མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་སྒོར་དུང་ཕྱུར་ ༣༠༠༠ གི་བོད་ལྗོངས་འཛུཊ་སྐྲུན།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པ་བོད་ལྗོངས་ཆ་འཕྲིན་དྲ་བར་གནས་ཚུལ་བཀོད་པ་ལྟར་ན། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པ་བོད་རིགས་སྲི་ཐར་གྱིས་ཀྲུང་དབྱང་གིས་ད་ལོ་ནས་འབྱུང་འགྱུར་ལོ་ལྔའི་རིང་བོད་ལྗོངས་འཛུགས་སྐྲུན་ཆེད་རྒྱ་སྒོར་དུང་ཕྱུར་སུམ་སྟོང་ ༣༠༠༠༠༠༠༠༠༠༠༠ གཏོང་འཆར་ཡོད་པའི་གསལ་བསྒགས་བྱས་འདུག

གནས་ཚུལ་དེའི་ནང་བཀོད་དོན། པེ་ཅིང་དུ་ཚོགས་ཆེན་གཉིས་ལ་ཞུགས་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་སྲི་ཐར་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་བསྟན་དོན། ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཇུས་གཞི་བཟོ་བཞིན་པའི་སྒང་ཡིན་ཞིང་། ཁ་ཕྱོགས་གཙོ་བོ་ད་ཆ་ནས་གཏན་འཁེལ་བྱས་ཟིན་ཡོད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་བོད་ལྗོངས་ནོར་སྲིད་ཐད་ལ་རྒྱབ་སྐྱོར་བྱེད་ཤུགས་དེ་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་དང་བསྡུར་ན་ལྡབ་གཅིག་འཕར་རྒྱུ་ཡིན་ལ། ཚོད་དཔག་ལྟར་ན་སྒོར་དུང་ཕྱུར་༣༠༠༠ ཙམ་མམ་ཡང་ན་དེ་ལས་ཀྱང་མང་ཙམ་གཏོང་རྒྱུ་རེད།

དེ་ལས་གཞན། དེང་ཕྱིན་ཀྲུང་དབྱང་གིས་ད་དུང་མཚོ་སྔོན་དང་ཟི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཞིང་ཆེན་བཞིའི་བོད་ཁུལ་ལ་རྒྱབ་སྐྱོར་དང་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན་ཞིང་། མི་འགྱངས་པར་བོད་ལྗོངས་དང་བོད་ཁུལ་གཞན་པ་བཞིར་འཕེལ་རྒྱས་ཆེན་པོ་ཡོང་བའི་མཐོ་རླབས་ཤིག་འཕྱུར་ངེས་རེད། ཅེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༢ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༡༨ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 20

  1. བྱང་ཆུབ། says:
    ལོ་ 16 སྔོན།

    རྒྱ་ཁང་ཐོག་བརྩེགས་ཉི་ཤུ་ལྷག་ཙམ་རྐྱང་བཟོ་སྟེ། རྒྱ་རིགས་ས་ཡ་ཁ་ཤས་བོད་ཀྱི་ས་ཐོག་ཏུ་བསུས་སྟེ་འགྲོ་སོང་བཏང་གི་རེད། བོད་མི་བཅོས་མ་རྣམས་ལ་ཕན་ཐུབ་གང་ཡང་མེད་པར་སྙམ།

    Reply
  2. གངས་དགའ says:
    ལོ་ 16 སྔོན།

    རྒྱ་གཞུང་གི་དཔལ་འབྱོར་གྱི་འགོ་བསྐོར་འོག་ནམ་ཡང་ང་ཚོ་འགྲོ་གི་མ་རེད། ཁོང་ཚོས་ཟིང་ཟིང་གི་དངུལ་དངོས་ཀྱི་ང་ཚོ་བོད་མིའི་བསམ་པ་ནམ་ཡང་ཉོ་མི་ཐུབ།

    Reply
  3. karma dorje says:
    ལོ་ 16 སྔོན།

    ་་་་་་་བོད་ལྗོངས་དང་བོད་ཁུལ་གཞན་པ་བཞི་་་་་འི་ཚིག་འདི་གཅིག་པུ་ལ་ང་ཅུང་ཟད་དགའ་བྱུང་གཞན་གྲངས་ཀ་དང་དམིགས་ཡུལ་ནི་བསླུ་འབྲིད་དུ་གོ།

    Reply
  4. བུ་སྨྱོན་པ། says:
    ལོ་ 16 སྔོན།

    སྒོར་དུང་ཕྱུར་༣༠༠༠་གི་འགྲོ་གྲོན་བཏང་བར་ག་རེ་ཧང་སང་དགོས་རྒྱུ་ཡོད་རེད། བོད་ཀྱི་རིན་ཐངབྲལ་བའི་རྒྱུ་ནོར་རྣམས་རྒྱ་ནག་ཏུ་དབོར་ཏེ་བོད་ཡུལ་སྟོང་པར་བཟོ་བཞིན་པའི་བདེན་པའི་དཔང་རྟགས་ཡོད་པ།

    Reply
  5. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    དྲ་རོགས་རྣམས་ལ་ཞུ་རྒྱུ།ན་ནིང་དགུན་ཁ་བདག་གི་དོན་འགྲུབ་དབང་ཆེན་ནང་མི་ལ་འཚོ་བའི་དཀའ་ངལ་ཅུང་ཙམ་སེལ་ཐུབ་ན་ཡག་པོ་འདུག་དྲན་ནས་ས་གནས་ཀྱི་གཞོན་ལྷུན་མཉམ་དུ་མི་མང་ལ་བླང་ཞིག་རྒྱག་རྒྱུའི་ཁས་ལེན་བྱས་པ་ཡིན།ཡིན་ནའང་ཁོང་ཚོས་དོ་བདག་སོ་སོར་མེད་ན་དེ་ལྟར་ཆོག་གི་མ་རེད་ཟེར་ནས་ཆོག་མཆན་གནང་མ་སོང་བའི་གུས་པའི་དོན་དག་དེ་གྲུབ་མ་སོང་།བྱེད་ཙང་དྲ་རོགས་ཡོངས་དགོང་པ་དྭངས་རོགས་བྱོས།

    Reply
  6. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    བོད་ལྗོངས་ཡར་རྒྱས་བཏང་འདོད་རེད་དམ་ལྷ་ས་གྲོངས་ཁྱེར་ལ་ཁང་བརྩེགས་ཁ་ཤས་རྒྱབ་འདོད་རེད། བོད་ལྗོངས་ཡར་རྒྱས་བཏང་ན་ཧ་ཅིང་ཡག་པོ་རེད། ཡིན་ནའང་ལྷ་ས་ལ་ཁང་བརྩེགས་ཁ་ཤས་རྒྱབ་འདོད་ཡིན་ན་གོང་དུ་མུ་ཏིག་ཆུང་ཆུང་གི་བཤད་པ་ནང་བཞིན་འཛུགས་སྐྲུན་ཆུང་ཆུང་དེ་རྒྱ་མི་ས་ཡ་ཁ་ཤས་ལ་སྡོད་ཁང་སོགས་རྒྱབ་པ་རེད་དམ། རྒྱ་སྒོར་དུང་ཕྱུར་སུམ་སྟོང་དེ་ཨ་སྒོར་བྱེ་བ་ ༥༠ ཡས་མས་ཞིག་རེད། དེ་ནི་ཨ་རིའི་མི་དཀྱུས་མ་ཞིག་གི་ལོ་གཅིག་གི་འོངས་སྒོ་རེད། གང་ལྟར་ཡང་ཧང་སང་དགོས་པའི་གནས་ཚུལ་ཞིག་མ་རེད།

    Reply
  7. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    སྒོར་མོ་དུང་ཕྱུར་༣༠༠༠དེ་བོད་ལྗོངས་ཞེས་མིང་སྙན་པོ་ཞིག་བྲིས་འདུག།ཡིན་ནའང་དེ་ཐམས་ཅད་དང་པོ་དྲག་པོའི་སྒྲིག་འཛུག་ཁག་དང་གཉིས་པ་རྒྱ་མི་རིགས་ཡར་རྒྱས།གསུམ་པ་བོད་མི་རླ་ཚོང་བ་དེ་ཚོའི་གཏོག་ཙམ་རག་སྲིད་པ་ལས་དངོས་ཡོད་ཀྱི་བོད་རིགས་ཉམ་ཐག་རྣམས་དང་གྲོང་གསེབ་ལ་ཡར་རྒྱས་གཏང་དཀའ།གང་རེད་ཞུས་ན་གྲོང་གསེབ་ཡར་རྒྱས་གཏང་ན་རྒྱ་གཞུང་ལ་ཡོང་སྒོ་མེད་པར་འགྲོ་སོང་དང་ཉམ་ཐག་ཡར་རྒྱས་འགྲོ་སོང་ན་དབང་དུ་བསྡུ་མི་ཐུབ་པ་ཡོང་གིན་རེད་དྲན་ནས་ཡང་དག་པའི་ཡར་རྒྱས་གཏང་དཀའ།ཡིན་ནའང་རྒྱ་གཞུང་དཀའ་དྲིན་ཆེན་པོ་ཡིན་པའི་མཚོན་བྱེད་དུ་ཆར་འབྲུ་རེ་གཉིས་བབས་སྲིད།སྒོར་མོ་ཅི་ཙམ་སྤྲོད་ཀྱང་བོད་མི་སེམས་པ་ཉོ་མི་ཐུབ།རྒྱ་རྒན་ཚང་སྙིང་རྗེ།

    Reply
  8. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    ལྐོག་ཟ་བྱེད་མཁན་གྱི་དཔོན་རིགས་ཚོ་རླུང་རྟ་རྒྱུགས་སོང་བ་རེད།

    Reply
  9. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    རྒྱ་སྒོར་དུང་༣༠༠༠གི་རྗེས་རྒྱ་མི་ས་ཡ་ཁ་ཤས་དེད་ནས་ཡོང་གི་རེད། མི་རིང་བར་བོད་མི་མེད་པའི་བོད་ཡུལ་ཞིག་ཆགས་ཡོང་གི་རེད།

    Reply
  10. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    རྒྱ་སྒོར་དུང་ཕྱུར་3000་འདི་ནི་མཐོ་གནམ་མཁའ་ཡོད་དུས་བྱ་རྒྱལ་རེད།་་་་་བར་སྣང་སླེབས་དུས་བྱེའུ་རེད།་་་་་་་ས་གཞི་སླེབས་དུས་འབུ་རེད།་་་་་་་་ཀྲུང་ཡ་ནས་ཞིང་ཆེན་་་་་་་་་་་་་ཞིང་ཆེན་ནས་ཀྲིག་་་་་ཀྲིག་ནས་རྫོང་་་་་རྫོང་ནས་ཆུས་་་་་་ཆུས་ནས་ཀོང་ཧྲན་་་་་་་་་་་་ཀོང་ཧྲན་ནས་གྲོང་སྡེ་་་་་་གྲོང་སྡེ་ནས་མི་སེར་སྒེར་་་་ཨ་མ་ལགས་ཐག་རིང་པོ་འདི་འདྲ་རྒྱུད་ནས་སྒོར་མོ་ཡོང་དགོས་དུས་ལམ་དུ་ཟད་ནས་མི་སེར་ལག་ཏུ་འབུ་ལས་ཆུང་འབུ་ཕྲུག་འདྲ་ཙམ་བབ་ཐུབ་མི་ཡོང་ངམ།

    Reply
  11. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 16 སྔོན།

    སྒོར་དེ་ཙམ་གྱི་འགྲོ་སོང་གཏང་ཡང་བོད་མི་རིགས་ཀྱི་སེམས་ཁོངས་སུ་ནམ་ཡང་ཡལ་མི་སྲིད་པའི་༧གོང་ས་སྐྱབས་མགོན་ཆེན་པོ་བོད་དུ་ཞབས་སུ་མ་འཁོད་བར་དུ་ཞི་བདེ་ལྷིང་འཇགས་མི་ཡོང་བར་དངོས་ཡོད་ཀྱི་གནས་ཚུལ་དུ་གྱུར་ཡོད།

    Reply
  12. ལྷ་མ་ཡིན། says:
    ལོ་ 16 སྔོན།

    ཁོ་ཚོས་ཟ་རྒྱུ་ལ་བོད་པ་དང་༸གོང་ས་མཆོག་བཙོང་གི་འདུག་དགོས་ནི་མ་རེད། ཁོ་ཚོ་སྤྲང་པོ་མ་རེད། སྐེ་དམར་ཙར་རེ་ལེན་རྒྱུའི་མི་འདི་ཚོ། སྔོན་མ་ལོ་ཡག་རྩིས་སྤྲོད་བྱེད་མཁན་ཡང་བོད་ངན་ཞིག་རེད་ཟེར། རྗེས་སུ་ཁོ་འཇུ་བཟུང་བྱེད་མཁན་དེ་ཡང་འདྲ་པར་ལ་ལྟོས་དང་གཡོན་ཕྱོགས་ཀྱི་མི་དེ་བོད་པ་ཞིག་མ་རེད་དམ། ཕྱི་དགྲ་རྒྱ་ནག་མི་ཐུབ་ནའང་། ནང་དགྲ་བླ་བཙོང་འདི་ཚོའི་སྐེ་ཁྲག་དམར་ཙ་རེ་ལེན་དགོས་ས་རེད།

    Reply
  13. བྱང་ཆུབ། says:
    ལོ་ 16 སྔོན།

    ལྷ་མ་ཡིན་ལགས། ཁོ་ཚོ་ལ་ཐུགས་ཁག་ཡོད་རྒྱུ་མ་རེད། ལྐུབ་སྟེགས་དང་ཟ་སྒོའི་ཆེད་དུ་སོ་སོའི་ཕ་མ་ཡང་བློས་གཏོང་ཕོད་མཁན་རྣམས་རེད།

    Reply
  14. བྱང་ཆུབ། says:
    ལོ་ 16 སྔོན།

    སྒོར་དེ་དག་བོད་ཀྱི་གྲོང་གསེབ་ཁག་ལ་ཐོབ་ཀྱི་མ་རེད་དྲན་གྱིས་ཡོད། བོད་དུ་གནས་སྡོད་མཁན་རྒྱ་རིགས་དང་། ལས་བྱེད་པ། རྒྱ་རིགས་ཀྱི་ཡུལ་སྐོར་སྤྲོ་འཁྱམས་རྣམས་ཀྱི་ཆེད་དུ་བཏང་རྒྱ་ལས། དངོས་གནས་དགོས་མཁོ་ཅན་བོད་རིགས་བཅོས་མ་རྣམས་ཀྱི་ཐོབ་རྒྱུའི་དཀའ་ངལ་རེད། ང་ཚོས་རྗེས་མར་བལྟས་ན་ཤེས་ཐུབ།

    Reply
  15. ལྷ་མ་ཡིན། says:
    ལོ་ 16 སྔོན།

    པདྨ་ཕྲིན་ལས་ཀྱིས་༸གོང་ས་མཆོག་ལ་ཡང་དམའ་འབེབས་ཀྱི་ཚིག་བརྗོད་འདུག ཁྲེལ་དགོད་བྱེད་པ་སོགས་བྱས་འདུག སྲི་ཐར་སོགས་མྱི་ངན་འདི་ཚོ།

    Reply
  16. བྱང་ཆུབ། says:
    ལོ་ 16 སྔོན།

    དངོས་གནས་ཡིན་ན་ཡག་པོ་རེད། རྒྱ་ནག་དབུས་གཞུང་གིས་གཏན་འབེབས་ཟིན་ཀྱང་། ས་གནས་སོ་སོར་སྒོར་དེ་དག་དངོས་སུ་ཐོབ་རྒྱུ་ཧ་ཅང་གི་དཀའ་ངལ་ཅན་ཞིག་རེད། གང་ཡིན་ཞེ་ན་དཔོན་པོ་གོ་རིམ་ནས་ཟ་སྟེ་འཇུག་ཏུ་ཕལ་ཆེར་རྫོགས་ཀྱི་རེད། ད་ལྟ་ཁམས་དཀར་མཛེས་ཁུལ་དུ་གཏོགས་པའི་རྫོང་སོ་སོར་རྒྱ་གཞུང་གིས་གཙུག་པའི་སློབ་གྲྭ་ཁག་ལ་ལྟོས་དང་། ཕྲུ་གུ་ལ་བདག་སྐྱོངས་མེད་པ། ཕན་ཐུབ་པའི་སློབ་སྦྱོང་མི་སྤྲད་པ། ལོ་ངོ་གསུམ་ཙམ་འགྲོ་ཡང་རང་གི་མིང་ཀྱང་ཡག་པོ་བྲིས་ཤེས་ཀྱི་མི་འདུག རྒྱ་གཞུང་གི་དཔོན་པོ་ལྟ་སྐོར་ཡོང་སྐབས་དེ་དག་ཡག་པོ་ཡོད་རབས་བཤད་དེ་དུས་ཚོད་འཁྱོལ་ཐབས་་དང་མགོ་སྐོར་བཏང་རྒྱུའི་ལས་ཤ་སྟག་རེད།

    Reply
  17. ལྷ་མ་ཡིན། says:
    ལོ་ 16 སྔོན།

    ང་ལ་མཚོན་ན་སྒོར་རྡོག་གཅིག་རང་གི་ཁུག་མའི་ནང་དུ་ཐོན་སྣང་མེད།

    Reply
  18. སྟོབས་ says:
    ལོ་ 16 སྔོན།

    གཅན་ཚ་དཔལ་ལྡན

    ་དེ་ཡང་དབུ་མའི་ལམ་གྱི་སྲིད་ཇུས་རེད་ཟེར་མཁན་དེ་ཡང་རེ་བའི་་ཕོངས་ཀྱིན་འདུག
    བོད་ཁུལ་ཡོངས་ཕྱུག་འགྱུར་ལམ་དུ་སྐྱོད་ཐུབ་ཚེ་བཙན་བྱོལ་བོད་གཞུང་ཀི་དྲིལ་བསྒྲགས་ཡ་གཅིག་ནུས་མེད་དུ་ཆག་པ་རེད

    Reply
  19. གཅན་ཚ་དཔལ་ལྡན། says:
    ལོ་ 16 སྔོན།

    དེ་ཡང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཆ་ཤས་ཤིག་རེད་ཅེས་དབྱེ་ཞིབ་པས་བཤད་འདུག

    Reply
  20. གཅན་ཚ་དཔལ་ལྡན། says:
    ལོ་ 16 སྔོན།

    དེ་ཡང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཆ་ཤས་ཤིག་རེད་ཅེས་དབྱེ་ཞིབ་པས་བཤད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese