མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་བརྒྱུད་སྤྱི་འཐུས་དགོས་པའི་གནས་ལུགས་བདེན་དར་མ། ཐུབ་བསྟན་རྒྱལ་མཚན་གྱིས།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་གངས་ཅན་གྱི་ལྗོངས་འདི་བཞིན་ཆོས་ལྡན་གྱི་ཞིང་ཁམས་ཞིག་ཡིན་ལ་མི་མང་གི་ཆེད་དུ་བཙུགས་པའི་སྲིད་གཞུང་འདི་ཡང་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་གཞུང་ཞིག་ཏུ་བཞུགས་ནས་ལོ་བརྒྱ་ཕྲག་དང་སྟོང་ཕྲག་བརྒལ་ཡོད་ནའང་བསྟན་དགྲ་རྒྱ་དམར་གྱིས་རྨང་ནས་བཅོམ་སྟེ་རྒྱལ་བ་དོན་གྱི་བདག་པོ་ཡང་ས་མཐར་འགྱར་དགོས་པའི་དུས་ངན་གྱི་གནས་སྟངས་ཤིག་བྱུང་བ་རེད། འོན་ཀྱང་ཕམ་ས་ནས་རྒྱལ་དགོས་པ་དང་འགྱེལ་ས་ནས་ལངས་དགོས་པའི་དོན་གནད་ཞིག་ཏུ་བརྩིས་ཏེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འཕྲལ་ཕུག་རྒྱང་གསུམ་གྱི་གཟིགས་རྒྱང་རིང་པོ་ལ་གཟིགས་ནས་དྲུག་ཅུ་ཐམ་པ་ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདི་བཞིན་ཆ་རྐྱེན་དང་རྒྱས་སྤྲོས་ཡོད་མེད་ལ་མ་ལྟོས་པའི་ཆོལ་ཁ་ཆོས་བརྒྱུད་དང་བཅས་པའི་འཐུས་མིའི་ངོ་ཚབ་མཚོན་པའི་ལྷན་ཚོགས་ཤིག་བཙུགས་ཏེ་སྔར་བོད་དུ་ཡོད་པའི་སྐུ་དྲག་རིང་ལུགས་ཀྱི་སྲིད་གཞུང་དེ་བཞིན་རང་དབང་འདྲ་མཉམ་གྱི་ཐོག་ནས་རང་རང་གི་སྐུ་ཚབ་མཚོན་པའི་དབུ་ཁྲིད་དེ་དམངས་ནས་འདེམས་ཆོག་པའི་དམངས་གཙོའི་ཕྱོགས་སུ་བསྒྱུར་གནང་མཛད་ཡོད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཅའ་ཁྲིམས་རིན་པོ་ཆེ་གཉིས་དབུ་བཞུགས་ཐོག་རྙིང་དོར་བཅུད་ལེན་གྱིས་གང་ཐད་ནས་རིམ་པ་བསྒྱུར་བཅོས་བཏང་ཡོད་ནའང་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་འཐུས་མི་ཡོང་སྟངས་དེར་བསྒྱུར་བཅོས་རྩ་བ་ནས་བཏང་མེད། ལྷག་པར་དུ་ཆོས་བརྒྱུད་ཀྱི་འཐུས་མི་དགོས་མིན་སྐོར་བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབ་དུས་མཁས་པ་དང་ཉམས་མྱོང་ཅན་མི་ཉུང་བས་བགྲོ་གླེང་ཤུགས་ཆེ་གནང་བ་མ་ཟད་རང་གཞུང་འདི་བཞིན་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ཞིག་ཡིན་པར་དང་༧གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་གཞི་ཡིན་པ་བཅས་གཞིར་བཞག་ཐོག་ནས་ཆོས་བརྒྱུད་འཐུས་མི་དགོས་པའི་བཅའ་ཁྲིམས་གཏན་ལ་ཕབ་ཡོད་པ་མ་ཟད་ལག་ལེན་གྱི་ཐོག་ནས་ཀྱང་དེ་ལྟར་འགྲོ་གིན་ཡོད། འོན་ཀྱང་ཆགས་སྡང་དུག་ཆུས་མྱོས་པའི་བོན་རྒྱ་བསྟན་འཛིན་རབ་རྒྱས་ལྟ་བུ་ལོག་ལྟ་ཅན་གྱི་གང་ཟག་རྣམས་ཀྱིས་གོང་གི་དགོས་པ་དང་དགོངས་གཞི་སོགས་དྲན་ཡུལ་དུ་འཆར་བའི་དུས་གཏན་ནས་མི་སྲིད་པ་མ་ཟད་གྲོས་ཚོགས་རྭ་བའི་ནང་འཐུས་མི་ཞེ་གསུམ་གྱི་ནག་ཉེས་ཡོངས་རྫོགས་སེར་མོ་བ་དང་ཆོས་བརྒྱུད་ཀྱི་འཐུས་མི་ལ་གཡོག་ནས་ཆོས་བརྒྱུད་ཀྱི་སྤྱི་འཐུས་མི་དགོས་པའི་གནས་ལུགས་དམར་ཧྲེང་མ་ཞེས་པའི་ཆོས་བརྒྱུད་འཐུས་མི་དག་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་དོན་ཚན་བདུན་ཅན་ཞིག་སྤེལ་ཡོད། དེས་ན་ཁོང་གིས་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་པའི་ཁུལ་ཡིན་ནའང་གནས་ལུགས་དང་རྒྱུ་མཚན་གྱི་ཐོག་ནས་དོན་ཚན་བདུན་པོ་ལ་གནད་དུ་གནོན་པའི་ལན་ཞིག་འཕྲོད་མིན་ལ་མ་ལྟོས་པའི་གསལ་བཤད་ཅིག་བྱ་འདོད་སྐྱེས། མ་གཞི་འཁྱོག་བརྗོད་ཀྱི་བཀའ་མོལ་དང་བདེན་པར་རྒྱབ་ཀྱིས་ཕྱོགས་པའི་ཞེན་ཁོག་གཉིས་པོ་དེ་རང་ཉིད་ཀྱི་གཤིས་ལུགས་དང་འགལ་བ་ཡིན་པར་སོང་གང་ཟག་སུ་ཡིན་རུང་ཐུགས་ལ་མ་བབས་ཀྱང་དང་ལེན་གཏན་ནས་བྱེད་ཐབས་མེད་པའི་རང་གཤིས་ཤིག་ཡིན། ཁོང་གི་རྒྱུ་མཚན་དང་པོ། ཆོས་བརྒྱུད་སྤྱི་འཐུས་ཟེར་བ་འདི་ད་ལྟའི་བར་ཏུ་༼དུ༽་དྲང་བདེན་གྱི་ལམ་ནས་འདེམས་ཐུབ་མེད་ལ། མ་འོངས་པར་ཡང་འདེམས་མི་སྲིད། དེ་ནི་དཔེ་གཅིག་སྟེ་དགེ་ལུགས་པ་ལ་ཆ་བཞག་ནས་བལྟས་ན་གསལ་བོར་ཤེས་ཐུབ། འདས་མ་ད་གསུམ་གྱི་སྐབས་གང་ཡིན་ཡང་དགེ་ལུགས་སྤྱི་འཐུས་ཡིན་ན་བློ་གླིང་དང་སེར་བྱེས་གང་རུང་གི་གྲྭ་བ་ཞིག་ཡིན་པའི་ཁྱབ་བ་ཡོད། དེ་ནི་དགེ་ལུགས་སྤྱི་འཐུས་ཀྱི་ཤེས་ཚད་ཅན་གྲྭ་ཚང་དེ་གཉིས་མ་གཏོགས་གཞན་ལ་མེད་སོང་བ་མིན། དགེ་ལུགས་སྤྱི་འཐུས་ནི་འོས་ཤོག་གིས་བཟོ་དགོས་ལ་འོས་འདེམས་མཁན་གྱི་གྲྭ་བ་གྲྭ་ཚང་དེ་གཉིས་ལས་མང་ཅན་གྱི་དགོན་པ་ཞིག་དགེ་ལུགས་པ་ཚང་ལ་མེད་པའི་ཆ་ནས་ཡིན། དེ་བཞིན་རྙིང་མ་ལ་མཚོན་ནའང་གཅིག་རྣམ་གྲོལ་གླིང་གི་ཡིན་པས་ཁྱབ་ལ། ཕལ་ཆེར་བོན་པོ་ལའང་གཅིག་སྨན་རིའི་གླིང་གི་ཡིན་པས་ཁྱབ་པ་ཡོད། ལན། དམངས་གཙོའི་ལུང་པའི་ནང་འཐུས་མི་དེ་འོས་ཤོག་ལམ་ནས་བཟོ་དགོས་པ་དེ་དགེ་ལུགས་པ་གཅིག་པུ་མ་ཟད་ཆོས་བརྒྱུད་དང་ཆོལ་ཁ་ཡོངས་རྫོགས་གཅིག་མཚུངས་ཡིན། འོས་མང་ཉུང་གི་ལམ་ནས་འཐུས་མི་བསྐོས་པ་དེ་དྲང་པོ་མ་བྱུང་ན་བཙན་བྱོལ་ནང་དུ་ཆོལ་ཁ་གསུམ་གྱི་ནང་ནས་མི་འབོར་མང་ཤོས་དེ་དབུས་གཙང་ཆོལ་ཁ་རེད། དེས་ན་ལོ་རྗེས་མ་བཀའ་ཁྲི་གདམ་དུས་འོས་མང་ཤོས་འཕེན་མཁན་དེ་དབུས་གཙང་ཡིན་པ་ཟུར་ལྟས་ལེབ་མཐོང་རེད། དེར་ཁྱེད་ཀྱིས་དྲང་བདེན་མ་བྱུང་བཤད་ཕོད་དམ།  རྒྱུ་མཚན་གཉིས་པ། ཆོས་བརྒྱུད་སྤྱི་འཐུས་ནི་ཆོས་བརྒྱུད་དེའི་གྲུབ་མཐའ་ལ་མཁས་ཚད་རྒྱས་པ་དང་ལྷག་བསམ་གྱི་ཆ་ནས་འོས་འདེམས་བྱེད་ཀྱིན་མེད། ཁ་བདེ་བོ་དང་། སྣོག་བརྒྱབ་ནས་གྱོང་མི་རེག་པ་ཞིག མགོ་བདེ་བོ་དང་དྲན་རིག་རྒོད་པོ་ཅན་གྱི་མི་སྣ་ཞིག་བཙལ་གྱིན་ཡོད་པས་འདི་ལྟར་ཆོས་བརྒྱུད་སྤྱི་འཐུས་འདེམས་པས་ཆོས་བརྒྱུད་སྤྱི་འཐུས་ཚོས་ཆོས་བརྒྱུད་རང་གི་མཚན་སྙན་སྲུང་མ་ཐུབ་པ་རེད། ལན། ཆོས་བརྒྱུད་སྤྱི་འཐུས་དེ་ཤེས་ཡོན་དང་ལྷག་བསམ་གྱི་ཆ་ནས་འོས་འདེམས་མ་བྱེད་ནས་མགོ་བདེ་དྲན་རིག་རྒོད་པོ་དང་ཕོ་སུ་རྒོད་ཀྱི་ལམ་ཁ་ཞིག་སྤྱི་འཐུས་གྲོས་ཚོགས་ནང་འགྲོ་ས་ཡོད་ན་ཆོལ་ཁའི་འཐུས་མི་ཚོས་མི་སྨྲ་བའི་བརྟུལ་ཞུགས་བྱེད་དགོས་དོན་གང་ཡིན་ནམ། བཅའ་ཁྲིམས་དང་ཡོངས་སུ་འགལ་ནས་སྤྱི་སྐལ་སྒེར་སྤྱོད་བྱས་ནས་ཧམ་བཤད་རི་ཙམ་བྱས་ནས་འདུག་མཁན་རྣམས་ལ་ལྷག་བསམ་དང་ཤེས་ཡོན་ཅན་སུས་སྐྱོན་བརྗོད་བྱས་སོང་། འོ་ན་ཆོས་བརྒྱུད་འཐུས་མིར་ཤེས་ཡོན་མེད་པ་མགོ་བདེ་དྲན་རིག་རྒོད་པོ་ཡིན་ན་ཁྱེད་ཀྱིས་དགེ་ལུགས་སྤྱི་འཐུས་རྒན་བེ་རི་འཇིགས་མེད་ནི་ཀུན་གྱིས་ངོས་ལེན་ཚད་མཐོ་བྱེད་པའི་རྒན་རབས་ཤེས་ཡོན་པ་ཞིག་རེད། འདས་པའི་ལོ་རྒྱུས་ནང་བཙན་བྱོལ་རྩོམ་རིག་གི་གཞི་རྐང་འཛིན་མཁན་གྱི་མི་སྣ་ཞིག་ཡིན། ཞེས་གསུངས་པ་དེ་དང་དངོས་སུ་འགལ་བ་ལྟག་སྤྲོད་ཀྱི་བཀའ་མོལ་གནང་འདུག། རྒྱུ་མཚན་གསུམ་པ། ཆོས་བརྒྱུད་སྤྱི་འཐུས་ནི་བོད་བསྟན་སྲིད་གང་ལའང་མི་ཕན། ད་ལྟའི་བར་ཏུ་ཕྱིར་བལྟས་ཤིག་གནོངས་དང་། དགེ་ལུགས་སྤྱི་འཐུས་ཀྱིས་དགེ་ལུགས་པར་ཕན་མེད་ལ། རྙིང་མའི་སྤྱི་འཐུས་ཀྱིས་རྙིང་མ་བར་ཡང་ཕན་མེད། སྲིད་ཕྱོགས་ནས་དེ་ལས་ཀྱང་ཞུ་མ་དགོས་པ་ཞིག་རེད། ཆོས་སྲིད་གང་ལའང་མི་ཕན་བཞིན་དུ་ད་དུང་ཁྲི་ཐོག་ལ་བཙུགས་བཞག་ན་གླེན་རྟགས་ཤིག་མ་རེད་དམ།  ལན། ༧གོང་ས་སྐྱབས་མགོན་ཆེན་པོས་དུས་གསུམ་གསལ་གཟིགས་ཀྱིས་ཆོས་བརྒྱུད་སྤྱི་འཐུས་ས་མིག་ཟུར་བཅད་ཀྱི་བཅའ་ཁྲིམས་ནང་བཀོད་པ་དེ་ཆོས་སྲིད་གང་ལ་མི་ཕན་པ་ཤེས་བཞིན་དུ་ཁོང་གིས་གླེན་རྟགས་བྱེད་པ་ཞིག་ཡིན་ནམ། ཡང་ན་༧གོང་ས་ཆེན་པོས་ཁྱེད་ཚོས་ཡོང་ཁུངས་མ་འདྲ་ནས་ཡོང་ཡོད་ནའང་འདིར་སླེབས་ཚར་དུས་སྤྱི་མི་རྣལ་མ་ཞིག་བྱེད་དགོས་ཤིག་གདམས་པ་དེ་ཆོས་བརྒྱུད་སྤྱི་འཐུས་ཚོས་རང་གི་རྩ་བའི་བླ་མའི་བཀའ་ལ་དགོངས་དགོས་སམ།  རྒྱུ་མཚན་བཞི་བ། ཆོས་བརྒྱུད་སྤྱི་འཐུས་ཟེར་བ་འདི་མ་འོངས་པར་ཉེན་ཁ་ཞིག་ཆགས་ཡོད། ང་ཚོའི་འདས་པའི་ལོ་རྒྱུས་ནང་དུ་ཆོས་ལུགས་དང་གྲུབ་མཐའ་ཁ་ལ་ཁྱེར་ནས་སྲིད་དོན་གྱི་ལས་ཀ་བྱས་ཏེ་ནང་འཁྲུག་ལངས་པ་དང་། ཤི་རྨས་བྱུང་བ། སྲིད་དབང་ཤོར་བ་སོགས་ཀྱི་གནས་ཚུལ་མང་དུ་བྱུང་ཡོད་པ་བཞིན། ཕྱོགས་ཞེན་ཤ་སྟག་གིས་བཟོ་སྐྲུན་ལས་འོང་གིན་པའི་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་འདི་ཡང་མ་འོངས་པར་ཉེན་ཁ་ཞིག་ཆགས་སྲིད་པ་རེད། ལན། ཁྱེད་རི་བོང་གནམ་་རྡིབ་ཀྱི་སེམས་ཁྲལ་དགོས་དོན་མེད། ང་ཚོ་འདས་པའི་ལོ་རྒྱུས་ཀྱི་ནང་དུ་ལྷག་པའི་རྙོག་དྲ་ཚང་མ་སྐུ་དྲག་དང་མི་དྲག་རེ་གཉིས་ཀྱིས་ཕུ་དཀྲུགས་མདའ་དཀྲུག་བྱས་པ་ལས་ཆོས་བརྒྱུད་ཀྱི་འཐུས་མིའི་མཚན་མེད་ནའང་ངོ་ཚབ་མཚོན་པའི་མི་སྣ་སུ་གང་གིས་བཟོ་མྱོང་མེད། རྒྱུ་མཚན་ལྔ་བ། དམངས་གཙོའི་སྲིད་གཞུང་སྐད་གྲགས་ཅན་དང་། ཚད་མཐོ་བོ་ཅན་ཨ་རི་དང་རྒྱ་གར་ལྟ་བུའི་ནང་དུའང་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་ལ་ཆོས་དད་རང་དབང་ཡང་ཚད་ཧ་ཅང་མཐོ་མོད། ཆོས་བརྒྱུད་སྤྱི་འཐུས་དང་ཆོས་ལུགས་སྤྱི་འཐུས་ཟེར་བ་ཞིག་མེད།  ཡོད་ཚད་དེ་དག་ལ་བསྟུན་དགོས་མེད་ནའང་དགོས་པ་ལྷག་པོ་མེད་ས་ནས་དམིགས་བསལ་ཞིག་བྱས་པ་ལ་དགོས་པ་མེད། དེའི་ཕྱིར་ང་ཚོ་ལའང་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ཞིག་དགོས་དོན་མེད། གལ་སྲིད་དགོས་ན་དགོས་ཟེར་མཁན་གྱི་ཆོས་བརྒྱུད་ཡོད་ཚད་ལ་ཆ་སྙོམས་ཀྱིས་གོ་སྐབས་སྤྲད་དགོས་པ་ཞིག་རེད། ལན། ཡོད་ཚད་ལ་ལད་བཟློས་བྱེད་དགོས་མེད་ན་གོང་གི་རྒྱལ་ཁབ་གཉིས་པོ་ལ་དཔེར་ལྟ་དགོས་དོན་མེད་དགོས་ན་ཨ་རྒྱ་གཉིས་ལ་གྲོས་ཚོགས་གོང་འོག་དང་ཕྱི་སྲིད་དང་ནང་སྲིད་སོགས་རྣམ་གྲངས་ཧ་ཅང་མང་བས་དེ་ཚོ་ཁྱེད་ཀྱིས་ཁ་སྐོང་ཐུབ་བམ། ད་དུང་ཁྱེད་ཀྱིས་དོན་ཚན་བདུན་གྱི་ཐོག་ནས་ཆོས་བརྒྱུད་འཐུས་མི་འགོག་བཞིན་པའི་ཁར་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་ཟེར་མཁན་ཚང་མ་ལ་སྤྲད་དགོས་ཤིག་རང་ཚིག་སྔ་ཕྱི་འགལ་བ་སོང་མི་འདུག་གམ། རྒྱུ་མཚན་དྲུག་པ། ཆོས་ལུགས་པ་ལ་ལས་དེ་ནི་ཐོབ་ཐང་ཞིག་ལ་ངོས་འཛིན་གྱིན་འདུག་ལ། མི་སྐྱ་ཁ་ཤས་ཀྱིས་ཀྱང་ཆོས་ལུགས་པ་ཚོར་འོས་ཤོག་གཉིས་ཡོད་པ་རེད་ཅེས་དེ་ནི་ཆོས་ལུགས་པས་དབང་ཡོད་ཆེན་པོ་ཞིག་བྱས་པ་དང་། དེ་ལ་བརྟེན་ནས་ཆོས་ལུགས་པས་ཁེ་བཟང་ཆེན་པོ་ཞིག་ཟ་བཞིན་ཡོད་པའི་ལྟ་ཚུལ་ཞེ་ཐག་པ་ནས་ཡོད། ཡིན་ནའང་། དེ་ནི་ཐོབ་ཐང་ཞིག་མིན་ལ་དེ་ལ་བརྟེན་ནས་ཆོས་ལུགས་པར་ཕན་པ་ལྟ་ཞོག ཆོས་བརྒྱུད་སྤྱི་འཐུས་སུ་འོས་ཐོན་པ་དག་ལའང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད། དཔེར་ན། རྒན་བེ་རི་འཇིགས་མེད་ནི་ཀུན་གྱིས་ངོས་ལེན་ཚད་མཐོ་བྱེད་པའི་རྒན་རབས་ཤེས་ཡོན་པ་ཞིག་རེད། འདས་པའི་ལོ་རྒྱུས་ནང་བཙན་བྱོལ་རྩོམ་རིག་གི་གཞི་རྐང་འཛིན་མཁན་གྱི་མི་སྣ་ཞིག་ཡིན། ཡིན་ནའང་དེའི་རྐྱེན་བྱས་ནས་དྲ་ཐོག་ནས་ཁ་རྡུང་ཚད་མེད་པ་ཞིག་རེག་ཡོད། ཁོང་ལ་གནོད་ཀྱིན་ཡོད་མེད་མི་ཤེས་མོད། ངས་བལྟས་ན་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ནི་བདག་ཕུང་གཞན་ཕུང་ཞིག་རེད། ལན། ཆོས་བརྒྱུད་པ་སུ་ཞིག་གིས་དེར་ཁེ་བཟང་དང་ཐོབ་ཐང་གཉིས་ཀ་ལ་ངོས་འཛིན་ཞུས་ཀྱི་མེད་དེ་ནི་སེར་མོ་བ་ཚོའི་བདེ་སྡུག་དེ་རང་གི་སྲིད་ཞུང་ལ་ཞུ་མཁན་གྱི་བང་ཆེན་ལྟ་བུ་ཞིག་དང་རེ་དོགས་བྲལ་ཏེ་མཐོ་དམན་ཀུན་གྱི་བདེ་སྡུག་ལ་གཟིགས་དཔྱད་གནང་མཁན་ཞིག་ལ་ངོས་འཛིན་དང་དམིགས་ཡུལ་གཉིས་ཀ་དེ་ཡིན། ཆོས་བརྒྱུད་འཐུས་མིས་མི་རིགས་ཀྱི་རྩ་དོན་གྱི་ཆེད་དུ་རང་ཉིད་ཕུང་པ་དང་ཁ་རྡུང་རེག་པ་ལ་ཡ་མཚན་དགོས་ཡ་གང་ཡང་མེད་པས་སྔོན་བྱང་ཆུབ་སེམས་དཔལ་རྣམས་ཀྱི་རྟོགས་བརྗོད་ལ་གཟིགས་ན་ཤེས་ཐུབ། ད་དུང་ཁྱེད་ཀྱིས་མི་མང་ནང་ཁུལ་དུ་དཀྲོག་གཏམ་སྤེལ་བྱེད་ཀྱི་གསལ་ཁ་གང་ཡང་མེད་པའི་སྐད་ཆ་རིགས་ལ་གནས་སྐབས་དགག་དགོས་མ་མཐོང་བས་རེ་ཞིག་གཏམ་སྙོམས་སུ་འཇོག་རྒྱུ་ཡིན། རྒྱུ་མཚན་བདུན་པ། ང་ཚོའི་ཆོས་བརྒྱུད་སྤྱི་འཐུས་ནང་ན་ཆོས་བརྒྱུད་རང་གི་ལྟ་གྲུབ་ལ་བྱང་ཆ་ཆེ་བ་ཕར་ཞོག ཆོས་བརྒྱུད་རང་གི་བསླབ་ཁྲིམས་ཡང་གཙང་ཉར་གནང་མེད་པའི་མི་སྐྱ་རྒད་པོ་ཁ་ཤས་ཐོན་ཡོད། འདི་ནི་ཡ་མཚན་ལ་བསམ་བཞིན་སྲིད་དོན་གྱི་དགོས་དབང་ཞིག་གིས་རྩེད་མོ་རྩེས་ཀྱིན་པ་གསལ་བོར་ཤེས་ཐུབ། ལན། ཆོས་བརྒྱུད་རང་གི་འཐུས་མི་ཡིན་ན་སེར་མོ་བ་ཞིག་དགོས་པའི་ཁྱབ་པ་མེད་ལ་བཅའ་ཁྲིམས་ནང་དུའང་གསལ་མེད། སེར་མོ་བ་རྣམས་ཀྱི་བདེ་སྡུག་དང་བོད་བསྟན་སྲིད་མི་རིགས་དང་བཅས་པ་ལ་ཤ་ཞེན་ཡོད་པ་༧གོང་ས་སྐྱབས་མགོན་ཆེན་པོའི་ཅི་སྲུང་བཀའ་བསྒྲུབ་ཞུ་མཁན་གང་ཟག་གི་ངོ་གདོང་ལ་མ་ལྟས་པར་བཅའ་ཁྲིམས་གྱི་འབྲུ་དོན་གཙོ་བཟུང་གནང་སྟེ་གནས་ལུགས་དང་རྒྱུ་མཚན་ལ་གཞི་བཅོལ་ཏེ་གང་ཡིན་ནའང་བཤད་ཕོད་པ་དང་ལས་ཕོད་པའི་གང་ཟག་ཞིག་བྱུང་ན་དེ་ནི་ཆོས་བརྒྱུད་ཁག་གི་འཐུས་མི་ངོ་མ་དེ་ཡིན། མདོར་ན་ངས་འདི་ན་བཤད་པའི་སྐད་ཆ་ཚང་མ་དངོས་སུ་བོན་རྒྱལ་བསྟན་རབ་ལ་ཕོག་སྲིད་ནའང་དེའི་རྒྱུད་ནས་འདི་དྲའི་རིགས་ཅན་ལོག་རྟོག་རྒྱུན་ལྡན་གྱི་གང་ཟག་རྣམས་ལ་ཕོག་ངེས་ཡིན། འོན་ཀྱང་རང་ངོས་ནས་དགའ་་སྡུག་གི་ཚོར་བ་ཇི་ལྟར་སྐྱེས་རུང་གཏམ་སྙོམས་སུ་འཇོག་རྒྱུ་བརྩིིས་ཡོད། མ་དགོན་ནས། ཐུབ་བསྟནརྒྱལ་མཚན་གྱིས།

འབྲེལ་ཡོད་གསར་འགྱུར།

tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁེལ་མེག་གི་སྲིད་འཛིན་ཟུར་བར་མཇལ་ཁ་སྩལ།

སྐར་མ ༤༣ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

ཆུ་ཚོད་ ༢ སྔོན་ལ།
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

ཆུ་ཚོད་ ༢༤ སྔོན་ལ།
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

ཆུ་ཚོད་ ༢༤ སྔོན་ལ།
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡

མཆན། 73

  1. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    རི་དང་ལུང་བ་འགེངས་པའི་ཨག་སྐད་འདི་ལ།།
    མི་མངོན་དབྱིངས་ནས་བདག་གི་སྟོན་པས་གཟིགས་ཤིག།
    ཁོག་ལ་སྦས་པའི་ལོ་མང་སྡུག་གི་ནད་འདི།།
    ད་ནི་སངས་པའི་ཐབས་ཀྱི་དགོངས་པ་སྩོལད་ཅིག།

    སྡེབ་སྦྱོར་དག་ཆ་མེད་པའི་བླུན་པོ་སྐོར་ཞིག།
    ཆོལ་ཁའི་ཞེན་ཁོག་ཅན་གྱི་ནད་པ་སྐོར་ཞིག།
    ཁ་ན་ཅི་བཤད་མེད་པའི་སྨྱོན་པ་སྐོར་ཞིག།
    དེ་རིང་འདི་རུ་འདུས་པ་ད་གཟོད་མཐོང་བྱུང་།།

    ཆོས་དང་སྲིད་ཀྱི་དམིགས་པ་སེམས་ལ་མེད་པར།།
    ལག་ཟུང་ཐལ་མོ་སྦྱར་ནས་མིག་ཟུང་ཟིམ་པ།།
    ད་དུང་བདག་གི་མི་རབས་འདི་ལ་མང་བ།།
    སེམས་པ་ཨ་ཐང་ཆད་པའི་སྐྱོ་བའི་གཞི་མ།།

    བཙུན་པའི་གཟུགས་འདི་སྤྲེའུའི་ཆ་ལུགས་མིན་མོད།།
    དེ་རིང་འདི་ཡིས་བདག་ལ་དོགས་པ་བསླངས་སོང་།།
    ཀ་བུམ་རྩོད་པའི་རིག་པ་རྫུན་མ་ཞིག་གིས།།
    མཐོང་ཚད་སུན་དུ་འཇུག་པའི་ཉི་མ་ཤར་སོང་།།

    དངུལ་དང་བུད་མེད་ཕྱོགས་ལ་ཞེན་པ་དམ་པའི།།
    བདག་གི་སྐྱབས་གནས་གསུམ་གྱི་ཡ་གྱལ་འདི་དག།
    ད་ནི་སྲིད་ཀྱི་སྡིངས་ཆར་འཛེག་པ་འདི་ནི།།
    བདག་གི་སྟོན་པའི་མགོ་ལ་སྟ་རེ་ཉིད་དོ།།

    མི་ལོ་སྟོང་གི་ལོ་རྒྱུས་མཛུབ་མོར་བགྲང་ན།།
    ཆོས་མིན་སྲིད་མིན་ཞིག་གིས་རྒྱལ་ཁམས་བསྐྱངས་ནས།།
    འདི་ལྟའི་ཞེན་ཁོག་ཅིག་གིས་ཆིག་སྒྲིལ་གཏོར་ནས།།
    དེ་རིང་ལག་ཏུ་བཞག་པ་སྡུག་བསྔལ་འདིའོ།།

    མ་མཐོང་རྒྱང་གི་རྡོ་རྗེ་ཕ་ལམ་དེ་ནི།།
    གཅིན་དང་སྐྱག་པ་མཆིལ་མའི་ཕུང་བོར་གྱུར་སོང་།།
    སྟོན་པའི་ན་བཟའི་ཁུག་གི་གཅེར་བུ་འདི་དག།
    ད་ནི་རྒྱལ་ཁབ་རྒུད་པའི་ཐན་ལྟས་མིན་ནམ།།

    བདག་གི་སྟོན་པས་བྱང་ཆུབ་ཤིང་གི་དྲུང་དུ།།
    མི་ལོ་དྲུག་ལ་དཀའ་བ་སྤྱད་པ་དེ་ནི།།
    དུས་ཀྱི་མི་རྒོལ་འདུལ་བའི་ཐབས་རྩལ་ཡིན་ཡང་།།
    ནུས་པ་ལྡོག་པའི་ཕྱོགས་ན་ཕད་ཁ་རྒྱས་འདུག།

    ཉིས་བརྒྱ་ལྔ་བཅུའི་ཁྲིམས་ཀྱིས་གཅུན་ཐབས་བྲལ་བའི།།
    ཟོག་པོ་འགའ་ཡིས་དུག་གི་ལོ་མ་ཟོས་སམ།།
    དགའ་སྐྱོ་ཆགས་སྡང་ཆེ་བའི་རྣམ་འགྱུར་འདི་ལ།།
    ད་ནི་བདག་གི་ཁོ་ཐག་གཏིང་ནས་ཆད་དོ།།

    ལམ་རིམ་ཁ་དང་ཁོག་གི་ཞེ་སྡང་དེ་ཉིད།།
    ཙོང་ཁ་པ་ལ་ཆེད་དུ་བརྙས་བཅོས་མིན་ནམ།།
    སྟོན་པ་བདེ་བར་གཤེགས་པའི་ཆ་ལུགས་འདི་དག།
    དུས་ཀྱི་མཐའ་ན་བྱིས་པའི་རྩེད་མཚར་ཉིད་དོ།།

    བདག་གི་ཁམས་དང་འདྲེས་པའི་རྣམ་རྟོག་འདི་ལ།།
    སྨྲ་བསམ་བརྗོད་ལས་འདས་པའི་རིག་པ་བརྡོལ་བྱུང་།།
    སུ་ཡི་ཐུགས་ལ་ཕོག་ན་དེ་ལ་གཟས་པའི།།
    མི་འཇིགས་སྙིང་གི་བདེན་པ་སྟོབས་ཀྱིས་དེངས་སོ།།

    Reply
  2. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 16 སྔོན།

    རྒན་ཐུབ་བསྟན་རྒྱལ་མཚན་གྱིས་གསུང་པ་ལ་ངས་བཀྲ་ཤིས་བདེ་ལེགས་ཡོད་ཁྱོད་ནི་ཆོས་ལ་དགའ་བའི་བོད་རིགས་ཞིག་ཡིན་པ་གསལ་་

    Reply
  3. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 16 སྔོན།

    ཆུ་ཐིགས་སྔོན་མོ་དང་དེའི་རྗེས་འབྲང་རྣམས་ནི་སྐུ་ཞི་བ་གཤེགས་པའི་ལྟག་འཚེར་རིན་པོ་ཆེས་བོད་གཞུང་ཅེས་པ་དེ་ཁྱིམ་ཚང་གསུམ་གི་ཟིན་ཡོད་ཞིག་པའི་བཀའ་ལུང་དེའི་རྗེས་སུ་འབྲང་རྒྱུ་རེད་འདུག་གཞན་དམངས་གཙོ་ནང་མི་དམངས་ཀྱི་སྐོས་པའི་འཐུས་མི་ཚོར་མོས་མཐུན་མི་འདུག

    Reply
  4. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 16 སྔོན།

    ཨ་རོགས་དྲྭ་གྲོགས་ཅོ་ཉི་ལགས་གཟུར་བོ་གནས་པའི་སྐད་ཆ་ཞིག་བཤད་ན་མི་ཚོའི་ཐུགས་ལ་བབས་ཀྱི་མི་འདུག་དེས་ན་སྐད་ཆ་ཚང་མ་གོ་ལྡོག་ནས་བཤད་ན་ལོག་རྟོག་ཅན་གང་ཟག་རྣམས་ལ་དགའ་བསུ་ཐོབ་ངེས་།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    རྨོངས་རྒན་ཚོ་ལགས།

    སྤྱི་འཐུས་གྲོས་ཚོགས་ནང་དུ་ཆོས་སྡེ་ཁག་གི་སྤྱི་འཐུས་མི་དགོས་ཐལ། འདོད་ན། མི་ཚང་གི་སྤྱི་འཐུས་དང་གོང་ཁྲ་ཏང་མི་དགོས་པ་ཐལ།
    ཞེས་ཐལ་བ་འཕེན་ཚེ་འདོད་མི་འདོད་ཅི་ལབ་ཀྱིན་ཡིན་ནམ།ཧཧཧཧཧཧཧཧཧཧཧ

    Reply
  6. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ༧གོང་ས་མཆོག་གི་གསུངས་ལས།

    ནང་ཆོས་གཞི་རྩར་བྱས་པའི་བོད་ཀྱི་རིག་གཞུང་ནི་བོད་མི་ཙམ་དུ་མ་ཟད་རྒྱ་ནག་གིས་མཚོན་པའི་འགྲོ་བ་མིའི་རིགས་སྤྱི་ལའང་ཞབས་འདེགས་སྒྲུབ་ཐུབ་པའི་ནུས་པ་ལྡན་པ་ཞིག་ཡིན།

    ཞེས་ནང་ཆོས་ལ་གཞི་རྩར་བྱས་པའི་བོད་ཀྱི་རིག་གཞུང་འདི་སྤྱི་འཐུས་གྲོས་ཚོགས་ནང་དུ་ཤེས་མཁན་སྤྱི་འཐུས་དེ་སུ་རེད་དམ། གཅན་ཐིགས་ལགས། སྒྲོལ་མ་མཚོ་མོ་ནི་ཡིན་གྱིས་མ་རེད། འོ་ན་སུ་ཡོད་དམ། ཆོས་སྡེ་ཁག་གི་སྤྱི་ཚོ་འཐུས་ཚོ་ལས་ལྷག་པ་སུ་ཡོད་དམ། ཁུར་ཤོག་ཡ་་་་་ཅི་རེད་་་་ཅི་རེད།

    ཨེ་བོད་རྒྱ་མེད་ན་ཕྱག་མ་འཚལ་རང་འཚལ་རེད་ད།

    ཨེ་ལྷ་ཆབ་མེད་ན་རྩ་བའི་དམ་བཅའ་ཚར་རྒྱག་གིན་ཡིན་ད།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བོན་རྒྱའི་རྔུལ་ཆུ་ཐིགས་པ་སྔོན་མོ་ལགས།

    གོང་ས་མཆོག་གིས་བཀའ་སློབ་ཚ་པོ་ཚ་པོ་ཞིག་རྨོངས་རྒན་ཁྱེད་འདྲ་བ་ཚོ་ལ་གསུངས་འདུག་པས་ཕྱག་གསུམ་མགྱོགས་པོར་འཚལ་དགོས།

    ༧གོང་ས་མཆོག་གིས་བཀའ་ལས།།།

    བོད་ནང་དེང་སྐབས་དམར་པོའི་དབང་འཛིན་པས་ཆོས་སྡེ་ཁག་ལ་རྒྱལ་གཅེས་ཆོས་གཅེས་སོགས་ཆབ་སྲིད་ལས་འགུལ་སྣ་ཚོགས་པའི་དམ་དྲག་གནོན་བཙིར་གྱིས་གྲྭ་བཙུན་རྣམས་བཙོན་པ་ལྟ་བུའི་དོ་དམ་འོག་བཤད་སྒྲུབ་འཆད་ཉན་གྱི་གོ་སྐབས་མེད་པར་འགྲེམས་སྟོན་ཁང་བཞིན་འཇོག་པ་ནི་བསྟན་པ་བསྣུབ་པའི་བྱ་ཐབས་གཙོ་བོ་ཞིག་ཏུ་སྣང༌།

    ཞེས་བཀའ་གནང་བ་བཞིན་དུ་བཙན་བྱོལ་སྤྱི་ཚོགས་ནང་དུ་ཡང་ཆོས་སྡེ་ཁག་གི་སྤྱི་འཐུས་རྣམས་ལ་ཆོས་བྱས་མཁན་ཚོའི་ཆོས་བྱེད་པ་ལས་ཆབ་སྲིད་བྱེད་མཁན་སྤྱི་འཐུས་གྲོས་འཚོགས་ནང་དུ་ཡོང་མི་ཆོག་ཡོང་ན་ཡག་པོ་མི་འདུག་ཁྲག་དྲི་ཁ་ཡོང་ཟེར་ནས་དགོན་པ་ལྷ་ཁང་ནང་དུ་འགྲེམས་སྟོན་ཁང་གི་བྱ་དངོས་ལྟ་བུ་བཟོ་ཨེ་ཐུབ་ལྟ་མཁན་བླུན་པོ་འགའ་རེ་འདུག

    གཙོ་བོ་བོན་རྒྱ་ཁྱེད་ཀྱིས་ལྷ་ཆབ་དང་གཅན་ཐིགས་གཉིས་ཁྲིད་ནས་སུམ་ཅུ་དུས་དྲན་མོ་འདིར་ཆོས་སྡེ་ཁག་གི་སྤྱི་འཐུས་ཚོ་ལ་དགོངས་དག་ཞུ་དགོས། དེ་ནས་ལོག་རྟོག་བསལ་རྗེས་རང་ཉིད་ཀྱི་བསལ་བློ་འགྱུར་བཅོས་གཏོང་དགོས།

    སྐབས་དང་དུས་སུ་དེ་ལས་ལྷག་པ་ཡོད་ནི་མེད་ཁུ། མགྱོགས་པོ་ཤོག་ཕྱག་འཚལ།།།

    Reply
  8. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    ཆུ་ལས་རིང་བས་བློན་གཏམ་སྨྲ། །ཡིད་སྟོན་ཕེལ་བའི་ཐིགས་ཙམ་མེད།
    །བདེན་པའི་གནས་ལུགས་མ་མཐོང་བ། །ཆོས་སྲིད་ཟུང་ལ་མཁས་པ་རློམ། །

    Reply
  9. ཤཱཀྱ་མི་བོ། says:
    ལོ་ 16 སྔོན།

    ངས་སྔ་ས་ནས་ཤེས་འདོད་པ་གཅིག་ནི། ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་མཁན་ཕལ་ཆེ་བ་དེ་དག་ཆོས་བརྒྱུད་གཅིག་ཁོ་ནའི་ཁོངས་སུ་གཏོགས་ཀྱིན་འདུག་པ་དེའི་གནད་དོན་གང་ལ་ཐུག་པ་ཡིན་ནམ། ད་དུང་དེའི་ནང་གི་ཕལ་ཆེ་བ་ནི་ཆོལ་ཁའི་སྤྱི་འཐུས་མི་དགོས་ཟེར་མི་ཕོད་མཁན་དུ་གཏོགས་ཀྱིན་འདུག་པས། འདི་ནི་ལ་རྒྱ་དང་རྩ་དོན་ཆེད་མིན་པར་གནད་དོན་ཞིག་ལ་ཐུག་འདུག་བསམ།
    ལེགས་པོར་དཔྱོད་དང་།

    Reply
  10. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 16 སྔོན།

    ཨ་རོགས་ཁྱེད་ཚོ་ཤེས་དགོས་པ་ཞིག་ལ་སྤྱི་རྒྱུ་སྒེར་བདག་བྱེདདེ་གངས་སྐྱིད་དཀྱིལ་ཤོང་གྲོས་ཚོགས་རྭ་བ་ནང་མགོ་འཕང་དགུང་དུ་སྟེགས་སྟེ་བཞུགས་པ་རྣམས་ལ་ཆོལ་ཁ་སྤྱི་འཐུས་ཚོས་བཤད་མི་ཕོད་པ་དང་བསམ་མི་ཕོད་པའི་གནས་ཚུལ་ཁ་ཤས་ལ་གནས་ལུགས་དང་རྒྱུ་མཚན་ལ་ཁོངས་གཏུབས་སྟེ་ངོ་ཚ་ཁ་སྐྱེམས་ནས་ཞལ་རས་དམར་པོ་གྱུར་ཏེ་འདུག་དགོས་པ་བཟོ་མཁན་དེ་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཤིག་མ་རེད་དམ། ད་བར་ཆོལ་ཁ་སྤྱི་འཐུས་སུས་སྐད་ཆ་དེ་འདྲའི་བཤད་མྱོང་མེད་པ་དེ་དངོས་ཡོད་རེད། ཆོས་བརྒྱུད་འཐུས་མིས་མ་དྲངས་པ་བཤད་པ་དེ་ཁོངས་འདུག་གམ

    Reply
  11. བྱང་ཆུབ། says:
    ལོ་ 16 སྔོན།

    བཀུར་འོས་ཆུ་ཐིགས་སྔོན་མོས་གསུངས་པ་བཞིན། ཆོས་བརྒྱུད་མ་ཡིན་པའི་སྤྱི་འཐུས་ཚོ་ཡང་དེ་ག་རང་རེད། བུད་མེད་གཅིག་གིས་ཡི་གེ་ཁྱེར་ཏེ་སྤྱི་འཐུས་འབྲེལ་ཡོད་རྣམས་ལ་ས་རྟགས་བསྡུ་རུབ་བྱས་པ་རེད། བུད་མེད་གཅིག་གི་རྒྱབ་ལ་ཆོས་བརྒྱུད་ལས་ལྷག་པའི་ཆོལ་ཁ་གཅིག་འཐེན་པ་རེད། དེ་ལ་ཁྱེད་ཀྱིས་ག་རེ་གནང་གྲབ་ཡོད་དམ། དེ་དག་ང་རང་ཚོས་ཤེས་དགོས་རྒྱུ་ཞིག་རེད། ང་རང་གིས་མི་གཞན་ལ་ཚིག་ངན་སྨྲས་ཀྱི་མེད་ལགས།

    Reply
  12. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    བྱང་ཆུབ་ལགས་་་ངས་བླ་གྲྭ་རྣམས་བོད་གཞུང་གི་ལས་བྱེད་ནང་ལ་འཛུལ་མི་ཆོག་ཅེས་བཤད་ཀྱི་མེད་་་གོ་བ་ཡག་པོ་ལོན་བར་གྱིས་་་་མ་ལོན་ན་གཞན་ལ་དྲིས་ལོ་་་་་ངས་བཤད་དོན་ནི་་་ཆོས་རྒྱུད་ཀྱི་སྤྱི་འཐུས་ཞེས་མི་གཅིག་སྤྱི་འཐུས་ནང་ལ་བཏང་ན་མི་འགྲིག་ཅེས་བཤད་པ་ལས་གྲྭ་བ་རང་ངོས་ནས་འཇོན་ནས་གཞུང་ཞབས་བྱེད་ཐུབ་ན་དགའ་བསུ་ཡོད་་་་་དཔེར་ན་དགེ་ལུགས་སྤྱི་འཐུས་བེ་རི་འཇིགས་མེད་ཀྱིས་སྐད་ཆ་གཅིག་བཤད་ན་དགེ་ལུགས་པ་ཡོངས་ཀྱིས་བཤད་པ་རེད་་་་ཁོ་རང་གི་ལང་ཕྱོགས་བཟུང་ན་ཁོའི་རྒྱབ་ན་དགེ་ལུགས་པ་ཚང་མ་ཡོད་པ་རེད་་་་དེར་བརྟེན་ཕྱོགས་འཐེན་གྱི་དབང་གིས་སྔོན་མའི་དོན་རྐྱེན་དེ་བྱུང་བ་རེད་ལོ་་་་་་ཁོ་ཚོས་ཆོས་རྒྱུད་ཀྱི་ལས་ཀ་མ་ལས་པར་ཆོལ་ཁའི་ལས་ཀ་བྱས་པ་རེད་ཧ་གོ་དགོས་པ་རེད་

    Reply
  13. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ལྷག་བསམ་དག་པའི་གསེར་གྱི་ས་གཞི་ཕྲག་དོག་རྡུལ་གྱིས་ཡོངས་དབེན་ཞིང་།།
    སྒྲུབ་བྱེད་ལུང་གི་རྒྱ་མཚོ་འཁྱིལ་བར་བགྲོད་བྱེད་རིགས་པའི་གྲུ་བོ་ཆེ།།
    དགག་བཞག་རླུང་གིས་དལ་གྱིས་བསྐྱོད་པར་མ་བཟོད་སྤར་མོ་འདེབས་མཁས་པ།།
    ཅོལ་ཆུང་ཉི་མ་ཨ་ཟླ་ལ་སོགས་རྨོངས་པའི་བུ་དག་སྙིང་རེ་རྗེ།།

    Reply
  14. བྱང་ཆུབ། says:
    ལོ་ 16 སྔོན།

    དྲྭ་གྲོགས་ཆུ་ཐིགས་ལགས། ང་ཚོའི་བཙོན་བྱོལ་གཞུང་འདི་དམངས་གཙོའི་ཚོགས་པ་ཞིག་རེད། སྨྲ་བརྗོད་ཀྱང་རང་དབང་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ང་དང་ང་འདྲ་བ་ཁག་ཅིག་གིས་ཆོས་བརྒྱུད་སྤྱི་འཐུས་དགོས་མཁོ་ཅན་དུ་མཐོང་ཡོད། སྲིད་གཞུང་གང་གི་ནང་དུ་བླ་གྲྭ་རྣམས་འཛུལ་ཞུགས་མི་ཆོག་ན། བོད་ཆོས་སྲིད་གཉིས་ཀྱི་བདག་པོ་གོང་ས་སྐྱབས་མགོན་ཆེན་པོ་དང་། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ། ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་སོགས་ཀྱང་ཕྱིར་འཐེན་དགོས་སམ། དེ་མིན་ཆོས་བརྒྱུད་སྤྱི་འཐུས་ཚོས་བྱས་རྗེས་བཞག་པ་གང་ཡང་མེད་གསུང་ན། ཆོས་བརྒྱུད་མ་ཡིན་པའི་སྤྱི་འཐུས་ཚོས་བྱས་རྗེས་བཞག་པ་གང་ཡོད་དམ།

    Reply
  15. karma dorje says:
    ལོ་ 16 སྔོན།

    ཐུབ་བསྟན་རྒྱལ་མཚན་ལགས་སུ། ངས་དག་བཅོས་འདི་རྣམས་ནོར་འདུག་ན་དགོངས་དག་ཞུ།
    ་་་་་་་་གཉིས་དབུ་བཞུགས་ཐོག་རྙིང་དོར་བཅུད་ལེན་གྱིས་་་་་་་ སྙིགས་དོར་་་་་་
    ་་་་་་༧གོང་ས་སྐྱབས་མགོན་ཆེན་པོའི་ཅི་སྲུང་བཀའ་བསྒྲུབ་ཞུ་མཁན་་་་་ ཅི་གསུངས་་་་སོགས་འབྲི་འདོད་མེད་དམ་སྙམ།

    ང་རང་གི་བསམ་འཆར་ནི།
    བཙན་བྱོལ་གཞུང་སྲིད་ནང་ལ་ཆོས་བརྒྱུད་སྤྱི་འཐུས་དགོས་རེད་སྙམ། བོད་རང་བཙན་ཡོད་ན་དགོས་བགྱིད་ཡོད་མེད་ངས་མི་ཤེས།
    ཆོས་སྲིད་ཟུང་འབྲེལ་ཡིན་ནའང་གྲ་བཙུན་གཅིག་ལ་འོས་ཐེངས་གཉིས་བརྩེགས་ཐོབ་ཐང་འདུག་ཅེས་པ་ལ་བགྲོ་གླེང་གནང་དགོས་འདུག་སྙམ།

    Reply
  16. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཨེ་གཅན་ཐིགས།

    སངས་རྒྱས་བསྟན་པའི་རིགས་ཀྱི་ཤྭཀྱའི་མི།
    ཐེག་ཆེན་སེམས་ཀྱི་བདག་པོ་བྱང་ཆུབ་པ།
    དངོས་སྟོབས་རིག་པའི་རྗེས་འབྲངས་ཅོ་རི་བ།
    འདི་གསུམ་ཆུ་ཐིགས་སྔོན་མོའི་ལས་དགྲ་རེད།

    Reply
  17. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཆུ་ཐིགས་པ་ལགས།

    ཕྱི་རྒོལ་ལོག་རྟོག་བསལ་བྱེད་ཆུ་ཐིགས་ཙམ་ཡང་མེད།
    སྔར་རྒོལ་སྒྲུབ་བྱེད་ཟེར་བ་ཆུ་ཐིགས་ཙམ་ཡང་མེད།
    རང་ལུགས་འདི་ཡིན་ཟེར་བ་ཆུ་ཐིགས་ཙམ་ཡང་མེད།
    གཞན་ལུགས་བློ་ཁ་སྒྱུར་བྱེད་ཆུ་ཐིགས་ཙམ་ཡང་མེད།

    དངོས་སྟོབས་རིག་པའི་འགྲོ་ལུགས་མ་ཤེས་ན།
    ཆོས་སྲིད་འགལ་དང་མི་འགལ་ཅི་ཡིས་འབྱེད།
    ལུང་གི་རྗེས་སུ་འབྲངས་བའི་ཆུ་ཐིགས་བ།
    རང་ཉིད་ལུག་ཀླད་ཡིན་པ་མི་ཤེས་སམ།

    ཆོས་སྲིད་ཟུང་འབྲེལ་ཁ་བའི་རྒྱལ་ཁབ་ལ།
    དམ་པའི་ལྷ་ཆོས་རྒྱུད་ཀྱི་སྤྱི་འཐུས་རྣམས།
    མི་དགོས་ཨུ་ཚུགས་བྱེད་མཁན་ཆུ་ཐིགས་བ།
    དངོས་སྟོབས་རིག་པའི་སྒྲུབ་བྱེད་ཨེ་ཡོད་དམ།
    དངོས་ཡོད་གནས་ཚུལ་སྟོན་རྒྱུ་ཨེ་ཡོད་དམ།
    ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  18. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    བོད་རིགས་གྲོགས་པོ་ཚེར་མ་ལགས། སྔོན་མ་མང་མོས་འོས་བསྡུས་ཆེན་མོའི་སྐབས་སུ”དུས་ནས་དུས་སུ་༧གོང་ས་མཆོག་གི་ཐུགས་རྗེ་དབྱངས་དཔྱད་ཀྱིས་གཟིགས་ཏེ་ཐག་གཅོད་ལམ་སྟོན་གནང་རྒྱུ”ཞེས་བོད་མི་དམངས་མང་མོས་ཀྱིས་གོང་ས་མཆོག་ལ་ཐག་གཅོད་ཀྱི་སྐུ་དབང་གྲོས་ཚོགས་བརྒྱུད་ཡང་ནས་བསྐྱར་དུ་ཕུལ་བ་མ་རེད་དམ། གོང་ལུང་དེ་ཚིག་ཇི་བཞིན་མི་དྲན་པས་དགོངས་འགལ་མེད་པ་ཞུ། ནང་དོན་ཕལ་ཆེར་འགྱུར་ཚོད་ཡིན་མོད། དཔྱད་གཞི་མེད་པས་ནོར་ཡོད་ན་དགོངས་འགལ་མེད་པ་ཞུ། འདི་ལྟར་ཐོག་མར་༧གོང་ས་མཆོག་ལ་ཐག་གཅོད་ཀྱི་སྐུ་དབང་ཡོངས་རྫོགས་གྲོས་ཚོགས་གྲོས་ཆོད་ཀྱི་ལམ་ནས་ཕུལ་རྗེས། དེ་རིང་ཡང་བསྐྱར་ང་ཚོ་ལ་མིག་བསྟན་མ་སོང་ངོས་ལེན་གསུངས་མདོག་ཁ་བོ་མ་རེད།

    Reply
  19. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    མ་ཧེ་མགོ་བཞིན་ཁྱེར་ནས་བློན་རྗེས་འབྲང་། །གནས་ལུགས་ལམ་ཆེན་མ་མཐོང་ཡི་རེ་སྐྱོ། །
    དུས་མཐར་མཁས་པའི་རྫུར་བའི་ཆུ་ཐིགས་ཁྱེད། །མཁས་རློམ་རང་ཚུགས་མེད་པའི་ཡི་རེ་སྐྱོ། །

    Reply
  20. ཨ་ཟླ་བ། says:
    ལོ་ 16 སྔོན།

    ཨ་ཕོ་ཧོ་་་་་་་་་་་་་་་་་་་་་་་་་་་་་བཀླག་མི་ཤེས་ན་ཨུ་ཚུགས་རྒྱག་དགོས་དོན་མེད།

    Reply
  21. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    སྙིང་རྗེ་ཨ་ཟླ་བ་ལགས།གཞན་ལ་ཁྱི་དང་སྤྱང་ཀི།བོན་ལོག་སོགས་ངན་སྨྲས་བྱས་པ་དེ་ཁྱོད་ཀྱི་ཆོས་དང་འགལ་བ་མ་རེད་པས།ད་དུང་སངས་རྒྱས་དང་བྱང་སེམས།རྒྱལ་བ་རིན་པོ་ཆེན་གྱི་འཁྲུངས་རབས་བཅས་པའི་ནང་དུ་གཞན་ལ་ངན་སྨྲས་བྱས་ཤིག་གསུངས་འདུག་པས།དེ་ལྟར་ཡིན་ན་ངས་བཀླག་རྒྱུ་མིན།

    Reply
  22. ཨ་ཟླ་བ། says:
    ལོ་ 16 སྔོན།

    བགྲོ་གླེང་།
    ཁྱིས། ཝེ་་་་་་་་་་ཁྱོད་བལྟས་ན་ཆོས་རྒྱུད་སྤྱི་འཐུས་དགོས་ནི་ཨེ་རེད།

    སྤྱང་ཀིས། འོ་ཙི། ཁོང་དེ་དགོས་རྩ་བ་ནས་གསུང་རྒྱུ་ཡོག་མ་རེད་ལགས། གང་ཡིན་ཞེ་ན་ང་གཉིས་སྤུན་མཆེད་ཚང་མ་ཤ་ལ་དགའ་བའི་རིགས་རྐྱང་ཡིན་པ།

    ཁྱིས། འོ་ལེ། ད་འོ་ན་ང་གཉིས་དཔུང་བ་མཉམ་གཤིས་ངོ་རྒོལ་བྱེད་ཀི་འགྲོ་ཡ། དེས་ན་འུ་ཚོར་རྒྱལ་ཁ་ཟིག་ཐོབ་ནི་རེད།

    སྤྱང་ཀིས། འོ་དེ་ ངས་དེ་ག་རང་ཞུས་ཡག་ཡིན། ང་གཉིས་ལག་སྤྲེལ་གནང་ཡག་ག

    Reply
  23. ཨ་ཟླ་བ། says:
    ལོ་ 16 སྔོན།

    འོ་ན་ཆོལ་སྤྱི་འཐུས་ཀྱང་མེད་པ་བཟོ་དགོས་སམ། ཁོས་ད་བར་ཅི་འཇོན་ཡོད། གཅིན་ཐིགས་རང་ལུགས་མེད་པའི་གླེན་པ་ལུགརྒན།
    ཕྱོགས་ཞེན་གྱི་བཟི་པའི་གླང་རྒན
    ཁྱི་ཁ་བཙུམ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  24. ཨ་ཟླ་བ། says:
    ལོ་ 16 སྔོན།

    ལྷ་ཆབ་ཁྱི་རྐུབ་བརྡར་པའི་ཆུ་ཐིགས་སྔོན་མོ།།
    རང་ལུགས་ངེས་གཏན་མེད་པའི་ཆུ་ཐིགས་སྔོན་མོ།།
    ཆེན་པོར་ངོགདགའ་འཁྲབ་པའི་ཆུ་ཐིགས་སྔོན་པོ།།
    གཞན་གྱི་ལད་སློས་དགའ་བའི་ཆུ་ཐིགས་སྔོན་མོ།།

    Reply
  25. ཨ་ཟླ་བ། says:
    ལོ་ 16 སྔོན།

    ཧོར་བུ་ཁྱེད་ཀྱིས་སྟོན་པའི་སྐྱེས་རབས་གཟིུགས་མྱོང་ངམ། ལྷག་པར་དུ་གོང་ས་མཆོག་གིས་འཁྲུངས་རབས་བཀླགས་མྱོང་ངམ། ཆོས་རྒྱལ་གྱི་སྐྱེས་བ་ག་ཚོད་བཞེངས་འདུག བོད་ཀྱི་ཆོས་རྒྱལ་གྱི་སྐྱེས་བ་ག་ཚོད་བཞེངས་འདུག

    Reply
  26. ཨ་ཟླ་བ། says:
    ལོ་ 16 སྔོན།

    དགེ་འདུན་རབ་གསལ་ཟེར་བའི་བན་ལོག་རྐུབ་ཟེར་ཅན་པོར་ལན་ངས་རྒྱག་ཆོག

    འོ་ན་གོང་ས་མཆོག་གིས་སྲིད་འཛིན་པ་དེ་ཡང་མིའགྲིག་གམ། མི་འགྲིག་ན་བན་ལོག་ཁྱེད་ཀྱིས་ཅི་འཛོན་ནི་ཡོདཧཧཧཧཧཧཧཧཧཧཧཧཧཧ

    Reply
  27. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    དགེ་འདུན་རབ་གསལ་ལ་རྒྱབ་སྐྱོར་ཡོད།དྲི་བ་ཡག་པོ་ཞིག་ཕུལ་སོང།
    ང་ལ་ཡང་དྲི་བ་གཅིག་ཡོད་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྲིད་དོར་ནས་སངས་རྒྱས་པ་རེད་དམ་སྲིད་འཛིན་ནས་སངས་རྒྱས་པ་རེད།
    ད་དུང་སྨར་དྷཱིཿཟེར་ལགས།སོ་སོའི་རྒྱལ་ཁམས་སྲུང་བའི་ཆེད་དུ་དམག་རྒྱག་ཡག་དང་ནང་ལ་སྒྲིག་ཁྲིམས་ཡག་པོ་ཡོང་ཡག་ལ་མི་ཉེས་ཆེན་སོགས་ལ་རྒྱལ་བ་རིན་པོ་ཆེན་གྱི་བཀའ་ཅི་ལྟར་གནང་དགོས་སམ།

    Reply
  28. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ཆོས་སྲིད་སོ་སོར་རྟོགས་པའི་དབུས་ཕྲུག་དང་།།
    རིགས་པས་བརྡར་ནས་བཤད་མཁས་བློ་གྲོལ་རྒྱལ།།
    གནས་ལུགས་རྩལ་དུ་འདོན་མཁན་རབ་གསལ་སོགས།།
    ལྟ་བ་ཡང་དག་རྟོགས་མཁན་རྣམ་གསུམ་རྒྱལ།།

    རང་ལྟ་བོར་བའི་སྙིགས་དུས་དགྲ་བཅོམ་པ།།
    འོལ་སྤྱི་ཙམ་གྱི་རྗེས་འབྲང་འཇང་ལྷ་པ།།
    ཆབ་སྲིད་རིག་པས་སྟོང་བའི་སྨར་དྷཱི་ཟེར།།
    ཁ་ཕྱོགས་གཏན་ཁེལ་མེད་པའི་མགྲོན་པོ་གསུམ།།

    ཕྱོགས་ཞེན་ཤེད་ཀྱིས་བསྐྱང་བའི་ཅོ་རི་བ།།
    རྒྱུ་མཚན་དོན་གྱིས་སྟོང་བའི་ཤཱཀྱའི་མི།།
    རྨོངས་བའི་གཉིད་དུ་ཡུར་བའི་བྱང་ཆུབ་སོགས།།
    དུས་མཐའི་བླུན་རྨོངས་གསུམ་འདི་རྡོག་པས་ནོན།།

    Reply
  29. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    འཇང་འགྱུར་ལགས་ཆོས་རིག་ལས་ཁུངས་ཆོས་བརྒྱུད་ཁག་ལ་འབྲེལ་བ་ཡོད་པའི་རྒྱུ་མཚན་གྱི་ཆོ་བརྒྱུད་འཐུས་མི་མི་དགོས་པའི་རྒྱུ་མཚན་གཏན་ནས་མི་འགྲིག
    གལ་སྲིད་འགྲིག་ན་ང་ཚོ་ལ་ཆོལ་ཁ་གསུམ་གྱི་འཐུས་མི་བཀའ་ཤག་དང་བཅས་པ་མི་དགོས་པ་གྱུར་ཏེ་༧གོང་ས་སྐྱབས་མགོན་ཆེན་པོས་མཚོན་མི་ཐུབ་པར་གང་ཡང་མེད་པའི་ཕྱིར།

    Reply
  30. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    འོ་རེད་་་་ཅི་ཙམ་བཤད་ཀྱང་མ་བཤད་ཀྱང་ཆོས་བརྒྱུད་སྤྱི་འཐུས་ཚོས་ད་ཕན་དོན་ལྡན་གྱི་བྱ་བ་ཅི་ཞིག་བསྒྲུབས་ཡོད་་་་་ང་ཚོ་ཆོས་ལྡན་གྱི་རྒྱལ་ཁབ་རེད་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་ཞེས་ཨུ་ཚུགས་བརྒྱབན་ཕན་ཐོགས་ཅི་ཡང་མེད་་་་གལ་སྲིད་ཆོས་བརྒྱུད་སྤྱི་འཐུས་ཤིག་དགོས་ན་གཞུང་གི་གྲོས་ཚོགས་ཁོངས་སུ་ཞུགས་མི་དགོས་པར་ཆོས་དོན་ལྷན་ཁང་ནང་བཞག་ནས་ཆོས་བརྒྱུད་ཁག་གི་བདེ་སྡུག་ཅི་ཡོད་ཆོས་དོན་ལྷན་ཁང་ལ་སྙན་ཞུ་བྱས་ནས་ཚོགས་འདུའི་ལམ་ནས་ཐག་གཅོད་བྱེད་རྐྱང་ལས་གཞུང་གི་ཆབ་སྲིད་ནང་ལ་ཆོས་པ་ཞིག་ཡོང་དགོས་དོན་མེད་་་་ཆབ་སྲིད་ནང་ལ་ཆོས་པ་ཞུགས་ན་ཅི་འདྲ་ཞིག་ཡིན་པ་ང་ཚོས་མཐོང་མ་སོང་ངམ་་་་ཅིག་བྱས་ན་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཁོ་ནའི་བྱེད་ལས་ཙམ་ཡང་ཡིན་སྲིད་་་་་གང་ལྟར་གཞུང་གི་ཆབ་སྲིད་ནང་ཆོས་བརྒྱུད་སྤྱི་འཐུས་ཤིག་དགོས་དོན་མི་འདུག་་་་མེད་པར་བཟོས་ན་ཡག་ཤོས་སུ་འཁུམས།

    Reply
  31. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    དྲྭ་གྲོགས་དགེ་གསལ་དང་དབུས་ཕྲུག་གཉིས་ལ་ཞུ་རྒྱུ་ཞིག་ལ་སྔོན་གྱི་ལོ་ཙཱ་བ་དང་གྲུབ་པ་ཐོབ་པའི་སྐྱེ་བུ་རྣམས་ཀྱིས་སངས་རྒྱས་ཀྱི་གསུངས་པའི་བདེན་བཞི་མི་རྟགས་བཅུ་དྲུག་དེ་རྗེས་འཇུག་མཁས་པ་རྣམས་ཀྱིས་བརྩམས་པའི་གཏན་བཅོས་ལ་གཞི་བཅོལ་ཏེ་གཏན་ལ་དབབ་ནས་མཐར་འབྲས་བུ་མངོན་དུ་བྱས་ཡོད། བདེན་བཞི་ཞིག་པའི་སྐབས་ཀྱི་བདེན་པ་དེ་དོན་བསྡུས་ན་དངོས་ཡོད་ཀྱི་གནས་ཚུལ་ཞིག་ལ་ཟེར་གྱི་ཡོད། དེ་ལྟ་བུ་དངོས་ཡོད་ཀྱི་གནས་ཚུལ་དེ་རྟོགས་ནས་སངས་རྒྱས་འབྲས་བུ་མངོན་དུ་བྱེད་ཅིག་ཟེར་གྱི་ཡོད།
    དེས་ན་ཆོས་བརྒྱུད་ཀྱི་འཐུས་མི་ཚོས་གང་མཐོང་བ་དང་གང་ཡོད་པ་གཉིས་པོ་དེ་བཤད་ཕོད་པ་དེ་སངས་རྒྱས་ཀྱི་རྗེས་འཇུག་དང་ནང་ཆོས་གཉིས་ཀའི་ཐོག་ནས་འགལ་བ་གང་ཡང་ཆགས་མེད།

    Reply
  32. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 16 སྔོན།

    དེ་ལས་ད་ནས་ངོ་ཚོའི་ཆོས་ལུགས་སྤྱི་མཐུས་དེ་མེད་པ་བཟོས་ན་འཚམ་ཕྱོགས་རེད་

    Reply
  33. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 16 སྔོན།

    ནོར་བཅོས་ ཆོས་རིགས་ལས་ཁུང་

    Reply
  34. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 16 སྔོན།

    ངོ་ཚོའི་ནང་པའི་ཆོས་ལུགས་དང་ལྟ་གྲུབ་ཕྱོགས་ཙམ་སྦྱང་ན་ ཆབ་སྲིད་དང་ཆོས་ལུགས་ཐ་དད་ ཡིན་པ་ཤེས་སླ་ ང་ཚོ་ཆོས་སྲིད་ཟུང་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་ཆོས་ལུགས་སྤྱི་མཐུས་མི་དགོས་ གང་ཡིན་ཟེར་ན་ གཞུང་ཆོས་རིགས་ལས་གིས་མཐུས་དེ་ལས་ལྷག་གཅིག་དགོས་དོན་མེད ཆོས་སྲིད་ཟུང་འབྲེལ་ཟེར་བའི་མིང་སྙན་པོ་དེ་ བེད་སྤྱོད་བྱས་ནས་ཆོས་པ་ཚོའི་ཆབ་སྲིད་ཀྱི་གོ་སོ་མཐོ་པོ་ཞིག་ཟིན་ནས་སྤྱི་ཚོགས་ནང་ཚུལ་བཞིན་དུ་ལས་མ་བྱས་ན་ དུས་ནམ་ཞིག་ལྷ་མི་ཀུན་གྱིས་སྡང་མིག་ལྟ་སའི་དགེ་མདུན་པའི་སྡེ་ཞིག་མི་ཆགས་པའི་ངེས་པ་མེད་

    Reply
  35. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཁ་བའི་མེ་ཏོག་ལགས།
    ཆོས་རྒྱུད་ཀྱི་སྤྱི་འཐུས་མི་དགོས་ཟེར་བ་ཙམ་གྱིས་མི་ཕན་འདུག་་་་་་་་་་་དེ་ལས་མི་དགོས་པར་དངོས་སྟོབས་རིག་པའི་སྒྲུབ་བྱེད་ཡོད་ན་བཀོད་རོགས་་་་་་་་་་་་དེ་མེད་ན་བརྒྱ་བཤད་སྟོང་བཤད་བྱེད་ཀྱང་ཁ་བའི་མེ་ཏོག་ལག་ཏུ་ལེན་པ་བཞིན་སྐད་ཅིག་གཅིག་གི་རྗེས་སུ་ཆུ་ལ་འགྱུར་འགྲོ་ནི་རེད་ཡ།

    ཆོས་རྒྱུད་ཀྱི་སྤྱི་འཐུས་ཆོས་ཅན། མི་དགོས་པ་ཐལ། མི་དགོས་པའི་ཕྱིར།་་་ཞེས་བཀོད་ན་འདི་ནི་ཨུ་ཚུགས་ཅན་གྱི་རྟགས་སྣང་རེད། སྒྲུབ་བྱ་དུས་ནམ་ཡང་གྲུབ་པ་ཐུབ་ག་ལ་ཡོད།ཧཧཧཧ

    Reply
  36. ཁ་བའི་མེ་ཏོག says:
    ལོ་ 16 སྔོན།

    ཆོས་རྒྱུད་སྤྱི་འཐུས་འདི་ཚོ་དགོས་གལ་མི་འདུག བོད་གཞུང་དང་གདན་ས་གྲ་ཚང་ཁག་གི་འབྲེལ་ཐག་གི་ཟམ་པ་དེ་ཆོས་དོན་ལས་ཁུངས་ཀྱིས་མི་འགྲིག་པ་ཅི་ཡང་མེད་པས། ད་ལྟའི་དུས་འདིར་ཆོས་རྒྱུད་སྤྱི་འཐུས་འདི་ཚོ་མེད་པ་བཟོས་ན་ཧ་ཅང་གི་འོས་འཚམ་རེད།

    Reply
  37. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དགེ་འདུན་རབ་གསལ་ལགས།

    རིང་ནས་སྙིང་དུ་བརྣགས་པའི་འདོད་པའི་དོན། །
    ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ། །
    ལྷུན་འགྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ། །
    སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ།

    ༧གོང་ས་མཆོག་གི་གསུངས་འདིའི་ཅི་ཞིག་བསྟན་པ་ཡིན་ཤེས་ཀྱིན་ཡོད་དམ།

    Reply
  38. ཤཱཀྱ་མི་བོ། says:
    ལོ་ 16 སྔོན།

    རབ་གསལ་གྱི་དྲི་བ་འདི་སྐུ་མདུན་ལ་ཡིན་ནམ། ཟམ་གདོང་ལ་ཡིན། དེ་མིན་མི་ལ་སོགས་འདྲུད་དོན་ཅི།

    Reply
  39. དགེ་འདུན་རབ་གསལ། says:
    ལོ་ 16 སྔོན།

    ཆོས་རྒྱུད་ཁག་གི་སྤྱི་འཐུས་དགོས་མི་དགོས་ཞེས་པ་དེ་རྩོད་གཞི་ཚ་པོ་ཞིག་ཆགས་འདུག དེས་ན། འདི་ནི་དགེ་འདུན་པ་ཚོ་དང་ཆོས་པ་ཚོ་ལ་འདྲི་དགོས་འདུག “ཁྱོད་ཀྱིས་ཆོས་སྒྲུབ་འདོད་དམ་ཡང་ན་དགྲ་འདུལ་གཉེན་སྐྱོང་བྱེད་ན་འདོད། ཆོས་བཤའ་མ་སྒྲུབ་ན་འཇིག་རྟེན་གཡུགས་ཤིག དགྲ་འདུལ་གཉེན་སྐྱོང་བྱེད་ན་ཆོས་གཡུགས་ཤིག”
    ཡང་ན་དྲི་བ་འདི། གྲུབ་ཆེན་མི་ལ་རས་པ་ལ་དྲིས་ཤིག ཡང་ན་དྲི་བ་འདི་རྗེ་ཙོང་ཁ་པ་ཆེན་པོ་དྲིས་ཤིག ཡང་ན་དྲི་བ་འདི་ས་པཎ་ཆེན་པོ་ལ་དྲིས་ཤིག ཡང་ན་དྲི་བ་འདི་སློབ་དཔོན་ཆེན་པོ་དྲིས་ཤིག འབབ་ས་དེ་ནི། ཆོས་དང་འཇིག་རྟེན་ཁ་ཁ་སོ་སོ་ཡིན། འདི་རེད། འདི་བདེན་པ་དེ་རེད། རྒྱལ་ཁབ་ཀྱི་གྲོས་ཚོགས་ཤིག་ཡིན་དུས། གནད་དོན་མང་པོ་ཡོད་པ་རེད། ཚོང་གི་ཁེ་སྤོགས་ཡོང་གི་རེད། བདེ་སྲུང་གི་མི་གསོད་ཁྲག་སྦྱོར་ཡོང་གི་རེད། འདི་ཚོ་ཚང་མ་གྲྭ་པའི་ལས་ཀ་མ་རེད། གནད་དོན་འདི་རེད།

    Reply
  40. བྱང་ཆུབ། says:
    ལོ་ 16 སྔོན།

    ཆོས་བརྒྱུད་ཀྱི་སྤྱི་འཐུས་ཚོ་ནམ་ཡང་དགོས་ཀྱི་ཡོད། གང་ཡིན་ཞེས་ན་དགོན་སྡེ་ཁག་གི་བླ་གྲྭ་ཡོངས་དང་། བོད་ཀྱི་སྲིད་གཞུང་གཉིས་ཀྱི་བར་དུ་འབྲེལ་བ་དགོས་ན་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཚོ་དགོས་མཁོར་མཐོང་། དེ་མིན་ཡེ་ཤི་ཆོས་ལུགས་ཀྱི་དགོན་པ་ལྟར་གྲྭ་པ་རྣམས་རྩ་སྟོང་དུ་སོང་ན་ཆོས་ལུགས་ཀྱི་སྤྱི་འཐུས་ལ་དགོས་པ་ཆེར་མེད།

    Reply
  41. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཕྱོགས་ཞེན་དུག་གིས་སྨྱོས་པའི་བོན་རྒྱ་བ།
    འཐེན་འཁྱེར་རང་སྲོག་བཅད་པའི་གནམ་ལྕགས་བ།

    སྤྱི་དོན་ཡིན་ན་རྩ་བའི་དམ་བཅའ་ལ།
    རྟོག་གེ་རིག་པའི་སྒྲུབ་བྱེད་ཨེ་མཐོང་ལགས།

    དངོས་ཡོད་གནས་ཚུལ་མིག་མདུན་སླེབས་པ་དང།
    རྟོག་གེ་རིག་པའི་གནོད་པ་སླེབས་པའི་དུས།

    ཕྱོགས་ཞེན་རྩ་བའི་དམ་བཅའ་གཏོང་ན་ལེགས།
    འཐེན་འཁྱེར་རང་གསོད་དམ་བཅའ་དོར་ན་བཟང།

    Reply
  42. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཐུབ་བསྟན་རྒྱལ་མཚན་ལགས་ཡག་པོ་བྱུང། རྗེས་སུ་དུས་ཚོད་ཡོད་ན་ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོ་ལ་གཟིག་སྤག་གྱོན་བོང་བུ་ཟེར་མཁན་རེ་འགའ་འདུག་པའི་དེ་ཚོ་ལ་ཡང་འགྲམ་ལྕག་རེ་རྒྱག་རོགས།་ཧཧཧཧཧཧཧཧཧཧཧཧ

    Reply
  43. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 16 སྔོན།

    བློ་གྲོས་རྒྱལ་པོ་ལགས་ངས་གྲོས་ཚོགས་འཐུས་མི་ཡོད་པའི་རྒྱུ་མཚན་གྱི་ཆོས་སྲིད་ཟུང་འབྲེལ་མཚོན་དགོས་ཤིག་གཏན་ནས་བཤད་ཡ་མ་བྱུང་ཡིན་ནའང་ཆོས་བརྒྱུད་འཐུས་མི་དགོས་པར་རྒྱབ་སྐྱོར་ཞུ་མཁན་གྱི་གྲས་ཤིག་ཡིན་དེ་ནི་གང་ཟག་ལ་ལྟས་པ་མ་ཡིན་པར་གནས་ལུགས་དང་རྒྱུ་མཚན་ཐོག་ནས་ཡིན། གལ་སྲིད་ཆོས་སྲིད་ཟུང་འབྲེལ་མེད་པའི་ཉིན་མོ་ནས་ཆོས་བརྒྱུད་སྤྱི་འཐུས་མེད་པ་ཆགས་པའི་རེ་བ་དེ་སྟོང་གསང་ཁེངས་པའི་རེ་སྟོང་ཞིག་རེད་དེས་ན་བློ་རྒྱ་ཁྱེད་རང་ལ་རེ་དྭོགས་སོགས་ཡོད་ན་གཞན་པ་ལ་རྒྱབ་ན་དགའ་བ་སྙམ།

    Reply
  44. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    དགྲ་བཅོམ་པ་ཆོས་སྐྱབས་ལགས། སྤྱི་འཐུས་ལྷན་ཚོགས་སུ་གྲུབ་མཐའི་འཐུས་མི་ཡོད་པ་འདི་ལ་ཁྱོད་ལྟར་ན་ཆོས་སྲིད་ཟུང་འབྲེལ་ལ་ངོས་འཛིན་པ་ཡིན་ནམ། ཇི་འདྲའི་དགོད་བྲོ་བ་ལའང་།

    Reply
  45. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 16 སྔོན།

    བློ་གྲོས་རྒྱལ་པོ་ཁྱེད་ཤ་ཚ་རི་བོ་གནམ་རྡིབ་ཀྱི་སེམས་ཁྲལ་མ་བྱེད་ཆོས་བརྒྱུད་སྤྱི་འཐུས་ཀྱི་ད་བར་༧གོང་ས་མཆོག་ལ་དབུ་འོག་དཔུང་འདེགས་ཀྱི་ཞབས་འདེབས་ཞུས་ཡོད་པ་ལས་ཞབས་འདྲེན་འཇོགས་མྱོང་མེད།

    Reply
  46. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    ཆོས་བརྒྱུད་སྤྱི་འཐུས་འདི་ཚོ་ད་ལྟ་དགོས་དོན་མི་འདུག་བསམ། འདི་ཚོའི་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་འདིས་བོད་བརྒྱུད་ནང་བསྟན་གྱི་ཞབས་ནས་འདྲེན་བཞིན་པ་མ་ཟད། ༸གོང་ས་མཆོག་གིས་ཞབས་ནས་ཀྱང་འདྲེན་བཞིན་འདུག
    སེམས་མ་བཏུལ་བའི་བརྟུལ་སྤྱོད་ཅན་གྱི་སྤྱི་འཐུས་རྣམས་་་་་་དགོངས་ཞུ་གནང་རོགས།

    Reply
  47. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ཆོས་རྒྱུད་སྤྱི་འཐུས་དགོས་པ་རེད། མི་དགོས་ཞེས་པའི་དོན་ཁྱེད་ཀྱིས་མཁྱེན་གི་མེད་པ་འདྲ།

    Reply
  48. དབུས་ཕྲུག་ཚེ་རིང་། says:
    ལོ་ 16 སྔོན།

    ངའི་བསམ་ཚུལ་ནི་ཆོས་བརྒྱུད་སྤྱི་འཐུས་ཞེས་པ་མི་འདོད་པ་དེ་ཡིན། ཡག་ཤོས་བྱུང་ན། སྟོན་པ་སངས་རྒྱས་ཀྱི་མཛད་ཚུལ་ལྟར། རྗེས་འཇུག་པ་རྣམས་ཀྱིས་ལན་ལེན་ལ་འཁེལ་དགོས། སྟོན་པ་ཉིད་ཀྱིས་ཀྱང་རྒྱལ་སྲིད་ཆབ་སྲིད་ཀྱི་ཉི་ཚེ་བའི་བྱ་བ་རྣམས་མཆི་མ་བཞིན་དོར་ཏེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ཆོས་ཕྱོགས་ཀྱི་བྱ་བ་འབའ་ཞིག་ལ་གཞོལ་ཡོད།
    དེ་ནི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་འཕྲོག་པ་ཞིག་མ་རེད། ཁ་ཕྱོགས་དེ་རང་དབང་གིས་སྒོ་ནས་རང་ཉིད་ཀྱིས་བདམས་པ་རེད། འོན་ཀྱང་ཆོས་པ་རྣམས་ཀྱི་ཆབ་སྲིད་ཀྱི་ཤེས་བྱ་ཤེས་དགོས་པ་ནི་ལོས་ཡིན། དེ་མིན་ཆབ་སྲིད་ཀྱི་སྟེགས་བུར་འདུག་རྒྱུ་དེ་མི་འཚམས།
    རིན་པོ་ཆེ་ཡིས་ཀྱང་དེ་འདྲ་ཞིག་གསུངས་ཡོད། གལ་ཏེ་དགོས་དབང་ལ་ཐུག་ན་རབ་བྱུང་གི་ཆ་ལུགས་འདི་ཕུད་དགོས་ཐུག ཅེས་པའི་ཚིག་འགྲོས་དེ་བཞིན་མ་ངེས་ཀྱང་དོན་དེ་རང་རེད། འདི་ཡིས། མཐར་གཏུགས་ན་རབ་བྱུང་བ་རྣམས་ཆབ་སྲིད་ཀྱི་རྐུབ་སྟེགས་ཐོག་མི་འཚམས་པ་དེ་གསན་སྟོན་བྱས་ཡོད།

    Reply
  49. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    ཐུབ་བསྟན་རྒྱལ་མཚན་ལགས། ཆོས་བརྒྱུད་སྤྱི་འཐུས་དགོས་མིན་ཐད་ངས་གང་ཡང་ཞུ་ཤེས་ཀྱིན་མེད། ཡིན་ན་ཡང་། ཆོས་བརྒྱུད་སྤྱི་འཐུས་དགོས་་་་་ཟེར་མཁན་༧གོང་ས་མཆོག་ཡིན་མིན་ངས་གསལ་བོ་ཤེས་ཀྱིན་མེད་པས། ཁྱེད་ནས་དེའི་ཐད་ལ་་་རྩ་འཛིན་རུང་བའི་་་(accountable) གསལ་བཤད་ཅིག་གནང་ན་ཀུན་ལ་ཕན་ཆེ་བ་འདུག་སྙམ་ན། དེ་ལྟར་བཀའ་ལན་ཞིག་གནང་རྒྱུའི་རེ་བ་ཆེ།

    Reply
  50. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    གང་ཡིན་པ་དང་ཡོད་པ་དེ་བཤད་ཕོད་པར་དགའ་བསུ་ཡོད། ཡིན་ནའང་ང་ཚོ་སྤྱི་ཚོགས་འདིའི་ནང་ག་དུས་ཡིན་ནའང་ལེགས་ཆ་ལས་གཞན་ཆ་གཏན་ནས་གླེང་ས་མེད་གལ་སྲིད་ཞན་ཆ་ཞིག་གླེང་ན་དེ་བོད་གཞུང་དང་རྒྱལ་བ་རིན་པོ་སོགས་ལ་ཁ་གཏད་དང་རྒྱ་མིའི་སོ་ཉུལ་རེད་ཞིག་གཅིག་རྗེས་གཉིས་མཐུད་བྱས་པ་ཉུང་ཉུང་གཏན་ནས་མིན། དེས་ན་མི་མང་ཆེ་བས་མི་སྨྲ་བས་ལྟུལ་བཞུགས་སུ་བཞུགས་དགོས་པའི་རྒྱུ་མཚན་ཡང་དེ་ཡིན།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese