྱོད་གློག་བརྙན་ལ་བལྟས་ན་སྡོམ་པ་དམ་ཚིག་གང་དང་གང་ལ་འགལ་བ་ཡིན་ནམ།

    Reply
  14. shichen says:
    ལོ་ 13 སྔོན།

    ཅོ་རི ་ཉི་མའི་སྐད་ཆ་འདི་དཔེ་མི་སྲིད་པའི་སྡུག་ཆག་རེད །
    གལ་སྲིད་གྲ་ལོག་བྱས་པའི་ཉེས་པ་འདི་ཁོའི་མགོ་ལ་ཡོད་ནའང ་། མི་ཉེས་ཅན་ཚོའི་གཞན་ལ་ལྷག་བསམ་གྱིས་སྐད་ཆ་མི་ཆོག་གམ ། མི་གསོད་མཁན་ཞིག་གི་གཞན་ལ་མི་གསོད་མི་ཆོག་ཞེས་བཤད་ན་ཅི་ཕྱིར་མི་འགྲིག ཡང་ན་ཨ་ཕ་ཨ་མ་གཉིས་ཀྱི་་བུ་ཕྲུག་གྲྭ་བ་ཞིག་ཡིན་ན་ཁྱེད་གྲ་བ་ལོག་མི་ཆོག་་ཞེས་བཤད་ན། ཁྱེད་ཀྱིས་ཕྱིར་་ཕ་མ་གཉིས་ལ་ཁྱེད་གཉིས་ཀྱིས་དགུང་མོ་རྟག་པར་འཁྲིག་སྤྱོད་བྱེད་ཆོག་ན་ང་ཅི་ཕྱིར་གྲྭ་བ་ལོག་མི་ཆོག་ཞེས་བཤད་ན་འོས་མཚམས་ཤིག་རེད་དམ་ །

    Reply
  15. chokri nyima says:
    ལོ་ 13 སྔོན།

    ཕག་སྣ་ཁྱེད་གྲྭ་བ་ལོག་ཚར་དང་མ་ཚར་གལ་སྲིད་ཁྱེད་རང་གྲྭ་བ་ལོག་ཚར་ན་ཁྱེད་ཁ་བཙམ།་་་་སོ་སོར་འདོད་ཆགས་ཀྱི་དོན་དུ་གྲྭ་པ་ལོག་ནས་མི་གཞན་ཞིག་ལ་འདོད་ཆགས་ཀྱི་གློག་བརྙན་ལྟ་མི་ཆོག་གསུངས་ན་འགྲིག་ཨེ་ཡོང་ངམ།ཧཧཧཧཧཧཧཧཧཧཧཧཧཧཧཧཧཧརྩེ་མོ་ཡིན་ད།

    Reply
  16. triyungdrung says:
    ལོ་ 13 སྔོན།

    དགོན་སྡེ་ག་གེ་མོ་ཟེར་བ་ལས་དམར་རྗེན་དུ་འདོན་དགོས་རེད།
    དེ་མིན་དགོན་པ་ཚད་ལྡན་ཚང་མ་དེའི་ནང་དུ་ཚུད་འགྲོ་བའི་ཉེན་ཁ་འདུག
    དམར་རྗེན་དུ་བཏོན་ན་ག་གེ་མོ་དེས་ཀྱང་རྗེས་སུ་གཟབ་ཐག་ཆོད་ཡིན་
    དེ་མིན་དཀའ་ལས་ཁག་པོ་རེད། དཀོན་མཆོག་མཁྱེན།

    Reply
  17. sangsar says:
    ལོ་ 13 སྔོན།

    འོ་བསླབ་བྱ་ཡག་པོ་ཞིག་བརྒྱབ་འདུག ངོ་མ་དགེ་འདུན་པ་ཚོས་གཟབ་དགོས་པའི་དུས་རེད།

    Reply
  18. thupten gyaltsen says:
    ལོ་ 13 སྔོན།

    ཡག་པོ་བཤད་འདུག

    Reply
  19. shichen says:
    ལོ་ 13 སྔོན།

    ངོ་མ་རེད། རབ་བྱུང་ཕོ་མོ་ཚོའི་གཟབ་གཟབ་བྱེད་དགོས ། ནང་བའི་ཆོས་ཀྱི་རླུང་རྟ་མེ་ལྕེ་ལྟར་རྒྱས་པའི་་དུས་འདིར་སྟེང་ལ་ཆུ་བྱོ་མཁན་ཡང་ཡོད

    Reply
  20. lobsang59 says:
    ལོ་ 13 སྔོན།

    ཨོ་འདི་གཟོ་འདྲ་བོ་བཤད་འདུག་ཡ

    Reply
  21. lobsang59 says:
    ལོ་ 13 སྔོན།

    ཨོ་འདི་གཟོ་འདྲ་བོ་བཤད་འདུག་ཡ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist