མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཞིག་ལ་རྡུང་བ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp

ནོར་གླིང་མཐོ་སློབ་ཀྱི་ཟུར་ཞུགས་སློབ་མ་བློ་བཟང་ཆོས་སྐྱབས་ལ་རྒྱ་གར་ཡུལ་མི་ཞིག་གིས་གཅར་རྡུང་དྲག་པོ་བཏང་སྟེ་སྲོག་ཉེན་ཡོད་པའི་གནས་སུ་བསྐྱལ་འདུག་

ཟླ་འདིའི་ཚེས་ ༡ ཉིིན་རང་ལོ་ ༢༠ ཡིན་ཞིང་ནོར་གླིང་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཟུར་ཞུགས་བྱེད་ཀྱིན་པའི་སློབ་མ་བློ་བཟང་ཆོས་སྐྱབས་ལ་རྒྱ་གར་ཡུལ་མི་ཞིག་གིས་རྡུང་རྡེག་དྲག་པོ་བཏང་སྟེ། ཆུ་ཚོད་གཉིས་རིང་གཙུག་ལག་ཁང་གཤམ་འོག་གི་ནགས་གསེབ་དུ་མི་སུ་ཞིག་གིས་ཀྱང་མ་ཤེས་པར་སྲོག་ལ་ཉེན་ཁ་ཡོད་པའི་གནས་སུ་བསྐྱལ་ཡོད་ཀྱང་། ཕྱིས་སུ་ངྷ་ས་བདེ་དོན་དང་མདོ་སྨད་དབུས་ས་གཉིས་ཀྱི་རྒྱུན་ལས་ཁང་། དེ་བཞིན་ནོར་གླིང་མཐོ་སློབ་སོགས་ཀྱི་རོགས་སྐྱོར་འོག་ཀ་ཅ་རི་དང་ཀང་ར་སྨན་ཁང་། ཅན་ངྷི་སྒར་སྨན་ཁང་བཅས་སུ་ཕྱིན་ཏེ་མྱུར་སྐྱོབ་བྱས་མཐར་སྲོག་ཉེན་ལས་ཐར་ཏེ། ད་ལྟ་ཕྱིར་བོད་གཞུང་བདེ་ལེགས་སྨན་ཁང་དུ་གནས་སྤར་ཏེ་སྨན་བཅོས་བྱེད་ཀྱིན་ཡོད་འདུག འདི་གའི་གསར་འགོད་པས་ཐེངས་འདིའི་དོན་རྐྱེན་འདིའི་བྱུང་རིམ་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱ་ཆེད། ཕྱི་ཚེས་ ༧ ཉིན་དངོས་སུ་བོད་གཞུང་བདེ་ལེགས་སྨན་ཁང་དུ་ཕྱིན་ཏེ་བློ་བཟང་ཆོས་སྐྱབས་ལ་བཀའ་འདྲི་ཞུ་འཆར་བྱས་ཀྱང་། བློ་བཟང་ཆོས་སྐྱབས་ཀྱིས་ད་ལྟའི་ཆར་ན་ཟུག་གི་རྐྱེན་པས་སྐད་ཆ་བཤད་མི་ཐུབ་པའི་གནས་སུ་ལྷག་ཡོད་སྟབས། ད་ལྟ་ཁོ་ལ་བདག་གཉེར་བྱེད་ཀྱིན་པའི་ཁོང་གི་སྤུན་མཆེད་གྲྭ་བློ་བཟང་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས་དོན་རྐྱེན་འདིའི་བྱུང་སྟངས་ཀྱི་ལོ་རྒྱུས་དང་འབྲེལ་བརྗོད་གནང་བྱུང་། ཁོང་གིས།  ཐེངས་འདིའི་དོན་རྐྱེན་དེ་མ་བྱུང་བའི་ཡར་སྔོན་གྱི་ཕྱི་ཚེས་ ༡༣ བར་ངེད་སྤུན་གཉིས་ནོར་གླིང་ནས་མཉམ་དུ་བསྡད་པ་ཡིན། རྗེས་སུ་ང་མེག་ལོར་ཡོང་བ་དང་། ཚེས་ ༡༦ ཉིན་གྱི་ཞོགས་པར་ངས་ཁོ་ལ་ཁ་པར་བཏང་སྟེ་ངེད་གཉིས་རང་བདེན་ཚོགས་ཆུང་དང་དཔལ་འབྱོར་ལས་ཁུངས་སུ་ཕྱིན་ཏེ་ཁོའི་རང་བཙན་ལག་དེབ་ལེན་དགོས་ཚུལ་བརྗོད་རྗེས་ཁོ་ཉིན་དེར་ནོར་གླིང་ནས་མེག་ལོར་ཡོང་བ་རེད། རྗེས་སུ་དོན་རྐྱེན་འདི་འདྲ་ཞིག་བྱུང་སོང་བ་དང་སྨན་ཁང་དུ་ཡོད་པའི་སྐབས་སུ་མ་གཏོགས་ངས་ཤེས་མ་སོང་། ཡིན་ནའང། ཁས་ཉིན་སྨན་ཁང་ནས་ཅུང་ཙམ་དྲན་སོས་པ་དང་ཁ་གྲགས་ཐུབ་ཙམ་བྱུང་སྐབས་ཁོས་གནས་ཚུལ་འདིའི་སྐོར་ང་ལ་བརྗོད་བྱུང།  ཁོས་བརྗོད་དོན་ལྟར་ན། ཉིན་དེའི་ཉིན་གུང་ཆུ་ཚོད་ ༡༡ ཡས་མས་སུ་ཁོ་ནོར་གླིང་ནས་ངྷ་ཤོད་བར་རླངས་འཁོར་ནང་ཡོང་ཡོད་འདུག་ལ།  ངྷ་ཤོད་ནས་རྐང་ལམ་བརྒྱུད་དེ་ཁོ་རང་གཅིག་པུ་གངས་སྐྱིད་ཡོང་སའི་རྐང་ལམ་བརྒྱུད་དེ་ཡོང་སྐབས། རྒྱ་གར་གྱི་ཕོ་གསར་ཞིག་གིས་ཁོང་ལ་གར་འགྲོ་དྲིས་བྱུང་ཟེར། ཁོས་མེག་ལོར་འགྲོ་རྒྱུ་ཡིན་སྐོར་བརྗོད་སྐབས་ཕོ་གསར་དེས་ཀྱང་མེག་ལོར་འགྲོ་གི་ཡིན་སྐོར་བརྗོད་དེ་ཁོང་གཉིས་མཉམ་དུ་ཡར་ཡོང་འདུག  ཁོང་གཉིས་ངྷ་ཤོད་གོང་གི་རྐང་ལམ་དུ་ངལ་གསོ་སའི་རྐུབ་སྟེགས་རིང་པོ་ཡོད་ས་དེ་རུ་སླེབས་སྐབས་ངོ་ཤེས་གྲྭ་པ་འགས་ཀྱང་དངོས་སུ་མཐོང་སོང་ཟེར། རྗེས་སུ་ཁོང་གིས་བཤད་པ་ལྟར་ན་བདེ་ལེགས་སྨན་ཁང་གོང་གི་རྒྱ་ལམ་ལ་མ་སོང་བར་གཙུག་ལག་ཁང་གི་སྐོར་ལམ་ལ་འགྲོ་སའི་ནག་གསེབ་ཀྱི་རྐང་ལམ་བརྒྱུད་དེ་ཡར་སོང་ཡོད་འདུག་ལ། ནགས་གསེབ་ཀྱི་མི་མེད་པའི་མཚམས་སུ་སླེབས་སྐབས་རྒྱ་གར་ཕོ་གསར་དེས་ཁོང་ལ་རྒྱབ་ཁུག་ནང་ཅི་ཡོད་དང་ཁོང་ལ་སྒོར་མོ་སྤྲོད་དགོས་ཚུལ་སོགས་བརྗོད་སོང་ཟེར། ཁོས་རྒྱབ་ཁུག་བསྟན་དེ་ཁོར་སྒོར་མོ་མེད་ཚུལ་བརྗོད་སྐབས་གློ་བུར་ཁོང་ལ་ཁུ་ཚུར་གྱིས་གཞུས་སོང་ཟེར་ལ། དེ་ནས་ཁོང་གཉིས་ཕན་ཚུན་འཇུ་རེས་གང་འཚམ་བྱས་ཡོད་ཚོད་རེད། རྗེས་སུ་ཕོ་གསར་དེས་ཁོང་གི་ལག་པ་ཡ་གཅིག་ཕྱིར་བཀུག་པ་དང་ཐེངས་མང་པོ་རྡུང་རྗེས་བར་མཚམས་ཤིག་ནས་ཁོ་དྲན་མེད་དུ་བརྒྱལ་སོང་བས་ཅི་བྱས་ཅི་བྱུང་སོགས་ཅི་ཡང་ཤེས་མི་འདུག  ཁོ་དྲན་པ་སོས་དུས་ཀང་ར་སྨན་ཁང་ནང་བསྐྱལ་འདུག་ཟེར། ཅེས་བརྗོད་བྱུང་།

ཡང་ཁོང་གིས་མུ་མཐུད་དོན། རྗེས་སུ་ཁོ་རང་ལ་མྱུར་སྐྱོབ་བྱེད་མཁན་དག་གིས་བརྗོད་དོན་ལྟར་ན། ཉིན་དེར་རྒྱ་གར་ཕོ་གསར་དེས་གཅར་རྡུང་དྲག་པོ་བྱས་མཐར་ཁོ་ཤིང་ནགས་དེའི་ཉེ་འགྲམ་ནས་ཆུ་ཚོད་གཉིས་རིང་དྲན་མེད་དུ་ལྷག་འདུག་ལ། ཕྱིས་སུ་ཉེ་འགྲམ་དུ་ཡོད་པའི་བལ་ཡུལ་གྱི་མི་ཁ་ཤས་ཤིག་གིས་ཤེས་རྟོགས་བྱུང་སྟེ་བོད་པའི་བུད་མེད་ཞིག་ལ་བརྗོད་ཡོད་འདུག བུད་མེད་དེས་གངས་སྐྱིད་ཀྱི་ལས་ཁུངས་ཤིག་ལ་གནས་ཚུལ་བཤད་རྗེས་ངྷ་ས་བདེ་དོན་ལས་ཁུངསདང་ས་གནས་ཉེན་རྟོག་པ་སོགས་ཡོང་སྟེ། ཀ་ཅ་རུ་སྨན་ཁང་དུ་བསྐྱལ་རྗེས་ཁོ་སུ་ཡིན་མིན་དང་ཆོལ་ཁུངས་གང་གི་མི་ཡིན་མིན་སོགས་བརྟག་དཔྱད་བྱས་དུས་ནད་པའི་ཁ་གྲགས་མ་ཐུབ་པ་སོགས་ཀྱི་བདེན་དཔང་ཅི་ཡང་མེད་ཀྱང་། སྐབས་དེར་ཁོའི་རྒྱབ་ཁུག་ནང་དུ་རྒྱལ་རབས་ལོ་རྒྱུས་སྐོར་གྱི་ཟིན་བྲིས་ཤིག་ཡོད་པའི་སྟེང་བོད་ནང་གི་གཞས་པ་ཤེར་བརྟན་དང་རྩོམ་པ་པོ་ཁག་ཅིག་གི་མིང་སོགས་དབུ་ཅན་གྱི་ལམ་ནས་བྲིས་ཡོད་པ་ཤེས་རྟོགས་བྱུང་རྗེས་མདོ་སྨད་ཀྱི་མི་ཡིན་པར་ངོས་འཛིན་གྱིས་མདོ་སྨད་རྒྱུན་ལས་ལ་ཁ་པར་བཏང་ཡོད་འདུག  ཕྱིས་སུ་མདོ་སྨད་དབུས་ས་གཉིས་ཀྱི་རྒྱུན་ལས་ཁག་ཅིག་ཀ་ཅ་རུ་སྨན་ཁང་དུ་འབྱོར་བ་དང་བདེ་དོན་ལས་ཁུངས་ཀྱི་ལས་བྱེད་རྣམ་པས་མཉམ་རུབ་ཀྱིས་ཐོག་མར་ཁོ་མྱུར་སྐྱོབ་བྱ་ཆེད་ཀ་ཅ་རུ་སྨན་ཁང་ནས་ཀང་ར་སྨན་ཁང་དུ་གནས་སྤོར་གྱིས་མྱུར་སྐྱོབ་དང་འབྲེལ་པར་རིས་སོགས་རིགས་གསུམ་བླངས་སྐབས། ཁོའི་ཀླད་པ་དང་གྲོད་ཁོག་ནང་ཁྲག་བླུགས་ཡོད་པ། གདོང་དང་ལུས་ཡོངས་ཀྱི་རྨ་ཁ་ཚབས་ཆེན་ཡིན་ཚུལ་བརྗོད་འདུག  དེ་ནས་ཆུ་ཚོད་ཕྱེད་ཀ་ལྷག་གི་རྗེས་སུ་ཁོས་ཁྲག་སྐྱུགས་པ་དང་དེའི་རྗེས་སུ་ཁ་ཅུང་ཙམ་ཞིག་གྲགས་ཐུབ་ཡོད་འདུག  སྐབས་དེར་ཁོས་ཁོ་ཕ་ཡུལ་རྫ་ཆུ་ཁ་བ་ནས་ཡིན་པ་དང་ད་ལྟ་ནོར་གླིང་མཐོ་སློབ་དུ་ཟུར་ཞུགས་བྱེད་ཀྱིན་ཡོད་པའི་སྐོར་སོགས་བརྗོད་འདུག རྗེས་སུ་ཁོང་ཚོས་ནོར་གླིང་མཐོ་སློབ་ལ་འབྲེལ་བ་གནང་སྟབས། མཐོ་སློབ་ཀྱི་སློབ་སྤྱི་སླེབས་ཏེ་ཟུར་ཞུགས་སློབ་མ་ཡིན་པ་ངོས་ཟིན་འདུག་ལ།  ངྷ་ས་བདེ་དོན་དང་མདོ་སྨད་རྒྱུན་ལས། ནོར་གླིང་མཐོ་སློབ་བཅས་ཀྱི་རོགས་རམ་འོག་ཁོ་སྲོག་ཉེན་ལས་ཐར་བ་དང་ཅན་ངྷི་སྒར་དུ་སྨན་བཅོས་ལ་ཕྱིན་པ་རེེད། ད་ལྟ་ཁོང་ཏོག་ཙམ་བཟང་དུ་ཕྱིན་རྗེས་བདེ་ལེགས་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད།  ཡིན་ནའང་། ད་ལྟའི་ཆར་ཡང་སྐད་ཆ་བཤད་ཁག་པར་མ་ཟད། ཟ་མ་བཟའ་བར་ཡང་དཀའ་ཁག་གི་གནས་སུ་གྱར་ཡོད་པ་རེད། ཅེས་བརྗོད་བྱུང་།  མཐའ་མར་ཁོང་གིས་སྤུན་ཟླའི་དོན་རྐྱེན་འདི་དང་འབྲེལ་བོད་རིགས་སྤུན་ཟླ་རྣམ་པར་བརྗོད་དོན། སྤྱིར་ང་ཚོ་བཙན་བྱོལ་བ་ཡིན་པ་དང་སོ་སོར་རྒྱལ་ཁབ་དང་རང་གི་ལུང་པའི་ནང་བསྡད་མེད་པའི་དབང་གིས། མི་གཞན་གྱི་བརྙས་བཅོས་བྱེད་པའི་རིགས་དེ་ཡོད་པ་ཞིག་རེད་ལ། ང་ཚོས་འཁུར་དགོས་པའི་གནས་ལུགས་ཤིག་གི་ཐོག་ནས་འཁུར་དགོས་པ་རེད། ཡིན་ནའང་། དོན་མེད་དུ་སྒོར་མོ་བཙན་འཕྲོག་དང་མི་ལ་གཅར་རྡུང་བྱས་པའི་རིགས་འདི་ཧ་ཅང་ཐབས་སྐྱོ་བོ་རེད་བསམ། དེའི་ཁྲོད་ནས་ཀྱང་དཔལ་འབྱོར་མེད་པ་དང་རེ་ས་སྐྱབས་ས་མེད་པའི་མི་ཞིག་ལ་མཚོན་ན་འདི་འདྲའི་གནས་སྟངས་འོག་ཧ་ཅང་དཀའ་ངལ་གྱི་གནས་ཤིག་ཡིན་སྟབས། ངས་ང་ཚོ་ངྷ་སའི་ཉེ་འགྲམ་ན་ཡོད་པའི་བོད་རིགས་སྤུན་ཟླ་ཚོར་ང་ཚོས་ག་དུས་ཡིན་ཡང་འདི་ལྟ་བུའི་གནས་ཚུལ་མི་འབྱུང་ཆེད་གཟབ་དགོས་ཀྱི་འདུག གནས་སྟངས་འདིའི་རིགས་ཁོ་གཅིག་པུའི་ཐོག་བྱུང་བ་ཞིག་མིན་པར་ཁ་སང་དེ་རིང་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་ཞིག་རེད། ཅེས་དང་། ཡང་ཁོང་གིས་ཐེངས་འདིར་ཁོའི་སྤུན་མཆེད་ལ་རོགས་སྐྱོར་བྱེད་མཁན་གྱི་ངྷ་ས་བདེ་དོན་དང་མདོ་སྨད་རྒྱུན་ལས། ནོར་གླིང་མཐོ་སློབ་བཅས་ལ་རོགས་སྐྱོར་དང་མཐུན་རྐྱེན་གནང་མཁན་གྱི་མི་སྒེར་སོགས་ལ་ཐུགས་རྗེ་བཀའ་དྲིན་ཆེ་ཞེས་བརྗོད་བྱུང།

དེ་བཞིན། དོན་རྐྱེན་འདི་ཁྲིམས་ཐོག་ཏུ་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཀྱི་སྐོར་ལ་འདི་གའི་གསར་འགོད་པས་ངྷ་ས་བདེ་དོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་སུ་བཀའ་འདྲི་ཞུས་པར།  ཁོང་གིས་ཐོག་མར་དོན་རྐྱེན་དེ་གོ་བའི་གོ་རིམ་དང་འབྲེལ་གསུངས་དོན། ད་རེས་ ༣ པའི་ཚེས་གཅིག་གི་ཆུ་ཚོད་ ༡༢ ཡས་མས་སུ་བདེ་སྲུང་དྲུང་ཆེ་མཆོག་གིས་ང་ལ་ཞལ་པར་ཞིག་འབྱོར་ཏེ་བོད་མི་ཞིག་ཤི་མིན་རོ་མིན་བྱས་ཏེ་ནགས་གསེབ་དུ་ལྷག་ཡོད་པའི་གནས་ཚུལ་འགྲེལ་བརྗོད་གནང་བྱུང། དེ་ནས་ང་དང་ངའི་ཁ་ལོ་བ་བཅས་མི་ཁག་ཅིག་མཉམ་དུ་ལྟ་རུ་ཆས་པར་ཤུགས་གསེབ་ཀྱི་ནགས་དཀྱིལ་ཏུ་ལྷག་བསྡད་འདུག   དེ་ནས་ཉེན་རྟོག་པ་སྐད་བཏང་ཉེན་རྟོག་པས་ཁོའི་ RC སོགས་ལ་ཞིབ་འཇུག་བྱས་རྗེས་ང་ཚོ་མཉམ་རུབ་ཀྱིས་རྒྱ་གར་སྨན་ཁང་དུ་ཁྲིད་ཡོད་ལ། རྗེས་སུ་ཀང་ར་སྨན་ཁང་དུ་ཁྲིད་པ་དང་ཨ་མདོ་ནས་ཡིན་པར་ཚོད་དཔག་བྱས་རྗེས་མདོ་སྨད་སྐྱིད་སྡུག་གིས་རོགས་པ་མང་པོ་བྱས་སོང་། ཕྱིས་སུ་གནས་སྟངས་ཛ་དྲག་ཡིན་སྟབས་ང་ཚོས་ཅན་ངྷི་སྒར་སྨན་ཁང་དུ་བཏང་བ་རེད་ཅེས་དང་། ཡང་ཁོང་གིས། རྗེས་སུ་ང་ཚོས་བལ་ཡུལ་གྱི་རང་ལོ་ ༡༥ ལྷག་ཡིན་པའི་ཕོ་གསར་དེས་རྒྱ་གར་གྱི་ཕོ་གསར་རྒྱག་པ་ཞིག་གིས་ཁོ་ལ་གཅར་རྡུང་བྱས་ཡོད་ཚུལ་དངོས་སུ་མཐོང་ཡོད་པ་དང་། ང་དང་ངའི་ཁ་ལོ་བ་སོགས་ཀྱིས་ཐོག་དང་པོར་ཁོའི་གནས་སྟངས་མཐོང་ཡོད་པ་རེད། དེ་བཞིན་ཁོང་གི་སྤུན་ཟླ་ཡང་ཡོང་ཡོད་སྟབས་ང་ཚོའི་ངོས་ནས་གནས་ཚུལ་ཚང་མ་ཞུ་གཏུགས་བྱས་ཡོད་པར་མ་ཟད། མ་འོངས་པར་གནས་ཚུལ་འདིའི་ཐད་ཁྲིམས་གཏུགས་བྱ་འཆར་ཡོད་ལ། དེ་མིན་རྐུ་འཕྲོག་གི་གནས་ཚུལ་མང་པོ་ཞིག་ཀྱང་ཉེ་ཆར་ལྷག་ཡོང་གི་ཡོད་སྟབས་ང་ཚོ་ངྷ་ས་བདེ་དོན་གྱི་ངོས་ནས་རྒྱ་གར་ཉེན་རྟོག་པར་གནས་ཚུལ་ཡར་ཞུ་དང་ཁོང་ཚོར་དོན་རྐྱེན་འདི་དག་གི་ཐད་ལ་དམ་དྲག་དང་ལྟ་རྟོག་བྱ་དགོས་པའི་རེ་འདུན་བཏོན་ཡོད། ཅེས་གསུངས་བྱུང་།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

སྐར་མ ༢༨ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༢༠ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༢༡ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣

མཆན། 14

  1. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    རྒྱ་བལ་མི་ནི་རྒྱ་རྟགས་དམར་པོ་འདྲ། །
    བོད་ཀྱི་ཕོ་གསར་ཝྭ་མོ་ཁྱུ་གཅིག་བཞིན། །
    སྡོང་ཡང་ཆོག་ལ་བསད་ཀྱང་རུང་བའི་མི། །
    གཉེན་རྣམས་སྐྱོ་ཞིང་དགྲ་རྣམས་དགོས་པའི་ཡུལ། །

    Reply
  2. འཇམ་མགོན། says:
    ལོ་ 16 སྔོན།

    དགོས་མེད་དང་དོན་མེད་མ་བཤད་ལ། འཐེན་འཁྱེར་དང་ཁ་ཕོ་ཡང་མ་རྒོད། དོན་དངོས་གང་ས་གང་དུ་སོང་ན་ཚང་མས་གཟབ་ཙམ་གནང་རྒྱུ་གལ་ཆེ།

    Reply
  3. ར་ས་ཕོ་ཉ། says:
    ལོ་ 16 སྔོན།

    དངོས་གནས་ངས་ཕོ་གསར་དེར་མཐོང་ཆུང་མེད་ལ། རྒྱ་གར་བ་ཞིག་གིས་ཁོར་བརྡུང་ཐུབ་པ་དེ་སྲིད་པ་ཞིག་རེད། ད་ཆ་ང་ཚོས་དེའི་རྒྱབ་ལྗོངས་ལ་དོགས་པ་བྱེད་དགོས། ངས་བྱས་ན་རྒྱ་གར་བ་མི་གཅིག་གིས་ཁོ་ལ་དེ་བརྡུང་བ་དེ་ཡ་མཚན་འདུག བྱུང་ན་རྒྱ་གར་བ་དེ་ངེས་པར་དུ་བཟུང་ནས་དྲི་རྩོད་བྱེད་དགོས། དེས་ཆུ་ཆུང་ཆུང་ནང་ཉ་ཆེན་པོ་རགས་སྲིད།

    Reply
  4. དུག་ཚེར། says:
    ལོ་ 16 སྔོན།

    ནད་པ་ཁ་སྡུང་གཏོང་ནས་དགོས་པ་མེད་ལ་ཕྱོགས་རིས་མཐེན་འཕྱེར་བྱས་ན་དེ་ལས་ཀྱང་དགོས་པ་མེད། མདོར་ན་ནད་པ་ལ་རོགས་སྐྱོབ་བྱེད་མཁན་དག་ལ་ཐུགས་རྗེ་ཆེ།

    Reply
  5. སྟོབས་ says:
    ལོ་ 16 སྔོན།

    འོད་ཀྱི་གནས་ལུགས་བཤད་ཤེས་མི་འདུག འདི་ལྟར་བཤད་ལས་མ་བཤད་ན་བཟང་ ། སྐྱེས་པ་ཞིག་ཡིན་ཕྱིན་ཅུང་རགས་ཀྱི་མེད་་དགོས་པ་གང་ཤེས་སོང་

    Reply
  6. འོད། says:
    ལོ་ 16 སྔོན།

    བུད་མེད་ཅིག་ཡིན་ན་ཡིན་ལོས་ཡིན། དེ་མིན་ཕོ་རྒོད་སྟག་འདྲ་བ་ཞིག་ལ་ཁག་མི་འདུག་ཟེར་ཁག་པོ་འདུག འཐབ་ནས་མི་ཐུབ་ན་བྲོས་ན་མི་ཆོག་གམ། རང་ལུས་འདོམ་པ་གང་ལའང་བདག་མི་ཐུབ་ན་ངས་ཅང་བཤད་ཤེས་ཀྱི་མི་འདུག སྨན་ཁང་ནས་ངལ་གསོ་རྒྱོབས། སྒོར་མ་འབུད། སྐུ་ངོ་གཡག་འདྲ་བ་དེ་ཚོས་ཅི་ཞིག་བྱེད་ཀྱིན་ཡོད་རེད། གོ་མི་ཆོད་ན་གོ་ས་བཀག་ནས་ཅི་ཕན། གསོ་ཕག་དེ་ཚོས་ག་དུས་ཡིན་ཡང་རྒྱ་གར་བའི་ངོ་འཚོ་རྒྱུ་མང་དྲགས་ན་ཡོང་རྒྱུ་འདི་གཅིག་པུས་ཚད་མི་ཡོང་། རིམ་གྱིས་ཉོན་དང་གོ་རྒྱུ་ཇེ་མང་ཡིན།

    Reply
  7. སྟོབས་ says:
    ལོ་ 16 སྔོན།

    པར་འདི་མཐོང་དུས་ཉིས་སྟོང་བརྒྱད་ཀྱི་བོད་ཀྱི་དཔའ་པོ་ཚོའི་ཕོང་པོ་དྲན་གྱི་འདུག ང་ཚོའི་ཉེས་བཅས་བཟེད་ནས་འདི་ལྟར་འགྲོ་དགོས

    Reply
  8. གཡག་རྒོད says:
    ལོ་ 16 སྔོན།

    མཆན་འདེབས་ཚོས་ཁ་རྒྱག་པ་བཤད་པ་དང་། གཅར་རྡུང་རེག་མཁན་གྱི་བོད་མི་དེ་ལ་མཐོང་ཆུང་དང་དམའ་འབེབ་བྱེད་པ་ལས། ཁོ་ལ་སེམས་གསོ་དང་རོགས་རམ་གང་ཐུབ་བྱེད་འེ་ཐུབ་གནང་ན་ག་འདྲ་འདུག །

    Reply
  9. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    སྤྱིར་སྟངས་སྐྱོ་པོ་བྱུང་འདུག་ཡིན་ནའང་བོད་པའི་བུ་ཁོང་རང་བློ་ཁོག་དང་ཤེད་ཤུགས་ཡག་པོ་མེད་པ་ཡིན་རྒྱུ་རེད་མ་གཏོགས་ང་འདྲ་ཞིག་ཡིན་ན་ངས་དཀོན་མཆོག་མི་བཞག་ངོ་མ་ཐག་ཆོད་ཡིན་ཁོ་ལ་ལག་པ་གཉིས་ང་ཡང་དེ་བཞིན་ད་དུང་ཁོང་རང་ལ་དམིགས་གསལ་གྱི་མཆོན་ཆ་རིགས་ཅི་གང་ཡོད་ས་མ་རེད། བུ་བུའི་མ་ཐུབ་ན་སྐྱེ་དམན་རེད་ངོ་ནས་འདུག་རྒྱུ་ལས་ཅི་ཡོད།ཧ་ཧ་ཧ་ཧ་ཧ་ཧ།

    Reply
  10. བོད་རང་བཙན says:
    ལོ་ 16 སྔོན།

    ཁོང་བོད་རིགས་ཨ་མདོ་བ་ཡིན་ཡང་གོང་ཏུ་བོད་ཀྱི་དུས་བབ་གསར་མགོད་པས་བཤད་པ་བཞིན་བོད་གཞུང་བདེ་དོན་ནོར་གླིང་མཐོ་སློབ་གཉིས་ནས་རོགས་སྐྱོར་ཞུ་ཡོད་པ་ལས་ཨ་མདོ་རྒྱུན་ལས་ནས་རོགས་སྐྱོར་ཞུ་ཡོད་པ་གོ་མ་སོང་ ཡིན་ཡང་གཅར་རྡུང་དྲག་པོ་རག་པའི་ནད་པ་ཉམ་ཐག་འདི་ཨ་མདོ་བ་ཡིན་པས་ཨ་མདོའི་རྒྱུད་ལས་ནས་དགྲ་དགའ་གཉིན་སྡུག་གྱི་ཕྱོགས་སུ་དཔུང་སྒྲིགས་ཏེ་ནུས་མེད་འཐེན་འཁྱེར་ཁོ་ནའི་ཕྱོགས་སུ་མ་ལང་བར་དེ་འདྲ་གནང་ན་ཡག་པོ་འདུག། བོད་ཀྱི་དུས་བབ་གསར་མགོད་པས་དུ་རྒྱུན་ཟབ་ནད་དགོས་དོན་བོད་གཞུང་ནུས་མེད་དང་བོད་རིགས་གཅིག་སྒྲིགས་གཏོར་འདོད་པའི་བསམ་བློ་དེ་ཕེལ་ཁྱེད་ལ་ཡོད་རྒྱུ་མ་རེད། དེ་འདྲ་མེད་ན་དགོས་མེད་འདི་ཚོ་བརྗོད་རིན་མི་འདུག་པ། ཡང་ན་རྗེས་མ་བོད་མི་གཅིག་ལ་དཀའ་ངལ་བྱུང་ན་ཆོལ་ཁ་སོ་སོའི་རྒྱུན་ལས་ནས་བདག་པོ་རྒྱུ་ཡིན་པ་ལས་༼བོད་༽ཅེས་པ་དེ་ཁ་འཐོར་བཏང་དགོས་སམ་ འདི་ངེས་པ་ཏུ་དགོས་སམ་ ངས་ལྟས་ན་ད་ལྟའི་ཆར་ཨ་མདོའི་རྒྱུ་ལས་ཐབས་སྐྱོ་ཤོས་རེད་ཟེར་ཆོག་ཡང་བྱ་ངན་འདི་འདྲ་ཞིག་ནམ་ཡང་ཁོང་ཚའི་རྩམ་སྲིད་གྱི་མ་རེད། ཡང་ན་ལོང་ཤོག་སྤྱི་འཐུས་སྒྲོལ་མ་མཚོ་མོའི་གྲོས་འཆར་སྟོན་ས་རྟགས་རྒྱབ་ཏེ་ལོང་ཤོག་ང་ཚའི་ལྟས་མོ་ལྟ་ཆོག་། དུས་ད་ནས་ཨ་མདོ་བས་དགྲ་དགའ་གཉིན་སྡུག་ཀྱི་ལས་ཁོ་ན་བྱེད་ཀྱི་མ་རེད། ཁོ་ཚོའི་རྒྱ་གར་ཡུལ་མི་རྐུ་མ་གཅིག་ལ་ཁ་གཏད་ལང་མྱོང་བ་རེད་ཟེར་བའི་གཏང་བཟང་སྔ་མེད་གསར་པ་ཞིག་གྲགས་དང་། ཧཧཧཧཧཧཧཧའདི་དག་མི་དགོས་ན་བཟང་

    Reply
  11. གྲགས་པ་རྒྱལ་མཚན། says:
    ལོ་ 16 སྔོན།

    སྡུག་གྱོང་རེད།   ཕོ་གསར་ནི་སྟག་འདྲ་བོ་ཅིག་འདུག  རྒྱ་གར་བ་དེ་ལ་ཡང་མགོ་གཅིག་དང་ལག་པ་གཉིས་ལས་ཡོད་ཚོད་མི་འདུག   རུབ་བརྒྱབ་ཡོད་ན་ཡང་ཁག་མེད་ཀྱང་ཤིང་ནགས་ནང་ནས་བུ་ཕོ་ཁེར་གཏུགས་བྱས་པ་རེད།   བརླ་བཙོང་དེའི་ལག་པ་ཞ་བསྡད་ཡོད་རྒྱུ་རེད།  

    Reply
  12. ར་ས་ཕོ་ཉ། says:
    ལོ་ 16 སྔོན།

    བརྡུང་མཁན་མི་དེ་རྒྱ་གར་བ་ཡིན་པ་དང་ཁོས་སྒོར་མོའི་ཆེད་བརྡུང་པ་ཐག་ཆོད་ནའང་། སྒོར་མོ་ག་ནས་རགས་ཆེད་བརྡུང་བ་དེ་རྩད་གཅོད་རྒྱུ་མེད་དམ་སྙམ།

    Reply
  13. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    རྒྱ་གར་བ་དེ་བཙལ་འཚོལ་གྱིས་ཁྲིམས་ཆད་ནན་མོ་གཅོད་དགོས་ངེས་ཡིན་ལ། ངེས་པར་དུ་ཁྲིམས་གཏུགས་ཀྱང་བྱེད་དགོས། དེ་བཞིན་བོད་མི་སུ་ཡིན་ཡང་རང་ངོས་ནས་གང་གཟབ་དང་གལ་སྲིད་དོན་དག་དེ་འདྲ་བྱུང་སྐབས་གོང་གི་ཕོ་སར་དེ་ནང་བཞིན་མི་ཡོང་བའི་ཐབས་ཤེས་བྱ་རྒྱུ་དང་། རྡིགས་ཐིག་ན་རང་ནུས་གང་ཡོད་ཀྱིས་ཕར་རྒོལ་བྱ་དགོས་པ་རེད་བསམ་གི ལྷག་པར་དོན་དག་དེ་འདྲ་མི་འབྱུང་ཕྱིར་གྲོགས་པོའམ་རོགས་པ་མཉམ་དུ་འགྲོ་རྒྱུ་གལ་ཆེ།

    Reply
  14. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ངྷ་ས་ན་ས་གནས་སྐུ་ངོ་ངར་བ་ཞིག་ཡོད་ཚེ་ཁྲིམས་གཏུགས་བྱ་རན་འདུག འོན་ཀྱང་མི་འགའ་ཤས་ཀྱིས་བཤད་ན་ས་གནས་སྐུ་ངོ་དེ་སྐུ་འདྲ་ནང་བཞིན་བོད་གཞིས་བྱེས་གཉིས་ཀྱི་བདེ་སྡུག་ཐད་ཡག་པོ་ཚུལ་ཞིག་ལབ་བྱུང་།མདོར་ན་དེ་ནི་རྐུབ་སྟེགས་སྲུང་མཁན་ཞིག་ཡིན་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese