མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} བདུན་བཅུ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


ཉིན་གསུམ་ལ་རི་མགོ་ཞིག་ནས་མགོ་འཁོར་ནས་ཡར་འགྲོ་མར་འགྲོ་བྱས་པ་དང་། ཅུང་ཙམ་མིན་ན་ཆུ་བོ་ཆེན་པོ་ཞིག་གི་ནང་དུ་ཚང་མ་བརྒལ་གྲབས་བྱས་པ་དང་། གློག་བརྙན་ག་གེ་མོ་ནང་གི་ཆུ་བོ་ལ་བགྲོད་པའི་ངང་ཚུལ་དེ་དག་ལད་མོ་བྱས་དེ་ཆུ་བོ་ཆེན་པོ་དེ་ཡི་འགྲམ་ནས་ཤིང་སྡོང་ཆུང་ཆུང་འགའ་བཅད་དེ་མཉམ་དུ་བསྡམས་དེ་ཆུ་བོ་བརྒལ་གྲབས་བྱས་པ་དེ་དག་ལ་ཕྱིར་དྲན་བྱེད་ཞོར་དུ་ཁོང་ཚོ་སྟབས་ལེགས་ནས་འབྲོག་སྡེ་ཆུང་ཆུང་ཞིག་གི་འདབས་སུ་འབྱོར་དུས་སུ། རི་སྡེ་དེ་རུ་མི་གཅིག་ཀྱང་མཐོང་རྒྱུ་མེད་པར་རི་ཤུལ་ན་ལྕི་བ་ག་ཚོད་དགོས་དགོས་སྤུངས་དེ་ཡོད་པ་དེ་དག་ནི་དངོས་ནས་ཁོང་ཚོ་ལ་གྲ་སྒྲིག་བྱས་པ་ལྟར། ཁོང་ཚོ་སེམས་གཏིང་ནས་དགའ་བཞིན། ལུག་རྭ་སྟོང་བ་ཞིག་གི་ནང་དུ་འཛུལ་ནས་མེ་བཏང་ནས་དགོང་མོ་དེར་ཁོང་ཚོ་ལྷོད་ལྷོད་ཅིག་བསྡོད་རྒྱུ་བྱུང་བ་རེད།

ཕྱིར་ཉིན་ཞོགས་པ་དེར། བློ་བཟང་གིས་རང་གི་འགྲོ་རོགས་ཚོ་ལ། ད་ནི་ང་ཚོ་ལ་ལམ་ཁ་རྙེད་པའི་ཐབས་ཤེས་གཅིག་ལས་མི་འདུག དེ་ནི་དེ་རིང་འདི་ནས་འགྲམ་ཕྱོགས་སུ་འགྲོ་བའི་གཞུང་ལམ་ནང་དུ་འབུད་དེ་འགྲམ་ཕྱོགས་སུ་འགྲོ་བའི་རླངས་འཁོར་བཀག་ནས་དུང་རི་{ཏེན་རི་ཟེར་མཁན་ཡང་ཡོད། ངས་འདི་ནས་བོད་མིང་ལ་འདི་ལྟར་བཏགས་པ་ཡིན་ན་སྟབས་བདེ་བར་མཐོང་ནས་བཏགས་པ་ཡིན།}བཀག་སྒོ་ལ་མ་སླེབས་པའི་སྔོན་དེར་གྲོང་སྡེ་མང་བོ་ཞིག་ཡོད་པ་ང་རང་ཚུར་ཡོང་དུས་གསལ་བོ་ཤེས་སོང་། དེ་ནས་ང་ཚོ་འབབ་ནས་ས་རུབ་རེག་བར་དུ་བསྡད་དེ། སུ་རུབ་ཁར་ག་ལེར་དུང་རིའི་བཀག་སྒོ་ཡོད་ས་དེ་ཡི་ཕྱོགས་སུ་འགྲོ་ཞེས་བཤད་དུས། ཁོང་ཚོས་ཀྱང་བློ་བཟང་གིས་གང་བཤད་པ་དེར་མོས་མཐུན་བྱེད་རྒྱུ་ལས་ཐབས་གཞན་མེད་སྟབས། ག་ལེར་གཞུང་ལམ་ཕྱོགས་སུ་ཆས།

གཞུང་ལམ་དུ་འབྱོར་ནས་ཟམ་ཆུང་ཆུང་ཞིག་ཡོད་ས་དེ་ཡི་འོག་ནས་ཅ་ལག་བཞག་ནས་བློ་བཟང་གིས་མི་གཉིས་སོང་ནས་རླངས་འཁོར་ཡོང་མཁན་དག་ལ་ལག་གཡུགས་བྱོས། དེ་ནས་རླངས་འཁོར་འདྲ་བསྡད་པ་ཡིན་ན། ང་ཚོ་བརྡ་རྒྱོབས་དང་ང་ཚོས་ཅ་ལག་འཁུར་ནས་ཡོང་ཞེས་བཤད་པ་ལྟར། སྤུན་མཆེན་བཀྲ་ཤིས་དོན་འགྲུབ་དང་རྡོར་སྐྱབས་གཉིས་གཞུང་ལམ་གྱི་ཟུར་ནས་རླངས་འཁོར་ཡོང་མཁན་ཚང་མ་ལ་ལག་གཡུགས་བྱས་ཀྱང་བསྡོད་མཁན་ཞིག་མ་བྱུང་བར་ཡུན་རིང་ལུས་པ་རེད།

ཆུ་ཚོད་གཅིག་གཉིས་ཤིག་གི་རྗེས་སུ་འགྲམ་དུ་འགྲོ་བའི་གླ་བྱེད་རླངས་འཁོར་ནང་དུ་མི་ཉི་ཤུ་ཙམ་གཤོང་བ་ཅན་གྱི་རླངས་འཁོར་ཞིག་བསྡད་པ་དེ་ཡི་ཁ་ལོ་བ་ནི་རྒྱ་མི་ཞིག་ཡིན་པ་དང་ནང་དུ་བསྡོད་མཁན་མང་ཤོས་ཀྱང་རྒྱ་བོད་འདྲེས་མ་ཡིན་ན་ཡང་། རླངས་འཁོར་ནང་གི་མགྲོན་པོ་ཚང་མས་ཁོང་ཚོས་ཕྱོགས་སུ་མིག་ཅེར་ནས་བལྟས་ཀྱང་། བློ་བཟང་གིས་སྣང་བ་རྣམ་དོག་གང་ཡང་མེད་པ་དང་བཅས་དེ་ཁ་ལོ་བ་དེར་ང་ཚོ་དུང་རི་ལ་འགྲོ་མཁན་ཡིན། སྒོར་ག་ཚོད་ཡིན་ཞེས་བཤད་དུས། ཚང་མ་ལ་རྒྱ་སྒོར་ཉི་ཤུ་ཡིན་ཞེས་བཤད་དུས། བློ་བཟང་གིས་ཅུང་དམའ་རུ་གཏོང་རོགས་ཟེར་ནས་བཤད་དུས་སུ། དེ་ཁྱེད་ཚོ་ལ་ཏག་ཏག་བཤད་པ་ཡིན། དེ་མིན་ན་ང་འགྲོ་ཡི་ཡིན་ཟེར་ནས་འགྲོ་གྲབས་བྱས་དུས། བློ་བཟང་གིས་ཚང་མ་ནང་དུ་བུད་ཅེས་བཤད་དེ་རང་གི་ནུ་མོ་བང་ཁར་བླངས་དེ་རྐུབ་སྟེགས་ཤིག་གི་སྟེང་དུ་བསྡད།

དོན་དངོས་ཐོག་དེ་ནས་བཟུང་སྐར་མ་བཅོ་ལྔ་ཉི་ཤུ་ཞིག་གི་ལམ་ཐག་ལས་མེད་པ་ཁོང་ཚོས་གཏན་ནས་ཤེས་ཀྱི་མེད་ཀྱང་། ཁ་ལོ་བའི་ཤེས་ཡོད་ངེས་རེད། གང་ལྟར། ཁ་ལོ་བ་གཞན་དག་གིས་ཁོང་ཚོར་གཏན་ནས་ཡ་མ་བྱས་པ་དེ་ལས་རྒྱ་ཁ་ལོ་བ་དེས་སྒོར་ཉི་ཤུ་བླངས་ཀྱང་མི་སྐྱོན་བསམ་ཞོར་དུ། ཁོང་ཚོ་དུང་རི་ལ་མ་སླེབས་པའི་སྤྱི་ལེ་གཅིག་གཉིས་ཤིག་གི་ས་དེ་ནས་གྲོང་སྡེ་ཞིག་གི་འགྲམ་ནས་འབབ་པ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 6

  1. sha tak ri sim says:
    ལོ་ 17 སྔོན།

    སྤུན་ཟླ་ཚོ་ཕེབས་ནས་རང་རང་གི་བསམ་ཚུལ་དང་འཚམ་འདྲི་སོགས་གནང་བ་དེར་དགའ་ཡོད། གང་ཁོམ་ལ་ཕེབས་ནས་བསམ་འཆར་ལྷུག་པོར་གསུང་རོགས་ཞུ།

    Reply
  2. chentsasopa says:
    ལོ་ 17 སྔོན།

    དུས་བབ་ནང་གི་དྲ་གྲོགས་ཚང་མ་ཁ་བརྡའི་ནང་དུ་བོད་རང་བཙན་གྱི་ཆེན་དུ་འོས་ཤོག་བླུགས་པར་ཕེབས་རོགས། དྲ་ཐག་འདི་ཡིན།
    http://www.khabdha.org/?p=6688&cpage=1#comment-23383

    དྲ་གྲོགས་ཚོ། མགྱོགས་པོར་འོས་བླུགས་པར་ཕེབས་རོགས། གོང་གི་དྲ་ཐག་ནང་དུ་དྲ་ཤར་གསུམ་ཡོད་པའི་དཀྱིལ་མ་དེ་ལས་དབྱིན་ཡིག་གི་Quick Vote ཞེས་པ་ལས་yes སྟེང་གནོན་དགོས་པ་ཡིན།
    རྒྱ་གར་གྱི་ཉིན་གུང་དུས་ཚོད་༡།༤༥་ཐོག་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆའི་༩་དང་། ཁ་གཏད་བརྒྱ་ཆའི་༩༡་རེད་འདུག འགྱོགས་པོར་འོས་བླུགས་པར་ཕེབས་རོགས། ཕན་ཚུན་ལ་བརྡ་ལན་སྤྲོད་རོགས།

    Reply
  3. mheru says:
    ལོ་ 17 སྔོན།

    ཤ་ཁྲག་ལགས་བཀླགས་ཟིན་པ་ཡིན།

    Reply
  4. lhachapjinpa says:
    ལོ་ 17 སྔོན།

    གྲོགས་པོ། ལོ་སར་ལ་སྐྱིད་པོ་བྱུང་སོང་ངམ།

    Reply
  5. chentsasopa says:
    ལོ་ 17 སྔོན།

    ཏེན་རི་དུང་རི་གང་ཡང་མ་རེད། ཏིང་རི་ཟེར་བ་རེད། ཏིང་རི་གཉིས་ཡོད་པ་རེད། རྒྱ་སྐད་ཀྱིས་ལོད་ཏིན་རི་དང་ཞིན་ཏིན་རི་ཟེར་བ་རེད། འགྲམ་ནས་ཕར་སོང་ན་དེར་ཐུག་གི་རེད། ཏིང་རི་ནི་རྫོང་ཞིག་རེད། ངའི་གྲོགས་པོ་རྡོ་རྗེ་ཁོང་ཡང་ཏིང་རི་ནས་རེད།
    སྤོབས་པས་སུ་ལ་སྡིགས་ཀི་ཡོད།

    Reply
  6. Pobpathaye says:
    ལོ་ 17 སྔོན།

    སྐྱག་རྫུན་བཤད་མཁན་འདི་ཚོས་ཅིག་བཤད་པར་ཡིད་ཆེས་རྒྱུ་གང་ཡོད། རྒྱལ་བ་རིན་པོ་ཆེའི་ངོ་མི་མཁྱེན་གསུངས་པ་དེ་ཡག་པོ་བྱུང་འདུག ལྟས་ངན་འདི་ཚོས་གོ་སྐབས་ཅིག་འཚོལ་གྱིན་ཡོད་པ་ཡིན་སྲིད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese