མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་བ་རིན་པོ་ཆེའི་བོད་ཡིག་དྲ་རྒྱ་དབུ་འབྱེད།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་སྐུ་སྒེར་གྱི་བོད་ཡིག་དྲ་རྒྱ་དེ་བོད་རིགས་དང་བོད་ཡིག་ཤེས་མཁན་དད་ལྡན་མང་ཚོགས་ཀྱི་ཆེད་དུ་ལོ་འདིའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དང་སྟབས་བསྟུན་དབུ་འབྱེད་གནང་རྒྱུ་རེད།

ཕྱི་ཚེས་ ༩ ཉིན་འདི་གའི་གསར་ཁང་གིས་སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས་སུ་བཀའ་འདྲི་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། ༧རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་བོད་ཡིག་དྲ་རྒྱ་དེ་ཕྱི་ཚེས་ ༩ ཉིན་དབུ་འབྱེད་གནང་རྒྱུ་ཡིན་པ་དང་། དྲ་རྒྱ་དེ་དབུ་འབྱེད་གནང་དགོས་པའི་ཐད་ཁོང་གིས་གསུངས་དོན། དེང་སྐབས་བོད་ཕྱི་ནང་ཀུན་ཏུ་བོད་རིགས་ཚོ་དང་ལྷག་པར་དུ་སློབ་མ་དང་སྤྱི་ཚོགས་སྟེང་གི་ཤེས་ལྡན་མི་སྣ་དག་གི་ཁྲོད་བོད་ཡིག་གི་དྲ་རྒྱར་ལྟ་ཀློག་གི་གོམས་གཤིས་འདི་སྔར་ལས་ཇེ་མང་དང་ཇེ་དར་ཡིན་སྟབས་བོད་ཡིག་དྲ་རྒྱའི་བརྒྱུད་ལམ་གྱི་དགོས་མཁོ་འདི་གལ་ཆེན་པོ་ཆགས་པ་དང་། རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མི་རིགས་ཀྱི་འབྲེལ་བ་དེ་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་སྟབས་མགོན་པོ་གང་གི་བཀའ་སློབ་དང་གསུང་ཆོས། གསུང་འཕྲིན་མཐའ་དག་བོད་མི་རིགས་ལ་དུས་ཐོག་ཏུ་མཁོ་སྤྲོད་ཐུབ་རྒྱུ་བཅས་ཀྱི་དམིགས་ཡུལ་ལ་བརྟེན་ནས་དྲ་ཚིགས་འདི་སྒོ་ཕྱེ་བ་རེད་ཅེས་དང་། ཡང་ཁོང་གིས། སྤྱིར་བཏང་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་དེ་དག་རླབས་ཆེན་པོ་ཡིན་པ་ནི་བོད་རིགས་སུས་ཀྱང་ཤེས་གསལ་ཡིན་རུང་། ཡང་ཞིབ་ཕྲའི་གནས་ཚུལ་སྟེ། ཁོང་རིགས་ལ་རྒྱལ་སྤྱིའི་སྟེང་གི་མིང་རྟགས་ཆེ་བའི་ཕྱག་རྟགས་དང་ཤེས་ཡོན་གྱི་ཕྱག་འཁྱེར་གང་དང་གང་ཐོབ་ཡོད་མེད། ཁོང་གི་ད་བར་གྱི་ཆིབས་སྒྱུར་གྱི་རིམ་པ། དེ་བཞིན་འཛམ་གླིང་གི་དབུ་ཁྲིད་དང་སྐྱེས་ཆེན་སུ་དང་སུ་ལ་མཇལ་འཕྲད་གནང་ཡོད་མེད། ཁོང་གི་དགོངས་གཞི་གལ་ཆེའི་རིགས་གང་དང་གང་ཡིན་སོགས་རེ་རེ་བཞིན་གསལ་བོར་རྟོགས་མཁན་དཀོན་པོ་ཡིན་སྟབས་འདིའི་རིགས་དྲ་ངོས་སུ་ཡོད་པ་རེད། རྗེས་ཕྱོགས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་དང་སྐུ་ཚེའི་ལོ་རྒྱུས་སོགས་ཀྱི་ཐད་ཉམས་ཞིབ་གནང་མཁན་འདྲ་ཡོད་ན་བོད་ཡིག་གི་ཡིག་ཆ་མང་པོ་ཞིག་སྟབས་བདེའི་ངང་དྲ་ཐོག་ནས་རག་ཐུབ་གི་རེད་ཅེས་ཀྱང་གསུངས།

དྲ་རྒྱ་འདི་ལ་ད་དུང་དད་ལྡན་མང་ཚོགས་ཀྱི་རེ་བ་དང་འཚམ་པའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། ༧གོང་ས་མཆོག་གིས་ངྷ་རམ་ས་ལ་སོགས་ས་གནས་གང་ཞིག་ནས་གསུང་ཆོས་གནང་བ་ཡིན་ན་དེ་དྲ་རྒྱ་བརྒྱུད་ནས་ཐད་ཀར་ཏུ་རྒྱང་བསྲིངས་བྱ་རྒྱུ་ཡིན་སྟབས། དྲ་རྒྱའི་སྐུད་ལམ་ཡག་པོ་ཡོད་ཚེ་བཀའ་ཆོས་མཐའ་དག་ཐད་ཀར་དྲ་ལམ་ནས་གསན་ཐུབ་ཀྱི་ཡོད་འདུག

ཡིན་ཡང་། གཞིས་ལུས་མི་དམངས་ལ་མཚོན་ན་རྒྱ་ནག་གི་དམ་དྲག་འོག་ནས་༧གོང་ས་མཆོག་དང་བོད་དོན་དང་འབྲེལ་བའི་དྲ་རྒྱའི་བརྒྱུད་ལམ་ནི་རང་དབང་མིན་སྟབས་དུས་ཐོག་ཏུ་གཟིགས་ཐུབ་མིན་ལ་དཀའ་ངལ་ཡོད་ཀྱང་། སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས་ཀྱིས་འདིའི་ཐད་ལའང་དེང་གི་དྲ་རྒྱའི་རིག་གནས་དང་འབྲེལ་ཏེ། ལག་རྩལ་གྱི་ངོས་ནས་དཀའ་ངལ་སེལ་ཐུབ་པའི་རིགས་ཅི་ནས་ཀྱང་སེལ་ཐབས་གནང་གི་ཡིན་སྐོར་གསུངས་སོང་ལ། དེ་བཞིན་རྒྱལ་བ་རིན་པོ་ཆེ་མཆོག་གི་དྲ་རྒྱ་འདི་ནི་ད་ཆ་གསར་དུ་སྒོ་ཕྱེ་བ་ཡིན་སྟབས། ག་ལེར་དྲ་རྒྱའི་རིག་གཞུང་གི་འཕེལ་ཕྱོགས་དང་བསྟུན་ནས་ཡར་རྒྱས་གཏོང་དགོས་ས་གང་ཡོད་པ་དག་རིམ་བཞིན་ཡར་རྒྱས་སུ་གཏོང་གི་ཡིན་ཅེས་གསུངས་བྱུང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་སྒེར་གྱི་དྲ་ཚིགས་ནི་ www.gyalwarinpoche.com ཞེས་པ་འདི་རེད། དད་ལྡན་མང་ཚོགས་ཀྱིས་ཐུགས་སྣང་ཡོང་བ་ཞུ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 48

  1. getse ngodup from .be says:
    ལོ་ 15 སྔོན།

               ( རོགས་སྐྱོར་གནང་བ་ )

    ༄༄།། ད་ལམ་ཉག་ཕྲ་བའི་དུས་སྐབས་འདིར་རང་བྱུང་ཁོར་ཡུག་ལ་ས་ཡོམ་གྱི་གནོད་འཆེ༹་འོག།  འཇ༹མ་གླིང་ཕྱོགས་གང་ས་དང་ལྷག་པར་དུ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་སྐྱེ་རྒུ་གྲོང་སྡེ་དང། རོང་པོ་  སྐར་མདའ་  འབྲོག་མདའ་   ཁྲུན་འདུ་   ནང་ཆེན་བཅས།   ས་ཕྱོགས་གང་ས་ལ་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད་པར་བརྟེན།      དཔལ་ལྡན་ར་ཉག་དགོན་ཕུན་ཆོ༹གས་ཐེག་ཆེན་གླིང་གི་ཁྲི་པ་སྐྱབས་རྗེ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག།   ས་ཡོམ་གྱི་རྐྱེན་ངན་བྱུང་བ་གསོན་མ་ཐག་མྱུར་དུ་ Taiwan ནས་མཁའ་ལམ་རྒྱུད་ཟིར་ལིང་ལ་ཕེབས།   དེ་ནས་ཁོང་གི་ཐབས་ཤེས་རྒྱུད་དམིགས་གསལ་སྨན་པ་ཁ་ཤས་ཁྲིད་ནས་ཡུལ་ཤུལ་ས་ཁུལ་དུ་ཕེབས་འདུག་པ་མ་ཆ༹ད།   ར་ཉག་དགོན་པའི་དགེ་འདུན་པ་ ༡༧༠ དང་ལྷན་དུ་མི་རྒྱུ་གཉིས་གི་ཐོག་རོགས་རིམ་རྒྱ་ཆེར་གནང་འདུག།   ལྷག་པར་དུ་ར་ཉག་དགོན་པའི་དགེ་འདུན་པ་ཆོ༹འི་ས་འོག་ནས་བོད་རིགས་ཉིས་བརྒྱ་ལྷག་གི་ཆེ༹་སྲོག་སྐྱོབ་གནང་ཡིན་པ་རེད།   སྤྱིར་གནས་ཆུ༹ལ་གོ་དོན་ལྟར་ན།   ཁམས་མགྱོགས་རིན་པོ་ཆེ་དགོན་པ་གསར་པ་ཧ་ཅང་གི་ལེགས་གྲུབ་བྱུང་ཡོད་ཀྱང་ཡིན་ན་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད།     འོན་ཀྱང་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་སྤུན་ཟླ་ཤུལ་ལུས་རྒྱ་ཆེར་མི་དམངས་ཡོངས་ཀྱི་ཆེད་དུ་དམིགས་སྟེ།   ད་ལྟ་བར་དུ་འགྲོ་སོང་གཏོང་ཆོ༹ད་བྱས་ན།  གྲོ་འབྲས་རྒྱ་མ་༡༢༠༠༠   ཅ༹མ་པ་རྒྱ་མ་༡༥༠༠   མར་རྒྱ་མ་༡༠༠༠  ཐུག་པ་ཤོག་སྒམ་༡༠༠༠    ཉལ་ཆས་༣༠༠༠   གྱོན་ཆས་༢༥༠༠  རས་གུར་༡༠༠  དེ་མིན་ཟས་རིགས་འདྲ་མིནདང་   ཉམ་ཐག་དབུལ་པོ་ཁྱིམ་ཆ༹ང་རེ་ལ་སྒོར་༣༠༠  གནང་ཡོད།    བསྡོམས་པས་རྒྱ་སྒོར་ཁྲི་ ༢༡༥ ལྷག་གཏོང་ཟིན་ཀྱང་ད་དུང་ཡོང་མི་མཐུད་ནས་གནང་རྩིས་ཡིན་འདུག།     དེ་ཡང་མ་ཆ༹ད་རིན་པོ་ཆེ་ཁོང་གིས་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་ནས་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་ནང་གི་ཆོ༹གས་པ་ཁག་སོ་སོ་ལ་རོགས་རིམ་འབོད་བསྐུལ་གནང་འཆར་ཡིན་འདུག་པ་མ་ཆ༹ད་ཁོང་གིས་གསར་འཇུ༹གས་གནང་བ་སྨོན་ལམ་ཆོ༹གས་ཆུང་རྒྱུད།        ཆེ༹་འདས་ཡོངས་ཀྱི་ཆེད་དུ་ཉིན་ལྟར་སྐྱབས་གནས་འཕགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བ་སྨོན་ལམ་དང་མི་དམངས་བརྒྱ་ཕྲག་དུ་མ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འབུམ་ཆོ༹གས་ཆོ༹གས་ཀྱི་ཡོད་རེད་ཟེར།  གོང་གི་གནས་ཆུ༹ལ་དེ་དག་ས་གནས་དགོན་པའི་གྲ་བློ་བཟང་གི་གསུང་པ་ལྟར་བྲིས་ཡིན།  སྤྱིར་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཆུ༹ལ་སྤེལ་བ་ལྟར་ན།    རང་ཡུལ་གངས་ཅན་ལྗོངས་ནས་ཆོལ་ཁ་སོ་སོ་དགོན་སྡེ་ཁག་དང་བླ་ཆེན་རྣམ་པ་གཅོ༹ས་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་རོགས་རིམ་རྒྱ་ཆེར་གནང་ཡོད་པ་མ་ཆ༹ད།   ཕྱི་རྒྱལ་ཡུལ་གྲུ་ཁག་སོ་སོ་དང་  སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་བླ་ཆེན་རྣམ་པ་དང་དགོན་སྡེ་ཡོངས་ཀྱི་རོགས་རིམ་གནང་ཡོད་པས་འདིར་མ་བྲིས་སོ།།

    Reply
  2. ལུང་རྟོགས། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་གི་བོད་ཡིག་དྲ་རྒྱ་དབུ་འགྱེད་མནང་བར་སྙིང་ཐགས་པ་ནས་དགའ་བསྲུ་དང་། འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ལན་རྒྱར་ཞུ་

    Reply
  3. རྒྱང་རིང་ནས། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གི་བོད་ཡིག་དྲ་རྒྱ་དབུ་འབྱེད་གནང་ཡང་ དེར་གཅེས་འཛིན་གནང་མཁན་ག་ཚོད་ཡོད་ན་

    Reply
  4. བུ་སྨྱོན་པ། says:
    ལོ་ 15 སྔོན།

    ཡིག་གཟུགས་བསྒྱུར་ཐབས་ཇི་བྱས་ཀྱང་ཕན་འབྲས་མ་བྱུང། དྲ་གྲོགས་ཚོས་གཤམ་གྱི་གུས་པའི་བསམ་ཚུལ་དེ་ཀློག་འདོད་མཆིས་ཚེ་ཀྲི་སི་ཨར་སི་བོད་ཡིག་བེད་སྤྱོད་གནང་རོགས།།
    ¼-M-„Àô-hzP-¾GÅ-PÅ-hGôh-ƒôºÛ-z¹ôÅ-G¼-ºFz-¤Û-ÁïÅ-¾-hôm-¤ïh-Vô¾-Gb¤-¬-Mã¼-»P-hï-®¤-¤Û-hGºü uÛ¼-GP-ŸÛG-¤ïh-q-mÅ-»ôh-q¼-zCæm-hGôÅ-q-mÛ-G¾-Vï-¾-hï-zÅ-h-¿eºÛºV¼-zôh-»ÛG-GÛ-i-M-Gż-zCæm-ŸÝ-Mã-mÛ-G¾-VïºÛ-mP-GÛ-hôm-Vïm-hÝ-zŤ-zŸÛm-»ôhü h-hÝP-i-M-ÅôGÅ-GP-ŸÛG-Gż-zCæm-‚ïh-q¼-h;º-P¾-ÅôGÅ-È-TP-¾¤-fG-¼ÛP-¤ô-ŸÛG-zMãh-hGôÅ-q¼-»Ûh-VïÅ-»ôhü hïºÛ-xÛ¼-i-M-z¸ô-zCæm-q-DôP-n¤Å-ˆÛ-¤²h-XïÅ-¾-»Ûh-¼P-ŸÝ-hP-ŸÝü ºôm-ˆP-i-M-hï-zŸÛm-GP-¸G-GP-»P-¼ÞP-z-ŸÛG-GÛ-GmÅ-Ç+zÅ-ˆÛ-±ôP-¾¤-¿e-zÞ-ŸÛG-¤Ûm-qÅ-hï-¾-z¯Û-¤fôP-hGôÅ-G¾-Vï-z-¤-¸h-i-M-ºhÛ¼-z¿e->ÀôG-¤Dm-ÁïÅ-»ôm-»ôh-¤Ûm-¾-¤-z¿eôÅ-q¼-º²¤-JÀÛP-GP-Å-mÅ-GP-¤P-wïzÅ-Gbm-ºDï¾-zÅ-hP-fôG-mÅ-¤ÛP-±ÛG-hG-V-ljô¤Å-ÅÞ-GmÅ-q-ŸÛG-‚ãP-m-„Àâm-qô-Vß-Ço-G¼-FÛh-P-ºi-z¼-¤Gô-zô-¤Û-©ôPÅ-zºÛ-Eh-q¼-¤VÛÅ-qÅ-uÛ-¤±ßPÅ-ˆÛ-ºiÛ-ÇePÅ-ÁÛG-»ôh-q-hG-zïh-uôh-GmP-Mã¼-¼ï-ºzôh-zŤ-±ß¾-ƒÛÅ-q¼-hGôh-ƒô-hGôÅ-Mã-TP-¤-¤VÛÅü ºôm-ˆP-ÁïÅ-hGôÅ-q-ŸÛG-¾-ºyïP-hP-ü yïP-GZÛÅ-¾-Eh-q¼-»ôh-q-hP-yïP-ºƒÛ-¾ô-z-¾Å-ºyïP-ºƒÛ-±ß¾-¤ïh-zÇ+ô¼-GP-»P-ŸÝÅ-¤ïh-q-¤-¸h-M-»ÛG-i-M-hP-ü zôh-»ÛG-i-M-GP-»Ûm-¼ÞP-»P-m-yïïP-TïÅ-ƒÛÅ-h-¤Ûm-m-ºyïP-TïÅ-GZÛÅ-;-GTÛG-¤±ßPÅ-ÅÞ-ƒÛÅ-m-¤fôP-zhïºÛ-Eh-q¼-hÝ-ƒÛÅ-qÅ-¾Å-ÁïÅ-‚-»ôm-bm-HÛÅ-wÞP-zºÛ-zÞ-«ôm-PÅ-¼P-ºhôh-IGÅ-ºhôh-hP-ü Pô¤-z¸ô-ÇeôP-q-ÅôGÅ-ˆÛ-Vïh-i-±P-ºhÛ¼-ºÞ¼-¸ÛP-ÇÀôP-hGôÅ-hôm-¤Ûm-ºhÝG-¾-hï-zÅ-i-M-z¸ô-zCæm-q-hG-¾-zljàm-º²âGÅ-‚ïh-hGôÅ-hôm-¤Ûm-ºhÝG-m-i-M-z¸ô-zCæm-q-hG-G¾-bï-GÝÅ-qÅ-ƒÛÅ-qºÛ-zŤ-±ß¾-¾-mô¼-ºFâ¾-»ôh-m-PôÅ-¾ïm-D¼-hGôPÅ-zÅï¾-ŸÝ-hP-ŸÝü hï-¤Ûm-ÆP-¾¤-z¼-hôºÛ-n¤-ÁïÅ-ˆÛ-Ç+h-Pm-ºÞ¼-Áôz-zÁôh-¤Dm-ÅÞ-¤VÛÅ-hG-¾-PÅ-hÝÅ-mÅ-hÝÅ-ÅÞ-»-¾m-‚-¯ÛÅ-»ôhü hï-mÛ«ôm-q-PºÛ-Gô¤Å-ºiÛÅ-»Ûmü

    Reply
  5. རྭ་རྒྱ་བློ་དབང་། says:
    ལོ་ 15 སྔོན།

    རྣམ་དཔྱོད་ལྡན་པ་བུ་སྨྱོན་པ་མཆོག་གིས་ལྷག་བསམ་བརྩེ་བ་ཟབ་མོའི་ངང་ནས་འདི་ལྟར་བོད་ཡིག་ལ་གཅེས་སྤྲས་ཀྱི་བསམ་པ་བསྟན་ཏེ། འཕྲེང་དང་ཕྲེང་ལ་ཡིད་གཟབ་བྱེད་དགོས་པར་གསུངས་པ་ནི་ཤིན་ཏུ་བཀའ་དྲིན་ཆེ་མོད། དྲ་རྒྱ་འདིར་ཕྱག་འཆང་མཁན་དག་གིས་ཀྱང་དུས་ཡུན་ཤིན་ཏུ་ཐུང་ངུའི་ནང་། ཡིག་གྲངས་འབུམ་ཕྲག་བརྒལ་བའི་དྲ་རྒྱ་འདི་དང་། འདིའི་བཟོ་བཀོད་བཅས་ཇི་ལྟར་ཇི་ལྟར་བཞེངས་སྐྲུན་བྱས་པར་ཞིབ་མོར་བསམ་དགོས་ལ། ཆེད་ལས་བསྐོ་གཞག་གི་སྡེ་ཚན་དག་ན་ཇི་ལྟ་བུའི་ཕྱག་རྗེས་མངོན་བཞིན་པར་ཞིབ་བསྡུར་རེ་ཡང་བྱེད་ཐུབ་ན་ལེགས་པར་སྙམ། སྤྱིར་བཏང་ལས་དོན་གང་ཡིན་ཀྱང་རྩ་བ་ནས་རྩེ་མོའི་བར་རིམ་བགྲོད་བྱེད་དགོས་སྟབས། གནས་ཚུལ་ཅིག་མཐོང་ཙམ་ནས་འུར་ལོང་ལོང་བྱེད་པ་འདི་ཡང་དགོད་བྲོ་བ་ཞིག་སྟེ། མིག་གཉིས་ཡོད་པ་ནི་འགྲོ་བ་མི་ཀུན་གྱི་ཐུན་མོང་བ་ཞིག་ཡིན་སྟབས། སྔ་ས་ཞིག་ནས་ངོམ་སོ་བྱེད་དགོས་དོན་ཅི་ཡང་མི་འདུག་སྙམ་ལ། འཕྲིན་ལས་ཕྲེང་སོགས་གང་ཡང་རུང་ཞེས་པ་ནི་རང་རེའི་མེས་པོ་རྣམས་བརྒྱུད་འོངས་པའི་ལམ་སྲོལ་དང་། བོད་སྐད་ཀྱི་ཆོས་ཉིད་ལ་མཐུན་པ་ཞིག་གོ། ། གྲོགས་པོ་རྣམ་པ། འཕྲེང་དང་ཕྲེང་གི་ཁྱད་པར་ཙམ་ཞིག་ལ་ཡིད་གཟབ་བྱེད་དགོས་པ་ཅི་ཞིག་འདུག་སོམས་ཤིག

    Reply
  6. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    དྲ་རྒྱ་བཟོ་མཁན་གྱིས་ལྗགས་ལན་གནང་བ་ལྟར་ན་དག་ཡིག་མཁས་པ་དགའ་བསྐྱེད་ལས་འཕྲིན་ལས་ཕྲེང་སོགས་གང་ཡང་རུང་ཞེས་གསལ་ལ་ལྟར། ཕྲེང་དང་ཕྲིན་ལས་ལ་སྔོན་འཇུག་འ་ཡོད་མེད་གང་ཡང་རུང་སྐོར་གསུངས་སོང་ངོ། །
    འདི་ལན་ཡིན།

    Reply
  7. ཐོས་དགའ། says:
    ལོ་ 15 སྔོན།

    བྱ་བ་བཟང་པོ་འདིར་འབྲེལ་ཡོད་ཚང་མར་སྙིང་ནས་ཐུགས་རྗེ་ཆེ་ཞུ། ངོ་མ་སེམས་པ་དགའ་སོང་།།

    Reply
  8. བུ་སྨྱོན་པ། says:
    ལོ་ 15 སྔོན།

    གཏམ་བཟང་སོང་། འོན་ཀྱང་༸གོང་ས་༸སྐྱབས་མགོན་རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཅེས་པའི་བོད་ཡིག་དྲ་རྒྱའི་ཐོད་དུ་བྲིས་པའི་སྐུ་འཕྲེང་ཅེསཔའི་འཕྲེང་དེ་དེ་ལྟར་ཡིན་འགྲོ་ཕྱག་ལས་གནང་མཁན་ཚོས་གང་གཟབ་གཟབ་གནང་རོགས། དེ་ཡིན་ན་རྒྱ་ཡིག་དྲ་རྒྱའི་ཐོད་སྐུ་ཕྲེང་ཅེས་བྲིས་འདུག་པས་གང་ལྟར་གཅིག་ལ་བཟོ་བཅོས་གནང་དགོས་འདུག་ལགས་ན་རྣམ་མངའ་འཚལ།

    Reply
  9. གུང་རུ་འབྱོར་མཆོག says:
    ལོ་ 15 སྔོན།

    བསམ་དོན་འགྲུབ་སོང་། བཀའ་དྲིན་ཆེ།

    Reply
  10. གུང་རུ་འབྱོར་མཆོག says:
    ལོ་ 15 སྔོན།

    བོད་ཡིག་དྲ་ཚིགས་ངསར་སྤེལ་གནང་བ་དགའ་བསུ་ཡོད་

    Reply
  11. ནགས་མེ། says:
    ལོ་ 15 སྔོན།

    དེ་ནི་བྱ་བཟང་ཞིག་རེད། འོན་ཏེ་དྲ་རྒྱ་འདི་བཏང་འཛིན་བྱ་མཁན་སུ་འདྲ་རེད། ཡི་གེའི་དག་སྡེབ་འཁྲུལ་མེད་ཅིག་གཏོང་ཡོང་རོགས་ཞེས་སྔ་ས་ནས་སྨོན་ལམ་རྒྱག་གི་ཡིན།

    Reply
  12. མུ་ཏིག་ཆུང་ཆུང་། says:
    ལོ་ 15 སྔོན།

    དྲ་རྒྱ་དང་དྲ་རྒྱ་འདིའི་མཚན་བྱང་ལ་དེ་བས་དགའ།

    Reply
  13. གོང་དཀར་ངག་རྣམ། says:
    ལོ་ 15 སྔོན།

    ད་ཡིན་ན་ཡག་པོ་བྱུང་འདུག་ངས་དེ་སྔ་ནས་དེ་འདྲ་ཞིག་་བྱུང་ན་བསམ་གྱི་ཡོད།

    Reply
  14. བསེ་རུ། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་གི་བོད་ཡིག་དྲ་རྒྱ་འདི་ལྟར་འཇིག་རྟེན་འདིར་གསར་ཐོན་བྱུང་བར་ང་ཚོ་གཞིས་བྱེས་བོད་མི་ཙམ་མ་ཟད། བོད་ཡིག་ལྟ་ཀློག་དང་བོད་སྐད་བཤད་ཉན་བྱེད་མཁན་ཡོད་དོ་ཅོག་གི་སེམས་ཀྱི་ལོངས་སྤྱོད་ཆེན་པོ་ཞིག་རེད།
    སྔ་ཕྱི་བར་གསུམ་དུ་ལས་དོན་དེའི་ཐོག་སྐུལ་འདེད་གནང་མཁན་དང་། བགྲོ་གླེང་གནང་མཁན། ད་ལྟ་ལས་དོན་དངོས་སུ་གཉེར་མཁན་ཚང་མར་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།

    ཕྱག་ན་པདྨོའི་བྱིན་རླབས་བདུད་རྩིའི་རྒྱུན།།
    བདག་སོགས་སྙིང་གི་ཟུངས་སུ་རྟག་སྨིན་ཅིང་།།
    བཀའ་བཞིན་སྒྲུབ་པའི་མཆོད་པས་རབ་བསྙེན་ནས།།
    ཀུན་བཟང་སྤྱོད་མཆོག་རྒྱ་མཚོ་མཐར་ཕྱིན་ཤོག།

    Reply
  15. ཨ་མྱེ says:
    ལོ་ 15 སྔོན།

    འདི་ནི་ངོ་མ་ཐལ་མོ་སྦྱར་འོས་བ་ཞིག་རེད།

    Reply
  16. འཇམ་མགོན། says:
    ལོ་ 15 སྔོན།

    དད་གུས་དང་འཚམས་ཞུ་བྱེད། འདི་དོན་ཐུགས་ཁུར་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ།

    Reply
  17. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    དེ་རིང་༸གོང་ས་མཆོག་གི་བོད་ཡིག་དྲ་ཚིགས་ལ་མཇལ་སྐལ་བྱུང་བས། ཡུད་ཙམ་ལ་འདི་རྨི་ལམ་ཡིན་ནམ་སྙམ་པ་ཞིག་བྱུང་ལ། ཡིད་སེམས་དགའ་དད་ཀྱིས་སྨྱོས་སོང་། སྔོན་ཆད་ཁོ་བོ་བོད་ནང་ཡོད་དུས། བོད་ནང་གི་བོད་མི་མང་བོ་ཞིག་གིས་མཇལ་ཐུབ་ཆེད། ཁོང་གི་བཀའ་སློབ་མང་བོ་ཞིག་རེ་རེ་བྱས་ནས་གློག་ཀླད་ནང་བཏགས་པའི་ངལ་བ་བསྟེན་པ་ཡིན། ད་ཡིན་ན་སྟབས་ཡག་སོང་།

    Reply
  18. དཀོན་མཆོག་སྐལ་བཟང་། says:
    ལོ་ 15 སྔོན།

    སྐུ་སྒེར་ཡིག་ཚང་གི་ལས་བྱེད་རྣམ་པ་དང་། ལྷག་པར་དྲ་ཚིགས་དང་དངོས་སུ་འབྲེལ་ཡོད་རྣམས་ལ་སྙིང་ཐག་པ་ནས་བཀྲིན་ཆེ་ཞུ་དང་། ང་ཚོ་གཞིས་བྱེས་བོད་མི་མང་དག་ཞིག་གིས་ཡུན་རིང་རེ་སྒུག་བྱས་པའི་འབྲས་བཟང་དོན་སྨིན་བྱུང་བ་རང་མི་རིགས་ཀྱི་སྐད་ཡིག་འདི་ཡར་རྒྱས་འཐོར་འདེགས་ཀྱི་བྱ་བ་རླབས་ཆེན་ཞིག་ལ་བརྩི་ཆོག ད་དུང་མུ་མཐུད་མེད་པ་ནས་ཡོད་པ། ཆུང་བ་ནས་ཆེན་པོའི་ཡར་རྒྱས་གོང་སྤེལ་ཡོང་བའི་རེ་བ་ཞུ།

    Reply
  19. སྐལ་བུ་ says:
    ལོ་ 15 སྔོན།

    ད་བར་དྲ་རྒྱ་དེ་འདྲ་ཞིག་བྱུང་ན་སྙམ་ནས་ཡོད། དེ་ཐེངས་ཀྱི་གཏམ་བཟང་འདི་གོ་རྒྱུ་འབྱུང་བ་ཧ་ཅང་གི་དགའ་པོ་བྱུང་མ་ཟད་འབྲེལ་ཡོད་ལས་ཐོགས་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ། ངས་རེ་བ་ཞིག་ལ་རྒྱལ་བ་རིན་པོ་ཆེའི་གསུང་ཆོས་གནང་ཚར་བ་ཐམས་བཅད་ས་གནས་གང་དང་དུས་ཚོད་སོགས་འདིར་དགོས་ཐུབ་ན་ཧ་ཅང་གི་ཡག་པོ་ཡོང་ས་རེད་པས་དགོངས་ལྗགས་འཚལ།

    Reply
  20. སྟོབས་ says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ་ཞུ་བ་དང་ཆབ་གཅིག་བཀྲ་ཤིས་བདེ་ལེགས་ཞུ

    Reply
  21. སྟག་རྩེ་དཔལ་ལྡན says:
    ལོ་ 15 སྔོན།

    རྒྱལ་བ་རིན་པོ་ཆེའི་དྲ་རྒྱ་དབུ་འབྱེད་ཟིན་པར་ཧ་ཅང་དགའ་བོ་བྱུང་། ལྷག་པ་དུ་ཁོང་གི་མཛད་མཆར་མང་པོ་ཞིག་སྔོན་ལ་ཤེས་ཐུབ་པ་དང་། ས་གནས་གང་དུ་དསུང་ཆོས་གནང་སྐབས་དང་སྟབས་བསྟུན་ཁོངས་སོ་སོས་ཆོས་འབྲེལ་བྱེད་ཐུབ་པ་དེ་ཧ་ཅང་གི་རིན་ཐང་ཆེ་པོ་ཞིག་རེད་བསམ།
    ཡིན་ནའང་བླ་མའི་ཞལ་དངོས་སུ་མ་འཇལ་ནའང་སྒྲ་སྒམ་དང་དྲ་ལམ་བརྒྱུད་ནས་ཆོས་འབྲེལ་དེས་ཆོས་ཀྱི་བྱིན་རླབས་སྐྱེས་ཐུབ་སམ་མི་ཐུབ། དྲ་གྲོགས་ཚོས་ལན་ཁ་གསལ་དང་རྒྱུ་མཚན་ཡོད་པ་ཞིག་གནང་རོགས།

    Reply
  22. གཉའ་འབྲོང་ཐུ་བུ། says:
    ལོ་ 15 སྔོན།

    བཀའ་དྲིན་ཆེ། གཙོ་བོ་བོད་ནང་ནས་ཀློག་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་པ་རེད།

    Reply
  23. བུ་སྨྱོན་པ། says:
    ལོ་ 15 སྔོན།

    གཏམ་བཟང་དེ་འདྲ་རྒྱུན་རིང་སྒུག་ནས་བསྡད་དེ་ད་བཟོད་གཞི་ནས་མཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་དྲ་རྒྱ་སྒོ་ཕྱེ་རྒྱུར་དཀའ་ངལ་གང་ཡང་མིན་འདུག

    Reply
  24. གངས་དཀར་རྒྱལ་སྲས says:
    ལོ་ 15 སྔོན།

    སྒོ་ཕྱེ་ཐུབ་ཀི་དྲྭཚིགས་འདིར་དོན་མེད་འབྲེལ་མེད་སོགས་མི་གླེང་རྒྱུ་ཧ་ཅང་གལ་ཆེ་བས་དྲྭ་གྲོགས་ཚོས་གཟབ་པར་འཚལ།

    Reply
  25. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    གོང་དུ་ལུང་རིགས་རྒྱལ་གྱིས་བཤད་པ་ལྟར་བྱས་ན་ཡག་པོ་བལྟ་ཐུབ་ཀི། བཟོ་སྟངས་དེ་ལ་ཁྱད་ཆོས་མ་འདྲ་བ་ཞིག་འདུག

    Reply
  26. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོར། དྲ་རྒྱ་མུ་མཐུད་ནས་སྒོ་ཕྱེ་མི་ཐུབ་ཚེ་ http://www.gyalwarinpoche.com/ ཞེས་བྲིས་ན་ཕལ་ཆེར་དཀའ་ངལ་དེ་སེལ་ཐུབ་གི་རེད། ངས་དྲ་ཤོག་ explore, firefox, safari བཅས་ཚང་མའི་ནང་ཚོད་ལྟ་བྱས་སྐབས་ཡག་པོར་འཆར་གི་འདུག གློག་ཀླད་ PC དང་ Mac གཉིས་ཀྱི་ནང་ནས་བལྟས་ཀྱང་གཅིག་པ་རེད། ཡག་པོ་འཆར་གི་འདུག ད་ནི་དཀའ་ངལ་དེ་འདྲ་འཕྲལ་དོགས་མེད་བསམ་ཡོད།

    གོང་གི་དྲ་འབྲེལ་ལ་བསྣུན་ནའང་ཤར་རྒྱག་རྒྱལ་བ་རིན་པོ་ཆེའི་དྲ་ངོས་སུ་འགྲོ་གི་རེད།

    ཕན་ཐོགས་པའི་རེ་བ་དང་བཅས།

    Reply
  27. གཞིས་ལུས་བོད་པ། says:
    ལོ་ 15 སྔོན།

    སྒོ་ཕྱེ་ཐུབ་སོང་། ཐུགས་རྗེ་ཆེ།

    Reply
  28. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    གལ་སྲིད་དྲ་རྒྱ་འདི་སྒོ་འབྱེད་བྱེད་མི་ཐུབ་པའི་དཀའ་ངལ་བྱུང་ཚེ། འཕྲལ་དུ་གློག་ཀླད་གཞན་ནས་ཚོད་ལྟ་བྱེད་པའམ་ཡང་ན། གློག་ཀླད་སྒོ་བསྐྱར་དུ་ཐེངས་ཤིག་ཕྱེ་རོགས། དེའི་རྗེས་ཕྱེ་ཐུབ་པ་ཡིན། དུས་ཚོད་ཀྱི་སྔ་གཞུག་ཤོར་བ་ཙམ་ལས་ད་ལྟ་བོད་ནང་ལོགས་སུའང་མང་བོ་ཞིག་གིས་ཀློག་ཐུབ་ཀྱི་འདུག་ཟེར།

    Reply
  29. ཨརྱ། says:
    ལོ་ 15 སྔོན།

    དགའ་སོང་དྲ་དངོས་མཐོང་སོང་།

    Reply
  30. ཨརྱ། says:
    ལོ་ 15 སྔོན།

    ཆུ་ཚོད་༡༡་༢༣་ཟིན་སོང་ཡང་སྒོ་ཕྱེ་མི་ཐུབ་ཀི ཅི་ཡིན་ན་

    Reply
  31. ཨརྱ། says:
    ལོ་ 15 སྔོན།

    དད་གུས་གཡོ་མེད་ཀྱིས་བཀྲ་ཤིས་བདེ་ལེགས་དང་། ཐུགས་རྗེ་ཆེ་ཞུ་རྒྱུ།

    Reply
  32. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    འདི་བཟོ་མཁན་དག་ལ་ཐུགས་རྗེ་ཞུ། འོན་ཀྱང་དྲ་རྒྱ་ལ་བལྟ་མི་ཐུབ་པས་སྨོན་ལམ་ལ་འབྲེལ་བ་བྱས་ཀྱང་། ད་ལྟ་ཁོང་བྲེལ་འཚུབ་ཡིན་རབས་གསུངས་སོང་།

    Reply
  33. ཨ་འབྲུག་དཀོན་མཆོག says:
    ལོ་ 15 སྔོན།

    ཁྱེད་ཚོས་ཁ་ཕྱེ་ཐུབ་ཀྱི་འདུག་གམ

    Reply
  34. ཆུ་སྐྱེས་སྒྲོལ་མ། says:
    ལོ་ 15 སྔོན།

    ད་བར་དྲ་རྒྱ་དེ་འདྲ་ཞིག་བྱུང་ན་སྙམ་ནས་ཡོད། དེ་ཐེངས་ཀྱི་གཏམ་བཟང་དེར་འབྲེལ་ཡོད་ལས་ཐོགས་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ།

    Reply
  35. ཨ་འབྲུག་དཀོན་མཆོག says:
    ལོ་ 15 སྔོན།

    ཁ་འབྱེད་མི་ཐུབ་གི ཅི་རེད།

    Reply
  36. རྒྱ་རགས། says:
    ལོ་ 15 སྔོན།

    ཨ་ཁུ་སྨོན་ལམ་ལགས་ཀྱིས་རང་གི་རྣམ་དཔྱོད་དེ་ཆུད་ཟོས་སུ་མ་བཏང་བར་རྗེས་རབས་པ་མང་པོ་གསོ་སྐྱོང་བྱས་ནས། དྲྭ་བའི་རིག་གནས་ཀྱི་ཐད་ལ་མདུན་སྐྱོད་བྱེད་པའི་དཔུང་སྡེ་ཞིག་གི་སྣེ་ཁྲིད་བྱེད་ཐུབ་རྒྱུ་དེ་ང་ཚོ་མི་མང་པོ་ཞིག་གི་རེ་སྒུག་ཡིན།

    Reply
  37. རྒྱ་རགས། says:
    ལོ་ 15 སྔོན།

    ང་ཚོས་བསྒུག་ནས་བསྡད་ཡོད་ལགས།

    གདན་ས་ཆེན་པོ་དག་གིས་ཀྱང ༧རྒྱལ་བ་རིན་པོ་ཆེ་ལ་མིག་ལྟོས་བྱས་ནས་ནང་ཆོས་བགྲོ་གླེང་བྱེད་སའི་དྲྭ་ཚིགས་དབུ་འབྱེད་བྱེད་ཐུབ་ན་ཅི་འདྲ་བཟང་ཨང་།

    Reply
  38. བྱང་ཆུབ། says:
    ལོ་ 15 སྔོན།

    བློ་བཟང་སྨོན་ལམ་ལགས་སུ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།

    Reply
  39. བྱང་ཆུབ། says:
    ལོ་ 15 སྔོན།

    གཏམ་བཟང་ཞིག་རེད། འདི་ནི་དུས་ལ་འཚམས་པ་ཞིག་རེད། ད་བར་དུ་སྐུ་སྒེར་ཡིག་ཚང་གིས་སྐུ་ངལ་ཚད་མེད་སྐྱོན་ཡོད་རྒྱུ་རེད།

    Reply
  40. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དྲ་རྒྱའི་ཇུས་འགོད་པ་ནི་སྐུ་ཞོགས་བློ་བཟང་སྨོན་ལམ་ལགས་རེད།

    Reply
  41. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དྲ་ཚིགས་དེ་དེ་རིང་ཕྱི་ཟླ་གསུམ་པའི་ཚེས་ ༡༠ ཡི་སྔ་དྲོ་དུས་ཚོད་ ༡༠ དང་སྐར་མ་ ༡༠ སྐར་ཆ་ ༡༠ ཡི་སྟེང་སྒོ་ཕྱེ་རྒྱུ་རེད།

    Reply
  42. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོར། རྒྱལ་བ་རིན་པོ་ཆེ་མཆོག་གི་བོད་ཡིག་དྲ་ཚིགས་དེ་དུས་ཚོད་བཅུ་བའི་སྟེང་སྒོ་ཕྱེ་རྒྱུ་རེད། ད་དུང་དུས་ཚོད་གཅིག་དང་སྐར་མ་༡༥ ལྷག་པ་སྒུག་རོགས།

    Reply
  43. ནགས་ཤོད་རིག་རལ། says:
    ལོ་ 15 སྔོན།

    ད་ལྟ་སྒོ་ལྕགས་བརྒྱབ་ནས་འདུག གསལ་བསྒྲགས་སྤེལ་ཚར་མཚམས་དབུ་འབྱེད་གནང་རྒྱུ་རེད་ཟེར། བོད་ཡིག་གཙང་དག་ཡིན་པ་ཨ་ཅང་བརྗོད་མེད་རེད། ངང་སྒུག་ཕྲན་བུ་ཞུ་རོགས།

    Reply
  44. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    ང་རང་དགའ་དྲགས་ཏེ་མགྱོགས་པོར་སྒོ་འབྱེད་ཐབས་བྱས་པ་ཡིན་ཡང་་་་ཅི་ཡང་མི་འདུག་ཡ་་་ནང་ལ་དབྱིན་ཡིག་ཅིག་ལས་འཆར་རྒྱུ་མི་འདུག་་་ཅིག་བྱས་ན་ད་དུང་སྒོ་མ་ཕྱེ་བ་ཡིན་ནམ་ངས་འབྱེད་མ་ཤེས་པ་ཡིན། བོད་ཡིག་རྐྱང་བ་ཞིག་ཡིན་ན་ཡག་པ་ལ་་་་

    Reply
  45. kunsal says:
    ལོ་ 15 སྔོན།

    བསམ་དོན་འགྲུབ་སོང་། བཀའ་དྲིན་ཆེ།

    Reply
  46. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    མི་ལོ་ལྔ་བཅུའི་རྗེས་སུ་སྐུ་སྒེར་ནས་བོད་ཡིག་དྲ་རྒྱ་ཞིག་གཞི་ནས་དབུ་བརྙེས་ཐུབ་པ་བཀའ་དྲིན་ཤིན་ཏུ་ནས་ཆེ་ བཀྲ་ཤིས་བདེ་ལེགས་གྲང་མེད་ཞུ་

    Reply
  47. ནགས་ཤོད་རིག་རལ། says:
    ལོ་ 15 སྔོན།

    མགོན་པོ་གང་དེའི་མཛད་པ་འཕྲིན་ལས་རྒྱུན། །
    ཟླ་བ་ཡར་ངོའི་དཔལ་ལ་བསྙེགས་གྱུར་ནས། །
    ནག་ཕྱོགས་བདུད་ཀྱི་མ་རིག་སྦྱོར་ནག་གྲིབ། །
    གནས་ས་ཁབ་མིག་ཙམ་ཡང་མེད་གྱུར་ཅིག །
    མགོན་པོ་གང་གི་བཀའ་སློབ་ཉིན་མོ་བྱེད། །
    སྐྱེ་རྒུའི་འདབ་བརྒྱའི་ཚལ་དུ་འཕྲོས་གྱུར་ནས། །
    མྱ་ངན་དུམ་ཁས་མནར་བའི་འཇིག་རྟེན་འདིར། །
    བདེ་སྐྱིད་དཔལ་གྱི་ཟེའུ་འབྲུ་དགོད་གྱུར་ཅིག །
    གསུང་གཅིག་ཉིད་དུ་གསུངས་པར་གྱུར་པས་ན། །
    དེ་མ་ཉིད་དུ་སོ་སོར་གོ་བ་བཞིན། །
    ངོ་མཚར་ཐམས་ཅད་མཁྱེན་པའི་དྲྭ་ཚིགས་འདིས། །
    གངས་ལྗོངས་ཕན་བདེའི་དཔལ་ཡོན་རྒྱས་གྱུར་ཅིག །
    བཀྲ་ཤིས་གཏམ་གྱི་ཁ་བཏགས་དཀར་པོ་འདི། །
    བཀྲ་ཤིས་ཀ་ཁའི་ཚིག་གི་རྟར་བཀྱོན་ནས། །
    མགོན་པོ་གང་དེའི་བོད་ཡིག་དྲྭ་ཚིགས་ཉིད། །
    འཇིག་རྟེན་མིག་ཏུ་བཞད་པའི་སྐྱེས་སུ་འབུལ། །

    Reply
  48. karma dorje says:
    ལོ་ 15 སྔོན།

    ཕྱག་ཕེབས་གནང་བྱུང་། བཀའ་དྲིན་ཆེ། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese