མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ཅིག་གི་ཞུ་འབོད།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཚོགས་བཞིན་པའི་སྐབས་དང་བསྟུན་ཏེ། ཁ་སང་ཕྱི་ཚེས་ ༧ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ། མདོ་སྨད་རེབ་གོང་ཐོ་རྒྱ་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༥༦ ཅན་གྱི་བོད་རིགས་བུད་མེད་ཞིན་ཆོན་མེ་ཟེར་བ་ཞིག་གིས། བུད་མེད་ཀྱི་མི་གཤིས་ལ་ཆ་མཐོང་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་། རང་དབང་འདྲ་མཉམ་དགོས་པའི་སྐོར་གྱི་ངོ་རྒོལ་ཞུ་གཏུགས་ཤིག་བྱས་འདུག ཁོང་མོའི་འདི་ལྟར་ངོ་རྒོལ་བྱེད་དགོས་པའི་སྐོར་པའོ་ཞོན་གསར་ཁང་གི་གསར་འགོད་པར་བརྗོད་དོན། བུད་མེད་ཀྱི་མི་གཤིས་ལ་བརྩི་མཐོང་དང་འགྲོ་བ་མིའི་ཐོབ་ཐང་། རང་དབང་འདྲ་མཉམ་བཅས་ཡོང་ཆེད་ངས་རྒྱལ་ཡོངས་འཐུས་མི་རྣམས་ལ་རེ་སྐུལ་ཞུ་གི་ཡོད།  རྒྱུ་མཚན་ནི།  ང་ཚོའི་ས་གནས་དམར་ཤོག་སྲིད་གཞུང་གིས་བྱེད་ཐབས་སྣ་ཚོགས་སྤྱད་ནས་ང་ལ་མནར་གཅོད་ཚད་མེད་བཏང་སོང་།  ངས་ཁོ་ཚོའི་བཤུ་གཞོག་ངན་གཡོ་རྣམས་གཏུགས་བཤེར་བྱས་པས་རྐྱེན་གྱིས།  ཁོང་ཚོས་གནས་ཚུལ་རྒྱ་ཁྱབ་དུ་འགྲོ་བར་དོགས་ནས་ང་ལ་མནར་གཅོད་བཏང་སྟེ་འཆི་ལམ་དུ་བཙན་འདེད་བྱས་པ་རེད།  ཕྱི་ལོ་ ༢༠༠༣ ཟླ་ ༡༢ པའི་ཚེས་ ༢ ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཉེན་རྟོག་བཀག་ཉར་ཁང་དུ་དམག་མི་བདུན་གྱིས་བསྟུན་མར་ཉིན་བདུན་གྱི་རིང་ལ་ང་ལ་བཙན་གཡེམ་དང་མཐོང་ཆུང་དམའ་འབེབས་བྱས་ཏེ།  ཉིན་ཞག་བདུན་གྱི་རིང་ལ་ང་རང་མནར་སྡུག་དང་ངུ་ངག་ཁོ་ནའི་ཁྲོད་དུས་ཚོད་བསྐྱལ་དུ་བཅུག་པ་རེད།   ད་ལྟ་ངས་རང་ཉིད་ཀྱི་བཟོད་གླགས་བྲལ་བའི་མནར་གཅོད་ཀྱི་མིག་ཆུ་འདི་དབུས་དམར་ཤོག་སྲིད་གཞུང་དང་ཞིན་ཆེན་རིམ་པའི་མགོ་ཁྲིད་དག་ལ་ཞུ་གཏུགས་བྱེད་ཀྱིན་ཡོད། ཅེས་བརྗོད་འདུག

 

ཁོ་མོས་མུ་མཐུད་དུ་བརྗོད་དོན། ང་ཚོ་བུད་མེད་ཚོའི་རང་བཀུར་བརྩི་མཐོང་དང་ལ་རྒྱ།  རང་དབང་བཅས་ལ།  ད་ལྟའི་དུས་རབས་གསར་བའི་སྤྱི་ཚོགས་འདིའི་ནང་འདི་འདྲའི་ཡ་ང་སྙིང་རྗེ་མེད་པའི་གདུག་རྩུབ་ཀྱི་སྲིད་ཇུས་ཤིག་མྱོང་དགོས་པ་ཅི་ཡིན་ནམ། ང་ཚོར་བཟོད་ཐབས་བྲལ་བའི་བརྙས་བཅོས་མྱོང་སུ་བཅུག་སྟེ་རང་ཤི་བརྒྱག་དགོས་པའི་ལམ་དུ་འདེད་དོན་ཅི་ཡིན་ནམ།  ངས་རྒྱལ་ཡོངས་འཐུས་མི་དང་ལྷག་པར་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མི་རྣམས་ཀྱིས་མི་དམངས་ཀྱི་ཆེད་དུ་སྐད་ཆ་བཤད་དགོས་པ་དང་།  ང་ཚོ་བུད་མེད་ཀྱི་རང་བཀུར་བརྩི་མཐོང་གི་ཆེད་དུ་སྐད་ཆ་བཤད་དགོས།  འདི་ནི་ང་རང་གཅིག་པུའི་དོན་མ་ཡིན་པར་རྒྱལ་ཡོངས་མི་དམངས་དང་རྒྱལ་ཡོངས་བུད་མེད་ཡོངས་ཀྱི་ངོ་ཚ་ཞིག་དང་།  རྒྱལ་ཁབ་ཀྱི་ངོ་ཚ་ཞིག་ཀྱང་ཡིན་པས།  ང་ལ་ཁྲིམས་བཤེར་དག་འབུལ་དང་རྒྱུ་འབྲས་དྲང་སྙོམས་ཡོང་བ་བྱ་དགོས།  དེར་མ་ཟད།  རྒྱལ་ཡོངས་འཐུས་མི་རྣམ་པ་དང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་། དབུས་རྩ་འཛུགས་ལྷན་ཁང་། དབུས་ཁྲིམས་སྲིད་ལྷན་ཁང་གཙོས་པའི།  དྲང་བདེན་དང་བརྩེ་སེམས་ཅན་གྱི་འཛམ་གླིང་གི་མི་དམངས་དང་གསར་ལམ་ཁག་གིས་འདི་ལྟར་དམངས་ལ་བཤུ་གཞོག་དང་མནར་གཅོད།  ནག་ཉེས་ཀྱི་ལྐོག་ལས་སྒྲུབ་བཞིན་པའི་རྩ་འཛུགས་དང་དཔོན་རིགས་རྣམས་ལ་ཐེར་འདོན་བྱ་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན།  ཞེས་བརྗོད་ཡོད་པ་རེད། 

 

ཁོ་མོར་ཉེས་མེད་ཁྲིམས་འཇུག་དང་བཙན་གཡེམ་ནར་གཅོད་ཕོག་དོན་ནི།  ཁོ་མོས་ཁྲིམས་ལུགས་གཞིར་བཟུང་ཐོག་སྡེ་དམངས་ལྷན་ཁང་དང་ས་གནས་གྲོང་རྡལ། རྫོང་། ཁུལ་རིམ་པ་བཅས་ཀྱི་སྲིད་གཞུང་ལ་རེབ་གོང་ཐུན་རིན་རྫོང་ཧ་ཡང་བཟོ་གྲྭས་དུག་རླངས་ཐལ་རྡུལ་གྱིས་ས་གནས་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་ཞིང་ས་དང་རྩྭ་ར་བཅས་ལ་གནོད་སྐྱོན་ཚབས་ཆེན་ཕོགས་ཏེ། ཤིང་ཏོག་དང་འབྲི་རིགས་ཡོད་ཚད་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པ་དང་། ནོར་ལུག་གིས་དུག་རླངས་ཐལ་རྡུལ་ཕོག་པའི་རྩྭ་ཟོས་རྗེས་ཕྱུག་ཟོག་གི་སོ་ལྷུང་བ།  ཆུ་ནང་གི་ཉ་རིགས་ཡོད་ཚད་ཤི་བ་བཅས་ས་གནས་མང་ཚོགས་ཀྱི་དཀའ་ངལ་གོང་རིམ་ལ་ཞུ་གཏུགས་བྱས་ཏེ། གོང་རིམ་ནས་འཚོ་སྣོན་ཀུན་གསབ་རྒྱ་སྒོར་ཁྲི་བཅུ་གྲངས་འགའ་སྤྲད་པ་དེ་ས་གནས་དཔོན་རིགས་ཚོས་ལྐོག་ཧམ་འཕྲོག་བྱས་པར་ཐེར་འདོན་གྱི་ཞུ་གཏུགས་བྱས་པར་བརྟེན།  ཐེངས་གཉིས་ལ་བཙོན་འཇུག་བྱས་ཏེ། གཅར་རྡུང་མནར་གཅོད་དང་བརྙས་བཅོས་བཙན་གཡེམ་ཕོག་ཡོད་པ་མ་ཟད།  བཙན་གྱིས་སྨྱོ་ནད་གསོ་བཅོས་སྨན་ཁང་དུ་བསྐྱལ་ཏེ་བློ་ཡིད་ལས་འདས་པའི་འཇིགས་ར་སྣ་ཚོགས་སྐུལ་ཡོད་པ་རེད། 

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༨ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 17

  1. karma dorje says:
    ལོ་ 16 སྔོན།

    རྒྱ་རིགས་དང་བོད་རིགས་ཚོས། སྲིད་གཞུང་གིས་ཁྲིམས་ལུགས་དང་གཤམ་གྱི་ལས་བྱེད་མ་རབ་བར་ལ་བར་སྟོང་ཅིག་ཡོད་རེད་དེ་འགེངས་མ་ཐུབ་ན་དཀའ་ངལ་འདིའི་རིགས་སེལ་མི་ཐུབ།

    Reply
  2. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    རྒྱལ་གཅེས་པ་བུད་མེད་འདི་ལྟ་བུ་ལ་བོད་ཀྱི་བུད་མེད་ཚོགས་པའི་རྒྱབ་སྐྱོར་དང་ལས་འགུལ་ཅི་ཡང་སྤེལ་མྱོང་མེད་མ་གཞི་བུད་མེད་ཚོགས་པས་ལས་འགུལ་དེ་བཞིན་ཁོང་རང་ཚོར་ཚོང་ལས་ཀྱི་ཡོང་བབས་གཅིག་ཡོད་ན་མ་གཏོགས་དོན་དམ་པ་ལས་འགུལ་དཀའ་ལས་ཁག་པོ་རེད། བཙན་བྱོལ་ནང་དུ་ཡོདཔའི་བེུད་ཚོས་རྒྱ་གཅེས་པ་འདི་ལྟ་བུ་ལ་ཁ་མིག་ཡར་ལྟས་བྱས་ཏེ་ལ་རྒྱལ་དང་དྭང་གཙང་གི་མི་རིགས་སྤེལ་བ་ལ་འབད་པ་གནང་རོགས་གནོངས།
    དེ་ལས་ལྡོག་ཏེ་ཁྱེད་ཅག་གི་རྐུག་གཡུག་སྟེ་གྲོད་ཁོག་བསྟན་པ་དང་ནུ་མ་དང་ཆུ་བཟོ་ལྟར་ལ་འབད་ནས་རྒྱ་གར་གྱི་རྐུགས་ལ་ཤ་སྦྲམ་བཞིན་འཁོར་ན་བོད་པའི་བེུད་ཀྱི་ཞབས་འདྲེན་ཆེ་ཤོས་དེ་ཡིན་པས་ཐུགས་གཟབ་གནང་རོགས།

    Reply
  3. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 16 སྔོན།

    གྲོག་པོ་དགུ་ཚིགས་སྐྱ་མོ་ལགས་ དངོས་གནས་ནོར་བཅོས་བྱས་པ་ཐུགས་རྗེ་ཆེ་
    ངས་དངོས་གནས་འཇང་སྐད་ཙམ་མ་ཏོག་བོད་ཡིག་ཡག་པོ་ཞིག་མི་ཤེས་ ཚང་མ་ལ་དགོངས་འདག་ཞུ་ཡ་ཡིན

    Reply
  4. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ཨ་ཨ་ཨ་ཡུམ་དུམ་པ་་་་བློ་བཟང་ཟེར་བའི་དབྱིན་མིང་ཅན་དེ་དང་སྟོབས་ཅོ་ཉི་སོགས་་་་སུ་ལ་བལྟས་ཀྱང་ཡིད་སྐྱོ་ནི་ཞིག་རེད་་་ཡིག་ནོར་འདི་འདྲ་ཞིག་ཇི་ལྟར་བྱས་ནས་མངགས་པ་ཡིན་ནམ་་་་ཁྱད་མཚར་་་་འདི་འདྲ་ཞིག་རང་ཉིད་ཀྱིས་ཀློག་ན་དོན་ལོག་འདུག་པ་ཧ་གོ་ན་ཆོག་གི་་་འདི་འདྲ་ཞིག་མིག་ལའང་བདེ་བོ་ཞིག་མེད་པ་ཤེས་ན་ལོས་ཆོག་་་་་འོ་འོ་འོ་་་་་ད་དངོས་གནས་སྐྱོ་བོ་རེད་ཡ་་་ཅུང་ཙམ་སྦྱངས་ནས་ཡོང་ན་ཡག་ས་རེདམ་གཏོགས་འུ་ཚང་གི་ཞབས་འདྲེན་རེད་ཡ

    Reply
  5. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    འཇང་གཡུ་ལྷ་ཐོགས་འགྱུར་ལགས། འདིར་འཇང་སྐད་མང་པོ་ཞིག་ཁྱེད་ཀྱིས་བྲིས་པ་འདྲ།
    ནོར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བཅོས
    ཞིགས་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཞིག་ལ
    བྱེད་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བྱས་ན
    ཐོབ་ཐང་བརྩོད་་་་་་་་་་་་་་་་་་་་་་་་་་་་་་་་་་་ཐོབ་ཐང་རྩོད
    བྱ་བ་ཆུང་ཙགས་་་་་་་་་་་་་་་་་་་་་་་་་་་་་་་་་བྱ་བ་ཆུང་ཚེགས
    རིག་སོགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་རིགས་སོགས
    བརྩོད་པ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་རྩོད་པ
    ཆུད་ཟུས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཆུད་ཟོས
    འགྲོ་ལས་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་འགྲོ་བ་ལས་
    བརྩོད་དགོས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་རྩོད་དགོས་

    Reply
  6. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 16 སྔོན།

    དཔའ་སྙིང་ལྡན་པའི་བུད་མེད་འདི་འདྲ་ཞིགས་ལ་བོད་ཀྱི་བུད་མེད་ཚོགས་པའི་ངེས་ནས་དོན་སྙིང་ལྡན་པའི་རྒྱབ་སྐྱོར་ཞིག་བྱེད་ན་ཅི་འདྲ་འདུག་ ངོ་མ་བུད་མེད་འདིའི་བློ་སྤོབས་ལ་ཧ་ལས་དགོས་པ་རེད་ཡ་ ཐོབ་ཐང་བརྩོད་ཟེར་ན་འདི་འདྲ་རེད་ དེ་མིན་ཁྱིམ་ནང་གི་སྣོད་ཆས་བཀྲུ་བ་དང་ཕྱགས་དར་བྱས་པའི་བྱ་བ་ཆུང་ཙགས་གིས་རིག་སོགས་ལ་ཐོབ་ཐང་བརྩོད་པ་དེ་དུས་ཚོད་ཆུད་ཟུས་སུ་འགྲོ་ལས་ ཕན་ཐོག་གང་ཡོད་ ཐོབ་ཐང་དངོས་གནས་འདི་འདྲ་བརྩོད་དགོས་ནི་རེད་ བུད་མེད་ཚོགས་པ་ཚོ་ད་གཉིད་ལས་སད་དགོས་ཚོད་རེད་

    Reply
  7. རས་པ། says:
    ལོ་ 16 སྔོན།

    རེབ་གོང་ཁུལ་ཐོག་ནས་ཐག་མི་རིང་བའི་སར་ཡོད་པའི་ཧ་ཡང་བཟོ་གྲྭ་འདིའི་ཐད་ཉེ་འཁོར་གྱི་གྲོང་སྡེ་མང་པོས་སྐད་རྒྱབ་ཀྱང་། བཟོ་གྲྭ་དེའི་སྤྱི་ཁྱབ་དང་མཚོ་སྔོན་ཞིང་ཆེན་གྱི་དཔོན་རིགས་མཐོ་ཤོས་ཤིག་གཉིས་ཉེ་འབྲེལ་ལ་སོང་ཙང་། ཡུལ་མི་རྣམས་རིམ་པར་ཕམ་ཡོད། བཟོ་གྲྭ་འདིས་ས་གནས་རང་ལ་ཕན་ཐོགས་པའི་དགོས་མཁོ་ཅི་ཡང་བསྐང་གི་མེད་པ་མ་ཟད། དུག་རླངས་ཀྱི་གནོད་པ་དེ་ཉེ་འཁོར་ནས་མཐོ་སར་གནས་པའི་ཞོ་འོང་སོགས་སུ་འགྲོ་སོང་སྟེ་གཅིག་མཚུངས་ཀྱི་གནོད་པ་ཡོང་གི་ཡོད། དེ་སྔོན་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་དཔོན་པོ་ཞིག་རེབ་གོང་ལ་ལྟ་སྐོར་དུ་ཡོང་དུས་བཟོ་གྲྭ་འདི་དང་འདིའི་ཉེ་འཁོར་གྱི་གསེར་འདོན་བཟོ་གྲྭ གཉན་ཐོག་ཞེས་པར་ཡོད་པའི་སོ་ཕག་བཟོ་གྲྭ་བཅས་སྒོ་རྒྱག་དགོས་པར་བཤད་ཀྱང་སོ་ཕག་བཟོ་གྲྭ་ལས་སྒོ་རྒྱག་ཐུབ་མེད།
    བོད་རིགས་ཨ་ཅག་ལགས་འདིས་ལས་དོན་ལ་རྒྱ་ནག་དམར་ཤོག་དཔོན་རིགས་ཚོས་རྒྱུ་འབྲས་དྲངས་སྙོམས་དང་ཁྲིམས་དང་མཐུན་པའི་ཐག་གཅོད་ཡོང་བའི་རེ་བ་རྒྱག་གི་ཡིན།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    སྟག་ཚང་སྒོ་རྩ་ར་མ་ཞིག་གིས་ཁྲིམས་རྩོད་པ་འདི་ནི། དངོས་གནས་དཔའ་དང་བློ་ཁོག་ཟེར་བ་དེ་ཡིན་ས་རེད།

    སྟག་དམར་ཡག་ཞིག་གི་སྒོ་རྩ་ན།
    ར་མ་རྒན་ཞིག་གིས་ཁྲིམས་རྩོད་འདིར།
    ལས་དཀར་ནག་དབྱེ་བ་འབྱེད་མཁན་ལ།
    སེང་གངས་དཀར་རྒྱལ་པོ་ཕེབས་ན་ལེགས།

    Reply
  9. སྟོབས་ says:
    ལོ་ 16 སྔོན།

    བོད་ཀྱི་བུ་མེད་ཚོགས་པ་ཀྱི་ལས་འགུལ་ཅི་ཞིག་སྤེལ་རྩིས་ཡོད །
    འདི་ལག་ཆ་ཡག་ཤོག་ཞིག་རེད་ད

    Reply
  10. འོད། says:
    ལོ་ 16 སྔོན།

    ངོ་མ་རང་ཐོབ་རང་གཅེས་ཀྱི་སྙིང་སྟོབས་ཆེ་བའི་བོད་རིགས་བུད་མེད་ཞིན་ཆོན་མེ་ཟེར་བ་འདིའི་དཀའ་སྡུག་ལ་གདུང་སེམས་དང་དྲང་བདེན་ལ་ཡིད་སྨོན་སྐྱེས་འོས་པ་ཞིག་རེད། འདི་ཡང་རླབས་ཆེན་གྱི་བུད་མེད་མ་རེད་དམ།

    Reply
  11. lobsang says:
    ལོ་ 16 སྔོན།

    བོད་རིགས་བུད་མེད་ སྙུང་སྟོབས་ཅན་འདི་འདྲ་བོད་ནས་ཉུང་ནས་རེད་ འདི་ལྟ་བུ་བཙན་གཡམ་ནར་གཅོད་ཕོག་མཁན་མང་་པོ་ཡོད་པས་ད་དུང་མོས་ཁོང་ཚོར་ཚབ་་བྱས་ནས་རྒྱ་ནག་དབུས་གཞུང་ལ་ཞུ་གཏུགས་བྱས་པ་ངས་སྙུང་ཁུངས་རུས་པའི་གཏུང་ནས་ཐུགས་རྗེ་ཆེ་ཞུ་བ་དང་འདི་འདྲའི་ཀླ་ཀློར་བྱ་སྤྱོད་རྣམས་རང་ནུས་ཀྱིས་ངའི་ཉེ་འཁོར་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལ་འགྲེལ་བཤད་རྒྱག་གི་ཡིན

    Reply
  12. གཅན་ཚ་དཔལ་ལྡན། says:
    ལོ་ 16 སྔོན།

    བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་ངོ་མ་དེ་འདི་འདྲ་ཞིག་ཡིན་ས་རེད། སེམས་འགུལ་ཐེབས་ནི་ཞིག་རེད། བོད་པའི་བུད་མེད་ཚོས་སློབ་སྦྱོང་བྱེད་དགོས་ས་མང་གི

    Reply
  13. ཨརྱ། says:
    ལོ་ 16 སྔོན།

    འདི་ནི་ང་ཚོས་གོ་སྐབས་ཤིག་ཏུ་བཟུང་ན་འགྲིག་གི ངེས་པར་དུ་ཚོགས་པ་ཁག་དང་མི་སྒེར་བཅས་ནས་སྐད་ཆ་རེ་བཤད་དགོས་པ་རེད། མོ་ལ་རྒྱལ་ཕྱི་ནང་གཉིས་ནས་རྒྱབ་སྐྱོར་མཁོ་ངེས་རེད།

    Reply
  14. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    བུད་མེད་ཀྱི་ཐོབ་ཐང་རྩོད་ན་འདི་ཚོའི་རིགས་ལ་དོན་སྙིང་ལྡན་པའི་རྒྱབ་སྐྱོར་བྱེད་དགོས་པ་རེད། དེ་ལས་ལྡོག་སྟེ་སྤྱི་ཆོགས་དཀྲུག་རྒྱུའི་བུད་མེད་ཀྱི་ཐོབ་ཐང་གི་སྐད་ཆ་སྟོང་པས་ཅི་ཞིག་ཕན།

    Reply
  15. དུག་ཚེར། says:
    ལོ་ 16 སྔོན།

    བུད་མེད་དེའི་སྙིང་སྟོབས་ལ་ཧང་སོང་བྱུང་།

    Reply
  16. རྐང་གསུམ། says:
    ལོ་ 16 སྔོན།

    གཅར་རྡུང་མནར་གཅོད་དང་བརྙས་བཅོས་བཙན་གཡེམ་ཕོག་པའི་བོད་རིགས་བུད་མེད་ཞིན་ཆོན་མེ་སྙིང་རེ་རྗེ། ཁོ་མོའི་མྱང་བའི་དཀའ་ངལ་ཡོད་ཚད་ང་ཚོ་བོད་རིགས་མི་དམངས་ཚང་མའི་ཐོག་ལ་ཡོང་བཞིན་ཡོད་པ་མ་ཟད་བོད་ཀྱི་བུད་མེད་བཙོན་མ་རྣམས་ལ་དཀའ་ངལ་གཞན་ཞིག་ཡོད་པ་ནི་བཙན་གཡེམ་ཕོག་གི་ཡོད་པ་དེ་རེད།

    Reply
  17. སྟོབས་ says:
    ལོ་ 16 སྔོན།

    བུད་མེད་ཚོ་རང་དབང་དྲ་ཉམས་ཀྱི་ཆེད་དུ་ཡར་ལང་ཐུབ་དགོས ། ད་རུང་འདི་ལྟར་ལྷག་ཡོད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese