མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ་དང་འགྲེལ་བ་བཞི་སྦྲགས། གངས་དཀར་རྒྱལ་སྲས།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

གངས་དཀར་རྒྱལ་སྲས།

འཛམ་གླིང་སྟེང་གི་མིང་དོན་མཚུངས་པའི་ཕུལ་བྱུང་མི་སྣ་གྲགས་ཅན་༧གོང་ས་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོ་ནི་བོད་ཆོལ་ཁ་གསུམ་གྱི་བོད་མི་ཡོངས་ཀྱིས་དད་པའི་ཕྱག་བྱེད་ས་དང་རེ་བའི་སྐྱབས་བཅོལ་ས་གཅིག་པོ་ཡིན། དེ་ནི་ང་ཚོ་བོད་མི་ཚོའི་གཟི་བརྗིད་དང་ལ་རྒྱའང་ཡིན། འདས་པའི་ལོ་ངོ་འདི་འདྲའི་མང་པོ་ཞིག་གི་རིང་ལ་ཁོང་གིས་ང་ཚོ་ཁྲིད་དེ་དེང་སྐབས་ཀྱི་གནས་བབ་འདི་འདྲ་ཞིག་ཏུ་སླེབས་ཚར་བ་རེད་ལ། ང་ཚོས་ཁོང་ཉིད་བེད་སྤྱོད་བྱས་ཏེ་ང་ཚོ་བོད་ཁ་བ་ཅན་འཛམ་གླིང་འདིས་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་བའང་རེད། དེོན་དག་དེ་དག་ནི་ང་ཚོའི་གནས་བབ་དང་ཁོང་གི་འགན་དབང་ལ་འབྲེལ་བ་ཡོད་པའི་གནས་བབ་ཅིག་གི་འབྲས་བུ་རེད། ཡིན་ནའང༌། ད་ལྟ་ཏཱ་ལའི་བླ་མ་དགུང་གྲངས་མཐོ་སར་སླེབས་པའི་སྐབས་འདི་དག་ཏུའང་ཁོང་གིས་མིའི་རིགས་དང༌། མི་རིགས། འགྲོ་བའི་དོན་དུ་ཕྱོགས་ཕེབས་སོགས་མཛད་འཕྲིན་ལ་བྲེལ་བ་ཆེ་བ་ཚང་མས་མིག་གིས་མཐོང་བཞིན་དུ་ད་དུང་ཁོང་ལ་དོན་དག་གང་ཞིག་གི་མཛད་སྒོ་དང༌། འདུ་ཁང་དང་དཔེ་མཛོད་ཁང་གང་ཞིག་གི་འགྲུབ་སྟོན་དང༌། སློབ་གྲྭ་དང་ཚོགས་པ་གང་ཞིག་གི་དུས་ཆེན་སོགས་ལ་གདན་འདྲེན་གང་ཐུབ་བྱེད་པ་ནི་རང་ཉིད་ཀྱི་ཁེ་གྲགས་ལས་ྋགོང་ས་མཆོག་ལ་བསམ་བློ་གཏོང་གི་མེད་པའི་རྟགས་རེད། ང་ཚོའི་སྤྱིར་བཏང་གི་མི་ཞིག་ཡིན་ན་ལོ་གྲངས་བདུན་ཅུ་བརྒལ་དུས་གོམ་པ་དྲང་མོ་ཞིག་ཀྱང་སྤོ་མི་ཐུབ་པའི་ཚད་རེད། ཡིན་ནའང༌། ང་ཚོས་ྋགོང་ས་མཆོག་ད་དུང་ལས་དོན་ཆེ་ཕྲ་གང་མང་ལ་གདན་འདྲེན་བྱེད་པ་དང་གསུང་ཆོས་སྣ་ཚོགས་གསུང་འཇུག་པ་ནི་སེམས་ཀྱིས་བཟོད་པ་ཞིག་རེད་དམ། བྱང་ཆུབ་ལམ་རིམ་འགྲེལ་བ་བཞི་སྦྲགས་ནི་སྐྱེས་བུ་དར་མ་ཞིག་གིས་ཤར་མར་ཀློག་དགོས་ནའང་ལས་སླ་བོ་ཞིག་མིན་པ་ང་ཚོས་ཤེས་གསལ་རེད།  ྋགོང་ས་མཆོག་ལ་འགྲེལ་བ་བཞི་སྦྲགས་ལྗགས་ཁྲིད་གནང་གི་བཅུག་ན་ཁོང་ལ་སྐུ་ངལ་ག་ཚོད་ཅིག་འདུག འགྲེལ་བ་བཞི་སྦྲགས་ལ་ཉན་མཁན་ཡང་དེ་ཙམ་མང་པོ་མི་འདུག དེ་ནི་འགྲེལ་བ་བཞི་སྦྲགས་ཡིན་པས་ཀྱང་མ་རེད། མ་གཞི་ནས་གསུང་ཆོས་ལ་ཉན་དུས་དེ་འདྲ་རེད། ྋགོང་ས་མཆོག་གིས་གོང་ནས་སྐུ་ངལ་ལ་མ་འཛེམ་པར་ལེགས་ཉེས་བླངས་དོར་གྱི་གནད་རྣམས་གཅིག་གཅིག་གཉིས་གཉིས་བྱས་ནས་གསུངས་ནའང༌། ཉན་མཁན་མང་ཤོས་ཀྱིས་གསུང་ཐོས་པའི་ཕན་ཡོན་བསམ་ནས་ཡོང་བ་དང་འདྲ་བར།  མི་ལ་ལས་ཕན་ཚུན་ལ་ཁ་བརྡ་བྱས་ནས་གད་པོ་འདྲ་བགད། ཁ་པར་འདྲ་བཏང༌། ཁ་ལག་འདྲ་ཟོས། དེ་འདྲ་བྱས་ནས་བསྡད་འདུག ལ་ལ་གཉིད་ཁུག་འདུག ཡང་ལ་ལ་ཙོག་ནས་འདུག་མ་ཐུབ་པར་གདོང་ལ་སུན་སྣང་གི་རྣམ་པ་རེ་ཤར་ནས་གཡས་ལོག་གཡོན་ལོག་བྱས་ནས་འདུག མི་མང་ཆེ་བ་ནི་གླིང་ག་ཞིག་ན་སྤྲོ་སྐྱིད་གཏོང་གི་ཡོད་པའི་རྣམ་པ་ལས་གསུང་ཆོས་ཤིག་ལ་ཉན་གྱིན་ཡོད་པའི་རྣམ་པ་ཞིག་མཐོང་རྒྱུ་མི་འདུག དྲང་མོར་བཤད་ན་མང་ཚོགས་མང་ཤོས་ཀྱིས་ཉན་ཤེས་ཀྱིའང་ཡོད་རྒྱུ་མ་རེད། སྐབས་འདིར་བསམ་བློ་ཞིག་བཏང་དུས་ྋཏཱ་ལའི་བླ་མས་གོང་ནས་འགྲེལ་བ་བཞི་སྦྲགས་གསུང་བའི་སྐུ་ངལ་དང་མང་ཚོགས་ཀྱིས་འོག་ནས་འགྲེལ་བ་བཞི་སྦྲགས་ལ་ཉན་པའི་རྣམ་པ་གཉིས་བསྡུར་ན། ང་ཚོའི་ཡིད་ལ་ཤར་འོང་བ་ནི་ཅི་འདྲའི་བསམ་ཡུལ་ལས་འདས་པ་ཞིག་རེད་ཨང༌། ྋགོང་ས་མཆོག་གིས་ལྗགས་ཀློག་གནང་བའི་འགྲེལ་བ་བཞི་སྦྲགས་ནི་བར་སྣང་དུ་གནམ་གྲུ་ཞིག་འཕུར་བ་དང་འདྲ་བར་གནམ་གྲུ་འཕུར་ཚར་རྗེས་སྒྲའང་རིམ་བཞིན་ཡལ་འགྲོ་བ་བཞིན། ྋགོང་ས་མཆོག་གིས་འགྲེལ་བ་བཞི་སྦྲགས་གསུང་ཚར་དུས་མང་ཚོགས་ཀྱི་བློ་ངོ་ན་འགྲེལ་བ་བཞི་སྦྲགས་གསུང་ཚར་བའི་དོན་སྤྱི་མ་གཏོགས་འགྲེལ་བ་བཞི་སྦྲགས་ལས་རེག་པའི་གདམས་ངག་གམ་ལེགས་བཤད་ཅིག་ཕལ་ཆེར་མེད།  དེ་ལས་ྋགོང་ས་མཆོག་ལ་ཉིན་གཅིག་གི་སྐུ་ངལ་གསོ་བའི་ཁོམ་པ་ཞིག་སྤྲད་ན་ལེགས། གསུང་ཆོས་གསུང་རྒྱུ་ནི་ཏཱ་ལའི་བླ་མའི་འགན་དབང་དང་འབྲེལ་བ་ཡོད་པ་ཞིག་ཡིན་ནའང༌། འགྲེལ་བ་བཞི་སྦྲགས་ལྟ་བུ་ནི་མང་ཚོགས་ཀྱིས་གོ་དཀའ་ལ་ཁོང་གིས་གསུང་དཀའ་བའི་གསུང་ཆོས་ཅིག་ཡིན་པས་རྗེས་ཕྱོགས་འདིའི་ཐད་ལ་གསུང་ཆོས་བཀོད་སྒྲིག་བྱེད་མཁན་སོགས་འབྲེལ་ཡོད་མི་སྣ་ཚང་མས་ཐུགས་འདང་གནང་དགོས་འདུག བོད་མི་ཚང་མ་ྋགོང་ས་མཆོག་ལ་དད་པ་ཡོད་པ་བདེན་ལ་དེའང་སེམས་གཏིང་ནས་ཡོད། ཡིན་ནའང་དད་པ་དེ་དག་སེམས་ལ་ཡོད་པ་ཙམ་ལས་ལག་ལེན་བསྟར་ཐུབ་མཁན་ཉུང་ཉུང་རེད། དོན་དག་དེའི་དབང་གིས་ྋགོང་ས་མཆོག་གིས་འདྲུད་བཞིན་པའི་ཤིང་རྟ་འཁོར་ལོ་ཞིག་ཏུ་བོད་མི་འགའ་བསྡད་དེ་ྋགོང་ས་མཆོག་ལ་སྐྱབས་སུ་མཆི་ཞེས་ལག་ཟུང་ཐལ་མོ་སྦྱར་ནས་དད་པས་སྐྱབས་སུ་འགྲོ་བའི་ཟུར་ཟའི་རི་མོ་དེ་བྱུང་བ་རེད་ལ། དེ་ནི་དོན་དངོས་དང་མཐུན་པའི་རི་མོ་ཞིག་ཀྱང་རེད།  ང་ཚོས་ྋགོང་ས་མཆོག་ལ་དཀའ་ངལ་ཆེ་མ་ཆུང་གསུམ་བཟོས་ནས་གསུང་ཆོས་གང་མང་གསུང་འཇུག་པ་ལས། ྋགོང་ས་མཆོག་གིས་གསུང་བའི་ངག་ཐོག་དང་ཡིག་ཐོག་གང་མང་ན་ཡོད་པའིབཀའ་སློབ་ལམ་སྟོན་སྣ་ཚོགས་ལ་སློབ་སྦྱོང་དང་ལག་ལེན་བྱས་ན་ལེགས་ལ། དེའང་རྩ་འཛུགས་དང་སྒྲིག་ལམ་ཡོད་པ་ཞིག་བྱས་ན་ྋགོང་ས་མཆོག་གི་སྐུ་ཚེགས་ཅུང་ཙམ་སེལ་ཐུབ་ལ། ཁོང་གི་དགོངས་པ་མི་ནུབ་བརྟན་པའི་གཞི་རྩར་འགྱུར་བའི་ཐབས་ལམ་གསར་བ་ཞིག་ཀྱང་ཀྱང་རེད། གང་ལྟར་ྋགོང་ས་མཆོག་གི་སྐུའི་གནས་བབ་ལ་ང་ཚོས་བསམ་བློ་བཏང་ནས་ཁོང་གི་མཛད་འཕྲིན་བཀོད་སྒྲིག་བྱས་ན་ལེགས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་བཙན་བྱོལ་བོད་མི་ཁ་འཐོར་མི་འགྲོ་བའི་བསམ་འཆར། 

ཆུ་ཚོད་ ༤ སྔོན་ལ།
འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ཡུ་རོབ་ཀྱི་གསར་ལམ་ཁག་ཏུ་བོད་དོན་གླེང་སློང་གནང་།  པར་ཧྥ་རན་སིའི་ (France 24)
Mobile App

བོད་དོན་ཞི་རྒོལ་བ་ཞིག་གིས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་གླེང་སློང་གནང་།

ཆུ་ཚོད་ ༦ སྔོན་ལ།
Mobile App

བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་སེམས་ཆེ་ཞིང་ལྷག་བསམ་དཀར་བའི་མི་རྒན་ཞིག་ལ་རྗེས་དྲན་ཞུ་བ།

༢༠༢༥/༠༦/༢༣
བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས། སྦར་སེལ་སྐུ་ཚབ་དོན་གཅོད་ཀྱི་པར།
Mobile App

བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས།

༢༠༢༥/༠༦/༢༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༦།༢༣
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག

༢༠༢༥/༠༦/༢༣
༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠

མཆན། 17

  1. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    རིག་འབྱུང་དོན་བཀྲ་ལགས་ཀྱིས་བཤད་པ་དེ་དངོས་ནས་རེད། ༧གོང་ས་མཆོག་གི་སྐུའི་འཕྲོད་བསྟེན་ལ་ཐུགས་ཁུར་གནང་བཞིན་ཡོད་ན། ཐབས་ལམ་ཡག་ཤོས་དེ་སྐུ་སྒེར་ཡིག་ཚང་ལ་སྙན་ཞུ་འབུལ་རྒྱུ་དེ་རེད། དེ་མིན་དྲ་ཐོག་ནས་བཤད་བསྡད་ན་གྲུབ་འབྲས་ཐོན་གྱི་མ་རེད།

    Reply
  2. ལྷག་པ་ཚེ་རིང༌། says:
    ལོ་ 15 སྔོན།

    ༸གོང་ས་མཆོག
    ཏག་ཏག་རེད་འདུག
    དྲ་གྲོགས་གཅན་བཟོད་རྒམ་ལགས། ཐུགས་རྗེ་ཆེའོ༎

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    མཐེབ་གཞུང་ཐོག་ན་ཨང་གྲངས་དང་པོ་ནས་ཀླད་གོར་བར་དུ་ཡོད་པའི་ཨང་དང་པོའི་སྔོན་དུ་སྦྲུལ་རིས་འདྲ་~ ཡོད་པ་དེ་དང་ shift མཉམ་དུ་མནོན་དང་ཡོང་གི་རེད། ངའི་རྩིས་འཁོར་ལྟར་ན་དེ་འདྲ་རེད།

    Reply
  4. ལྷག་པ་ཚེ་རིང༌། says:
    ལོ་ 15 སྔོན།

    ངའི་མཐེབ་གཞོངས་ནས་ཡིད་བཞིན་ནོར་བུའི་མཚན་གྱི་གོང་དུ་དགོད་རྒྱུའི་ཆེ་རྟགས་སམ་འཕགས་ནོར་བདུན་མཚོན་བྱེད་ཅེས་པ་ཨང་བདུན་པ་འདྲ་བ་དེ་རྙེད་མ་བྱུང་བས་དགོངས་འགལ་མེད་པ་ཞིག་དང་དྲ་གྲོགས་ཚོས་དེ་གང་ནས་འཐོབ་མིན་ལམ་སྟོན་ཞིག་མཛོད་དང༌།

    ཐུགས་རྗེ་ཆེ།

    Reply
  5. ལྷག་པ་ཚེ་རིང༌། says:
    ལོ་ 15 སྔོན།

    གངས་སྲས་ལགས་སུ་ཐུགས་རྗེ་ཆེ་ཞུ། རྒྱུན་མཚན་ནི་གསུང་དགོས་པ་དེ་གསུངས་འདུ།
    གལ་པོ་ཆེ་ལ་ནན་ཏན་དང་། དམ་པའི་ཆོས་ལ་བརྒྱ་ཚར། ཞེས་པ་ལྟར་ཕྲན་གྱིས་ཀྱང་ཚིག་འགའ་ཞུ་འདོད་བྱུང༌།
    1་སློབ་གྲྭ་དང་སྤྱི་སྒེར་གྱི་ཚོགས་པ་ཁག་གི་ལས་རིམ་དང་པོའི་འགོ་འབྱེད་གནང་སྐབས་སོགས་སུ་གོང་ས་མཆོག་སྤྱན་འདྲེན་ཞུ་བ་དེ་གང་ཟག་སྒེར་དང་ཚོགས་པ་སྒེར་གྱི་མིང་གྲགས་སོགས་ཀྱི་ཆེད་དུ་མིན་པར་སྤྱི་དོན་དང་ཁ་ཞེ་གཉིས་མེད་ཡིན་ན་ཡང་ད་ལྟའི་སྐབས་ང་ཚོ་གདོང་དམར་བ་ཚོར་ཡིད་བཞིན་ནོར་བུ་གཅིག་མ་གཏོགས་འཛད་མེད་ཅིག་མེད་ལ། དེ་ཡང་སྐུ་ན་སྨིན་པ་ཞིག་ཡིན་པས། གལ་ཆེ་གལ་ཆུང་དང༌། སེམས་ཚོར་གཙོ་བོ་མིན་པར་རྣམ་དཔྱོད་བེད་སྤྱད་ནས་ང་ཚོ་གངས་ཅན་པས་བཀལ་པའི་ཁོང་གི་ཁུར་པོ་ལྕི་མོ་དེ་གང་ཐུབ་ཀྱིས་ཡང་དུ་གཏང་དགོས་པ་ནི་ཆེས་ཤིན་ཏུ་གལ་ཆེ་བ་ཡིན་པས་དགོངས་པར་གཞག་རོགས།

    2་ གསུང་ཆོས་ཉན་ཕྱོགས་ལ་དཔྱད་ན་བོད་པ་ཚོར་གསུང་ཆོས་དང་གསུང་ཆོས་གནང་མཁན་ལ་དད་པ་ཡོད་ཐག་ཆོད་རེད། འོན་ཀྱང་གསུང་ཆོས་ཞུ་སྟངས་ཀྱི་ཐད་ལ་ཞན་ཆ་མང་པོ་ཡོད་རེད། དངོས་སུ་སོ་སོའི་བསམ་བློ་ལ་བཅོས་སྒྱུར་གཏོང་བྱེད་ཀྱི་སྨན་མཆོག་ཏུ་གྱུར་བ་བསླབ་པ་གསུམ་གྱི་སྐོར་དང༌། ལས་འབྲས་ཀྱི་སྐོར། བརྟེན་འབྲེལ་ཡན་ལག་བཅུ་གཉིས། སྐྱེ་བ་སྔ་ཕྱི། གཞན་ཕན་གྱི་སེམས། ཐེག་པ་སོ་སོའི་ལམ་བགྲོད་ཚུལ་གྱི་རིམ་པ་སོགས་བརྗོད་གཞིར་མཛད་ནས་གསུང་སྐབས་ཆོས་ཞུ་བ་མང་པོས་དོ་སྣང་ཇི་ཙམ་དགོས་པ་དེ་ཙམ་མི་བྱེད་པ་དང༌། དེ་ལས་གཏམ་གླེང་དང༌། ཁ་མཚར། གཉིད་པ། བཟའ་བ་དང་བཏུང་བ་ལ་ལོངས་སྤྱོད་པ་སོགས་ཚུལ་མ་ཡིན་པ་མང་དག་ཅིག་བྱེད་ཅིང་། རང་གིས་དཀའ་ཚེགས་སྤྱད་མི་དགོས་པར་ཉན་པ་ཙམ་གྱིས་འཐུས་པའི་དབང་ལུང་སོགས་ལ་ཚང་ག་ཆེ་ཞིང་ཚོགས་རྫས་དང་ཚེ་རིལ་སོགས་ཀྱི་ཆེད་དུ་རྒན་གྲས་དང་ཕྲུག་གུ་རྣམས་རྡོག་པས་བརྫི་ལ་ཉེ་བ་ཡོད་ཀྱང་སྣང་བ་མེད་པར་རྩོད་ལེན་བྱེད་པ་སོགས་དེ་དག་ལ་ཏན་ཏན་འགྱུར་བ་ཞིག་གཏང་ཐུབ་ན་ཅི་མ་རུང༌།

    Reply
  6. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    གངས་ཞེས་བཅོས་རོགས། འོག་ཏུ་ཡང་ནོར་བ་དེ་བཅོས་རོགས།

    Reply
  7. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཨ་ག་གང་སྲས་ལགས། སྤྱིར་བཏང་ཟིན་བྲིས་ཡག་པོ་ཞིག་སྤེལ་འདུག ཡིན་ནའང་ནང་དུ་གོ་ནོར་འགའ་འདུག ལྷག་པར་དུ་༼ྋགོང་ས་མཆོག་གིས་འགྲེལ་བ་བཞི་སྦྲགས་གསུང་ཚར་དུས་མང་ཚོགས་ཀྱི་བློ་ངོ་ན་འགྲེལ་བ་བཞི་སྦྲགས་གསུང་ཚར་བའི་དོན་སྤྱི་མ་གཏོགས་འགྲེལ་བ་བཞི་སྦྲགས་ལས་རེག་༽ཅེས་བྲིས་འདུག འདི་ནོར་བ་དོན་སྤྱི་ཙམ་ཡོད་ན་འགྲིག་གི་རེད། སོ་སོ་སྐྱེ་བོ་ལ་དོན་སྤྱི་ལས་མངོན་སུམ་དུ་རྟོགས་པ་ལྟ་བུ་ཁག་པོ་ཡིན་ནི་རེད།

    Reply
  8. ཨརྱ། says:
    ལོ་ 15 སྔོན།

    སྤྱིར་བཤད་དོན་བདེན་པ་རེད། རྒྱབ་སྐྱོར་ཡོད། འགྲེལ་བ་བཞི་སྦྲགས་དང་། ལམ་རིམ་མཆན་བཞི་སྦྲགས་ཁ་ཁ་རེད་དེང་སེང་གནང་གི་ཡོད་པ་དེ་འགྲེལ་བ་བཞི་སྦྲགས་རེད།

    Reply
  9. གནམ་ལྕགས། says:
    ལོ་ 15 སྔོན།

    དེ་རིང་གངས་དཀར་རྒྱལ་སྲས་ཀྱིས་གནད་ལ་ཕོག་པའི་ཟིན་བྲིས་ཤིག་སྤེལ་འདུག་སྙམ་སོང་། འདི་འདྲའི་སྐོར་ལ་སྔོན་མ་ནས་ལབ་གླེང་ཞིག་ཡོད་པ་རེད་དེ། ད་དུང་ཡོང་གི་མེད་པ་གསལ་བོ་རེད། འདིའི་རིགས་འགོག་ཐབས་མང་བོ་བྱེད་ཀྱིན་ཡོད་པ་རེད་དེ། ད་དུང་འདི་ལྟར་མང་བོ་ཞིག་ཆགས་འགྲོ་བ་འདི་དངོས་གནས་༸གོང་ས་མཆོག་གི་སྐུ་ངལ་རང་རེད།

    འོག་ནས་ཉན་མཁན་ལ་དེ་འདྲའི་དཀའ་ངལ་ཡོད་ན། སྒང་ནས་འཆད་མཁན་ལ་དཀའ་ངལ་ཡོད་པ་ནི་དངོས་མཐོང་ལག་ཟིན་ཡིན་ནོ།།

    Reply
  10. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    དངོས་གནས་བསམ་བློ་གཏོང་མ་འདྲ་བ་ཞིག་རེད། མུ་མཐཱུད་དུ་ཕྲིས་དང་དགའ་བསུ་ཡོད།

    Reply
  11. འོད། says:
    ལོ་ 15 སྔོན།

    མགོན་པོ་གང་ང་ཚོའི་སྣང་ངོར་ཤར་བ་ནི་སྨྲ་བསམ་བརྗོད་མེད་ལྷུན་གྲུབ་རང་བྱུང་གི་ཆོས་སྐུ་ཞིག་ལས་ཤ་ཁྲག་གིས་ཕུང་བོར་གྲུབ་པའི་སྤྱིར་བཏང་གི་མིའི་ཚུལ་འཛིན་པའི་སྤྲུལ་སྐུ་ཞིག་ཏུ་སྣང་གི་མེད་པས་རྒྱུ་མཚན་གྱིས་ཁོང་གི་སྐུ་ངལ་ལ་ཐུགས་བསམ་བཞེས་མཁན་ཤིན་ཏུ་ནས་ཉུང་།

    ཆེན་པོ་རྣམས་ཀྱིས་ཁེ་གྲགས་འབྱོར་བའི་གཡོག་ལ་བཀོལ།
    ཕལ་བས་ཚོགས་ཀྱིས་རེ་དོགས་ཧམ་པའི་བྲན་ཏུ་འཛིན།
    མདོར་ན་གངས་ཅན་མགོན་པོ་མི་ཡི་ཤ་ཚུགས་ཅན།
    སྐུ་ངལ་གསོ་བའི་དུས་ཤིག་བྱིན་ན་གདོང་དམར་བ།

    Reply
  12. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ངེད་ཀྱིས་རྨོངས་འཆར་འགའ་ཞུ་གི་ཡིན།
    ༧གོང་ས་མཆོག་ལ་སྐུ་ངལ་གསོ་བའི་དུས་ཚོད་དགོས་ཀྱི་འདུག་ཟེར་བ་དེ་བདེན་པ་རེད། བོད་རིགས་ཚོས་བསམ་བློ་གཏོང་དགོས་ངེས་རེད།
    འོན་ཀྱང་། འགྲེལ་བ་བཞི་སྦྲགས་མི་མང་གིས་གོ་མ་གོ་དང་མི་མང་གིས་གསུང་ཆོས་ལ་བློ་རྩེ་བསྒྲིམས་བྱེད་ཀྱི་མེད་པའི་གནད་དོན་ཐད་ལ་བསམ་བློ་གཏོང་རྒྱུ་ཡོད།

    གཅིག
    ངེད་ཀྱི་བསམ་ཚུལ་ཡིན་ན། ༧གོང་ས་མཆོག་ནས་མི་མང་ལ་གསུང་ཆོས་གནང་བ་དང་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་བ་འདི་གལ་ཆེན་རེད་དྲན། འདི་ལ་སྐབས་འཕྲལ་གཉིས་ཀའི་དགེ་ཕན་འདུག་དྲན། དེ་གཅིག་ཡིན།

    གཉིས།
    ༧གོང་ས་མཆོག་ལ་སྐུ་ངལ་གསོ་བའི་དུས་ཚོད་ཡོང་ཐབས་ལ། ག་རེ་ཉུང་ངུ་གཏོང་དགོས་ཀྱི་འདུག་ལབ་ན།
    ཚོགས་པ་སྒེར་བ་སོགས་ཀྱིས་དབུ་འབྱེད་མཛད་སྒོ་སོགས་ལ་༧གོང་ས་མཆོག་གདན་འདྲེན་ཞུ་བཞིན་པ་དེ་ངེས་པར་དུ་མཚམས་འཇོག་གནང་ཐུབ་ན་ཡག
    ལས་དོན་ཞིག་འགོ་བཙུགས་པ་དང་། སོང་ནས་༧གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུ་བཞིན་པའི་རིགས་དེ་ཉུང་དུ་གཏོང་ཐུབ་ན་ཡག
    ཚགས་པར་ཞིག་གསར་དུ་བཏོན་ན་ཡང་། ༧གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུ་བཞིན་འདུག འདི་ཅུང་ཙམ་ཐལ་ཆེ་བ་མིན་འགྲོ་བསམ། འོན་ཀྱང་། བྱེད་མཁན་རྣམས་ལ་དགག་བྱ་མེད། དེ་ནས། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཆོས་ཚོགས་ཁ་ཤས་ཀྱིས་༧གོང་ས་མཆོག་ཚོང་རྫས་ནང་བཞིན་བེད་སྤྱོད་གཏོང་བཞིན་པ་དེའི་རིགས་མཚམས་འཇོག་གནང་གི་འཇུག་ཐུབ་ན་ཡག

    གསུམ།
    གནད་དོན་འདིའི་རིགས་ཀྱི་སྐོར་ནས། སྐུ་སྒེར་ཡིག་ཚང་ལ་ཡིག་ངག་གཉིས་ཐོག་ནས་ཞུ་ཐུབ་ན་ཡག་ ཞུ་མཁན་ག་ཚོད་ཀྱིས་མང་ན་དེ་ཙམ་གྱིས་བསམ་བློ་གཏོང་གཞི་ཞིག་ཡོང་གི་རེད། ཐག་ཉེ་བ་རྣམས་ཕར་ལ་བཅར་ནས་ཞུས་ན་འགྲིག་གི་རེད། ཐག་རིང་བ་རྣམས་ཀྱིས་ཡིག་ཐོག་དང་ཁ་པར་བརྒྱུད་ནས་ཞུ་ཐུབ་ན་ཡག
    རྩོམ་འདི་ཡང་སྐུ་སྒེར་ཡིག་ཚང་གི་༧གོང་ས་མཆོག་གི་གློག་འཕྲིན་ཐོག་(ohhdl@dalailama.com)ལ་གཏོང་ཐུབ་ན་ཡག

    བཞི།
    ༧གོང་ས་མཆོག་གིས་སྐུ་ངལ་གསོ་དགོས་བའི་ཐད། ང་ཚོས་བསམ་ཚུལ་ག་རེ་བཤད་ན་ཡང་། ༧གོང་ས་མཆོག་གི་མཛད་འཕྲིན་ཁག་བཀོད་བསྒྲིག་གནང་མཁན་དག་ལ་ཞུ་ཐུབ་ན་ཡག་གི་རེད་འདོད། དེ་ཙམ་ཡིན།

    Reply
  13. དབྱངས་བུ། says:
    ལོ་ 15 སྔོན།

    གངས་སྲས་ཀྱི་རྩོམ་ཡིག་ཆ་ཚང་བཀླགས་པ་ཡིན། སྤྱིར་བཏང་ཡག་པོ་བྲིས་འདུག་
    ཀྱང། བར་མཚམས་སུ་དོགས་གནས་ཁ་ཤས་འདུག དཔེར་ན།་གོང་གི་རྩོམ་ཡིག་
    ནང་༼ྋགོང་ས་མཆོག་གིས་གོང་ནས་སྐུ་ངལ་ལ་མ་འཛེམ་པར་ལེགས་ཉེས་བླངས་དོར་གྱི་གནད་རྣམས་གཅིག་གཅིག་གཉིས་གཉིས་བྱས་ནས་གསུངས་ནའང༌། ཉན་མཁན་མང་ཤོས་ཀྱིས་གསུང་ཐོས་པའི་ཕན་ཡོན་བསམ་ནས་ཡོང་བ་དང་འདྲ་བར། མི་ལ་ལས་ཕན་ཚུན་ལ་ཁ་བརྡ་བྱས་ནས་གད་པོ་འདྲ་བགད། ཁ་པར་འདྲ་བཏང༌།༌༌༌༌༌༌༌༌༽ཞེས་གསལ་འདུག ༸གོང་ས་མཆོག་གི་གསུང་ཆོས་
    སྐབས་སུ་ཁ་པར་འཁྱེར་མཁན་མི་མང་འཕྲོད་ལ་འཁྱེར་མཁན་གངས་སྲས་ཀྱིས་་
    མཐོང་ཡོད་དམ། གལ་སྲིད་མཐོང་ཡོད་ན་སྐུ་སྲུང་བར་སྙན་སེང་ཞུ་དགོས་པ་ལས་
    ཁུ་སིམ་སྡོད་དགོས་པའི་གནས་སྟངས་ཆགས་མེད། གང་ཡིན་ཟེར་ན་གསུང་ཆོས་སྐབས་སུ་ཁ་པར་སོགས་ཅ་དངོས་མང་པོ་ཞིག་འཁྱེར་མི་ཆོག་པ་གངས་སྲས་ཀྱིས་མཁྱེན་གསལ་མ་རེད་དམ།

    ཡང་གོང་གི་རྩོམ་ཡིག་ནང་
    ༼ འགྲེལ་བ་བཞི་སྦྲགས་ལྟ་བུ་ནི་མང་ཚོགས་ཀྱིས་གོ་དཀའ་ལ་ཁོང་གིས་གསུང་དཀའ་བའི་གསུང་ཆོས་ཅིག་ཡིན་པས་རྗེས་ཕྱོགས་འདིའི་ཐད་ལ་གསུང་ཆོས་བཀོད་སྒྲིག་བྱེད་མཁན་སོགས་འབྲེལ་ཡོད་མི་སྣ་ཚང་མས་ཐུགས་འདང་གནང་དགོས་འདུག ༽དེ་ལྟར་གསལ་འདུག རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་བསམ་ཞིབ་གནང་དང། འགྲེལ་བ་བཞི་སྦྲགས་ལྟ་བུ་མི་མང་གི་གོ་དཀའ་བ་བདེན་སྲིད་ཀྱང། ཁོང་གིས་གསུང་དཀའ་བའི་གསུང་ཆོས་ཅིག་ཡིན་པ་བདེན་ནམ། ངའི་བསམ་པར་
    ཁོང་གིས་གསུང་ཆོས་བཀའ་ཆོས་ཤིག་མ་རེད་འདོད།
    རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་གང་འདོད་ཀྱི་འདུག་གམ།

    ཐུགས་རྗེ་ཆེ།

    Reply
  14. ཇིང་སྲས་མིག་གསུམ་པ། says:
    ལོ་ 15 སྔོན།

    ངོ་མ་བདེན་པ་རེད། གངས་དཀར་རྒྱལ་སྲས་གྱིས་རེ་བ་བཞིན་ཚང་མའི་བསམ་བློ་རེ་གཏོང་རྒྱུ་གལ་ཆེན་པོ་རེད།

    Reply
  15. དཀོན་མཆོག་སྐལ་བཟང་། says:
    ལོ་ 15 སྔོན།

    སྔོན་མ་ལམ་རིམ་མཆན་བཞི་སྦྲགས་ཏྲེ་ཧོར་བརྟན་བཞུགས་སྐབས་ཚར་གཅིག་གསུངས་ཟིན་པ་རེད། ༧གོང་ས་མཆོག་གི་སྐུ་ནའི་བབས་དང་བསྟན་སྲིད་ཀྱི་མཛད་བྲེལ་ལ་བསམ་གཞིགས་མི་བྱེད་མཁན་བླ་རྒན་ཞེན་ཁོག་ཅན་རེ་ཟུང་གིས་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས་ན་ཟེར་ནས་སྐུ་ངལ་བཟོ་ཀི་ཡ།

    Reply
  16. བུ་སྨྱོན་པ། says:
    ལོ་ 15 སྔོན།

    བདེན་ནོ་བདེན་ནོ་གངས་དཀར་རྒྱལ་སྲས་བདེ།
    ཚོང་ལ་ཁེ་ལ་རེ་བའི་ཀླད་མེད་བོད་པ་ཚོས།
    མཛད་དཀའ་དཀའ་བར་མ་སེམས་ཁེ་ཕན་ལས།
    གང་གི་སྐུ་ངལ་སེམས་ཀྱི་ཟུར་ན་མེད།

    Reply
  17. lobsang says:
    ལོ་ 15 སྔོན།

    དངོས་གནས་བདེན་པ་རེད། དེ་དོན་ཚང་མས་དགོངས་པ་བཞེས་རྒྱུ་གལ་ཆེན་རེད་ ད་ང་ཚོ་འཕག་འཚག་རྒྱག་རན་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese