མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གྱ་བཞི།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་གིས་ནང་དུ་ཉིན་ཐོ་ཞིག་འབྲི་བཞིན་པའི་སྐབས་སུ། ཕྱི་རོལ་ནས་མི་ཞིག་གིས་སྒོ་ཐག་ཐག་ཐག་ཟེར་ནས་བརྡུང་བ་དང་བློ་བཟང་ཡར་བླངས་དེ་སྒོ་ཕྱེ་དུ་སོང་བ་རེད།

སྒོ་ཕྱེ་དུས་སྒོ་ཁ་རུ་འབྱོར་ཡོད་པ་དེ་ནི་ནོར་བུ་བཟང་མོ་ཡིན་པ་ཤེས་ནས་བློ་བཟང་གིས་ཁྱེད་རང་ཡིན་ནམ་ནང་དུ་ཤོག

ནོར་བུ་བཟང་མོ་ནང་དུ་སླེབས་མ་ཐག བློ་བཟང་གི་སྐེ་རུ་འཐམ་ནས་བློ་བཟང་ལ་འོ་ཞིག་བྱས་པ་དང་ཁྱེད་རང་གི་ལམ་ཁ་ནས་དཀའ་ལས་ཁག་མ་སོང་ངམ།

བློ་བཟང་གིས་ལམ་ཁ་ནས་དཀའ་ལས་ཁག་མ་སོང་། ངས་ད་རེབས་རང་གི་ནུ་མོ་མཚོ་མོ་སྐྱིད་དང་རང་གི་སྤུན་མཆེད་བཀྲ་ཤིས་དོན་འགྲུབ། གཞན་གྲྭ་བ་ཞིག་དང་རྡོར་སྐྱབས་ཟེར་བ་ཞིག་བཅས་ཁྲིད་དེ་ཡོང་ཡོད།

དེ་ནས་ཁོ་གཉིས་ཀྱི་རང་རང་གི་འདོད་མོས་ལྟར་གླེང་མོལ་སྣ་ཚོགས་བྱས་པ་དང་བློ་བཟང་གིས་རང་ཉིད་ཀྱི་ལམ་བར་གྱི་དཀའ་ངལ་སྐོར་དང་ནོར་བུ་བཟང་མོས་རང་ཉིད་ཀྱི་གྲོད་ཁོག་ནང་གི་བྱིས་པ་དེ་ཡི་ཕ་རྒན་ཁོ་རང་ཡིན་པ་དེ་སླར་ཡང་དྲན་སྐུལ་བྱས་པ་རེད།

བློ་བཟང་གིས། ཁྱེད་རང་གི་རྒན་པོ་དེ་ཡག་པོ་འདུག་གམ། ཁྱེད་རང་ལ་བྱམས་པོ་བྱེད་ཀྱི་འདུག་གམ། ཁྱེད་གཉིས་ག་དུས་ཤིག་ལ་ཕྱི་རྒྱལ་འགྲོ་ཐུབ་ཀྱི་འདུག་གམ།

ནོར་བུ་བཟང་མོས། ཁོ་རང་དངོས་ནས་ངའི་སྟེང་ལ་ཡག་པོ་འདུག ངེད་གཉིས་མི་རིང་བར་འགྲོ་རྒྱུ་ཡིན། ཉིན་མ་ཁ་ཤས་ཀྱི་རྗེས་སུ་ང་ཚོ་འགྲོ་ཁའི་ཐུགས་སྤྲོ་ཞིག་གྱེས་འཛོམ་ཟ་ཁང་དུ་གཏོང་རྩིས་ཡོད། ཁྱེད་རང་དེར་ཡིན་གཅིག་མིན་གཅིག་ཡོང་རོགས། དེ་ནས་བཟུང་། འུ་གཉིས་ལོ་ངོ་ག་ཚོད་ཅིག་གི་རྗེས་སུ་ཐུག་མིན་སུས་ཤེས། ཡིན་ཡང་། ངས་ཁྱེད་རང་ལ་སྒུག་ནས་འདུག ནམ་ཞིག་ཁྱེད་རང་གི་སེམས་ཐག་གཅོད་སོང་བ་ཡིན་ན། ངས་ཁྱེད་རང་གི་མགོ་དཀར་པོ་ཆགས་ན་ཡང་། ང་རང་སྙེགས་ནས་ཡོང་རྒྱུར་རེ་བ་ཡོད།

བློ་བཟང་གིས། ཁྱེད་རང་ཕར་སོང་ནས་བྱིས་པ་བཙས་པ་ཡིན་ན། བྱིས་པ་སྐྱེས་ནས་བྱིས་པ་དེ་ང་རང་འདྲ་བོ་ཞིག་ཆགས་ན་དེ་དུས་ཁྱེད་གཉིས་ཀྱི་མི་ཚེ་ལ་བར་ཆད་ཏན་ཏན་ཡོང་སྲིད་པ་རེད། དེ་དུས་ཁྱེད་རང་གི་ག་རེ་བྱེད་ཀྱི་ཡིན།

ནོར་བུ་བཟང་མོས། གལ་ཏེ། བྱིས་པ་ཁྱེད་རང་དང་འདྲ་བོ་ཞིག་ཡོད་ཀྱང་། ལོ་ངོ་ཁ་ཤས་ཀྱི་བར་དུ་བྱིས་པ་དེ་སུས་ཡིན་མིན་ངོ་ཐག་གཅོད་མི་སྲིད་པ་རེད། ལོ་ངོ་ཁ་ཤས་ཀྱི་རྗེས་སུ་ངོ་ཐག་གཅོད་སོང་བ་ཡིན་ན། ད་ནི་ང་རང་གི་རང་མགོ་གང་ཙམ་ཐོན་ཡོད་ངེས་ཡིན། དེ་དུས་ང་རང་ལ་འགྱོད་པ་གང་ཡང་མེད། ངས་ཁྱེད་རང་བཙལ་ནས་ཡོང་ཁོ་ཐག་ཡིན། ཁྱེད་རང་གིས་གཞན་ལ་བཟའ་ཚང་མ་བྱེད་རོགས།

བློ་བཟང་གིས། དེ་འདྲ་མ་གསུང་། ད་ནི་ཁྱེད་རང་གཞན་ལ་དབང་ཟིན་པ་དང་། ཐག་རིང་དེ་འདྲ་ཞིག་དུ་བུད་སོང་བ་ཡིན་ན། ཕྱིར་ཡོང་རྒྱུ་ཟེར་བ་དེ་ཡང་ལས་སླ་བོ་མེད་ངེས་ཡིན། ལྷག་པར་དུ་ཁྱེད་རང་གི་རྒན་པོ་དེ་ཁྱེད་རང་ལ་དེ་འདྲའི་བཟང་ན། དངོས་ནས་ལྷན་དུ་མི་ཚེ་བསྐྱེལ་བ་ཡིན་ན་ཡག་པོ་ཡོད་པ་རེད།

ཁོ་གཉིས་ཀྱིས་ཉིན་དེར་ཕན་ཚུན་གྱི་སེམས་ནང་གི་སྐད་ཆ་མི་ཉུང་བ་ཞིག་བཤད་ཀྱིན། ཉིན་མ་དེ་ཡང་ཐུང་ཐུང་ཞིག་གི་སྣང་བ་མ་གཏོགས་སྐྱེ་མེད་པ་དང་། བློ་བཟང་ལ་ནོར་བུ་བཟང་མོས་ཁོ་མོའི་གྲོད་ཁོག་སྟེང་ལ་རེག་དུ་བཅུགས་ནས། འདིར་ལྟོས་དང་བྱིས་པའི་འཕག་འཚག་རྒྱག་གི་འདུག

བློ་བཟང་གིས། ཨེ་་་ དངོས་ནས་རེད་འདུག་ཟེར་ཞོར་དུ། ཁོ་མོའི་གྲོད་ཁོག་སྟེང་ལ་ལག་པའི་ག་ལེར་རེག་རྗེས། རང་གི་རྣ་ཅོག་ཁོ་མོའི་གྲོད་ཁོག་སྒང་དུ་བཞག་ནས་ཉན་པ་རེད།

ཉིན་མ་ཁ་ཤས་ཀྱི་རྗེས་སུ་བློ་བཟང་ཁོ་རང་གི་གྲོགས་པོ་རྙིང་བ་དེ་དང་ལྷན་དུ་ནོར་བུ་བཟང་མོ་བཟའ་མི་གཉིས་ཀྱི་གྱེས་ཁའི་ཐུགས་སྤྲོའི་སྟེང་དུ་སོང་བ་དང་། མཚན་མོ་དེར་བློ་བཟང་གིས་ཆང་ཚོད་མེད་དུ་འཐུང་ནས་བཟི་བཞིན་པའི་སྐབས་སུ། དང་བླང་གིས་སྒོ་ནས་གླུ་བླངས་པ་དང་གླུ་ཚིག་འདྲ་མིན་ལེན་བཞིན་པའི་སྐབས་དེར་ཁོ་རང་གི་འཁྲིས་ཀྱི་གྲོགས་པོ་དེ་ཡི་ཁོ་ལ་ད་འུ་གཉིས་ཕྱིར་ནང་དུ་སོང་ན་རེད།

བློ་བཟང་དེ་མ་ཐག་ཡར་བླངས་ནས། རེད་རེད། འགྲོ་ཟེར་ནས་སྒོ་ཕྱི་རུ་བུད་མ་ཐག བློ་བཟང་གི་གྲོགས་པོ་དེས་སྒོ་ཕྱི་ནས་ནོར་བུ་བཟང་མོའི་ཨ་ཅེ་ལྷ་མོ་ལ་སྐད་ཆ་ཞིག་བཤད་བཞིན་སྐབས་སུ་བློ་བཟང་སྔོན་དུ་ཕྱིན་པ་རེད།

བློ་བཟང་གི་གྲོགས་པོ་ནང་དུ་སླེབས་དུས། བློ་བཟང་གཏན་ནས་རིག་རྒྱུ་མེད་སྟབས། ཕྱིར་སྲང་བར་དུ་བློ་བཟང་འཚོལ་དུ་སོང་བ་རེད། ཡར་མར་གཉིས་ལ་བཙལ་ན་ཡང་ལག་དུ་མ་རེག་པར་ལམ་ཁ་གཞན་ཞིག་སྐོར་ནས་ཕྱིར་ནང་དུ་ལོག་པའི་ལམ་བར་དུ་ཁོ་རང་མུན་ནག་ཁྲོད་དུ་རྐང་བ་གཅིག་ལ་ཐོག་པ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

སྐར་མ ༥༣ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༢ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༥ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 4

  1. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་ཁྱེད་ཅག་ཕེབས་པ་དགའ་ཡོད། རྗེས་ཕྱོགས་ཀྱང་གང་ཐུབ་ཀྱིས་ཡོང་རོགས་གནོང་།

    Reply
  2. chokri nyima says:
    ལོ་ 16 སྔོན།

    བློ་བཟང་འདིས་འདོད་ཆགས་ཡག་པོ་བྱས་ཤེས་པར་འདྲ།་་་་་་་ཧཧཧཧཧཧ

    Reply
  3. Baichung says:
    ལོ་ 16 སྔོན།

    དྲ་གྲོགས་ལགས་གནམ་ལོ་གསར་བའི་ནངབཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཅི་བསམ་ལྷུན་གྱིས་འགྲུབ་སྨོན་འདུན་ཡང་ཡོད་ད།

    Reply
  4. beri Palden Namgyal says:
    ལོ་ 16 སྔོན།

    དྲ་གྲོགས་བཟང་པོ་ད་ལྟ་རང་བཀླགས་ཟིན་ ཡ་མུ་མཐུད་ཡིན་ད་སྙན་པོ་ཞིག་སྤེལ་འདུག
    ཁྱེད་ངའི་ཟིན་བྲིས་སུ་ཕེབས་ན་ངས་ཀྱང་གསར་པ་ཞིག་སྤེལ་ཡོད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese