མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཐབ་ཕྱོཌ་གཅིག་གྱུར་ལ་བོད་དོན་འགྲིག་འཇཊ་ཀྱི་ཀུན་སློང་མེད།

བོད་ཀྱི་དུས་བབ།
༢༠༡༠/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་པེ་ཅིན་དུ་ཚོགས་པའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་དང་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བའི་ཐོག་གི་གནད་དོན་ཁག་ཅིག་གི་ཐད། བོད་ཀྱི་ཡིག་སྒྱུར་ཁང་གི་འགན་འཛིན་དང་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཀུན་ཐར་དོན་འགྲུབ་ལགས་སུ་བཅར་འདྲི་ཞུས་ཡོད།

 

དྲི་བ། ཉེ་ཆར་རྒྱ་ནག་དབུས་གཞུང་གིས་བསྡུ་སྐོང་བྱས་པའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བའི་སྐོར་ལ་གཟིགས་ཚུལ་གང་འདྲ་བྱུང་ཡོད་དམ།

ལན། རྒྱ་གཞུང་གིས་ད་ལོ་བོད་རང་སྐྱོང་ལྗོངས་ཀྱི་བཞུགས་མོལ་ཚོགས་འདུར་དོ་སྣང་བྱེད་སྟངས་དང་ཚོགས་འདུའི་གྲུབ་ཆའི་ཁྱབ་ཚད་སོགས་སྔར་དང་མ་འདྲ་བ་ཞིག་རེད། ཚོགས་ཆེན་སྟེང་རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ཚང་མ་དང་ཚོགས་མི་ཡོངས་རྫོགས་ཞུགས་འདུག དེ་ནི་བོད་དོན་དེ་ཉིན་རེ་ལས་ཉིན་རེར་རྒྱལ་སྤྱིའི་སྟེང་ཁྱབ་རྒྱ་དང་ངོ་བོ་ཇེ་གསལ་དུ་འགྲོ་བཞིན་ཡོད་པ་དང་། གཉིས་པ། ༢༠༠༨ ལོའི་ཞི་རྒོལ་དེ་ལྷ་ས་ནས་བརྒལ་ཏེ་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་ཁྱབ་སྟེ། བོད་དོན་ཟེར་ན་བོད་རང་སྐྱོང་ལྗོངས་གཅིག་པུས་འགྲིག་གིན་མེད་པར་ངེས་ཟིན་བྱུང་བས་རེད། ངས་གོ་ཚོད་ལྟར་ན། ཚོགས་ཆེན་དེ་མ་ཚོགས་གོང་དུ་རྒྱ་ནག་དབུས་གཞུང་གིས་ཞིབ་འཇུག་ཚོགས་ཆུང་ཞིག་བོད་ཁུལ་ཡོངས་སུ་ཆེད་གཏོང་བྱས་ཡོད་པ་དང་། ཚོགས་ཆུང་དེའི་ནང་དབུས་ཆབ་སྲིད་སྡེ་ཚན་གྱི་མི་སྣ་ཡང་ཡོད་རབས་བཤད་སོང་། བོད་ཡུལ་ཞིབ་འཇུག་གི་ཚོགས་ཆུང་དེའི་ཞིབ་འཇུག་གི་གོ་རིམ་ཁྲོད་ནས་བོད་ཁུལ་གྱི་དཀའ་ངལ་ཁག་ཅིག་ངོས་ཟིན་བྱུང་ཡོད། དང་པོ། བོད་ཁུལ་གྱི་དཔལ་འབྱོར་ལ་དཀའ་ངལ་ཡོད་པ། གཉིས་པ། བོད་མི་རིགས་ཀྱི་འདུ་ཤེས་འཛིན་སྟངས་ལ་གནད་དོན་ཡོད་པ། གསུམ་པ། འབྱུང་འགྱུར་བོད་ཀྱི་ལས་དོན་སྒྲུབ་སྐབས་བོད་རང་སྐྱོང་ལྗོངས་གཅིག་པུས་འགྲིག་གིན་མེད་པར་བོད་རིགས་ཡོངས་ཚུད་དགོས་པ་བཅས་རེད། རྒྱ་ནག་གིས་ཁས་བླངས་རུང་མ་བླངས་རུང་། ༧གོང་ས་མཆོག་གིས་གསུང་བཞིན་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཟེར་བ་དེ་ངོས་ལེན་མི་བྱ་ཐབས་མེད་ཆགས་ཡོད།

 

དྲི་བ། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་སྟེང་བོད་མི་རིགས་ལ་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་བསྐྲུན་དགོས་ཟེར་བ་དེར་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། རྒྱ་གཞུང་གིས་ད་ལྟའི་དབང་བསྒྱུར་འོག་གི་མི་རིགས་ཡོངས་རྫོགས་ཀྲུང་ཧྭ་མི་རིགས་ཀྱི་ནང་དུ་བསྡུས་ཏེ། མི་རིགས་ཆེ་ཆུང་དང་མི་རིགས་དབྱེ་འབྱེད་མེད་པའི་སྲིད་བྱུས་བཏིང་བ་ཡིན་ན། མི་རིགས་བྱེ་བྲག་པའི་ཕྱོགས་ཞེན་དོར་ཏེ་རྒྱལ་ཁབ་ཀྱི་ལ་རྒྱ་དང་ཀྲུང་གོ་གཅིག་གྱུར་གྱི་འདུ་ཤེས་སླེབས་ཐུབ་པའི་ཡིད་ཆེས་བྱེད་ཀྱིན་ཡོད། འོན་ཀྱང་། ཀྲུང་ཧྭ་མི་རིགས་ཟེར་དུས་གྲངས་ཉུང་མི་རིགས་ཁག་ལ་རང་བཞིན་གྱིས་དོ་ཕོག་འགྲོ་བཞིན་ཡོད། རྒྱ་མི་རིགས་ཀྱི་བསམ་བློའི་ནང་ཀྲུང་ཧྭ་མི་རིགས་ཟེར་དུས་རྒྱ་མི་རིགས་ཡིན་པ་དང་། ཀྲུང་གོ་ཟེར་ན་རྒྱ་མི་རིགས་ཀྱི་རྒྱལ་ཁབ་ཡིན་པའི་འདི་ཤེས་བརྟན་པོ་ཡོད། སྔ་མོའི་རྒྱ་མི་རིགས་ཀྱི་དུས་ཆེན་མང་པོ་ཞིག་དེང་སྐབས་རྒྱལ་ཁབ་རང་བཞིན་གྱི་དུས་ཆེན་ལ་གཏན་འཁེལ་བྱས་ཡོད་ཅིང་། ཀྲུང་གོའི་རིག་གནས་ཟེར་ན་ཡང་རྒྱ་མི་རིགས་ཁོ་ནའི་རིག་གནས་ལ་གོ་བཞིན་ཡོད་སྟབས། གྲངས་ཉུང་མི་རིགས་གཞན་དག་གི་རིག་གནས་ལ་རྡོག་རོལ་གཏོང་གིན་ཡོད། ཀྲུང་གོའི་ལོ་རྒྱུས་ལ་འགྲེལ་བཤད་རྒྱག་སྐབས། ཡན་ཏུའུ་དང་ཧྭོང་ཏུའུ་ཟེར་བ་དེ་རྒྱ་མི་རིགས་ཀྱི་གདོད་མའི་མེས་པོ་རུ་ངོས་འཛིན་དང་། རྨ་ཆུའི་བཞུར་རྒྱུན་དེ་རྒྱ་མི་རིགས་ཀྱི་ཐོག་མའི་འབྱུང་ཁུངས་སུ་རྩི་བཞིན་ཡོད། གལ་སྲིད་གྲངས་ཉུང་མི་རིགས་ཁག་ལ་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་བསྐྲུན་དགོས་ན། ཐོག་མར་ཀྲུང་གོའི་ལོ་རྒྱུས་ལ་ཡོ་བསྲང་བྱ་དགོས་པ་རེད། ཀྲུང་གོའི་ལོ་རྒྱུས་ནང་བོད་པའི་བཤད་ཚུལ་ལྟར། སྤྲེའུ་དང་བྲག་སྲིན་ལས་མཆེད་པའི་བོད་མི་རིགས་ཀྱི་བྱུང་སྟངས་དང་། ཡུལ་ཡར་ལུང་དེ་བོད་མི་རིགས་ཀྱི་འབྱུང་ཁུངས་ཡིན་པའི་བཤད་ཚུལ་དང་། སྔོན་མའི་བོད་བཙན་པོའི་སྐབས་ནས་ད་ལྟའི་བར་གྱི་བོད་རྒྱལ་ཁབ་ཆེན་པོའི་བྱུང་རབས། དེ་བཞིན། གྲངས་ཉུང་མི་རིགས་གཞན་དག་གི་ལོ་རྒྱུས་བཅས་ཚུད་དགོས། ཁ་ནས་མི་རིགས་འཆམ་མཐུན་དང་མེས་རྒྱལ་གོང་བུ་གཅིག་གྱུར་བཤད་ཅིང་། ལག་ལེན་ཐོག་ནས་མི་རིགས་དབྱེ་འབྱེད་ཀྱི་བྱ་སྤྱོད་སྤེལ་ཏེ། སྔོན་ཐོན་གྱི་མི་རིགས་དང་རྗེས་ལུས་ཀྱི་མི་རིགས། རླབས་ཆེ་བའི་མི་རིགས་དང་ཀླ་ཀློའི་མི་རིགས། ཞེས་བོད་མིའི་འགྲོ་འདུག་སྤྱོད་གསུམ་དང་། ཐ་ན་དད་པ་བྱེད་སྟངས་དང་ཟ་མ་ཟ་སྟངས་ཚུན་རྗེས་ལུས་སུ་བལྟས་ན། རྒྱ་གཞུང་གི་དམིགས་ཡུལ་དེ་ནམ་ཡང་འགྲུབ་མི་སྲིད་པ་ཞིག་རེད།  

 

དྲི་བ། བོད་རྒྱ་འབྲེལ་མོལ་ཐེངས་དགུ་བའི་སྟེང་ཕྱོགས་གཉིས་བར་གྱི་འགལ་བ་ཆེ་ཤོས་དེ་གང་ལ་ངོས་འཛིན་གནང་གིན་ཡོད་དམ།

ལན། སྔོན་མ་འབྲེལ་མོལ་ཐེངས་བརྒྱད་པའི་སྔ་ཕྱིར་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་ཀྲུའུ་ཝེ་ཆོན་གྱིས་གསར་འགོད་གསལ་བསྒྲགས་སྤེལ་སྐབས། ཏཱ་ལའི་ཕྱོགས་ནས་བཏོན་པའི་ “དྲན་ཐོ” དེ་ནི་མིང་དོན་མཚུངས་པའི་རང་སྐྱོང་དང་ས་ཁོངས་མི་རིགས་རང་སྐྱོང་བཅའ་ཁྲིམས་གཉིས་ཀྱིས་ཕྱི་འཐིམ་བརྒྱབས་པ་ཙམ་ལས་ནང་དོན་སྔར་བཞིན་བོད་རང་བཙན་རེད་ཅེས་བཤད་ཡོད་ལ། སྐབས་དེར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ཡིས་ཀྱང་གསར་འགོད་པའི་དྲི་བའི་ལན་དུ། ང་ཚོའི་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེའི་ནང་དོན་ལ་འགྱུར་བ་གཅིག་ཀྱང་མེད་ཅེས་གསུངས་ཡོད། འབྲེལ་མོལ་ཐེངས་དགུ་བའི་ཐོག་བསྐྱར་དུ་བོད་པའི་སྐུ་ཚབ་ཚོས་བསམ་འཆར་ཡིག་ཆ་དེ་ལ་འགྲེལ་བཤད་ལྟ་བུའི་ཚིག་ཐོ་དོན་ཚན་བདུན་ཅན་ཞིག་སྤྲད་ཡོད་ས་རེད། འབྲེལ་མོལ་གྱི་རྗེས་སུ་ཀྲུའུ་ཝེ་ཆོན་གྱིས་ཏཱ་ལའི་བླ་མ་དང་ཁ་ཐག་ཇེ་རིང་ནས་ཇེ་རིང་དུ་འགྲོ་བཞིན་འདུག་ཅེས་བཤད་འདུག དེ་དག་ལ་བལྟས་པ་ཡིན་ན། ཐེངས་འདིར་བོད་རྒྱ་གཉིས་ཀྱི་སྐུ་ཚབ་བར་གཅིག་མཐུན་གྱི་ལྟ་བ་ཞིག་རྩ་བ་ནས་ཡོང་མི་འདུག

 

དྲི་བ། འབྲེལ་མོལ་ཐེངས་དགུ་བའི་སྐབས་རྒྱ་ཕྱོགས་ནས་“བྱེད་མི་ཆོག་པ་བཞི” ཟེར་བ་ཞིག་བཤད་འདུག་པ་དེའི་ནང་། མི་དམངས་ཐུན་མོང་གི་བསམ་འདུན་ལ་རྒྱབ་འགལ་བྱས་མི་ཆོག་ཟེར་བ་དེ་གང་ལ་ངོས་འཛིན་བྱ་དགོས་སམ། 

ལན། དེང་སྐབས་རྒྱ་གཞུང་ལ་རྒྱབ་རྩ་ཡོད་ན་མེད་ན་དེ། རྒྱ་མི་རིགས་ཆེན་པོའི་རྒྱབ་དཔུང་དེ་ཆགས་ཡོད། བོད་པ་ཚོས་རྒྱལ་ཁབ་ཁ་བྲལ་བྱེད་ཀྱིན་འདུག་ཟེར་བའི་མིང་ཚིག་དེས་རྒྱ་རིགས་ཆིག་སྒྲིལ་དང་གཞུང་ལ་རྒྱབ་སྐྱོར་རག་གིན་ཡོད། རྒྱ་གཞུང་རྒྱལ་སྤྱིའི་གནོན་ཤུགས་ལ་སྐྲག་གི་མ་རེད་ལ། བོད་ཕྱོགས་ལའང་སྐྲག་གི་མ་རེད། ཁོང་ཚོ་ཆེས་སྐྲག་ས་དེ་ཁོང་ཚོའི་རྒྱ་མི་རིགས་ཡིན། དེའི་རྐྱེན་གྱིས་ནང་ཁུལ་ལ་བཤད་སྟངས་ཤིག་དགོས་སྟབས། འབྲེལ་མོལ་ཐེངས་དགུ་བ་གྲུབ་མ་ཐག “ཏཱ་ལའི་བླ་མས་ཡང་ཡང་རེ་སྐུལ་ཞུས་དོན་ལྟར་ང་ཚོས་ཁོང་ལ་གོ་སྐབས་སྤྲད་པ་ཡིན། གོ་སྐབས་དམ་འཛིན་བྱ་དགོས་པ་རེད” ཅེས་བཤད་ཡོད། དེ་རྒྱ་རིགས་མང་ཚོགས་ལ་བཤད་ཀྱིན་ཡོད། ༧གོང་ས་མཆོག་གི་ཕྱི་རྒྱལ་གྱི་མཛད་འཕྲིན་དང་རྒྱ་གར་ནང་གི་ཕེབས་སྐྱོད་སོགས་ལ་སྐྱོན་བརྗོད་དང་གནོན་ཤུགས་སྤྲོད་དོན་ཡང་རྒྱ་རིགས་མི་དམངས་ཀྱི་རྒྱབ་སྐྱོར་འཚོལ་ཆེད་རེད། ༧ཏཱ་ལའི་བླ་མས་ནུབ་ཕྱོགས་དགྲ་ཟླའི་རྒྱལ་ཁབ་ཁག་དང་ངན་འབྲེལ་བྱས་ཏེ། ཀྲུང་གོའི་རྒྱལ་ཁབ་གཏོར་ཐབས་བྱེད་ཀྱིན་ཡོད་ཚུལ་དང་། རྒྱ་གར་ནང་ལོགས་ནས་ཕེབས་སྐྱོད་བྱེད་སྐབས། ཀྲུང་གོའི་ས་ཁོངས་རྒྱ་གར་ལ་སྤྲད་དེ་རྒྱལ་བཙོང་གི་ལས་ཀ་བྱེད་ཀྱིན་ཡོད་སྐོར་རྗོད་ཀྱིན་ཡོད། རྒྱ་རིགས་མི་སེར་དཀྱུས་མ་དང་སློབ་གྲྭ་ཆེན་མོ་བ། ཤེས་ཡོན་པ་སོགས་ཀྱི་སེམས་གཏིང་ཏུ་རྒྱ་མི་རིགས་ཆེན་པོའི་ཞེན་ཁོག་དང་། རྒྱལ་ཁབ་གཅིག་གྱུར་གྱི་འདུ་ཤེས། ཀྲུང་གོ་རྒྱལ་ཁབ་སྟོབས་ཆེན་ཡིན་སྙམ་པའི་སྤོབས་པ་ཤུགས་ཆེན་པོ་ཡོད། རྒྱ་གཞུང་གིས་དེ་དག་ལག་ཆར་བེད་སྤྱོད་བྱེད་ཀྱིན་ཡོད། དེང་སྐབས་སྲིད་དོན་དབྱེ་ཞིབ་པ་ཚོས་ཀྱང་རྒྱ་ནག་ལ་ལག་ཆ་གཅིག་མ་གཏོགས་ལྷག་མེད། དེ་ནི་རྒྱ་རིགས་ཆེན་པོའི་རིང་ལུགས་ཀྱི་ཞེན་ཁོག་ཡིན།

 

དྲི་བ། སྐུ་ཉིད་ཀྱིས་བོད་རྒྱ་འབྲེལ་མོལ་ལ་གྲུབ་འབྲས་མི་འཐོན་པའི་རྒྱུ་རྐྱེན་གཙོ་བོ་གང་ལ་ངོས་འཛིན་གནང་གིན་ཡོད་དམ།

ལན། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་སྔོན་མ་ནས་བོད་ཀྱི་གནད་དོན་ལ་ཆིག་གཅོད་ཀྱི་སྡོམ་ཚིག་ཅིག་བརྒྱབས་ཡོད་པ་རེད། དེར་བོད་ཀྱི་གནད་དོན་དེ་མི་རིགས་དང་ཆོས་ལུགས་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་དང་འབྲེལ་བ་མེད། ཁ་བྲལ་དང་ཁ་བྲལ་མ་ཡིན་པའི་བར་གྱི་ཁྱོད་ཤི་ང་གསོན་གྱི་གྲལ་རིམ་འཐབ་རྩོད་ཅིག་ཡིན་ཞེས་བརྗོད་ཡོད། འཐབ་ཕྱོགས་གཅིག་གྱུར་ཁང་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་སོགས་གཏན་འབེབས་དེ་ལས་འདའ་ཐབས་ཡོད་པ་མ་རེད། དེར་བརྟེན། རྒྱ་ནག་གི་ཤེས་ཡོན་པ་དང་སློབ་གྲྭ་ཆེན་མོ་བའི་ནང་དུ་གནད་དོན་བྱེ་བྲག་པའི་སྟེང་ནས་དམངས་གཙོ་དང་། དྲང་བདེན། འགྲོ་བ་མིའི་ཐོབ་ཐང་སོགས་ལ་དོ་སྣང་ཡོང་གིན་ཡོད་ཀྱང་། རྒྱལ་ཁབ་ཀྱི་བརྟན་བརླིང་དང་ཆིག་སྒྲིལ་སོགས་ཆེ་ས་ལ་ཐུག་ཡོང་དུས་དབུས་གཞུང་གི་རྒྱབ་རྩར་ལངས་ཏེ་འཐབ་ཕྱོགས་གཅིག་གྱུར་བྱེད་ཀྱིན་ཡོད། དེར་བརྟེན། ང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་ཁ་བྲལ་བ་ཟེར་བའི་ཞྭ་མོ་དེ་ག་དུས་འཕུད་ཐུབ་པ་ཡིན་ན། དེ་དུས་རྒྱ་ནག་མི་དམངས་ཀྱིས་ང་ཚོར་རྒྱབ་སྐྱོར་ཡོང་གི་རེད། གལ་སྲིད་ང་ཚོས་རྒྱ་ནག་གི་ཆེས་མཐོའི་མགོ་ཁྲིད་རིམ་པའི་ཐག་གཅོད་དེར་འགྱུར་བ་གཏོང་མ་ཐུབ་པ་ཡིན་ན། འཐབ་ཕྱོགས་གཅིག་གྱུར་དང་མཉམ་དུ་སྐད་ཆ་ཅི་ཙམ་བཤད་ཀྱང་གྲུབ་འབྲས་ཡོད་པ་མ་རེད། དྲང་མོར་བཤད་ན། འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ལ་བོད་ཀྱི་གནད་དོན་ཐོག་ནས་ཁེ་བཟང་རག་བསྡད་ཡོད། ལས་ཁུངས་དེ་བརྒྱུད་ནས་དབུས་གཞུང་གི་མགོ་ཁྲིད་རིམ་པར་ཕེབས་རྒྱུའི་རེ་བ་ཡོད་སྟབས། གོ་སྐབས་དེ་ནམ་ཡང་འཆོར་དུ་འཇུག་གི་མ་རེད། འཐབ་ཕྱོགས་གཅིག་གྱུར་སོགས་བོད་རྒྱའི་བར་སྐད་ཆ་བཤད་མཁན་འདི་དག་གིས་བོད་རྒྱའི་གནད་དོན་འགྲིག་འཇགས་ཡོང་ན། མ་འོངས་པར་བོད་རྒྱ་མི་རིགས་གཉིས་ཀར་ཁེ་ཕན་འདུག་སྙམ་པའི་ཀུན་སློང་རྩ་བ་ནས་ཡོད་པ་མ་རེད།

 

དྲི་བ། འཛམ་གླིང་ཧྲིལ་བོ་དམངས་གཙོ་ཅན་དང་རང་དབང་ཅན་དུ་འགྱུར་བཞིན་པའི་སྐབས་འདིར་རྒྱ་རིགས་མང་ཚོགས་དང་། ལྷག་པར་དུ་རྒྱ་རིགས་སློབ་མ་དེ་ཚོས་མི་རིགས་ཀྱི་ཞེན་ཁོག་དང་གཅིག་བསྡུད་སྲིད་དབང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་དོན་གང་ལ་ཐུག་ཡོད་དམ། 

ལན། དེ་ནི་རྒྱ་ནག་གི་རྩ་བའི་སློབ་གསོ་ལ་ཐུག་ཡོད། ཁོང་ཚོ་སྔོན་མ་བཀས་བཀོད་རྒྱུན་འཛིན་འོག་ནས་འཚར་ལོངས་བྱུང་བ་དང་། དེའི་རྗེས་ཕྱི་རྒྱལ་གྱི་བཙན་གནོན་འོག་སྡུག་བསྔལ་མྱངས། དེ་ནས་ནང་ཁུལ་གྱི་རྩོད་རྙོག་ནང་ལ་མགོ་འཐོམ་ཚུལ་སོགས་བཤད་ཀྱིན་ཡོད།  ༡༩༤༩ ལོར་མའོ་ཡིས་ད་ནི་ང་ཚོའི་ཀྲུང་གོའི་མི་དམངས་ཡར་ལངས་པ་ཡིན་ཞེས་སྐད་གསེང་མཐོན་པོས་བཤད་ཡོད། བར་སྐབས་དེ་འདྲ་ཞིག་ལ་རྒྱ་ནག་ནང་ ༼ ཉི་མ་དེ་རིང་ནས་བཟུང་ཀྲུང་གོ་བས “ངས་དེ་ལྟར་བྱེད་རྒྱུ་མིན་ཟེར་ཆོག” ༽ ཅེས་པའི་དེབ་སྐད་གྲགས་ཆེན་པོ་ཞིག་ཐོན་ཡོད། དེས་རྒྱལ་ཁབ་ཀྱི་སྲིད་འབྱོར་རིག་གསུམ་རང་སྐྱ་ཐུབ་པ་ཆགས་ཏེ། གཞན་གྱི་བཙན་གནོན་དང་བསླུ་བྲིད་འོག་མགོ་སྒུར་མི་དགོས་པ་བསྟན་ཡོད། དེང་སྐབས་སྔར་གྱི་ཞེ་འཁོན་དེ་དག་དྲན་གསོ་བྱས་ཏེ། ནུབ་ཕྱོགས་དགྲ་ཟླའི་རྒྱལ་ཁབ་ཀྱི་འདྲེ་ལག་བརྐྱངས་ཏེ་རང་རྒྱལ་སྟོབས་ལྡན་ཅན་དུ་འགྱུར་བར་འགོག་རྐྱེན་དང་། ཀྲུང་གོ་ཁ་བྲལ་དུ་གཏོང་རྒྱུའི་རེ་ངན་འཆང་གིན་ཡོད་ཅེས་མི་དམངས་ཀྱི་སེམས་ལ་བག་ཆགས་གཏིང་ཟབ་བཞག་ཡོད། གཉིས་པ། འཛམ་གླིང་དམག་ཆེན་གཉིས་པ་མཚམས་བཞག་རྗེས། ཨ་རི་གཙོས་པའི་མ་རྩ་རིང་ལུགས་ཀྱི་མཐུན་ཕྱོགས་རྒྱལ་ཁབ་ཁག་ཅིག་མཉམ་འབྲེལ་ཐོག རཱ་ཤི་ཡ་གཙོ་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་འགར་འཐབ་རྩོད་བྱས་ཏེ་རཱ་ཤི་ཡ་ཁ་ཐོར་བཏང་ཡོད། དེ་ནི་འཛམ་གླིང་སྤྱིའི་བདེན་ལུགས་ལྟར་ན་རྒྱལ་ཁ་ཆེན་པོ་ཞིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་སྒེར་གཅོད་སྲིད་དབང་མགོ་རྟིང་སློག་སྟེ་དམངས་གཙོའི་ལམ་སྲོལ་ཐོག་སྐྱོད་ཐུབ་པ་བྱུང་ཡོད། འོན་ཀྱང་། རྒྱ་ནག་དམར་པོའི་གཞུང་གིས་དེ་ལ་ལྡོག་འགྲེལ་བརྒྱབས་ཏེ། རཱ་ཤི་ཡ་ལྟ་བུའི་བླ་ན་མེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྨེག་མེད་དུ་བཏང་སོང་། ཐེངས་གཉིས་པ་རྒྱ་ནག་གཏོར་རྒྱུའི་གྲ་སྒྲིག་ཡོད་པ་རེད། གལ་སྲིད་རྒྱ་ནག་གཏོར་བ་ཡིན་ན་འཛམ་གླིང་སྟེང་སྤྱི་ཚོགས་རིང་ལུགས་ཞེས་པའི་མིའི་རིགས་ལ་བདེ་སྐྱིད་བསྐྲུན་བྱེད་ཀྱི་ལམ་ལུགས་བཟང་པོ་དེ་མེད་པ་ཆགས་འགྲོ་བ་རེད་ཟེར་བ་སོགས་ཀྱི་སློབ་གསོ་བརྒྱབས་ཏེ། རྒྱ་རིགས་མང་ཚོགས་ཀྱི་བསམ་བློའི་ནང་། ནུབ་ཕྱོགས་པ་ཚོས་ཀྲུང་གོའི་རྒྱལ་ཁབ་གཏོར་བཤིག་གི་ལས་ཀ་བྱེད་ཀྱིན་ཡོད་སྙམ་པའི་འདུ་ཤེས་བསྐྲུན་ཡོད།

 

དྲི་བ། བོད་རྒྱ་འབྲེལ་མོལ་ཐེངས་དགུ་བའི་ཐོག་གི་གནས་ཚུལ་དང་། ཕྱོགས་གཉིས་ཀྱི་སྐད་ཆ་བཤད་སྟངས་ལས་འབྲེལ་མོལ་ཐེངས་བཅུ་བར་རེ་བ་གང་འདྲ་མཐོང་གིན་ཡོད་དམ།

ལན། འབྲེལ་མོལ་མུ་མཐུད་དེ་ཡོང་གི་རེད། ད་ཆར་བཙན་བྱོལ་བོད་གཞུང་དང་རྒྱ་ནག་གཞུང་གཉིས་ཐད་ནས་འབྲེལ་མོལ་གྱི་སྒོ་མོ་ཕྱེས་ཡོད་ནའང། རྒྱ་ཕྱོགས་ནས་འབྲེལ་མོལ་ཐེངས་བཅུ་བའི་སྔོན་འགྲོའི་ཆ་རྐྱེན་ལ་ “བྱེད་མི་ཆོག་པ་བཞི” ཟེར་བ་དེ་བགྲང་གིན་ཡོད། རྒྱ་གཞུང་གིས་ཀྱང་༧གོང་ས་མཆོག་གི་སྐུ་ཐོག་འདི་ལ་བོད་དོན་ཁོང་རང་ཚོའི་བསམ་འདུན་བཞིན་ཐག་གཅོད་ཐུབ་ན། མ་འོངས་པར་རྙོག་དྲ་མེད་པར་བརྟན་པོ་ཞིག་དང་གཙང་མ་ཞིག་ཆགས་རྒྱུ་རེད་སྙམ་པའི་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད། ངས་གོ་ཐོས་ལྟར་ན། རྒྱ་ནག་གི་གནད་ཡོད་དཔོན་རིགས་ནང་ད་བར་གྱི་མི་རིགས་སྲིད་ཇུས་ལ་ནོར་འཁྲུལ་ཆེན་པོ་ཤོར་བའི་ངོས་འཛིན་བྱེད་མཁན་ཡོད་རབས་འདུག འོན་ཀྱང་། ནོར་འཁྲུལ་མིག་གིས་མཐོང་ཡང་ཐད་ཀར་ངོས་ལེན་དང་སྒྱུར་བཅོས་མི་བྱེད་པ་རྒྱ་ནག་གི་གཤིས་ཀ་རེད། སྤྱིར་བཏང་འབྲེལ་མོལ་མུ་མཐུད་ཐུབ་མིན་དང་། འབྲེལ་མོལ་ལ་གྲུབ་འབྲས་ཐོན་མིན་བོད་ཕྱི་ནང་གཉིས་ཀྱི་མི་དམངས་ལ་རག་ལས་ཡོད་པ་དང་། བོད་ནང་ཁུལ་གྱི་གནས་སྟངས་ཇེ་ཡག་ཏུ་གཏོང་ཐུབ་མིན་ཕྱི་ལོགས་ཀྱི་བོད་མི་ཚོས་ནུས་པ་འདོན་ཐུབ་མིན་ལ་ཐུག་ཡོད། ལྷག་པར་དུ་བོད་རིགས་གཞོན་སྐྱེས་ཚོས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་རྒྱ་རིགས་མི་དམངས་ལ་མཛའ་འབྲེལ་བཙུགས་ཏེ། འདས་པའི་ལོ་རྒྱུས་ཐོག་ནས་བོད་རང་བཙན་གཙང་མ་ཡིན་པ་དང་། ང་དགུ་ལོའི་རྗེས་སུ་བོད་རྒྱ་འོག་ཏུ་ཚུད་པ་ནས་བཟུང་འདས་པའི་ལོ་རྒྱུས་ཟུར་དུ་བཞག་སྟེ། བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པའི་ལམ་ཁ་གསར་པ་ཞིག་ལ་རེ་སྙེགས་བྱེད་ཀྱིན་ཡོད་པ་སོགས་ར་སྤྲོད་དགོས་པ་རེད། མཐར་གཏུགས་ན་བོད་རྒྱའི་གནད་དོན་སེལ་ཐུབ་མིན་དེ། དང་པོ་བོད་གཞིས་བྱེས་རྒྱ་ཆེའི་མི་དམངས་ཀྱི་འཐབ་རྩོད་ཀྱི་སྙིང་སྟོབས་དང་། གཉིས་པ་རྒྱ་རིགས་མི་དམངས་ཀྱི་གོ་རྟོགས་སེལ་ཏེ་བོད་ཕྱོགས་སུ་བློ་ཁ་འཁོར་བ། གསུམ་པ་རྒྱལ་སྤྱིའི་སྟེང་གི་རྒྱབ་སྐྱོར་སོགས་རག་པ་ཡིན་ན། ད་གཟོད་བོད་ཀྱི་བདེན་མཐའ་གསལ་རྒྱུའི་ཆ་རྐྱེན་ཚང་སོང་བ་རེད།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

མཆན། 5

  1. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 17 སྔོན།

    ཡག་པོ་ཞིག་གསུང་འདུག་ཐུགས་རྗེ་ཆེ།།།།ད་བཤད་དགོ་ན་ཁ་ནས་ཆུ་བཞུར་བཞུར་བྱེད་ནི་མང་གི་ཡ་

    Reply
  2. སྟོབས་ says:
    ལོ་ 17 སྔོན།

    བོད་རྒྱའི་རྩ་དོན་ནི་ཆབ་སྲིད་ཀྱི་སྐད་ཆ་གཅིག་པོས་ཐག་གཅོད་བྱེད་ཐུབ་ཀྱི་མ་རེད་བསམ་ཡོད ། དེ་མ་སྲིད་རྒྱ་ནག་དབང་འཛིན་པའི་ཡང་འབྱུང་འགྱུར་རྩ་དོན་ལ་ཚོད་དཔག་གི་ལམ་ནས་ཡོད་ཚད་ཐག་གཅོག་བྱེད་མི་སྲིད་པ་ཞིག་རེད།
    རྒྱ་ནག་གི་དམངས་སེམས་མ་འགྱུར་བར་འདི་ལྟར་གནས་ན་བོད་ཀྱི་རྩ་དོན་ཡང་མི་འཐུད་ནས་ལྷག་སྲིད

    Reply
  3. བདེ་བ་ཅན། says:
    ལོ་ 17 སྔོན།

    རེད་ཡ། འཐབ་ཕྱོགས་གཅིག་གྱུར་པུའུ་ཟེར་བའི་ལས་ཀའི་ངོ་བོའང་རྒྱ་རིགས་ཆེན་པོའི་རིང་ལུགས་ཀྱི་གཞི་རྩ་བརྟན་དུ་གཏོང་རྒྱུའི་དམིགས་ཡུལ་གཙོ་བོར་བཟུང་སྟེ་རྒྱ་ནག་གི་ཕྱི་ལོག་ཏུ་ཡོད་པའི་རྒྱ་ནག་གི་ཁ་གཏད་པ་ཚོར་དངུལ་དངོས་ཀྱི་བསླུ་བྲིད་དང་། འཁྱོག་བཤད་ཀྱི་གནས་ཚུལ་བེད་སྤྱད་བྱ་གི་ཡོད་པ་དེ་རེད། ང་ཚོ་བོད་མིའི་ཁྲོད་ལའང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་དེང་སྐབས་བསླུ་བྲིད་ཀྱི་རང་བཞིན་ལྡན་པའི་བྱ་སྤྱོད་མང་པོ་སྤེལ་གྱི་ཡོད་ཚོད་འདུག མི་ཁག་ཅིག་གི་བྱེད་སྟངས་དང་ལས་སྟངས་ལ་བལྟས་ཚེ་ཁོང་ཚོ་ནི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་འབྲེལ་ཐག་ཧ་ཅང་ཉེ་པོ་བྱས་ཏེ་བོད་དུ་ལས་སླ་པོར་ཐེངས་མང་པོ་འགྲོ་བཞིན་འདུག

    Reply
  4. ཨརྱ། says:
    ལོ་ 17 སྔོན།

    ངོ་མ་གོ་རྒྱུ་འདུག ང་ལ་བློ་ཁ་མང་བོ་ཕྱེས་སོང་། གསར་འགོད་པ་དང་ཀུན་ཐར་དོན་གྲུབ་ལ་ཐུགས་རྗེ་ཆེ།

    Reply
  5. ཨརྱ། says:
    ལོ་ 17 སྔོན།

    ངོ་མ་གོ་རྒྱ་འདུག ང་ལ་བློ་ཁ་མང་བོ་ཕྱེས་སོང་། གསར་འགོད་པ་དང་ཀུན་ཐར་དོན་གྲུབ་ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese