མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་རྒྱལ་དར་བསྒྲེངས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོ་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་དོན་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་བོད་ལྕགས་སྟག་ལོའི་ལོ་གསར་ཚེ་གཅིག་ཉིན་གྱི་ཞོགས་པར་གསེར་རྟ་རྫོང་ཁེས་སྐོར་ཞང་ཐོག་གི་ཨར་འདམ་གྱི་གློག་སྡོང་རིང་པོ་ཞིག་གི་རྩེར་བོད་གྱི་རྒྱལ་དར་ཆེན་པོ་ཞིག་བསྒྲེངས་ཡོད་འདུག་ལ། སྔ་དྲོའི་ཆུ་ཚོད་ ༨ དང་ཕྱེད་ཀ་ཙམ་ལ་ཉེན་རྟོག་པ་གཉིས་འབྱོར་ཏེ་རྒྱལ་དར་དེ་མར་ཕབ་གྲབས་བྱས་སྐབས། ས་གནས་བོད་རིག་གཞོན་སྐྱེས་གཉིས་སླེབས་ཏེ། རྒྱལ་དར་དེ་མར་ཕབ་མི་ཆོག འདི་བོད་ཀྱི་རྒྱལ་དར་རེད་ཅེས་བཤད་ཡོད་སྟབས། ཁོང་ཚོའི་བར་འཁྲུག་འཛིང་བྱུང་ཞིང་། ཉེན་རྟོག་པ་དེ་གཉིས་ལ་རྒྱལ་དར་ཕབ་ཏུ་བཅུག་ཡོད་མི་འདུག སྐབས་དེར་ཉེན་རྟོག་པ་གཉིས་ཨུ་ཐུག་སྟེ་ཕྱིར་ལོག་ཡོད་ཀྱང་། ཅུང་ཙམ་གྱི་རྗེས་སུ་སླར་ཡང་ཉེན་རྟོག་པ་ཁག་ཅིག་དང་དམག་མི་བཅས་སླེབས་ཏེ། གཞོན་སྐྱེས་དེ་གཉིས་འཛིན་བཟུང་བྱ་རྩིས་བྱས་པར་ཁོང་གཉིས་བྲོས་ཐར་བྱུང་ཡོད་འདུག འབྲེལ་ཡོད་ལས་ཁུངས་ཀྱིས་ས་གནས་ཁག་ལ་འཛིན་བཟུང་བཀའ་རྒྱ་བཏང་སྟེ། ཉིན་འདི་འགར་ཉེན་རྟོག་པ་དང་དམག་མིས་ན་གཞོན་དེ་གཉིས་བརྩད་ཞིབ་བྱེད་ཀྱིན་ཡོད་འདུག ཁོང་གཉིས་ཁེས་སྐོར་ཞང་ཚེ་ཤུལ་སྡེ་བ་ནས་ཡིན་ཞིང་། གཅིག་གི་མིང་ལ་རིན་ཆེན་རྡོ་རྗེ་དང་། གཅིག་གི་མིང་ལ་འབྲུག་ལོ་ཟེར་ཞིང་ད་ལྟ་རང་ལོ་ ༢༣ ཡས་མས་རེ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༣ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༢༢ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༢༢ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༢༢ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༢༣ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣

མཆན། 21

  1. ལུང་རྟོགས། says:
    ལོ་ 16 སྔོན།

    སོ་སོའི་དག་ཆ་ལ་ཡང་་་་་་་་་་དགོང་དག

    Reply
  2. ལུང་རྟོགས། says:
    ལོ་ 16 སྔོན།

    སྐུ་ཞབས་ཅོ་རི་ལགས། དག་ཆར་ནོར་བཅོས་གནང་བ་ཐུགས་རྗེ་ཆེ། འོན་ཀྱང་ཁྱེད་རང་གི་དགོང་པ་གཞེས་སྟངས་ལ་འགྱུར་བ་ཞིག་གཏང་ན་ཡག་པོ་འདུགས།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    སྐུ་ངོ་ལུང་རྟོགས་ལགས།་་་་ང་ཅོ་རིས་རིག་གཞུང་དང་མི་རིགས་ཀྱི་དོན་མི་གོ་བ་མ་ཟད་རིག་གཞུང་དང་མི་རིགས་ཀྱི་ཚིག་གི་དག་ཆ་ཡང་ཡག་པོ་ཤེས་ཀྱིས་མེད།

    ཚིག་དོན་ཆེན་འདི་གཉིས་བྲིས་མ་ཤེས་པས་སྐྱོ་བ་་་་་་་ཧཧཧཧཧཧཧཧཧཧཧཧཐུགས་རྗེ་ཆེ།།།།།།།

    Reply
  4. ལུང་རྟོགས། says:
    ལོ་ 16 སྔོན།

    སྐུ་ཞབས་ཅོ་རི་ལགས། ཉིད་ཀྱི་གཞིས་ལུས་བོད་མིའི་ཚེ་སྲོག་ལ་སེམས་ཁུར་བྱས་པ་ཡག་པོ་རེད། འོན་ཀྱང་གཞིས་ལུས་བོད་མིའི་རང་དབང་དང་། བོད་ཀྱི་ཆོས་དང་རིགས་བཞུང་མི་རིག་དང་བཅས་པའི་མཆི་གསོན་ལ་སེམས་ཁུར་བྱེད་ཨེ་མྱོང་། བོད་མིའི་ཆོས་དང་རིག་གཞུང་རང་དབང་དང་བཅས་པ་བརླགས་ན་ཚེ་སྲོག་གཅིག་པུས་མདོད་པ་ཁེང་ནས་བསྡོད་དགོས་སམ། ལར་ནས་བོད་ནང་གི་བོད་མི་དམར་གསོད་དང་། བཙོན་འཇུག། རྡུང་བརྡེགས་སོགས་མནར་གཅོད་སྣ་དགུ་གཏོང་མཁན་ནི་རྒྱ་ནག་གཞུང་ཡིན་པ་ལས་བོད་གཞུང་མ་རེད། དེས་ན་དགྲ་བོ་རྒྱ་དམར་ལ་སྐྱོན་བརྗོད་ཚིག་གཅིག་མེད་པར་རྟག་ཏུ་མདུང་རྩེ་ནང་ལ་བསྐོར་བ་ནི་ཇི་འདྲའི་ཡི་མུག་པ་ཞིག་རེད། མ་བཞི་ངས་བོད་མིའི་མཐབ་རྩོད་ནི་བོད་མིའི་རང་དབང་དང་བོད་ཀྱི་ཆོས་དང་རིག་གཞུང་གི་ཆེད་དུ་ཡིན་པར་བཤད་པ་ལས། བོད་ནང་གི་བོད་མི་ཚོས་སྲོག་གཏོང་དགོས་ལ། དྷ་སའི་སྐུ་ངོ་ཚོ་སྐྱིད་པོ་གཏོང་ན་འགྲིག་ཞེས་ལབ་མེད་པས། རྟ་གླེང་སར་བོང་བུ་མ་གླེང་ན་མི་ལེགས་སམ།

    Reply
  5. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    དངོས་ཉིད་
    བྱེད་རྒྱུ་མེད་ན་མ་གཏོགས་
    བཅས་ནོར་བཅོས་གནང་རོགས་

    Reply
  6. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    དྲྭ་གྲོགས་ཅོ་ཉིའི་སྐད་ཆ་ལ་རྒྱབ་སྐྱོ་ཡོད། གང་ཡིན་ཟེར་ན་བོད་བསྟན་སྲིད་དང་མི་རིགས་ལ་དམིགས་ནས་རང་གི་རྒྱུ་ནོར་གཟའ་ཟླ་དང་བཅས་པ་བློས་གཏོང་བྱས་ཏེ་མཐར་རང་གི་གཅེས་པའི་སྲོག་ཀྱང་གཏོང་རྒྱུ་བྱས་ཏེ་བཀའ་ངལ་བསྐྱོན་མཁན་རྣམས་ལ་མཐའ་བོད་གཞུང་གི་རྒྱ་མིའི་རྒྱུག་ཁྱི་དང་ཐེ་ཝན་ཕོག་བཟའ་སོགས་གཞི་མེད་སྐྱོན་འཛུགས་དང་མི་མང་ནང་ཁུལ་དུ་བཀྲོག་གཏམ་སྤེལ་བ་སོགས་འདས་པའི་ལོ་རྒྱུས་ལ་ལྟོས་དང་དངོས་ཉི་བློ་ཕམ་པོ་བཟོ་སོང་དཔེར་ན་སྤང་མདའ་སྟོབས་རྒྱས་དང་ལི་ཐང་ཨ་ཐར་གྲའུ་དཔོན་རིན་ཆེན་ཚེ་རིང་བཅས་མི་དེ་ཚོར་བོད་གཞུང་གི་མིང་ཁུར་མཁན་ཁག་ཅིག་གིས་བྱེད་རྒྱུ་མེད་ན་མཏོགས་བྱེད་སོང་།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    སྐུ་ངོ་རིག་འཛིན་ལགས། ང་ཅོ་རིའི་མིག་རྒྱང་ཐུང་དྲགས་ནས་རྡ་ས་སྐུ་ངོ་ཚོའི་སྲོག་དང་གཞི་ལུས་སྤུན་ཟླ་ཚོའི་སྲོག་གཉིས་ལ་ཁྱད་ཕྱེ་ཐུབ་ལེ་མ་རེད།

    གཞི་ལུས་སྤུན་ཟླ་ཚོ་བཙན་བྱོལ་ལ་སླེབས་ན་དོན་གྲུབ་དབང་ཆེན་ནང་མི་ལྟར་པག་ལེ་ཙོང་ནས་འཚོ་བ་སྐྱལ་དུས་སྐྱིད་སྡུག་འདྲ་མིན་ཧ་གོ་ཡོང་།
    སྐུ་ངོ་ལུང་རྟོགས་ལགས་་་་་་་གཞི་ལུས་སྤུན་ཟླ་ཚོའི་ཚེ་སྲོག་ལ་སེམས་འཁྲུལ་མི་འདུག་གམ།
    2008ལོར་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ་གཉིས་བཤད་ནས་རྡ་སའི་སྐུ་ངོ་རྣམ་པ་ཚོ་ངོ་རྒོལ་སྐད་འབོད་བྱས་མཁན་ཕྱིན་ཡོད་མེད་ང་ཚོ་མི་སེར་ཉམ་ཐག་ཚོའི་སེམས་ལ་གསལ་ལེ་ཡོད།
    ཉམ་ཆུང་ཚེ་སྲོག་གི་བོད་དོན་སྒྲུབ་སྟངས་འདི་ནི་ཅི་ནས་ཀྱང་དོན་དང་ལྡན་པ་ཞིག་མ་རེད།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    རིག་འཛིན་ཞེས་པ་འདི་སུ་ཡིན་ནམ། དངོས་གནས་སྐད་ཆ་གསུངས་སྟངས་ལ་ལྟས་ན་མི་སྙིང་རྗེ་ཅན་ཞིག་ཡིན་ས་རེད།
    སོ་སོར་རང་དབང་ལུང་པའི་ནང་དུ་སྡོད་ནས་གཞི་ལུས་སྤུན་གྲོགས་ཚོའི་ཚེ་སྲོག་ལ་བསམ་བློ་གཏོང་མི་དགོས་པ་གང་བྱུང་བཤད་ནས་གཞི་ལུས་བོད་མི་ཚོའི་སྲོག་ཡང་བཙན་བྱོལ་གཞུང་གི་སྐུ་ངོ་ཚོ་སྲོག་དང་གཅིག་ཡིན་ས་རེད་ད།
    ཤི་ཐུབ་མཁན་ཡིན་ན་སོ་སོར་བརྒྱུགས་

    Reply
  9. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    བུ་རྒད་པོ་གཉིས་དགྲ་ལག་ཏུ་མི་ལྷུང་བའི་རེ་བ་ཆེ།

    Reply
  10. རིག་འཛིན། says:
    ལོ་ 16 སྔོན།

    སྙིང་རྗེ་་་་་ཅོ་རི་ཉི་མ་ཟེར་བ་འདི་སུ་ཡིན་ན་་་་་ང་ཚོའི་འཐབ་རྩོད་འདིའི་ངོ་བོ་དང་སུའི་ཆེད་དུ་ཡིན་མིན་ད་དུང་ཤེས་རྟོགས་བྱུང་མི་འདུག་བ་་་་་འདི་བཙན་འབྱོལ་གཞུང་གི་འགོ་ཁྲིད་འགའ་ཞིག་གི་ཆེད་དུ་མ་རེད་ད་་་་མིག་གིས་རྒྱང་རིང་ཙམ་བལྟོས་དང་མཐོང་སྲིད་ཀྱིན་རེད་མ་གཏོགས་་་་བཤད་ན་གོ་ཤེས་མཁན་ཞིག་མ་རེད་

    Reply
  11. རིག་འཛིན། says:
    ལོ་ 16 སྔོན།

    ཕོ་རྒོད་གཉིས་ཀྱི་མཛད་རྗེས་འདིར་གཞིས་བྱས་བོད་མི་ཡོངས་ཀྱིས་ཡིད་རང་བསྔགས་བརྗོད་ཞུ་འོས་པ་ཞིག་རེད་ད་་་་་་་

    Reply
  12. ལུང་རྟོགས། says:
    ལོ་ 16 སྔོན།

    དྲ་གྲོག་ཅོ་རི་ལགས། ཧ་ཤར་རྒྱབ་པས་ཕན་ཐོག་གང་ཡང་མེད། ཁྱེད་རང་དགོང་པ་ཡག་པོ་བཞེས་རོག། ཁྱེད་ཀྱི་སྐད་ཆ་དེ་བོད་ནང་གི་བོད་མི་སྙིང་སྟོབས་ཅན་དེ་ཚོས་ཐོས་ན་ཅི་ཞིག་བསམ་གི་རེད།

    Reply
  13. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    རིན་ཆེན་རྡོ་རྗེ་དང་འབྲུག་ལོ་གཉིས་ནི་ལོ་གསར་བའི་ནང་གི་བོད་གངས་ཅན་གྱི་དཔའ་བོ་རེད། ཁོང་རྣམ་པ་གཉིས་རྒྱའི་ལག་ཏུ་མ་ཚུད་པར་གང་མགྱོགས་རང་དབང་ལུང་པར་འབྱོར་ཐུབ་པར་སྨོན།

    Reply
  14. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཧཧཧཧཧཧཧཧཧཧཧཧལུང་རྟོགས་ལགས་ཁྱེད་ཀྱི་ཁ་ནས་བྱུང་བའི་གསེར་གྱི་སྐད་ཆ་དེའི་ཕ་ཡུལ་ག་ནས་ཡིན་ནམ།

    Reply
  15. karma dorje says:
    ལོ་ 16 སྔོན།

    བུ་རྒོད་པོ་རིན་ཆེན་རྡོ་རྗེ་ལགས་དང་། འབྲུག་ལོ་ལགས་གཉིས་ཀྱིས་རྒྱ་མིའི་ཚེ་སྲོག་ལ་མ་གནོད་ཅིང་། སོ་སོའང་དུག་རྩུབ་གཡོ་འཇུས་ཁྲིམས་ཆད་ལས་ཡོལ་ཐུབ་པ་ནི། འཚེ་མེད་ཞི་བའི་ལམ་ལ་གནས་ནས་ལས་འགུལ་སྤེལ་བ་ནི་ཐུགས་རྗེ་བཀའ་དྲིན་ཤིན་ཏུ་ཆེ། དཀོན་མཆོག་གསུམ་གྱིས་བྱིན་བརླབས་དང་། ལས་འབྲས་བདེན་པས་སྟོབས་ཀྱིས་དང་། ལྷ་ཆོས་སྐྱོང་སྲུང་མས་ཁོང་གཉིས་ལ་ལམ་སྟོན་ཅིག སྐྱོབས་ཅིག སྲུངས་བར་འགྱུར་ཅིག །

    Reply
  16. ལུང་རྟོགས། says:
    ལོ་ 16 སྔོན།

    བོད་མིའི་འཐབ་རྩོད་ནི་བོད་མིའི་རང་དབང་དང་། བོད་ཀྱི་ཆོས་དང་རིག་གཞུང་གི་ཆེད་དུ་ཡིན་པ་ལས། བོད་གཞུང་གི་ཆེད་དུ་མ་རེད། དེས་ན་བོད་གཞུང་གི་ལྟ་སྟངས་ག་རེ་ཡོད་མིན་ལ་མ་གཏོས་པར། བོད་ལ་དངོས་གནས་ལྷག་བསམ་ཡོད་པའི་མི་ཞིག་ཡིན་ན་སོ་སོའི་རང་དོན་ལྟར་དུ་བརྩི་དགོས་པར་སེམས།

    Reply
  17. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ད་དེ་ལས་རང་སྲོག་མ་བསྐྱལ་ན་དགའ་ས་རེད། སྔ་ནས་ད་ལྟ་བར་རུ་མདོ་ཁམས་སྒང་དྲུག་ཡུལ་གྱི་མི་ཡིས་རང་སྲོག་བློས་གཏོང་ནས་བོད་མི་རིགས་ཀྱི་ཆེད་དུ་ལས་དོན་སྒྲུབ་པར་རྣམས་ལ་བཙན་བྱོལ་གཞུང་གི་ལྟ་སྟངས་ག་འདྲ་ཡོད་མེད་ཀློ་ཆུ་བཞི་སྒང་དྲུག་གི་རྒ་པོ་རྣམས་ཀྱི་མི་ཚེ་ལ་གཟིགས་ན་རྟོགས་ཐུབ།

    སྤུན་གྲོགས་ཚོ་གཟབ

    Reply
  18. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    གནས་ཚུལ་འདི་་དངོས་ཡོདཀྱི་བྱུང་བ་ཞིགན་ཡིན་གདུང་སེམས་མཉམ་སྐྱེད་ཀྱིས་ཁོང་གཉིས་ལ་ལེགས་སྐྱེས་ཡོད། གཞན་མི་མགོ་བདེ་རེ་གཟུང་གི་རང་ཉིད་ཀྱི་ཆེད་འདྲ་མིན་འཁྲབ་གྱིན་པའི་སྒང་ཡིན་ཙམ་ཡིད་ཆས་བརྟན་པོ་ཞིག་རྙེད་ཐུབ་ཀྱི་མི་འདུག

    Reply
  19. ཁ་བ་སྐམ་པོ། says:
    ལོ་ 16 སྔོན།

    ངོ་མ་སྐྱིད་ལ་བོད་པའི་དཔའ་རྒོད་ཁོ་གཉིས་ལ་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་བྱེད་
    ཡ་་་་་་་

    Reply
  20. གྲྭ་རྒོད says:
    ལོ་ 16 སྔོན།

    བོད་པ་ཚང་གི་དཔའ་རྒོད་ཚོ་རྒྱ་ལག་ཏུ་མ་ཤོར་བ་བྱེད་རྒྱུ་དེ་གལ་ཆེན་པོ་རེད།ལ་རྒྱ་སེམས་ལ་འཛིན་དགོས་རིག་གནས་སྦྱངས་རྒྱུ་དེ་དེ་ལས་གལ་ཆེན་པོ་རེད་བསམ།རྒྱ་ལག་ནས་སེམས་ཤུག་ཅན་དག་ཚར་བཅད་ན་ལྷག་མ་རྣམས་ཀྱི་རང་དབང་འཐབ་རྩོད་ཆེད་རྒྱུན་སྐྱོང་ཡོངས་ཐུབ་དམ།

    Reply
  21. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    མཆོག་སུམ་བདེན་པའི་མཐུ་ལ་བརྟན་ནས་གཞོན་ནུ་དེ་གཉིས་འདྲེ་ལག་དུ་མ་ཤོར་བ་ཤོག་་་་་་་་་གངས་རིའི་དཔའ་རྒོད་ཚོའི་ཕྱོགས་མཚམས་གང་སར་ནས་དཔའ་རྟགས་བལྟོན་ཀུན་འདུག་་་་་་་་་་་་ཕྱི་བཞུགས་པ་ཚོ་མི་རེ་ངོ་རེ་འགན་ཡོད་པ་མ་ཟད་འཚོགས་པ་ཁག་ད་དུང་འཇམ་ཐང་ངེར་འདུག་་་་་་་་་་་་་ད་མི་ལོ་ལྔ་བཅུ་དུས་ཡིན་རང་སོང་བའི་ཐང་ཆད་སོང་བ་རེད་དམ་་་་མིའི་ལུང་བ་སྐྱིད་རྒྱུ་མང་སོང་བ་རེད་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese