མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་བཙན། བདེན་དོན་ལ་དཔྱད་ཞིབ། ༼ཆ་དང་པོ།༽

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp

འཇམ་དབྱངས་ནོར་བུས་ཕྱོགས་སྒྲིག་བྱས།  དགེ་འདུན་རབ་གསལ་གྱིས་བསྒྱུར། 
༼རྩོམ་ཡིག་འདིར་འཁོད་པའི་པར་རིས་དང་དཔེ་དེབ། དེ་བཞིན་གནས་ཚུལ་དང་ཚིག་རིས་ཚུན་ལ་དཔྱད་ཞིབ་བྱེད་པའམ་ཐུགས་དྭོགས་མཆིས་ཚེ། www.jamyangnorbu.com བརྒྱུད་ནས་དབྱིན་ཡིག་གི་མ་ཕྱི་ལ་གཟིགས་རོགས། དགེ་འདུན་རབ་གསལ་གྱིས་བསྒྱུར།༽

ལས་འགན་སྒྲུབ་བཞིན་པའི་རྒྱལ་ཁབ།

༡༩༥༠ ལོར་རྒྱ་དམར་གྱིས་བཙན་འཛུལ་མ་བྱས་པའི་གོང་དུ། བོད་ནི་ཆ་ཚང་བའི་ཐོག་ནས་ལས་འགན་སྒྲུབ་བཞིན་པ་དང་རང་བཙན་གྱི་རྒྱལ་ཁབ་ཅིག་རེད། འདིས་ར༼༡༩༠༩ ལོར་བོད་ལྗོངས་ཚོགས་འདུ་ཆེན་མོས་༧གོང་ས་བཅུ་གསུམ་པ་ཆེན་པོར་ཕུལ་བའི་ཐམ་ཀ༽ང་གི་ཁྱིམ་མཚེས་གང་ལའང་ཉེན་ཁ་མི་སྤྲོད་ཅིང་། ལོ་ནས་ལོ་བསྟུད་དེ་ཕྱིའི་རོགས་རམ་ལ་མ་བརྟེན་པར་རང་གི་མི་སེར་འཚོ་སྐྱོང་ འཐུས་ཤོར་མེད་པར་བྱས་ཡོད། བོད་ཀྱིས་རྒྱལ་ཁབ་གཞན་དང་རྒྱལ་སྤྱིའི་སྒྲིག་འཛུགས་གང་ལ་ཡང་བུ་ལོན་ཆགས་པ་མེད། རྗེས་ལུས་དང་ཆོས་ལྡན་རྒྱལ་ཁབ། དེང་རབས་དམངས་གཙོ་བཅས་མིན་ན་ཡང་། བོད་ཀྱིས་རང་གི་མཐའ་མཚམས་ནང་ཁུལ་དུ་ཁྲིམས་ལུགས་སྟངས་འཛིན་བྱས་ཡོད་ཅིང་། རྒྱལ་ཁབ་གཞན་གྱི་ལྷན་དུ་བཞག་པའི་གྲོས་མཐུན་དང་ཆིངས་ཡིག་ཁག་གཟབ་ནན་གྱིས་ལག་ བསྟར་བྱས་ཡོད། གཅན་གཟན་དང་ཁོར་ཡུག་གི་ཐད་ནས་ཡུལ་ཁྲིམས་བཟོས་པའི་རྒྱལ་ཁབ་ཐོག་མའི་གྲས་ཡིན་ ལ། རྒྱུན་ལྡན་ལག་བསྟར་བྱས་པའི་“རི་ལུང་རྩ་ཚིག་”ཅེས་པ་དེ་ནི་ ༡༦༤༢ ལོའམ་ཡང་ན་དེའི་སྔོན་དུ་ཐོག་མར་བཏོན་ཡོད་པ་རེད།
༡༩༡༣ ལོར་ བོད་ཀྱིས་སྲོག་གཅོད་བྱེད་པ་གཏན་འགོག་བྱས་ཡོད་ལ། ༼ཕྱི་རྒྱལ་ཡུལ་སྐོར་བ་མང་པོས་བརྗོད་ཡོད་པ་ལྟར།༽ འཛམ་གླིང་ནང་དེ་ལྟར་བྱེད་པའི་རྒྱལ་ཁབ་སྔ་གྲས་ཤིག་ཡིན། བོད་ཀྱིས་གྲངས་ཉུང་མི་རིགས་༼ཁ་ཆེ་ལྟ་བུ་༽ལ་བཙན་དབང་བྱས་པའི་ལོ་རྒྱུས་མེད་ལ། རྒྱ་ནག་དང་དེ་བཞིན་གྱི་རྒྱལ་ཁབ་འགའ་ཡིས་དུས་ནས་དུས་སུ་བྱས་པ་ལྟ་བུའི་རང་གི་ མི་འབོར་གྱི་སྡེ་ཚན་བྱེ་བྲག་པ་འགའ་སྡེབ་གསོད་བྱས་རིགས་ཀྱང་མེད། གནམ་བདེ་སྒོ་མོ་ཆེ་ཡིད་ལ་དྲན་པར་མཛོད། བོད་རང་གི་མཐའ་མཚམས་རྒྱ་གར་དང་བལ་ཡུལ། འབྲུག་བཅས་པ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་པ་མེད་ནའང་ ཆབ་སྲིད་དང་དཔལ་འབྱོར་གྱི་སྐྱབས་བཅོལ་བ་ལྟ་བུའི་ངོས་ནས་ ཧ་ལམ་བོད་མི་ཞིག་བྲོས་བྱོལ་དུ་ཕྱིན་པ་ཡོད་མ་རེད། རྒྱ་ནག་གིས་བཙན་འཛུལ་མ་བྱས་གོང་དུ། ཡུ་རོབ་དང་ཨ་མི་རི་ཀར་གནས་སྤོར་བྱས་པའི་བོད་མི་གཅིག་ཀྱང་ཡོད་མ་རེད།



ཕྱིའི་དམག་གི་བཙན་འཛུལ་ལས་ཞི་བའི་བཅིངས་འགྲོལ་མ་རེད།

༡༩༥༠ ལོའི་ ཟླ་ ༡༠ ཚེས་ ༦ ཉིན་གྱི་ཐོ་རེངས་ཤར་དུས། དམར་དམག་གི་དམག་ཁག་བཅོ་བརྒྱད་པའི་དམག་སྡེ་ཨང་ལྔ་བཅུ་ང་གཉིས་པ་དང་། ང་གསུམ་པ། ང་བཞི་པ་ ༼ཧ་ལམ་དམག་མི་ ༤༠༠༠༠ ཙམ་༽ བཅས་ཀྱིས་ བོད་དམག་ ༣༥༠༠ ཙམ་དང་ དེ་བཞིན་ཁམས་པའི་ཡུལ་དམག་ ༢༠༠༠ ཙམ་གྱིས་སྲུང་ཡོད་པའི་བོད་ཀྱི་༼མེ་མཚམས་བཞག་སའི་༽ས་ཚིགས་ལ་ཚུར་རྒོལ་བྱས་པ་ རེད། དེའི་སྔོན་དུ་ ༡༩༤༩ ལོའི་ལོ་མཇུག་ལ། སྐབས་དེར་གོ་མིན་ཏང་གིས་རྒྱབ་སྐྱོར་བྱས་པའི་དམག་བདག་དག་གི་དབང་འོག་ཏུ་ཡོད་ པའི་བྱང་ཤར་གྱི་ཨ་མདོ་དང་ཤར་ཕྱོགས་ཀྱི་ཁམས་བཅས་ལ་གུང་ཁྲན་གྱི་དམག་འཛུལ་ཡོད། ཉེ་ཆར་གྱི་རྒྱ་རིགས་མཁས་པའི་ཞིབ་འཇུག་གིས་ཕྱིར་བཏོན་པ་ལྟར་ན། ༡༩༥༠ ལོའི་ཟླ་ ༡ ཚེས་ ༢༢ ཉིན་མའོ་ཙེ་ཏུང་ སི་ཏ་ལིན་ལ་ཐུག་ཡོད་པ་དང་། བོད་ལ་བཙན་འཛུལ་བྱེད་ཆེད་དུ་ཨུ་རུ་སུའི་གནམ་དམག་གིས་མཁོ་ཆས་དབོར་འདྲེན་ བྱེད་པའི་རོགས་སྐུལ་བྱས་པ་རེད། དེའི་ལན་དུ་སི་ཏ་ལིན་གྱིས། “ཁྱེད་ཀྱིས་བོད་ལ་ཕར་རྒོལ་གྱི་ གྲ་སྒྲིག་བྱེད་བཞིན་པ་དེ་ཡག་པོ་རེད། བོད་མི་ཚོ་གཉའ་གཅོག་དགོས་ཀྱི་འདུག” ཅེས་བརྗོད་པ་རེད།
ཆབ་མདོའི་གཡུལ་ས་ན་ ཡོད་པའི་དབྱིན་ཇིའི་རླུང་འཕྲིན་ལས་བྱ་༼བོད་གཞུང་གིས་གླས་པ།༽ཞིག་གིས། བོད་མི་ཚོས་འབྲི་ཆུའི་གྲུ་ཁ་ལྟེ་བ་དེ་ནས་ཕར་རྒོལ་གྱིས་ཧ་ལམ་མི་གཅིག་ལ་མ་ ཐུག་གི་བར་དུ་འཛིང་སོང་ཞེས་བྲིས་ཡོད་པ་རེད། དེ་ནས་ལྷོ་ཕྱོགས་སུ་སྨར་ཁམས་དང་ཐག་ཉེ་བའི་འབྲི་ཆུ་བརྒལ་ས་དེར། དེར་ཡོད་དབྱིན་ཇིའི་ཡེ་ཤུའི་ཆོས་པ་ཞིག་ལྟར་ན། བོད་ཀྱི་ཕར་རྒོལ་དམག་མིས་བློ་ཁོག་ཆེན་པོས་ཕར་རྒོལ་བྱས་ཀྱང་མཐར་ཕམ་ཉེས་བྱུང་ བ་དང་། ཤུལ་དུ་ལྷག་པའི་དམག་མི་དག་གིས་གོ་རིམ་ལྡན་པའི་ཐོག་ནས་ནུབ་ཕྱོགས་སུ་རྒྱབ་ བཤིག་བྱས་པ་རེད། དམག་སྡེ་གང་གིས་མགོ་བཏགས་ཞུས་པའམ་བྲོས་བྱོལ་ལ་ཕྱིན་རིགས་མེད་པ་རེད། རྒྱབ་བཤིག་བྱས་ནས་ཉིན་བཞི་པའི་སྐབས་དེར་དམག་སྡེ་གཅིག་ལ་ཚུར་རྒོལ་རྒྱ་ཆེན་ ཕོག་སྟེ་རྩ་མེད་བཏང་བ་རེད། ཐོག་མའི་ཚུར་རྒོལ་གྱི་བདུན་ཕྲག་གཉིས་ཏག་ཏག་གི་རྗེས་ལ་བོད་དམག་གིས་མགོ་བཏགས་ ཞུས་པ་རེད། དམར་ཤོག་གི་ལས་བྱ་ཞིག་གི་མི་ཚེའི་ལོ་རྒྱུས་ལྟར་ན། “ཆབ་མདོའི་དམག་གི་སྐབས་སུ་ བོད་མི་མང་པོ་བསད་པ་དང་རྨས་སྐྱོན་ཕོག་ཡོད་པ་དང་།” “་་་བོད་དམག་གིས་བློ་ཁོག་ཆེན་ པོས་འཛིང་ན་ཡང་། རྒྱ་དམག་གི་ཁ་གྲངས་མང་བ་དང་སྦྱོང་བརྡར་ལེགས་པ་ལ་འགྲན་ནུས་པ་ཞིག་མེད་པ་རེད།” རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་སྐོར་ལ་འབྲི་མཁན་ནུབ་ཕྱོགས་པའི་དམག་དོན་ མཁས་པ་ཉག་གཅིག་ཡོད་པ་དེས། “་་་དམར་པོའི་ཕྱོགས་ལ་མ་མཐའ་ལའང་མི་གྲངས་ ༡༠༠༠༠ བསད་སྐྱོན་ཕོག་ཡོད་པ་རེད།” ཅེས་བྲིས་འདུག རྒྱ་མིའི་དམག་མི་ཞིག་གིས་བྲིས་པའི་ལོ་རྒྱུས་ལྟར་ན། དམར་དམག་གི་རུ་ཁག་གཅིག་གིས་ཤིན་ཅང་ནས་ཚུར་རྒོལ་བྱས་ཡོད་མོད། བོད་ཀྱི་ནུབ་ཕྱོགས་མངའ་རིས་དགེ་རྩེའི་འབྲོག་དམག་གིས་སྔོན་བསྐྱོད་རུ་ཁག་དེ་ ཧ་ལམ་འགུལ་དུའང་མ་བཅུག་པར་བཀག་ཡོད་པ་རེད། དམག་མི་འདིས་ཡང་བསྐྱར་། གུང་ཁྲན་གྱི་དམག་ལ་བོད་ཀྱི་ཁུལ་དུ་བཙན་འཛུལ་བྱེད་རྒྱུར་རྒྱ་ནག་རང་གི་ས་བཀྲ་ ཙམ་ཡང་མ་རྙེད་ནས་མཐར་རྒྱ་གར་དབྱིན་གཞུང་གིས་པར་བརྒྱབ་པའི་ས་བཀྲ་ཞིག་བེད་ སྤྱོད་བྱེད་དགོས་ཤར་སྐོར་བྲིས་འདུག

༡༩༥༦ ལོར་ཁམས་ཀྱི་གྱེན་ལོག་ཆེན་པོ་མགོ་བཙུགས་པ་རེད་ལ། ལུང་པ་ཡོངས་ལ་ཁྱབ་ནས་ ༡༩༥༩ ལོའི་ཟླ་གསུམ་པའི་གྱེན་ལངས་བར་དུ་སླེབས་པ་རེད། འཇབ་དམག་གི་དམག་རྒོལ་དེ་ ༡༩༧༤ ལོ་ཙམ་ལ་ཞི་འཇགས་བྱས་པ་རེད། “གཟབ་ནན་གྱི་ཚོད་རྩིས་ཤིག་བྱས་པ་ཡིན་ན། མི་འབོར་ས་ཡ་ཕྱེད་ལས་མི་ཉུང་བ་ཞིག་ཡོད་པ་རེད།” དམག་འཁྲུག་གི་ནང་དུ་བོད་མི་རྣམས་བསད་པ་རེད། དེ་ལས་མང་བ་ཞིག་མཇུག་འབྲེལ་གྱི་ཆབ་སྲིད་ལས་དོན་ཁག་དང་། ངལ་རྩོལ་བསྒྱུར་བཀོལ་གྱི་རྭ་བ། དེ་བཞིན་མུ་གེ་ཆེན་པོ་བཅས་ཀྱི་ནང་གྲོངས་ཡོད་པ་རེད། ༢༠༠༨ ལོའི་བོད་ཁྱོན་ཡོངས་ཀྱི་གྱེན་ལོག་ངོ་རྒོལ་དང་དེ་ལ་རྒྱ་ནག་གིས་རྡུང་རྡེག་ཡ་ ང་བ་བཏང་བ་དེ་དག་གིས་དེ་རིང་ཡང་འཐབ་རྩོད་འདི་མུ་མཐུད་ནས་ཡོད་པ་དེ་གསལ་པོར་མཚོན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རྒྱལ་དར།


 

བོད་ཀྱི་དེང་རབས་རྒྱལ་དར་འདི་ནི་ ༡༩༡༦ ལོར་ཁྱབ་སྤེལ་བྱས་པ་ཞིག་རེད། རྒྱལ་དར་འདི་འཛམ་གླིང་གི་མདུན་སར་ཐོག་མར་མངོན་པ་དེ་ནི་ ༡༩༣༤ ལོའི་ ནེལ་ཤོན་ནལ་ འཇིའོ་གཱི་རཱ་ཕིག་(National Geographic) དུས་དེབ་ཀྱི་ “འཛམ་གླིང་གི་རྒྱལ་དར་ཁག་” ཅེས་པའི་འདོན་ཐེངས་དང་། དཔེ་དེབ་གཞན་གྱི་སྟེང་ཐོན་པ་དེ་རེད་ལ། ༡༩༣༠ སོ་གྲངས་ཀྱི་སྟོད་དུ་ཡུ་རོབ་ཀྱི་ཐ་མག་ཁྱབ་བསྒྲགས་ཀྱི་ཤོག་བྱང་དག་གི་ནང་དུ་ བསྐྱར་འགྲེམས་བྱས་ཡོད་པ་རེད། གོང་གསལ་དུས་དེབ་ཀྱིས་༡༩༡༧ ལོའི་རྒྱལ་དར་གྱི་འདོན་ཐེངས་ཆེས་ཐོག་མ་དེའི་ཁྲོད་འཁོད་རྒྱུར་ བོད་ཀྱི་རྒྱལ་དར་དེ་ཕལ་ཆེར་ཆེས་གསར་པ་དང་མ་ཤེས་པ་ཡིན་སྲིད་མོད། འདོན་ཐེངས་དེའི་ནང་གི་དུས་རབས་དཀྱིལ་མའི་སྐོར་གྱི་རྩོམ་ཡིག་ཅིག་ཏུ་བོད་ཅེས་ པའི་མིང་འདི་བཀོད་ཡོད་པ་རེད། རྒྱལ་དར་ལ་ཆེད་མཁས་དགེ་རྒན་ཆེན་མོ་ ལུ་འེག་སེ་ ཝོམ་ ལྟར་ན། བོད་ཀྱི་རྒྱལ་དར་འདི་ནི་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ཀྱི་དུས་ རབས་བདུན་པའི་ནང་གི་གངས་སེང་ཅན་གྱི་དར་ཆ་རྙིང་ང་ཞིག་ལ་གཞི་བཅོལ་བ་ཞིག་ཡིན་ པ་རེད།
ཐུགས་སྣང་དགོས་པ་ཞིག་ལ་ མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་གི་རྒྱལ་དར་གྱི་བརྒྱ་ཆ་ ༩༠ ལྷག་དེ་དམག་ཆེན་གཉིས་པའི་རྗེས་སུ་བཟོས་པ་རེད་ལ། དེའི་ཁོངས་སུ་ད་ལྟའི་རྒྱ་ནག་གི་རྒྱལ་དར་ཡང་ཚུད་ཡོད། ༡༩༤༧ ལོའི་ཨེ་ཤ་ཡའི་ནང་ཁུལ་ཚོགས་འདུའི་ཐོག་དེར་བོད་ཀྱི་རྒྱལ་དར་འདི་རྒྱལ་སྤྱིའི་ ཐོག་གཞུང་འབྲེལ་གྱིས་ཐོན་ཡོད་པ་དང་། ཚོགས་ཐོག་དེར་བདག་ཉིད་ཆེན་པོ་གཱན་དཱིས་གསུང་བཤད་གནང་ཡོད་པ་རེད། བོད་ཀྱི་རྒྱལ་དར་དེ་ཨེ་ཤ་ཡའི་རྒྱལ་ཁབ་གཞན་གྱི་རྒྱལ་དར་ལྷན་དུ་བཤམས་ཡོད་ ཅིང་། ཚོགས་མིའི་སྟེགས་བུའི་སྟེང་གི་བོད་ཀྱི་སྐུ་ཚབ་ཚོའི་མདུན་དེར་རྒྱལ་དར་གྱི་ ལས་རྟགས་གོར་མོ་ཞིག་བཤམས་ཡོད་པ་རེད།

  རྒྱལ་གླུ།  ༼༡༩༤༧ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོགས་པའི་ཨེ་ཤ་ཡ་ནང་ཁུལ་ཚོགས་འདུ།༽

བོད་ཀྱི་རྒྱལ་གླུའམ་རྒྱལ་ ཡོངས་སྨོན་ལམ་རྙིང་པ་ གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་འདིར༎ ཞེས་པ་དེ་ནི་ ༡༧༤༥ ལོར་བོད་ཀྱི་སྡེ་སྲིད་ཕོ་ལྷ་ནས་ཀྱིས་བརྩམས་པ་ཞིག་རེད། དེ་ནི་གཞུང་འབྲེལ་གྱི་དུས་སྟོན་ཁག་གི་མཇུག་ཏུ་སྐྱོར་ཞིང་། ནོར་བུ་གླིང་ཁའི་ལྷ་མོའི་འཁྲབ་སྟོན་ཁག་གི་སྔོན་འགྲོར་རྣམ་ཐར་གྱི་གདངས་སུ་ ལེན་པ་རེད། བོད་གཞུང་རྒྱ་གར་ལ་བཙན་བྱོལ་དུ་སླེབས་སྐབས་ དེང་རབས་ཅན་གྱི་རྒྱལ་གླུ་སྲིད་ཞིའི་ཕན་བདེ་ ཞེས་པ་བརྩམས་པ་རེད། ཚིག་འབྲུ་རྣམས་ནི་སྲོལ་རྒྱུན་གྱི་སྙན་ངག་མཁན་གྲགས་ཅན་ཞིག་ཏུ་བཞེད་པའི་ ༧རྒྱལ་བའི་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་བརྩམས་པ་རེད།

བོད་ཀྱི་ས་བཀྲ
༼༡༨༢༧ ལོའི་ས་བཀྲའི་ཐོག་ནས་དྲངས་པའི་ཞིབ་གསལ་གནས་ཚུལ།༽
༡༩༥༠ ཡར་སྔོན་གྱི་ས་བཀྲ་དང་གོ་ལའི་ས་བཀྲ་ཟླུམ་པོ་དང་ལེབ་མོ་མང་པོའི་ནང་བོད་འདི་ རྒྱ་ནག་ལས་ལོགས་སུ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་བསྟན་ཡོད། ཨེ་ཤ་ཡའི་ལོ་རྒྱུས་ཐད་ཀྱི་ས་བཀྲ་སྔ་ཤོས་འགའ་ཞིག་གི་ནང་བོད་༼དག་ཆ་མི་འདྲ་བ་ དཔེར་ན། Tobbat, Thibbet, The Kingdom of Barantola ལྟ་བུ།) འདི་རྒྱ་ནག་གམ་ ཁེ་ཐའེ་༼ཞེས་མིང་རྙིང་པར་འབོད་པ་༽ལས་ལོགས་ཀར་བསྟན་ཡོད། ཌཱ་ཆི་ཡུལ་གྱི་ས་བཀྲ་བ་ པཱི་ཊར་ ཝན་ དཱེར་ ཝ་ ཡིས་ ༡༦༨༠ ཙམ་ལ་བྲིས་པའི་ཨེ་ཤ་ཡའི་ས་བཀྲ་ཤིག་ཏུ་བོད་འདི་དུམ་བུ་གཉིས་སུ་བྲིས་མོད་འོན་ ཀྱང་རྒྱ་ནག་དང་ཐ་དད་དུ་བསྟན་ཡོད་ལ། དེ་བཞིན་ཧྥ་རན་སིའི་ས་བཀྲ་བ་ གཱུ་ལཱུ་མེ་ དཱེ་ ལེ་སེལ་ གྱིས་ ༡༧༠༠ ལོའི་ས་བཀྲ་དེར་ བོད་འདི་ལ་ “བོད་ཆེན་པོའི་རྒྱལ་ཁམས་”ཞེས་བསྟན་འདུག

༼ནུ་རེམ་བྷག་ཏུ་ཡོད་པའི་ མཱར་ཊིན་ བེ་ཧཱེམ་གྱི་གོ་ལའི་ས་བཀྲ།༽

ཨ་མི་རི་ཀར་ ༡༨༧༧ ལོར་པར་སྐྲུན་བྱས་པའི་རྒྱ་གར་དང་རྒྱ་ནག བོད་བཅས་ཀྱི་ས་བཀྲ་ཞིག་ཏུ་བོད་འདི་རྒྱལ་ཁབ་གཞན་གཉིས་ལས་གཞན་ཞིག་ཡིན་པ་གསལ་ པོར་མཚོན་འདུག ཕི་ལཱ་ཌཱ་ཕི་ཡ་ནས་ཡིན་པའི་ཨེན་ཐོ་ནེ་ ཧྥིན་ལེ་ཡིས་ ༡༨༢༧ ལོར་བྲིས་པའི་ས་བཀྲ་ཞིག་ཏུ་ “བོད་ཆེན་པོ་”འདི་རྒྱ་ནག་གོང་མའི་རྒྱལ་ཁབ་ལས་ལོགས་ཀ་ཡིན་པ་གསལ་པོར་བསྟན་འདུག འཛམ་གླིང་ནང་ཡོད་པའི་གོ་ལའི་ས་ཁྲ་རྙིང་ཤོས་དང་། ཡང་ན་ཧ་ལམ་འཛམ་གླིང་གི་ཟླུམ་གཟུགས་མིས་བྲིས་པ་ཐོག་མ་དེ་ཡིན་སྲིད་པ་དེ་ནི་ ༡༩༤༢ ལོར་ མཱར་ཊིན་ བེ་ཧཱེམ་༼པཱོར་ཊུ་གལ་གྱི་རྒྱལ་པོའི་ས་ཁམས་རིག་པ་བ་ཞིག་༽ གྱིས་བཟོས་པ་དེ་རེད། དེའི་ནང་ཨ་མི་རི་ཀ་རྙེད་སོན་མ་བྱུང་སྔོན་གྱི་འཛམ་གླིང་དེ་བྲིས་ཡོད་པ་རེད། བོད་ནི་ འཇར་མཱན་གྱི་སྐད་དུ་“བོད་ཀྱི་རྒྱལ་ཁམས་༼ Thebet ein konigreich༽” ཞེས་ཧ་ཅང་གསལ་པོར་ངོས་འཛིན་བྱས་འདུག
ཧ་ལམ་འཛམ་གླིང་ནང་ཆེ་ ཤོས་ཡིན་ཅིང་། ཤེལ་གྱིས་གྲུབ་པའི་གོ་ལའི་ས་བཀྲ་༼བྷོ་སི་ཊོན་ན་ཡོད་པ་༽ རཱན་ཌི་ མེག་ནེ་ལེ་ཡི་ ༡༩༣༤ ལོའི་ས་བཀྲ་ལ་གཞི་བཅོལ་ནས་བཟོས་པ་ དེར་ཡང་བོད་ནི་རྒྱལ་ཁབ་གཞན་ཞིག་ཡིན་པ་གསལ་པོར་བསྟན་ཡོད།

༼ཨ་རིའི་མེ་སི་ཆུ་སེ་སི་མངའ་སྡེའི་བྷོ་སི་ཊོན་ན་ཡོད་པའི་ཤེལ་གྱི་ས་བཀྲ།༽
རྒྱ་ནག་གི་ས་ཁྲ་སྔ་ ཤོས་དག་ཏུ་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་མི་སྟོན། མིང་རྒྱལ་རབས་ཀྱི་ཁྲིམས་ཀྱི་ལས་བྱེད་རྒན་གྲས་ཝང་ཧྥེན་གྱིས་ ༡༥༩༤ ལོར་བྲིས་པའི་རྒྱ་ནག་གི་ས་མཚམས་ས་ཁྲ་ཞིག་ཏུ་ཟིན་ཐོ་ཞིག་བཀོད་ནས་རྒྱའི་ས་ཆ་ ཡོངས་རྫོགས་ས་ཁྲ་དེར་ཚུད་ཡོད་ཅེས་བཀོད་མོད། བོད་ཀྱི་ས་ཆ་མེད་ཐོག་ ཐ་ན་ཆེས་ཤར་མཐའི་ཁམས་དང་ཨ་མདོའི་ས་ཁུལ་དག་ཀྱང་དེར་ཡོད་མ་རེད།

༼༡༥༩༤ ལོའི་མིང་རྒྱལ་རབས་ཀྱི་ས་བཀྲའི་སྟོད་མ།༽

མན་ཇུའི་གོང་མ་ཁང་ཞིས་ བཀོད་འདོམས་འོག་ཡེ་ཤུའི་ཆོས་སྤེལ་གྱི་གྲྭ་རིགས་ཇེ་སུའེ་ཊི་(Jesuits) ཞེས་འབོད་པའི་བཀྲ་བ་དག་གིས་བཟོས་པའི་ས་བཀྲ་ཆེན་མོ་པར་དུ་བཀོད་པའི་རྗེས་སུ་ ༡༧༠༠ ལོའི་དུས་རབས་དཀྱིལ་དུ་ཐོན་པའི་ས་བཀྲ་འགའ་ཞིག་གི་ནང་། བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པ་སྟོན་མགོ་བཙུགས་པ་རེད། བོད་འདི་རྒྱ་ནག་གོང་མའི་མངའ་ཁོངས་ཆ་ཤས་མིན་སྟབས། ཇེ་སུའེ་ཊི་དེ་ཚོ་ ༼མན་ཇུའི་ཡུལ་ལ་ས་ཞིབ་བྱས་པ་ཇི་བཞིན་༽བོད་ནང་དུ་བསྐྱོད་ནས་ས་ཞིབ་བྱེད་ཐུབ་ མེད་པ་རེད། དེར་བརྟེན། ཁོང་ཚོས་པེ་ཅིང་དུ་སོག་རིགས་ཀྱི་གྲྭ་པ་གཉིས་ལ་སྦྱོང་བརྡར་སྤྲད་དེ་བོད་དུ་གསང་བའི་ས་ཞིབ་བྱེད་ཆེད་བཏང་བ་རེད། དབྱིན་ཇིའི་ས་བཀྲ་འབྲི་མཁན་དག་གིས་གོང་མཚུངས་ཀྱི་གསང་བྱུས་ས་ཞིབ་བྱས་ཡོད་ དེ། ཁོང་ཚོས་སྦྱོང་བརྡར་སྤྲད་པའི་ཧི་མ་ལ་ཡའི་ཡུལ་མི་དང་ཐ་ན་སོག་པོའི་གྲྭ་པ་ གཅིག་ཀྱང་བེད་སྤྱོད་བྱས་ཡོད་པ་རེད། ཨ་མི་རི་ཀའི་རྒྱ་ནག་མཁས་པ་ཞིག་གིས་བཤད་དོན་ལ། ཡུ་རོབ་པའི་བཙན་འཛུལ་དབང་ཤུགས་དང་མཚུངས་པར། རྒྱ་ནག་གིས་ཀྱང་ བོད་དང་ཀོ་རི་ཡའི་ནང་ རང་གི་“བཙན་འཛུལ་ལས་དོན་”སླེབས་ཐབས་སུ་ས་བཀྲ་རིག་པ་བེད་སྤྱོད་བྱས་པ་རེད་ཅེས་བཤད་ཆོག་པ་ རེད་ཟེར།

བོད་ཀྱི་དངུལ་སྒོར།

ཡིག་ཆའི་ཁུངས་ལྟར་ན། གནའ་སྔ་མོའི་བོད་དུ་གསེར་དང་། དངུལ། ཟངས་ཀྱིས་བཟོས་པའི་སྒོར་མོ་དང་། ཐ་ན་སྒྲོམ་བུ་ཚུན་ནས་ སྒོར་མོའི་དོད་དུ་སྤྱད་ཡོད་པ་རེད། ཕལ་ཆེར་ ༡༦༥༠ ཙམ་ནས་བོད་ཀྱི་དངུལ་ཊམ་ཁག་གྲོས་མཐུན་གཞིར་བཟུང་བལ་ཡུལ་དུ་བཟོས་ཡོད་པ་རེད། ༡༧༩༢ ལོར་བོད་དང་མན་ཇུའི་དམག་དཔུང་གིས་བལ་དམག་ཕམ་པར་བྱས་རྗེས་དེར། རྒྱ་བོད་གཉིས་ཀའི་ཡི་གེ་ཡོད་པའི་ཊམ་ཀ་བཀྲམས་ཡོད་པ་རེད། འོན་ཀྱང་བོད་གཞུང་གིས་བོད་རང་གི་སྲོལ་རྒྱུན་ཅན་གྱི་སྒོར་མོ་མུ་མཐུད་ནས་ བཏོན་ཡོད་དེ། དེ་ཡང་ ༡༧༩༡-༩༣ བར་དུ་ ཀོང་པར་ཊམ་ཀ་༼དག་ཆ་གསལ་པོར་མ་ཤེས།-རབ་གསལ།༽ དང་། ༡༨༣༦ ནས་ ༡༩༡༡ བར་དུ་དགའ་ལྡན་ཊམ་ཀ་བཏོན་ཡོད་པ་ལྟར་རེད། དངུལ་གྱི་སྒོར་མོ་སྐལ་བཟང་ཊམ་ཀ་ཞེས་པ་དེ་ནི་ཕལ་ཆེར་ ༡༩༠༩ ལོར་ ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་པེ་ཅིང་ནས་ཚུར་ལྷ་སར་ཆིབས་བསྒྱུར་གནང་བའི་དགའ་ སྟོན་དུ་དཔར་ཡོད་པ་ཞིག་རེད།

༼ཀོང་པར་ཊམ་ཀ་དང་དགའ་ལྡན་ཊམ་ཀ སྐལ་བཟང་ཊམ་ཀ སྲང་གསུམ་སྒོར་མོ་བཅས།༽
༡༩༡༢ ལོར་རྒྱ་དམག་མཐར་བསྐྲད་བཏང་རྗེས། བོད་དང་ནང་ཆོས་ཀྱི་ཇུས་འགོད་སྤྱད་ནས་རང་གི་དངུལ་སྲང་བཏོན་པ་རེད། ཤོག་དངུལ་ནི་བོད་ནང་དུ་ དུས་རབས་ ཉི་ཤུ་བའི་ དུས་སྟོད་ཁོ་ན་ལ་ངོ་སྤྲོད་བྱུང་བ་རེད། འོན་ཀྱང་། དངུལ་ལོར་རིག་པ་བ་ཝོལ་ཧྥ་གཱང་ བྷིར་ཆི་ ལྟར་ན། དེ་ཚོ་ནི་ “སྒྱུ་རྩལ་གྱི་ལས་ཀ་ཆུང་ཆུང་ཞིག་”ཡིན་པ་རེད། བོད་ཀྱི་ཤོག་དངུལ་འདིའི་ཐུན་མོང་མ་ཡིན་པའི་སྒེར་ཆོས་ཤིག་ནི་ ཨང་རིམ་གྱི་ཨང་ཀི་རྣམས་ ཨེ་པ་ཞེས་འབོད་པའི་ཡིག་གཟུགས་མཁས་པ་དེ་ཚོས་ལག་བྲིས་བྱས་ཡོད་པ་དེ་རེད་ལ། དེ་ནི་རྫུན་མ་སྔོན་འགོག་གི་ཆེད་ཡིན་པ་རེད།

ཐ་ན་ རྒྱ་དམར་གྱི་བཙན་བཟུང་རྗེས་སུ་ཡང་། བོད་མི་ཚོས་རྒྱ་མིས་བོད་དངུལ་འགོག་ཐབས་བྱས་པ་དེ་ལ་ལམ་ལྷོང་དང་བཅས་སྣང་མེད་ བྱེད་ཐུབ་པ་བྱུང་ཡོད་པ་རེད། རྒྱ་མིའི་གཞུང་འབྲེལ་གྱི་དངུལ་ལོར་དེ་དག་ནི་ ༡༩༥༩ ལོའི་ཟླ་བ་གསུམ་པའི་ནང་༧རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་ཐོན་མཚམས་ གཞི་ནས་བེད་སྤྱོད་བྱས་པ་རེད། བོད་ཀྱི་ལོ་རྒྱུས་ཡོངས་རྫོགས་ཀྱི་ནང་ ༡༩༥༩ ལོའི་ཡར་སྔོན་དུ་ རྒྱ་ནག་གཞུང་འབྲེལ་གྱི་དངུལ་ལོར་བོད་དུ་བེད་སྤྱོད་གཏན་ནས་བྱས་མྱོང་ཡོད་མ་ རེད།

བོད་ཀྱི་ཕྱིར་བསྐྱོད་ལག་འཁྱེར།


བོད་གཞུང་གིས་རང་གི་ས་ མཚམས་རྣམས་སུ་འགྲུལ་བཞུད་བྱེད་མཁན་དང་ཡང་ན་བོད་མི་༼ཉུང་ཤས༽ ཕྱི་རྒྱལ་ལ་བསྐྱོད་པ་ཚོར་ཕྱིར་བསྐྱོད་ལག་འཁྱེར་རམ་ལམ་ཡིག་བསྩལ་ཡོད་པ་རེད། དམག་ཆེན་གཉིས་པའི་སྔོན་དུ་ ལག་འཁྱེར་ཞེས་པའི་མིང་ཚིག་འདི་ ཐོངས་མཆན་དང་འགྲུལ་བཞུད་ལག་འཁྱེར་སྤྱི་ཡོངས་ལ་གོ་བ་རེད། ཕྱི་རྒྱལ་གྱི་མི་ལ་སྤྲད་པའི་བོད་ཀྱི་ལག་འཁྱེར་སྔ་ཤོས་ཡིག་ཐོག་ཏུ་འཁོད་པ་ནི་ ༡༦༨༨ ལོར་ཨར་མི་ནི་ཡའི་ཚོང་པ་ ཡོ་ཧཱ་ན་སེ་ ཟེར་བ་ཞིག་ལ་སྤྲད་པ་དེ་རེད། ༡༧༨༠ ལོར་རྒྱ་གར་གྱི་གཞུང་འཛིན་སྤྱི་ཁྱབ་པ་ ཝེ་རེན་ ཧེ་སེ་ཏིང་སེ་༼ Warren Hastings༽ ཡི་སྐུ་ཚབ་ པུ་རཱན་གིར་ གོ་སཱེན་ ༼ Purangir Gossain༽ལ་ལྷ་ས་ནས་ལག་འཁྱེར་ཞིག་བསྩལ་ཡོད་པ་རེད་ལ། སྤྱི་ཁྱབ་པ་འདིས་ སྐབས་དེའི་དབྱིན་ཇིའི་ཚོང་ལས་ཀྱི་ཚོགས་པ་ཆེན་པོ་ཞིག་ཡོད་པ་དེ་ལ་བོད་འདི་ སྒོ་འབྱེད་ཐུབ་པའི་རེ་བ་བྱས་པ་རེད།

༼༡༩༢༡ ལོར་ཇོ་མོ་གླང་མར་འཛེགས་མཁན་ལ་བསྩལ་བའི་ལག་འཁྱེར།༽
བོད་གཞུང་གིས་ ཇོ་མོ་གླང་མར་འཛེགས་པའི་བཀའ་འཁྲོལ་ཐོག་མ་དེ་ ༡༩༢༡ ལོར་ ཆེལ་སི་ བྷེལ་ལ་སྤྲད་ཡོད་པ་རེད། ལྷ་སར་ཡོང་བའི་ དབྱིན་ཇིའི་ཕྱི་འབྲེལ་ལས་དོན་པ་དེས་བྲིས་དོན། “ང་ལ་བོད་གཞུང་གིས་གཞུང་འབྲེལ་ ལག་འཁྱེར་ཞིག་གནང་འབྱོར་བྱུང་བ་དེས་ང་རང་ཇོ་མ་གླང་མ་ལ་འཛེགས་རྒྱུའི་བཀའ་ འཁྲོལ་སྤྲད་ཡོད།”ཅེས་ བྲིས་འདུག དེའི་རྗེས་འབྲེལ་དུ་བྱུང་བའི་ ༡༩༢༢ དང་ ༡༩༢༤ དེ་ནས་ ༡༩༣༦ བཅས་ཀྱི་ཇོ་མོ་གླང་མའི་རི་འཛེགས་པ་རྣམས་ལ་ཡང་བོད་གཞུང་ནས་ལག་འཁྱེར་གནང་ འབྱོར་བྱུང་ཡོད། ལག་འཁྱེར་དེ་ཚོ་ནི་མཚམས་རེར་ཚན་རིག་སློབ་སྦྱོང་ཐད་ལ་ཞུ་བསྩལ་བྱས་ཡོད་པ་ནི། ༡༩༣༩ ལོའི་ཤེའེ་ཧྥེར་འགྲུལ་བཞུད་དང་། ༡༩༤༩ ལོའི་ཏཱུ་ཆི་འགྲུལ་བཞུད། ༡༩༢༤ ལོའི་རྩི་ཤིང་འཚོལ་སྒྲུབ་པ་ ཧྥི་རན་ཀི་ ཀིང་ཌོན་ ཝར་ཌི་ལྟ་བུ་རེད།
༡༩༤༢ ལོར་སྲིད་འཛིན་ རཱོ་སེ་ཝེལ་གྱིས་བོད་དུ་བཏང་བའི་སྐུ་ཚབ་གཉིས་ལ་ ཡཱ་ཏུང་དུ་ལག་འཁྱེར་སྤྲད་པ་རེད། ཨ་མི་རི་ཀ་བ་ལཱོ་ཝེལ་ ཐོ་མཱ་སི་ཕ་བུ་གཉིས་ ༡༩༤༩ ལོར་བོད་དུ་བསྐྱོད་སྐབས་ དོལ་མོ་༼ཡང་ན་གྲོ་མོ།-རབ་གསལ།༽ནས་ “བོད་ཀྱི་ལག་འཁྱེར་”སྤྲད་པ་རེད། ༧རྒྱལ་བ་རིན་པོ་ཆེའི་ལག་འཁྱེར་དེ་ང་ཚོའི་མདུན་ལ་བཀྲམས་སྐབས་དེར་ལྷ་སར་བསྐྱོད་རྒྱུར་ལམ་ལྷོང་མ་བྱུང་བའི་ནུབ་ཕྱོགས་པ་མང་པོར་མཚོན་ན་ཡིག་ཆ་འདི་འདྲ་ལ་རིན་རྩིས་ཆེན་པོ་བྱེད་ཀྱི་རེད་ཅེས་བསམས་པ་དེ་འགོག་མེད་དུ་སྐྱེས་བྱུང་།”ཞེས་བྲིས་ཡོད་པ་རེད།

ཞྭ་སྒབ་པའི་ལག་ཁྱེར།


༡༩༡༢ ལོ་ནས་བཟུང་བོད་མི་ཕྱིའི་རྒྱལ་ཁབ་ལ་བསྐྱོད་མཁན་དག་ལའང་ལག་འཁྱེར་བསྩལ་ཡོད་པ་ རེད། བོད་ཀྱི་དེང་རབས་ལག་འཁྱེར་སྟེ། སྐྱེ་བོ་སྒེར་གྱི་ལོ་རྒྱུས་དང་པར། ད་དུང་ཐོངས་མཆན་དང་རྒྱབ་གཉེར་ཞུ་ས་བཅས་ཡོད་པ་ནི་ ༡༩༤༨ ལོར་བོད་ཀྱི་ཚོང་དོན་སྐུ་ཚབ་རྣམས་ལ་སྤྲད་ཡོད་པ་དེ་རེད། དེ་ནི་ ༡༩༡༥ ལོའི་རྒྱལ་སྤྱིའི་ཤོག་ངོས་གཅིག་ལྟེབ་རྩེག་བརྒྱབ་པའི་མ་དཔེ་ལ་དཔེ་བླངས་ཡོད་ པ་རེད། དབྱིན་ཡུལ་དང་ཨ་མི་རི་ཀ ལུང་པ་གཞན་བདུན་གྱིས་ཡིག་ཆ་འདིའི་ཐོག་ཐོངས་མཆན་དང་བར་བརྒལ་ཐོངས་མཆན་སྤྲད་ ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༡༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 10

  1. འཇིག་རྟེན་ says:
    ལོ་ 14 སྔོན།

    མཁས་དབང་ཁོང་ཉིད་ཀྱིས་རྩོམ་ཡིག་དག་རྙེད་བྱུང་བ་ཟད་འདི་དག་གི་ལྗོངས་བྱས་ནས་བོད་བཙན་ཡིན་པ་ར་སྤྲདཔ་་འཛམ་གླིངགིས་མཐོང་ཐུབ་པ་རེད་

    Reply
  2. karma dorje says:
    ལོ་ 15 སྔོན།

    ཀརྡོའི་བོད་ཀྱི་རྒྱལ་ གླུ་གསར་རྩོམ།

    འཛམ་གླིང་ཡང་ཐོག་བོད་ རིགས་སྤུན་ཟླའི་ཡུལ་
    བོན་ཆོས་ནང་བསྟན་ཞི་ བདེའི་འོད་སྣང་འབར་
    བསྟན་འགྲོའི་རྒྱལ་ཁབ་རྒྱ་ ཆེར་སྐྱོང་བའི་གཞུང་
    མཛད་བྱུས་ཀྱི་དབང་ཐང་ རྒྱས་
    ལུགས་གཉིས་ཁྲིམས་སུ་བཅས་ པས་
    ཕྱོགས་ཀུན་བྱམས་བརྩེས་ སྐྱོང་
    དམངས་བསྐོས་དགའ་བ་བརྒྱ་ ལྡན་གོ་འཕང་གནམ་ལ་རེག
    ཕུན་ཚོགས་སྡེ་བཞིའི་ཡར་ རྒྱས་ངང་
    གངས་ལྗོངས་མདོ་དབུས་ཁམས་ གསུམ་ཁྱོན་ལ་
    བདེ་སྐྱིད་རང་དབང་གསར་པས་ ཁྱབ་
    ཆོས་སྲིད་ཀྱི་ལམ་ལུགས་དང་
    ཆོས་རིག་ཕྱོགས་བཅུར་རྒྱས་ པས་
    འཛམ་གླིང་མི་རིགས་ཀུན་ལ་ ཞི་བདེའི་དཔལ་ལ་སྦྱོར་
    བོད་རྒྱལ་མི་རིགས་ཡ་རབས་ བཟང་སྤྱོད་དང་
    བཀྲ་ཤིས་དགེ་མཚན་རླབས་ ཆེན་དྲང་བདེན་གྱིས་
    མཐའ་མཚམས་དམག་འཁྲུག་གཡུལ་ ལས་རྒྱལ་གྱུར་ཅིག །

    མཆན། སྙན་ངག་ཚབ་ལ་ཚིག་གསར་དང་། གདངས་རྙིང་པ་རང་ལ་འགྲོ་ཐུབ་པ་བྱས་ཡོད།

    Reply
  3. གཞིས་ཆགས་བུ། says:
    ལོ་ 15 སྔོན།

    མཁས་དབང་འཇམ་ནོར་ལགས་དང་དགེ་འདུན་རབ་གསལ་ཟུང་ལ་མཚམས་འདྲི་དང་རྩོམ་ཡིག་འདི་སྤེལ་བར་ཐུགས་རྗེ་ཞུ་རྒྱུ་ཡིན། བོད་མི་མགོ་ནམ་སུ་ཞིག་ཡིན་ཡང། རང་ཉིད་དབུ་མ་དང་རང་བཙན་གང་ཞིག་གི་ཕྱོགས་སུ་འདོད་ནའང། ང་རང་ཚོའི་ཆོས་ལྡན་རྒྱལ་ཁབ་འདི་བཞིན་སྔར་རང་བཙན་གྱི་རྒྱལ་ཁབ་ཞིག་བསྒྲུབ་པ་ལ་རྒྱུ་མཚན་ཁུངས་ལྡན་མང་དག་ཤིག་དགོས་པ་དང། ལྷག་པར་གསར་སྐྱེས་ཀྱི་བོད་རིགས་གཞོན་ནུ་རྣམས་ཀྱིས་ང་རང་ཚོའི་ཕ་མེས་ཀྱི་རྒྱལ་ཁབ་འདི་བཞིན་རྒྱ་ནག་གི་དབང་བསྒྱུར་གི་འོག་ཏུ་མི་ཚུད་པའི་སྔ་རོལ་ན་། རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པར་འཛམ་གླིང་མི་མངས་ཀུན་ལ་བསྒྲུབ་ཐུབ་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ་བས། འདིར་སྐུ་ཞབས་འཇམ་ནོར་ལགས་ཀྱིས་བྲིས་གནང་བའི་རྩོམ་ཡིག་འདི་བཞིན་ཀློག་ནས་སློབ་སྦྱོང་བྱེད་དགོས་པ་གལ་ཆེ།

    Reply
  4. karma dorje says:
    ལོ་ 15 སྔོན།

    རྒྱལ་གླུ་དང་ཆིངས་ཡིག་ཡོད་པའི་བོད། ཅེས་བཅོས།

    Reply
  5. karma dorje says:
    ལོ་ 15 སྔོན།

    བོད་རང་བཙན་ཡིན་པའི་ཚད་འཇོག་བདུན་པོ།

    ལས་འགན་སྒྲུབ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པའི་བོད།
    ཕྱིའི་དམག་གི་བཙན་འཛུལ་ལས་ “ཞི་བའི་བཅིངས་འགྲོལ་”མ་བྱུང་བའི་བོད།
    རྒྱལ་ཁབ་ཀྱི་རྒྱལ་དར་ཡོད་པའི་བོད།
    རྒྱལ་གླུ་ཡོད་པའི་བོད།
    བོད་ཀྱི་ས་བཀྲར་ས་མཚམས་ཡོད་པའི་བོད།
    བོད་ཀྱི་ཤོག་དངུལ་དང་དངུལ་ཊམ་ཡོད་པའི་བོད།
    བོད་ཀྱི་ཕྱིར་བསྐྱོད་ལག་འཁྱེར་ཡོད་པའི་བོད།

    དེང་གི་རྒྱ་ཡི་ཏང་ཚོས་ ༸གོང་ས་མཆོག་གི་གཉིས་སྨན་དབུ་མའི་ལམ་ལ་བསམ་བློ་མགྱོགས་ཙམ་མ་བཏང་བར་གོང་ འཁོད་ཡིན་པའི་བོད་གཅིག མ་བྱུང་བའི་བོད་གཅིག ཡོད་པའི་བོད་ལྔ་དང་བདུན་ཏེ་དེང་དུས་བོད་ཀྱི་རྒྱལ་སྲིད་སྣ་བདུན་དང་ཁ་གཏད་ བཅོག་དགོས་བྱུང་ན་འཕྱིས་དྲགས་ནས་འགྱོད་དགོས་བྱུང་ཉེན་ཡོང་སྲིད་པས་སོམས་ཤིག །

    འཇམ་པོས་ངག་གིས་རང་བཙན་རྒྱལ་ཁབ་ཡིན་པའི་བོད། །
    དབྱངས་གསལ་ལས་དྲངས་བཙན་འཛུལ་ལས་གཞན་མ་བྱུང་སོགས། །
    ནོར་སྐྱོན་བྲལ་ལ་ཁྲིམས་མཐུན་བདེན་རྩོད་ཨིན་སྐད་ལ། །
    བུ་རྒོད་ཁྱོད་ཀྱིས་བྲིས་པ་དགེ་རབ་བོད་འགྱུར་ཕན། །

    བདེན་པའི་མཐའ་ཡི་རྒྱལ་ཁའི་དགེ་ལེགས་གོང་ནས་གོང་དུ་འཕེལ། །

    Reply
  6. གྲྭ་རྒོད says:
    ལོ་ 15 སྔོན།

    འཇམ་དབྱངས་ནོར་བུ་ལགས་རྩོམ་ཡིག་འདིར་དྲངས་པ་ཧ་ཅང་བཟང་གི འདི་ཤེས་རྟོགས་བྱེད་དགོས་གལ་ཆེན་པོ་རེད།འོན་ཀྱང་ངས་ལོ་རྒྱས་མ་ཤེས་པ་དང་ལོ་རྒྱས་ཡོད་པ་མ་རེད་ཟེར་བ་གཏན་ནས་མིན།ལོ་རྒྱས་ཐོག་རང་བཙན་ཡིན་ཡང་ད་ལྟས་བོད་ཀྱི་གནས་བབས་ལ་ལྟ་ཤེས་དགོས་རེད་མ་གཏོགས་རྗེས་སྐྱོང་ཁག་པོ་རེད།གལ་སྲིད་རྗེས་སྐྱོང་བ་ལ་གྲ་སྒྲིག་ཡག་པོ་དགོས་པ་བཤད་མ་དགོས་པ་ཞིག་རེད་ལ།རང་བཙན་རྩོད་པ་ལ་གྲ་སྒྲིག་གང་དང་གང་ཡོད་དམ་ཤེས་ཚུལ་ཐོག་གང་འདྲ་ཡོད་དམ།བློ་ཁེལ་ཐུབ་པའི་མི་ག་ཚོད་ཡོད།སློབ་སྤྱོང་མེད་ན་ལམ་ཁ་མེད་ཤེས་སོང་ངམ།སྒེར་སེམས་ཀྱི་བྱ་འགལ་ཇི་ལྟར་སྤེལ་ཀྱང་སྤྱིའི་དོན་ལ་ལམ་འགྲོ་རྒྱུན་སྐྱོང་ཡང་དཀའ་བ་དེ་ཚོ་ཤེས་སམ།གྲ་སྒྲིག་མེད་པའི་ཁ་བཤད་ཙམ་གྱི་བོད་སྤྱིའི་དོན་ལ་ནོར་འཁྲིལ་མ་བཟོ་རོགས།ཐུགས་རྗེ་གཟུགས།

    Reply
  7. གྲྭ་རྒོད says:
    ལོ་ 15 སྔོན།

    འཇམ་དབྱངས་ནོར་བུ་ལགས་རྩོམ་ཡིག་འདིར་དྲངས་པ་ཧ་ཅང་བཟང་གི འདི་ཤེས་རྟོགས་བྱེད་དགོས་གལ་ཆེན་པོ་རེད།འོན་ཀྱང་ངས་ལོ་རྒྱས་མ་ཤེས་པ་དང་ལོ་རྒྱས་ཡོད་པ་མེད་རེད་ཟེར་བ་གཏན་ནས་མིན་ལོ་རྒྱས་ཐོག་རང་བཙན་ཡིན་ཡང་ད་ལྟས་བོད་ཀྱི་གནས་བབས་ལ་ལྟ་ཤེས་དགོས་རེད་མ་གཏོགས་རྗེས་སྐྱོང་ཁག་པོ་རེད་གལ་སྲིད་རྗེས་སྐྱོང་བ་ལ་གྲ་སྒྲིག་ཡག་པོ་དགོས་པ་བཤད་མ་དགོས་པ་ཞིག་རེད་ལ།རང་བཙན་རྩོད་པ་ལ་གྲ་སྒྲིག་གང་དང་གང་ཡོད་དམ་ཤེས་ཚུལ་ཐོག་གང་འདྲ་ཡོད་དམ།བློ་ཁེལ་ཐུབ་པའི་མི་ག་ཚོད་ཡོད།སློབ་སྤྱོང་མེད་ན་ལམ་ཁ་མེད་ཤེས་སོང་ངམ།སྒེར་སེམས་ཀྱི་བྱ་འགལ་ཇི་ལྟར་སྤེལ་ཀྱང་སྤྱིའི་དོན་ལ་ལམ་འགྲོ་རྒྱུན་སྐྱོང་ཡང་དཀའ་བ་དེ་ཚོ་ཤེས་སམ།གྲ་སྒྲིག་མེད་པའི་ཁ་བཤད་ཙམ་གྱི་བོད་སྤྱིའི་དོན་ལ་ནོར་འཁྲིལ་མ་བཟོ་རོགས།ཐུགས་རྗེ་གཟུགས།

    Reply
  8. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    འཇམ་དབྱངས་ནོར་བུ་ལགས་རྩོམ་ཡིག་འདིར་དྲངས་པ་ཧ་ཅང་བཟང་གི འདི་ཤེས་རྟོགས་བྱེད་དགོས་གལ་ཆེན་པོ་རེད་ཡ།
    རྩོམ་ཡགི་ཡག་ཐག་ཆོད་ཅིག་བྲིས་གནང་འདུག་གཱ ད་རང་བཙན་ཡང་བརྩོད་རན་ཡོད་ས་རེད་དཱ། ཧ་ཧ་ཧ།

    Reply
  9. འབྲོག་རུ་ཆོས་གྲགས། says:
    ལོ་ 15 སྔོན།

    འཇམ་དབྱངས་ནོར་བུ་ལགས་ཀྱིས་འདི་འདྲ་ཞིག་གཙོ་སྒྲུབ་གནང་བར་ཐུགས་རྗེ་ཆེ་ཞུ་འདོད་བྱུང༌། འདི་ནི་ཁོང་གིས་བོད་རང་བཙན་ཁ་ནས་བཤད་པ་ཙམ་མིན་པར། འགན་བླངས་ནས་སྒྲུབ་ཀྱིན་ཡོད་པའི་མངོན་རྟགས་གསལ་བོ་ཞིག་རེད།

    ད་འདི་རྒྱ་ཡིག་ལ་བསྒྱུར་ནས་རྒྱ་ནང་གི་གཞོན་སྐྱེས་ཚོར་སྤྲོད་ཅི་ཐུབ་བྱེད་ན་ཡག་པོ་རེད། ད་དུང་གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྱང་འདི་ལ་གསར་འགྱུར་དཔྱད་བརྗོད་སྤེལ་བ་དང༌། ཡང་ན་གསར་འགྱུར་བརྒྱུད་སྒྲོག་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད་བསམ་གི་འདུག

    Reply
  10. བསེ་རུ། says:
    ལོ་ 15 སྔོན།

    དགེ་འདུན་རབ་གསལ་ལགས། སྐུ་ཉིད་ཀྱིས་དུས་ཐོག་གི་ཆར་ལྟར་སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱིས་རྩོམ་བྲིས་གནང་བའི་ལོ་རྒྱུས་ཀྱི་བདེན་དཔང་གསལ་བའི་གལ་ཆེའི་ཡིག་ཚགས་འདི་རིགས་བསྒྱུར་འདོན་གནང་བར་བཀའ་དྲིན་ཆེ་ཞུ་འདོད་བྱུང་།

    མཁས་དབང་ཁོང་ཉིད་ཀྱིས་བར་སྐབས་ཤིག་དྷ་སའི་གཡས་གཡོན་དུ་གོང་འཁོད་གནས་ཚུལ་དང་པར་རིགས་སོགས་ལས་འཕྲོས་ཏེ་རང་ཉིད་ཀྱི་དཔྱད་འབྲས་ཁག་འགྲེལ་བརྗོད་གནང་བར་ཕེབས་སོང་། སྐབས་དེ་དུས་ཁོ་བོའི་བསམ་པར་གནས་ཚུལ་དེ་རིགས་ཡོད་ཚད་བོད་ཡིག་ཐོག་ཡོད་ན་ཅི་འདྲའི་དགོས་མཁོ་ཆེ་བ་ཞིག་མ་རེད་དམ་སྙམ་བྱུང་།
    དེ་ལྟར་དེ་རིང་སྐུ་ཉིད་ཀྱིས་རྩོམ་ཡིག་འདི་ཁ་བརྡ་དྲ་རྒྱ་དང་། དུས་བབ་དྲ་ངོས་གཉིས་སུ་བཀོད་ཐོན་བྱུང་འདུག ད་དུང་དྲ་ངོས་གཞན་དང་གཞན་ལ་བསྐུར་ན་ཡང་ཕན་ཐོགས་དམིགས་བསལ་ཡོང་ངེས་ཡིན། དེ་དོན་ཡིད་ལ་འཇོག་རོགས། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese