མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྗེས་དྲན་རྡོ་རིང་དབུ་འབྱེད།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་དང་སྟབས་བསྟུན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཞེངས་སྐྲུན་གནང་བའི་རྒྱལ་གཅེས་དཔའ་བློའི་དྲན་རྟེན་རྡོ་རིང་དེ་ཉིད་ལེགས་འགྲུབ་བྱུང་སྟེ། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་འབྱེད་གནང་ཡོད།

དྲན་རྟེན་རྡོ་རིང་དེ་ཉིད་སྐབས་བཅུ་བཞི་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བདུན་པའི་སྟེང་། བོད་ཆོལ་གསུམ་གྱི་དཔའ་བོ་དཔའ་མོ་རྣམས་ལ་སྤྱི་མོས་ཐོག་རྗེས་དྲན་རྡོ་རིང་ཞིག་བཞེང་རྒྱུའི་གྲོས་ཆོད་གཏན་འབེབས་གནང་བ་ལྟར།

ཐེག་ཆེན་ཆོས་གླིང་གཙུག་ལག་ཉེ་འཁོར་གྱི་བོད་ཀྱི་འགྲེམས་སྟོན་ཁང་གི་ཁ་གཏད་དུ་བཞེངས་ཡོད་པ་དང་། རྡོ་རིང་དེ་ནི་ ༡༩༤༩ ལོ་ནས་ད་ལྟའི་བར་རྒྱ་གཞུང་གིས་བོད་བཙན་འཛུལ་བྱས་ཏེ། བོད་མི་ཁྲི་ཕྲག་མང་པོ་རྐྱེན་འདས་དང་དམར་གསོད། ད་ལྟའི་ཆར་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་བྱ་ཆེད། སྐབས་བཅུ་བཞི་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བདུན་པའི་སྟེང་སྤྱི་མོས་ཐོག རྗེས་དྲན་རྡོ་རིང་ཞིག་བཞེང་རྒྱུའི་གྲོས་ཆོད་གཏན་འབེབས་གནང་སྐོར་རྗེས་དྲན་རྡོ་རིང་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་དང་བོ་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་འདི་གའི་གསར་འགོད་པའི་བཅར་འདྲི་དང་ལེན་སྐབས་སུ་གསུངས་ཡོད།

རྡོ་རིང་དེའི་ཇུས་འགོད་ནི་གཞུང་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ངག་དབང་དགེ་ལེགས་ལགས་ཀྱིས་གནང་སྟེ། རྡོ་རིང་གི་མགོ་རུ་སའི་གོ་ལའི་མཚོན་བྱེད་རི་མོ་དང་མཉམ་དུ་བོད་ཀྱི་ས་ཁྲ་ཡོད་པའི་རི་མོ་དང་སྤྱིའི་རིང་ཚད་ལ་ཧྤེ་ཁྲི་ ༡༨ དང་། མ་གདན་ཆེ་ཤོས་ཀྱི་ཞེང་ཚད་ལ་ཧྤེ་ཁྲི་ ༤ ལྷགམགོ་རུ་ཧྤེ་ཁྲི་ ༢ ཡོད་པ་རེད། རྩེ་མོ་ཕྲ་ཞིང་རྩ་བ་སྤོམ་པའི་གཟུགས་དབྱིབས། དེའི་སྟེང་བོད་རྒྱ་དབྱིན་གསུམ་དང་དེ་མིན་ཧིན་ངྷིའི་ཡི་གེ་བཅས་ཡིག་རིགས་བཞིའི་ཐོག་ཆོལ་གསུམ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་རྡོ་རིང་ཞེས་བཀོད་ཡོད་འདུག

གཞན་ཡང་ཉིན་དེར་བོད་ཀྱི་འགྲེམ་སྟོན་ཁང་གི་ནང་ལོགས་སུ་རྒྱ་རིགས་མང་གཙོ་དོན་གཉེར་བ་ཁག་ཅིག་གིས། རྡོ་བརྐོས་རི་མོ་ཞིག་བཞེངས་སྐྲུན་ལེགས་སྒྲུབ་བྱུང་སྟེ། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་སྤེན་ཚེ་རིང་ལགས་ཀྱིས་དབུ་འབྱེད་གནང་ཡོད། རི་མོ་དེའི་མཚོན་དོན་ནི་བོད་མིའི་ཞི་བའི་འཐབ་རྩོད་དང་འཛམ་གླིང་ཞི་བདེ་སོགས་མཚོན་གྱི་ཡོད་སྐོར་ཚོགས་གཙོ་མཆོག་གིས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༣ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 11

  1. ནད་པ says:
    ལོ་ 16 སྔོན།

    ཆོལ་གསུམ་བོད་ཀྱི་དཔའ་བོ་དཔའ་མོའི་རྗེས་དྲན་རྡོ་རིང་ལེགས་གྲུབ་ཟིན་ནས་དབུ་འབྱེད་གནང་བར་དགའ་སྤྲོ་བརྟས། ངས་མཐོང་མྱོང་བའི་ལྷ་ལྡན་བོད་ཀྱི་རྡོ་རིང་དང་། རྒྱ་ནག་གི་རྡོ་རིང་སོགས་ཀྱི་མཚོན་མདོག་གཞི་དཀར་ལ་སྐྱ་བའི་ངོས་སུ་ཡི་གེའི་འབྲུ་སེར་པོ་ཅན་གྱི་རྡོ་རིང་ཤ་སྟག་ཡིན་པའི་མཇོང་སྣང་བྱུང་།

    རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྡོ་རིང་གི་གཞི་མཚོན་མདོག་ནག་པོ་དང་ཡི་འབྲུ་སེར་པོའི་རྣམ་པ་ཅན་ཡིན་པའི་མཇོང་སྣང་བྱུང་། འོན་ཀྱང་ངས་བསམས་ན་རྒྱལ་གཅེས་དཔའ་བོ་དཔའ་མོའི་དྲན་རྟེན་རྡོ་རིང་གི་མཚོན་མདོག་དཀར་པོའམ་སྐྱ་ཤས་ཅན་ཞིག་དགོས་པའི་ཙོར་སྣང་ཕྲན་བུ་བྱུང་།

    མཁྱེན་ལྡན་རྣམ་པས་དགོངས་དཔྱད་ཡོང་བ་ཞུ།

    Reply
  2. ནད་པ says:
    ལོ་ 16 སྔོན།

    ཆོལ་གསུམ་བོད་ཀྱི་དཔའ་བོ་དཔའ་མོའི་རྗེས་དྲན་རྡོ་རིང་ལེགས་གྲུབ་ཟིན་ནས་དབུ་འབྱེད་གནང་བར་དགའ་སྤྲོ་བརྟས། ངས་མཐོང་མྱོང་བའི་ལྷ་ལྡན་བོད་ཀྱི་རྡོ་རིང་དང་། རྒྱ་ནག་གི་རྡོ་རིང་སོགས་ཀྱི་མཚོན་མདོག་གཞི་དཀར་ལ་སྐྱ་བའི་ངོས་སུ་ཡི་གེའི་འབྲུ་སེར་པོ་ཅན་གྱི་རྡོ་རིང་ཤ་སྟག་ཡིན་པའི་མཇོང་སྣང་བྱུང་།

    རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྡོ་རིང་གི་གཞི་མཚོན་མདོག་ནག་པོ་དང་ཡི་འབྲུ་སེར་པོའི་རྣམ་པ་ཅན་ཡིན་པའི་མཇོང་སྣང་བྱུང་། འོན་ཀྱང་ངས་བསམས་ན་རྒྱལ་གཅེས་དཔའ་བོ་དཔའ་མོའི་དྲན་རྟེན་རྡོ་རིང་གི་མཚོན་མདོག་དཀར་པོའམ་སྐྱ་ཤས་ཅན་ཞིག་དགོས་པའི་ཙོར་སྣང་ཕྲན་བུ་བྱུང་།

    མཁྱེན་ལྡན་རྣམ་པས་དགོངས་དཔྱད་ཡོང་བ་ཞུ།

    Reply
  3. སྟོབས་ says:
    ལོ་ 16 སྔོན།

    རྗེས་དྲན་རྡོ་རིང་འདིས་འདས་དོན་ཡོད་ཚད་ཕྱིར་དྲན་བྱེད་དུ་བཅུག་ཡོད།
    མི་ལོ་ལྔ་བཅུ་ལྔ་གཅིག་གི་སྡུག་བསྔལ་ཡོད་ཚད་རྡོ་རིང་འདིས་མདུན་དུ་འཕྱུང་ནས་རེ་སྒུག་ཞིག་ལ་ཡེད་ཆེས་འཁུམས་ཡོད

    Reply
  4. གྲྭ་རྒོད says:
    ལོ་ 16 སྔོན།

    ཚར་བ་ཡིན་པས་ཡག་པོ་ཡོད་པའི་རེ་བ་ཡོད།ཆ་ཚང་བ་ཞིག་འཁོད་ཐུབ་ཡོད་པའི་སྨོན་ལམ་ཞུ།

    Reply
  5. གྲྭ་རྒོད says:
    ལོ་ 16 སྔོན།

    རྡོ་རིང་བཞང་བ་ཡག་པོ་རེད།འོན་ཀྱང་བོད་མི་རིགས་གི་ཆེད་དུ་རང་སྲོག་ཤོར་བའི་བོད་ས་ཡོང་གི་མི་ཆ་ཚང་བ་ཞིག་གི་མིང་བཀོད་མ་ཐུབ་པ་ཡིན་ན་དེ་ལ་དོན་སྙིང་གང་ཡང་མཐོང་མ་སོང་།གང་ཡིན་ཟེར་ན་དྲང་མོར་ཆག་མེད་པའི་མ་བཞང་ན་ལགས།བསྐྲུག་ཤིང་ཞིག་དུ་འགྲོ་མི་སྲིད་པ་མ་རེད།བསམ་བློ་སྔོན་དུ་གཏོང་རོགས།

    Reply
  6. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    དུས་རྒྱུན་དུ་སྤྱི་འཐུས་རྣམ་པ་དང་བྱེས་བཞུགས་བོད་མི་དག་གིས་བོད་ནང་གི་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་དྲན་པ་གནང་རོགས་རྡོ་རིང་གཅིག་པུས་དྲན་པ་གལ་ཆེ་མིན།

    Reply
  7. ཨརྱ། says:
    ལོ་ 16 སྔོན།

    རྡོ་རིང་དེ་ཙམ་རེད། བཟོ་རྩལ་དང་རྒྱུ་སྤུས་གང་ཐད་ནས་འདོད་པ་ཁེངས་པ་མི་འདུག

    Reply
  8. བསེ་རུ། says:
    ལོ་ 16 སྔོན།

    དེ་རིང་སྔ་དྲོ་<<མི་ལོ་ལྔ་བཅུའི་གནས་བབ་ལ་ཕྱིར་ལྟ།>>ཞེས་པའི་དཔེ་དེབ་གཅིག་ཀྱང་། སྤྱི་འཐུས་ཚོགས་གཙོས་དབུ་འབྱེད་གནང་ཡོད་འདུག

    Reply
  9. གཞིས་ལུས་བོད་པ། says:
    ལོ་ 16 སྔོན།

    བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་ཞུ། །

    Reply
  10. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    འཐབ་རྩོད་བྱེད་བཞིན་པའི་མིའི་དཔའ་ཉམས་དང་མཆོང་སྟོབས་སོགས་མངོན་པར་གསལ་བར་སྟོན་པའི་མི་གཟུགས་ཀྱི་རི་མོ་བཀོད་ཡོད་པ་རེད་དམ། གཟུགས་རིས་འཐབ་རྩོད་སྐབས་ཀྱི་མི་མང་གི་རྣམ་འགྱུར་གསོན་པོ་མིག་སྟོན་ཐུབ་པས་གསོན་ཉམས་དང་ཚོར་བ་རྣོ་ཆེ། འོག་གི་རི་མོ་འདི་ལ་གསོན་ཉམས་འདུག་པས་འདི་གང་དུ་ཡོད་རེད། འདི་རྡོ་རིང་རྨང་ཐེམས་རེད་དམ། འོག་གི་བཟོ་བཀོད་འདི་འདྲ་ཤེས་མེད་ཀྱི་སྤྱི་འཐུས་ཚོས་སེམས་ལ་དྲན་མི་ཐུབ་སྙམ།

    Reply
  11. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    འཐབ་རྩོད་བྱེད་བཞིན་པའི་མིའི་དཔའ་ཉམས་དང་མཆོང་སྟོབས་སོགས་མངོན་པར་གསལ་བར་སྟོན་པའི་མི་གཟུགས་ཀྱི་རི་མོ་བཀོད་ཡོད་པ་རེད་དམ། གཟུགས་རིས་འཐབ་རྩོད་སྐབས་ཀྱི་མི་མང་གི་རྣམ་འགྱུར་གསོན་པོ་མིག་སྟོན་ཐུབ་པས་གསོན་ཉམས་དང་ཚོར་བ་རྣོ་ཆེ། འོག་གི་རི་མོ་འདི་ལ་གསོན་ཉམས་འདུག་པས་འདི་གང་དུ་ཡོད་རེད། འདི་རྡོ་རིང་རྨང་ཐེམས་རེད་དམ། འོག་གི་བཟོ་བཀོད་འདི་འདྲ་ཤེས་མེད་ཀྱི་སྤྱི་འཐུས་སེམས་ལ་དྲན་མི་ཐུབ་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese