མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གྱ་ལྔ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


མི་ཟེར་བ་འདི་དངོས་ཆང་གི་བཟི་ནས་དྲན་པ་འཐོར་བའི་དུས་ཤིག་སླེབས་རྒྱུ་ཡོད་པ་དེ་ནི་དངོས་ནས་བདེན་པ་ཡིན་ལ། མཚན་མོ་དེར་བློ་བཟང་གི་ཆང་གི་བཟི་ནས་རང་གི་དྲན་པ་འཐོར་ནས་ལམ་བར་དུ་ཉལ་ནས་ཡོད་པ་དེ། ཁོ་རང་གི་གྲོགས་པོས་བློ་བཟང་བཙལ་དུ་སོང་ནས་མ་རྙེད་པར་ཕྱིར་ནང་དུ་ཡོང་བའི་ལམ་ཁར་ཁོ་གཉིས་བསྡོད་སའི་འགྲམ་དུ་རྡོ་སྐས་གཉིས་གསུམ་ཞིག་ཡོད་པ་དེ་ཡི་འགྲམ་དུ་བློ་བཟང་ཉལ་ནས་བསྡད་ཡོད་པ་མཐོང་ནས་ཁོ་རང་གིས་རྒྱབ་དུ་ཁུར་ནས་ནང་དུ་ཡོང་བ་རེད།

ཕྱིར་ཉིན་ཞོགས་པ་སྔ་བོ་བློ་བཟང་གཉིད་ལས་སད་དེ། མགོ་བོ་ཡར་བཀྱགས་ནས་ཉལ་ཁྲིའི་གམ་དུ་གོན་པའི་སྒང་དུ་སྐྱུགས་པ་སྐྱུགས་ཡོད་པ་དང་། ཉལ་ཁྲིའི་ཟུར་དུ་ཡང་སྐྱུགས་རོ་ལུས་ཡོད་པ་དེ་དག་མཐོང་ནས། ད་གཟོད་རང་ཉིད་ཀྱིས་འདང་ནུབ་གང་བྱས་པ་དག་གཏན་ནས་དྲན་ཡུལ་དུ་མེད་ཀྱང་། སྐྱུགས་པ་དེ་དག་སྐྱུགས་མཁན་ནི་རང་ཉིད་ཡིན་པ་ངེས་སུ་ཤེས་དུས། རང་གི་ཆེས་བརྩེ་བའི་གྲོགས་པོ་དེ་ལ་འདང་ནུབ་ངས་བྱས་རྗེས་བཞག་འདུག

ཁོས་གྲོགས་པོ་དེས་ཉལ་སའི་ནང་ནས་མགོ་བཀྱགས་ནས། རེད། འདང་ནུབ་ཁྱེད་རང་གི་ག་རེ་བྱས་ཡོད་མེད་དེ་ཤེས་པའི་ཆེད་དུ་ངས་གཙང་མ་བཟོས་མེད། རྗེས་ཕྱོགས་ཁྱེད་རང་གི་ཆང་འཐུང་ན་ཡང་། འཐུང་ཤེས་བྱས་ན་ཡག་ས་རེད། འདང་ནུབ་ཀྱི་སྐོར་ནས་གླེང་ན་ཟེར་ནས་ཁོ་རང་ལ་མཚན་མོ་དེར་བྱུང་བའི་གནས་ཚུལ་ཁག་ཞིབ་དུ་གླེང་བ་རེད།

མི་ཚེ་ནི་དབྱར་དགུན་སྟོན་དཔྱིད་དང་འདྲ་བའི་འགྱུར་བ་འགྲོ་བཞིན་ཡོད་པ་ཡིན་དུས། བློ་བཟང་ཡང་ནོར་བུ་བཟང་མོས་སྐྱུར་ནས་གཞན་ཡུལ་དུ་བུད་སོང་བ་དང་། བློ་བཟང་གིས་ཁོ་རང་ཡང་ཨ་ཅག་ཚེ་འཛོམ་གྱིས་རེ་སྐུལ་ལ་དང་ལེན་བྱས་ནས་རྒྱ་གར་ནུབ་ཀྱི་ཤར་ཕྱོགས་སུ་སླར་ཡང་ལམ་དུ་མ་ཆས་པའི་སྔར་ཉིན་དེར། སློབ་གྲྭ་རུ་སོང་ནས་མཚམས་སྐྱིད་ལ་དེ་ཡི་སྐོར་ཞིབ་དུ་གླེང་ནས། ཁོ་མོ་ལ་སློབ་གྲྭ་ནས་སློབ་སྤྱོང་ཡག་པོ་བྱེད་དགོས་པ་དང་། ཁོ་རང་ཕར་ས་ཁུལ་དེར་འབྱོར་མ་ཐག་ཡི་གེ་སྐུར་ནས་ཡོང་ཞེས་བཤད།

མཚམས་སྐྱིད་ཀྱིས། ད་ནི་འུ་གཉིས་བར་གྱི་འབྲེལ་བའི་སྐོར་དེ་ངས་རང་གི་ཕུ་བོ་ལ་བཤད་འདོད་འདུག དེར་ཁྱེད་རང་ལ་མོས་མཐུན་ཡོད་དམ།

བློ་བཟང་གིས། ད་དུང་ཁྱེད་རང་བྲེལ་བ་མ་བླངས། ང་རང་ཕར་སོང་ནས་ཕྱིར་ཡོང་ན་འུ་གཉིས་ཀྱིས་ག་ལེར་གྲོས་ཁ་བྱེད་ཆོག་གི་རེད། ཁྱེད་རང་གི་ཕུ་བོ་ལ་ད་ལྟ་ནས་བཤད་པ་ཡིན་ན། ཁྱེད་རང་གི་ཕུ་བོས་ཀྱང་སེམས་ཁྲལ་བྱེད་ངེས་ཡིན། ཁྱེད་རང་གི་སློབ་གྲྭ་ནས་སློབ་སྤྱོང་ཡག་པོ་བྱེད་ཀྱི་མི་འདུག་བསམ་སྲིད་པ་རེད།

མཚམས་སྐྱིད་ཀྱིས། ཁྱེད་རང་དངོས་ནས་དེ་འདྲའི་མགྱོགས་པོ་ཞིག་འགྲོ་བཞིན་ཡོད་པ་ང་རང་ལ་ཁ་སང་ནས་བཤད་པ་ཡིན་ན། ངས་དེ་རིང་སློབ་གྲྭ་ནས་གུང་གསེང་ཞིག་བླངས་དེ་ཁྱེད་རང་ལ་ཐུག་འཕྲད་བྱེད་དུ་ཡོང་ན་འགྲིག་མོད། ད་ཁྱེད་རང་འདི་ལྟར་བུད་འགྲོ་རྒྱུ་ཡིན་དུས། དངོས་ནས་ང་རང་སེམས་པ་སྐྱོ་ཡི་འདུག

བློ་བཟང་གིས། སེམས་ཁྲལ་མ་བྱེད། ང་རང་དངོས་ནས་མི་འགྱངས་པར་ཕྱིར་ཐོན་ངེས་ཡིན། ང་རང་གི་ནུ་མོ་མཚོ་མོ་སྐྱིད་ཀྱང་། མི་རིང་བར་རྡ་སར་འབྱོར་ངེས་ཡིན་ལ། ཁོ་མོ་ཡང་ང་རང་དང་མ་ཐུག་པར་ཟླ་ངོ་གཉིས་ལྷག་འགྲོ་བཞིན་ཡོད་པ་རེད། ང་རང་ད་རེབས་ཡིན་གཅིག་མིན་གཅིག་འགྲོ་དགོས་ཀྱི་ཡོད། ཁོང་ཚོ་ང་རང་ལ་དངོས་ནས་བཀའ་དྲིན་ཆེན་པོ་ཡིན། ངས་ཁོང་ཚོའི་ནང་མི་ལ་རོགས་ཤིག་བྱེད་པ་དེ་ནི་འོས་པ་ཞིག་ཡིན།

བློ་བཟང་གིས་མཚམས་སྐྱིད་ལ་བདེ་མོ་བཞག་ནས་སློབ་གྲྭའི་འོག་གི་ཞིང་ཁའི་རྐང་ལམ་ཕྲ་མོ་དེ་བརྒྱུད་ནས་རང་གི་གྲོགས་པོ་ཚེ་རིང་གི་ཕྱོགས་སུ་ཕྱིན་པ་དང་། མཚན་མོ་དེར་གྲོགས་པོ་ཚེ་རིང་དང་ཁ་བརྡ་འདྲ་མིན་སྣ་ཚོགས་ཤིག་བྱས་ནས་བསྡད་པ་རེད།

བློ་བཟང་གི་གྲོགས་པོ་དེ་ཡི་ཁོ་རང་ལ་ཁྱེད་རང་ད་རེབས་དངོས་ནས་མ་སོང་ཐབས་མེད་དེ་འདྲ་ཡིན་ན་མ་གཏོགས། འདི་ནས་སློབ་སྤྱོང་རེ་བྱོས་དེ་བསྡད་པ་ཡིན་ན། ངས་འུ་གཉིས་ཀྱི་ཁང་གླ་དང་ཟས་སོང་ཐོན་འགྲོ་ངེས་ཡིན།

བློ་བཟང་གིས། ཁྱེད་རང་གིས་ངའི་མདུན་ལམ་ལ་དེ་འདྲའི་སེམས་ཁྲལ་དང་འགན་ལེན་ཞིག་གནང་བ་དེར་ངས་ནམ་ཡང་མི་བརྗེད། ཡིན་ཡང་། ད་རེབས་ང་རང་འགྲོ་དགོས་ཀྱི་ཡོད། འདི་ནི་ཕལ་ཆེར་ངས་ཁོང་ཚོ་ལ་རོགས་རམ་བྱེད་པའི་གོ་སྐབས་མཐའ་མ་དེ་ཆགས་ངེས་ཡིན། གང་ཡིན་ཟེར་ན། ཁོང་ཚོས་ལྡི་ལུ་ནས་མགྲོན་ཁང་ཆེན་པོ་ཞིག་རྒྱག་བཞིན་འདུག་པ་མ་ཟད། ང་རང་འགྲོ་བཞིན་པའི་ཁོང་ཚང་གི་ཁང་བ་དེ་ཡང་མི་རིང་བཙོང་རྩིས་འདུག

བློ་བཟང་གིས་ག་དུས་ཡིན་ཡང་། སེམས་ཐག་ཞིག་བཅད་རྗེས་སུ་དེ་ལ་འགྱུར་བ་མེད་པ་ནི། ཁོ་རང་གི་གྲོགས་པོ་དེ་ཡི་གསལ་ཤོས་ཤེས་ཀྱི་ཡོད་སྟབས། མཐའ་མར་ཁོ་རང་ལ་བཀག་འགོག་མ་བྱས་པར་ལམ་འཇུག་བྱས་པ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༥ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༩ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese