མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བདེན་དོན་གླེང་རྒྱུ་ནི་ང་ཚོ་གཅིག་མཚུངས་ཀྱི་དམིགས་ཡུལ་ཡིན།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

མ་འོངས་པར་རྒྱ་ནག་དམངས་གཙོའི་ལམ་དུ་ཕྱོགས་པའི་དུས་སུའང་ང་ཚོ་ཕན་ཚུན་མཉམ་འབྲེལ་བྱ་ངེས་པས།སྐབས་དེར་རྒྱ་ནག་མི་མང་གིས་བོད་ཀྱི་བདེན་དོན་དང་བོད་རིགས་མི་མང་གི་མངོན་འདོད་འགྲུབ་པར་གདམ་གསེས་ཀྱི་དབང་ཆར་རྒྱབ་སྐྱོར་བྱ་ངེས་ཡིན།
འདི་ལོའི་གསུམ་བཅུའི་དུས་དྲན་ཐེངས་༥༡པའི་དུས་དྲན་གྱི་ཉིན་མོ་དང་སྟབས་བསྟུན། ཕྱི་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་བཞུགས་སྒར་དུ་འབྱོར་ཏེ་༧གོང་ས་མཆོག་ལ་མཇལ་ཁ་ཞུས་རྗེས།དུས་དྲན་མཛད་སྒོའི་སྟེང་མཉམ་ཞུགས་དང་བོད་རིགས་མི་མང་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཕྱིར་དྲན་རྟེན་རྡོ་བརྐོས་རི་མོ་ཞིག་ཀྱང་བོད་ཀྱི་འགྲེམ་སྟོན་ཁང་ལ་ཕུལ་ཡོད་པ་དང་།  ཕྱི་ཚེས་༡༡ཉིན་མེག་གྷན་གྱི་མགྲོན་ཁང་ལྗང་ཁུ་ ( Green Hotel ) འི་ནང་གསར་འགོད་གསལ་བསྒྲགས་སྤེལ་ཡོད། སྐབས་དེར་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཆིན་ཅིན་ཡིས་བརྗོད་དོན།ཐེངས་འདིའི་བོད་མིའི་ཞི་བའི་སྒེར་ལངས་ཀྱི་དུས་དྲན་ཐེངས་༥༡པའི་གོ་སྐབས་འདི་དང་སྟབས་བསྟུན་ཏེ་ང་ཚོ་ཨ་རི་དང་ཨོ་སི་ཊི་ལི་ཡ།  ཉི་ཧོང་།འཇར་མན།ཐེ་ལན་ཌི།ཐེ་ཝན།ཧོང་ཀོང་། ཁཱམ་སྤེ་ཊེ་ཡ་བཅས་རྒྱལ་ཁབ་༨ཀྱི་ནང་དུ་གནས་སྡོད་བྱས་པའི་ཕྱི་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བའི་ཚོགས་པ་དང་པེ་ཅིན་གྱི་དཔྱིད་ཀ་དུས་དེབ་ཀྱི་ཚོགས་པ་བཅས་ཚོགས་པ་མི་འདྲ་བ་ཁག་གི་མི་སྣ་དང་གསར་འགོད་པ་བཅས་མི་༢༣ངྷ་རམ་ས་ལར་ཡོང་བ་ཡིན།ང་ཚོའི་དམིགས་ཡུལ་ནི།བོད་མི་རིགས་ཀྱིས་མི་ལོ་༥༠ལྷག་གི་རིང་ལ་འཐབ་རྩོད་བྱས་པའི་ཆེས་མཐོའི་རང་སྲིད་རང་སྐྱོང་གི་གནས་བབ་ལ་རྒྱབ་སྐྱོར་དང་བོད་ཀྱི་བདེན་དོན་འཐབ་རྩོད་ཁྲོད་ཀྱི་ཉམས་མྱོང་བསྡུ་ལེན་བྱ་ཆེད།རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་སྣང་དང་ལྷག་པར་རྒྱ་རིགས་ནང་ཁུལ་ཏུ་དོ་སྣང་ཤུགས་ཆེ་རུ་འགྲོ་བར་བྱ་ཆེད་བཅས་ཡིན།འདས་པའི་དུས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་གནད་དོན་ལ་དོ་སྣང་བྱས་ཡོད་ཀྱང་།གནད་ལ་འཁེལ་བའི་རྒྱབ་སྐྱོར་ཐོབ་མེད་པའི་དབང་གིས་བོད་ཀྱི་གནད་དོན་ད་ལྟའི་དུས་འདིར་ཡང་ལྷག་ཡོད་པ་རེད་ཅེས་དང་། ཡང་ཁོང་གིས། བོད་རིགས་དང་རྒྱ་རིགས་མི་མང་ད་ལྟའི་དུས་འདིར་ཡང་མཉམ་གནས་བྱས་ཡོད་ལ།མ་འོངས་པར་རྒྱ་ནག་དམངས་གཙོའི་ལམ་དུ་འགྱུར་བའི་དུས་སྐབས་སུའང་ཕན་ཚུན་མཉམ་འབྲེལ་བྱ་ངེས་ཡིན་སྟབས།  སྐབས་དེར་རྒྱ་ནག་མི་མང་གིས་བོད་ཀྱི་བདེན་དོན་དང་བོད་མིའི་མངོན་འདོད་ལྟར་གདམ་གསེས་ཀྱི་དབང་ཆར་རྒྱབ་སྐྱོར་བྱ་ངེས་པར་ང་རང་ལ་ཡིད་ཆེས་ཡོད།འདི་ནི་ང་ཚོ་དམངས་གཙོ་དོན་གཉེར་བ་རྣམས་ཀྱི་དམིགས་ཡུལ་ཡང་ཡིན། འདས་པའི་དུས་ནས་བཟུང་རྒྱ་ནག་གཞུང་དང་ཏཱ་ལའི་བླ་མའི་སྐུ་ཚབ་དབར་གྱི་འབྲེལ་མོལ་ཐེངས་དགུ་བའི་གོ་རིམ་ལ་བལྟས་ན་མངོན་སུམ་གྱི་གྲུབ་འབྲས་གང་ཡང་ཐོན་མེད་སྟབས།ང་ཚོས་ཐེངས་འདིའི་གོ་སྐབས་འདི་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་གནད་དོན་ལ་སྔར་ལས་ལྷག་པའི་དོ་སྣང་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་དང་འབོད་སྐུལ་ཞུ་བཞིན་ཡོད།ཅེས་བརྗོད་བྱུང་།
ཡང་།པེ་ཅིན་གྱི་དཔྱིད་ཀ་དུས་དེབ་ཀྱི་རྩོམ་སྒྲིག་པ་ཝེ་ཞོ་ལགས་ཀྱིས།ལོ་༢༠༠ཡར་སྔོན་དུ་ཧྥ་རན་སིའི་མི་དམངས་ཀྱིས་ཨ་རིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་ཆེད་རང་དབང་གི་ལྷ་སྐུ་ཞིག་ཕུལ་ཏེ་ཁོང་ཚོས་ཨ་རིའི་མི་དམངས་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་པ་རེད།ཐེངས་འདིར་ང་ཚོས་ཀྱང་དུས་དྲན་ལ་མཉམ་ཞུགས་བྱས་པ་དང་ལྷན་དུ་རྒྱ་རིགས་རྡོ་བརྐོས་པ་ཁྲིན་ཝེ་མེན་ལགས་ཀྱིས་བོད་མིའི་ཞི་བའི་སྒེར་ལངས་དུས་དྲན་འདིར་ཆེད་དུ་བཟོ་བཀོད་བྱས་པའི་རྡོ་བརྐོས་རི་མོ་ཞིག་བོད་རིགས་མི་མང་ལ་ཕུལ་བ་ཡིན།རི་མོ་འདིས་བོད་མི་རྣམས་ཀྱིས་ཏཱ་ལའི་བླ་མ་དང་བོད་རང་དབང་འཐབ་རྩོད་ཆེད་ཧི་མ་ལ་ཡའི་རི་བརྒྱུད་བརྒལ་བའི་གཡོ་མེད་ཀྱི་དམ་བཅའ་དང་སྙིང་སྟོབས་ཀྱི་སྣང་བརྙན་འབུར་དུ་བཏོད་ཡོད་ལ།ང་ཚོ་ཕྱི་སྡོད་རྒྱ་རིགས་རྣམས་ཀྱི་བོད་ཀྱི་བདེན་དོན་ལ་བཅངས་བའི་ལྷག་བསམ་དང་རྒྱབ་སྐྱོར་ཡང་མཚོན་ཡོད། ཅེས་དང་། ཡང་ཁོང་གིས་མུ་མཐུད་དོན།  ང་ཚོ་ཕྱིར་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་གནད་དོན་བཞིའི་སྟེང་ནས་རྒྱ་ནག་དམངས་གཙོའི་ལམ་དུ་འགྲོ་བར་འབད་པ་བྱེད་ཀྱིན་ཡོད།དང་པོ།བོད་མི་མང་གིས་རྒྱ་ནག་ནང་ཁུལ་ཏུ་རང་ཉིད་ཀྱི་བདེ་སྡུག་ཕྱིར་སྒྲོག་མི་ཆོག་པ་ལྟར།རྒྱ་ནག་མི་མང་གིས་ཀྱང་རང་ཉིད་ཀྱི་བདེ་སྡུག་གི་ཚོར་བ་ངོ་མ་སྒྲོག་མི་ཐུབ་པའི་དབང་གིས་ང་ཚོའི་འཛམ་གླིང་ཕྱི་ཕྱོགས་སུ་རྒྱ་ནག་ནང་ཁུལ་གྱི་མི་མང་གི་དངོས་ཡོད་ཀྱི་གནས་ཚུལ་བརྒྱུད་སྒྲོག་བྱེད་ཀྱིན་ཡོད།གཉིས་པ།ང་ཚོས་རྒྱ་སྤྱིའི་སྤྱི་ཚོགས་དང་དབུ་ཁྲིད་རྣམ་པར་རྒྱ་ནག་ནང་ཁུལ་གྱི་མི་མང་གིས་ད་ལྟ་མྱོང་བཞིན་པའི་དཀའ་ངལ་དང་གནས་སྟངས།བྱེད་ལས་སོགས་བརྒྱུད་སྒྲོག་བྱས་ཏེ་རྒྱ་ནག་ནང་ཁུལ་གྱི་དམངས་གཙོ་དོན་གཉེར་བ་དང་མི་མང་ལ་རོགས་སྐྱོར་བྱེད་ཀྱིན་ཡོད།གསུམ་པ།ང་ཚོས་རྒྱ་ནག་ནང་ཁུལ་གྱི་མི་མང་དང་ཕྱི་སྡོད་རྒྱ་རིགས་དབར་གྱི་འབྲེལ་ལམ་ཐད་ལ་འབད་པ་བྱེད་ཀྱིན་ཡོད་ལ།ལྷག་པར་རྒྱ་ནག་ནང་ཁུལ་གྱི་མི་མང་གི་དཀའ་ངལ་དང་དྲང་བདེན་མིན་པའི་གནས་ཚུལ་གང་མང་ཐོག་འབྲེལ་བ་བྱས་ཏེ་སེལ་ཐབས་བྱེད་ཀྱིན་ཡོད།བཞི་པ།ང་ཚོས་རྒྱ་ནག་ནང་ཁུལ་དང་ཕྱི་ཕྱོགས་སུ་དམངས་གཙོའི་སྒྲིག་འཛུགས་གསར་འཛུགས་དང་དམངས་གཙོ་དོན་གཉེར་བ་གསོ་སྐྱོང་བྱེད་བཞིན་ཡོད།ང་ཚོ་ཕྱི་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བར་མཚོན་ནའང་ཕྱི་ཕྱོགས་སུ་མི་འདང་བའི་ཆ་མང་བ་བཞིན་བོད་ལ་མཚོན་ནའང་ལྟ་ཚུལ་མི་འདྲ་མང་པོ་ཞིག་ཡོང་གི་ཡོད་པ་རེད།དེ་ལྟ་ནའང་།ང་ཚོའི་གཅིག་མཚུངས་ཀྱི་དམིགས་ཡུལ་ནི་རང་ཉིད་ཀྱི་བདེན་དོན་གླེང་རྒྱུ་དེ་རེད་ཅེས་བརྗོད་བྱུང།
ཆུ་ཚོད་གཅིག་རིང་གི་གསར་འགོད་གསལ་བསྒྲགས་སྟེང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ལྔ་ལྷག་གིས།ཐེངས་འདིའི་བོད་མིའི་ཞི་བའི་སྒེར་ལངས་ཐོག་མཉམ་ཞུགས་གནང་བའི་རྒྱུ་རྐྱེན་དང་།ཕྱི་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དག་གི་དམིགས་ཡུལ་སོགས་བརྒྱུད་ལམ་ཁག་ཏུ་ཞིབ་མོར་བརྗོད་བྱུང་ལ།དེ་བཞིན་རྒྱ་ནག་ནང་ཁུལ་གྱི་ད་ལྟའི་གནས་སྟངས་དང་དྲ་ལམ་བཀག་འགོག   ཉེ་ཆར་ཐེ་ལན་ཌིའི་ནང་འཛིན་བཟུང་བཙོན་འཇུག་བྱས་ཡོད་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་གློད་གྲོལ་ཡོང་ཐབས་སུ་བོད་རིགས་མི་མང་ལ་རྒྱབ་སྐྱོར་དང་འབོད་སྐུལ་གནང་དགོས་པའི་རེད་འདུན་ཡང་བཏོན་ཡོད།

འབྲེལ་ཡོད་གསར་འགྱུར།

དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད་པ། ༢༠༢༣།༠༥།༣༠ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད།

ཆུ་ཚོད་ ༢ སྔོན་ལ།
ཡུན་ནན་ཐོང་ཧེ་རྫོང་ཁོངས་ཀྱི་ཁ་ཆེའི་ལྷ་ཁང་རྙིང་ཤོས་ནཱ་ཇཱ་ཡེན། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་ཁ་ཆེའི་ལྷ་ཁང་རྙིང་ཤོས་ཤིག་གཏོར་རྩིས་བྱས་ཏེ་གདོང་ཐུག་ཆེན་པོ་བྱུང་འདུག 

ཆུ་ཚོད་ ༣ སྔོན་ལ།
བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

༢༠༢༣/༠༥/༢༩
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

༢༠༢༣/༠༥/༢༩
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

༢༠༢༣/༠༥/༢༩
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧

མཆན། 15

  1. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    དཀོན་མཆོག་དོན་འགྲུབ་ལགས།

    དེ་རིང་ཕེབས་པར་དགའ་པོ་བྱུང་མ་ཟད་དེ་ལས་ལྷག་ཁྱེད་ཀྱིས་ང་ལ་བཀའ་བློན་ཁྲི་པའི་འོས་ཤོག་གཅིག་སྤྲོད་པར་ཐུགས་ཆེ།

    ཧ་གོ་དགོས་པ་ཞིག་ལ་རྒྱ་ནག་དམར་པོའི་སྲིད་གཞུང་འདི་འཛུགས་མཁན་རྒྱ་མི་རིགས་རེད་མ་གཏོགས་གནམ་ནས་ལྷུང་བྱུང་བ་ཞིག་དང་ས་ནས་སྐྱེས་ཡོང་བ་ཞིག་རྩ་བ་ནས་མ་རེད།

    དམར་པོའི་སྲིད་གཞུང་དང་དེ་འཛུགས་མཁན་གྱི་མི་རིགས་གཉིས་ནག་ཉེས་ཆེ་ཆུང་གི་ཁྱད་པར་ཅོ་རིས་རྟོག་གེ་རིག་པའི་མདུན་དུ་གཅིག་པ་རེད།

    མ་གཞི་ནས་ཁྱེད་རྒྱ་ལ་དགའ་ན་རྒྱ་ལོ་དོན་འགྲུབ་ཀྱི་རྗེས་སུ་སོང་དང་རྒྱ་མོ་སྣ་ལེབ་རེ་ཆུང་མ་ཐོབ་སྲིད་པ་རེད།་་་་ཧཧ་ཧཧ་ཧཧ་་་་་་རྩེ་མོ་ཡིན་ད།

    Reply
  2. གསང་གཏོར། says:
    ལོ་ 13 སྔོན།

    མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་དེ་མ་འོངས་བཀའ་ཁྲི་དང་སྤྱི་འཐུས་འོས་འདེམས་ཚགས་ཚུད་ཡོང་ཐབས་ལ་འཚོག་བཟང་མོས། ཡིན་ཡང༌། ཚ གས་ཚུད་དང་ཞོག་འདེགས་མ་བྱེད་མཁན་ཕྱོགས་རིས་ཆེ་ཤོས་དེ་མདོ་སྨད་ཆོལ་ཁ་ཡིན་པ་གསལ་པོ་རེད། ང་ཚོ་ཚང་མ་ཧ་གོ་ཡི་ཡོད་ལ། སྔོན་ཆད་བཀའ་ཁྲི་འོས་བསྡུ་ལས་འགུལ་ཇི་སྤེལ་དང་ཁོ་རང་གི་ཕྱོགས་གཏོགས་དང་རེ་བ་ཡོད་ས་ད་སླེབས་ཀྱི་མི་འདུག་བསམས་ཏེ་འོས་བསྡུ་ཆ་ཤས་ལེན་གྱི་མིན་ཟེར་བ་གྲོས་ཆོད་ཡང་བཞག་མྱོང་ཡོད་པ་རེད། ངས་རེ་ག་རི་ཞུ་འདོད་བྱུང་སོང་ཟེར་ན་མ་འོངས་པར་ཁྱེད་རང་ཚོའི་སྤྱི་འཐུས་དེ་ཡག་ཙམ་ཞིག་དགོས་ཀྱི་འདུག ད་ལྟའི་མདོ་སྨད་ནང་ནས་སྤྱི་འཐུས་ཤེས་ཡོན་འཇོན་ཐང་ཡོད་པ་གྲགས་ཤོས་དེ་སྤན་པ་ཚེ་རིང་ཁོ་རང་རེད། ཡིན་ཡང་ལྷག་བསམ་གྱི་ཆ་ནས་ཁོ་ལ་ཞན་ཆ་ཆེན་པོ་ཡོད་པ་ཧ་གོ་དོན་གསལ་རེད། གཞན་མདོ་སྨད་ནང་ལ་སྤྱི་འཐུས་ཕན་ཐོགས་ཡོད་རྐང་གཅིག་མེད།

    Reply
  3. konchok dhondup says:
    ལོ་ 13 སྔོན།

    ཅོ་རི་ཉི་མ་ལགས་ཀྱིས་རྒྱ་མི་རིགས་ཡིན་པ་ཙམ་གྱི་ཡག་པོ་མ་ཡིན་པ་དང་། མགོ་སྐོར་གཏང་མཁན་ཡིན་པའི་བཟོ་འདྲ་པོ་རྐྱང་བྲིས་འདུག་པར། ངས་བྱས་ན་ཁྱོད་ཀྱིས་ནོར་བ་རེད་དྲན་གྱི་འདུག ཁྱོད་ཀྱིས་དེ་སྔར་བོད་ཀྱི་རྩོམ་པ་པོ་འོད་ཟེར་ལགས་ཀྱི་ཁྱོ་ག་རྒྱ་ཡིན་པའི་ཆ་ནས་ཡག་པོ་མིན་སྒྲུབ་འདུག་པ་དང་། ད་ལྟ་ཡང་དེ་བཞིན་བཤད་པ་དེ་ཚོ་རྒྱ་མི་དམར་གཞུང་ཡག་པོ་མེད་པའི་རྒྱུ་མཚན་དུ་བྱས་ན་འགྲིག་གི་ཨེ་ཡོད་ན། ༸གོང་ས་མཆོག་གི་དབུས་རང་གཞུང་གིས་དུས་རྟག་ཏུ། དམར་གཞུང་སྡུག་ཅག་ཡིན་པ་ལས། རྒྱ་མི་རིགས་སྡུག་ཅག་ནམ་ཡང་མ་རེད། རྒྱ་མི་རིགས་དང་གྲོགས་པོ་བྱེད་དགོས། ཤེས་སོགས་ཀྱི་སླབ་བྱ་ཡང་ཡང་གནང་བཞིན་ཡོད་པ་དེ་ཚོ་ནོར་བ་དང་། ཁྱོད་ཀྱིས་དེ་དག་ལས་ལྷག་ཞིག་མཁྱེན་བ་ནི་ཨེ་ཡིན་ན། གཅིག་བྱས་ན་མ་འོང་ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པ་དེ་ཁྱོད་བཞག་དགོས་མིན་འགྲོ། ཁྱོད་ཤེས་འཇོན་གཉིས་ལྡན་དང་། ཁ་ཡོད་ལག་ཡོད། ༸གོང་ས་མཆོག་གི་དབུས་རང་གཞུང་གིས་མ་ཤེས་པ་ཞིག་ཤེས་རྟོགས་ཐུབ་མཁན་ཞིག་རེད་འདུག་ཨ། ཨ་རྐྱང་རྩེད་མོ་ཡིན། དགོངས་འགལ་མེད་པ་མཁྱེན།

    Reply
  4. འཇིགས་བྲལ་བསྟན་འཛིན། says:
    ལོ་ 13 སྔོན།

    བོད་ཀྱི་རྩ་དོན་ལ་རྒྱ་མི་ཡིས་དྲང་བདེན་དུ་མཐོང་ནས་རྒྱབ་སྐྱོར་ཡོད་ན་དགའ་བསུ་ཡོད།
    བོད་ཀྱི་འཐབ་རྩོད་འདི་རྒྱ་མི་རིགས་དང་བོད་རིགས་ཅེས་པའི་མི་རིགས་བྱེ་བྲག་པ་གཉིས་ཀྱི་རྩོད་རྙོག་ཅིག་མིན་པར་རྒྱ་ནག་རྒྱལ་ཁབ་དང་བོད་རྒྱལ་ཁབ་ཅེས་པའི་ལོ་རྒྱུས་ཡོད་པའི་རྒྱལ་ཁབ་གཉིས་བར་གྱི་བཙན་འཛུལ་དང་། དེ་ལས་ཐར་ཐབས་བྱེད་པའི་རང་དབང་འཐབ་རྩོད་ཀྱི་གནད་དོན་ཞིག་ཡིན།

    Reply
  5. དགུ་ཚིགས་སྐྱ་མོ། says:
    ལོ་ 13 སྔོན།

    གྲགས་པ་རྒྱ་མཚོ། སྐད་ཆ་ཡག་པོ་ཞིག་རེད་རྣམ་དབྱེ་དྲུག་པ་ཤི་མེད་ན། བོད་སྐད་དག་མ་ལ་སྐབས་འདིར་རྣམ་དབྱེ་དྲུག་པའི་སྒྲ་སྦྱར་མི་དགོས་པའི་རྒྱུ་མཚན་སྟོན་རོགས།
    ༼བདེན་དོན་གླེང་རྒྱུ་ནི་ང་ཚོ་གཅིག་མཚུངས་ཀྱི་དམིགས་ཡུལ་ཡིན། ༽

    Reply
  6. དགུ་ཚིགས་སྐྱ་མོ། says:
    ལོ་ 13 སྔོན།

    ཨ་རིའི་གཞུང་དགེར་གཉིས་ཀྱི་ངོས་ནས་བཙན་བྱོལ་བོད་མི་རྣམས་ལ་བརྩེ་གཟིགས་བྱམས་སྐྱོང་གང་མང་ཞིག་བྱས་ཡོད། འོན་ཀྱང་རྒྱ་ནག་གིས་དེ་ལ་ཕྲག་དོགས་དང་ཟུར་ཟ་གང་མང་བྱས་དང་བྱེད་བཞིན་པ་རེད། མ་ཟད་ནམ་རྒྱུན་བོད་དུའང་ཨ་རིའི་གཡོ་རྒྱུ་དང་ངན་བློ་རྣ་ཚོགས་བྱེད་དང་བྱེད་བཞིན་ཡོད་ཚུལ་གྱི་སློབ་གསོ་བརྒྱབ་བཞིན་ཡོད་ལ། དེའི་ཤུགས་སྐྱེན་ལྟ་བུ་ཞིག་བོད་མི་བཙན་བྱོལ་བའི་ནས་ལའང་ཐེབས་ནས་མི་འགའ་རེ་ཨ་རི་ལ་སྐྱོན་རྣ་ཚོགས་བརྗོད་ཁུལ་བྱེད་པ་ཐོས་སོང་། གང་ལྟར་ཡང་གནལ་ལུགས་ལ་ཚུལ་བཞིན་དཔྱོད་པའི་ཤེས་རབ་ཡག་པོ་ཞིག་ཡོད་པ་གལ་ཆེ།

    Reply
  7. གྲགས་པ་རྒྱ་མཚོ། says:
    ལོ་ 13 སྔོན།

    དགུ་ཚིགས་སྐྱ་མོ་ལགས། རྣམ་དབྱེ་དྲུག་པ་ཤི་ཡོད་པ་མ་རེད་ལ། སྐྱབས་བཅོལ་དུ་མ་འབྱོར་བ་ཡང་མ་རེད། ཡིན་ནའང་བོད་ཀྱི་སྐད་ཡིག་གཙང་མ་ལ་འདིར་དྲུག་སྒྲ་མི་དགོས་པ་རེད།

    Reply
  8. དགུ་ཚིགས་སྐྱ་མོ། says:
    ལོ་ 13 སྔོན།

    གསར་འགོད་པ་ཚོ་ རྣམ་དབྱེ་དྲུག་པ་ད་དུང་སྐྱབས་བཅོལ་ལ་མ་འབྱོར་པ་རེད་དམ་ཤི་སོང་བ་རེད།
    ༼བདེན་དོན་གླེང་རྒྱུ་ནི་ང་ཚོ་༼ འི ༽གཅིག་མཚུངས་ཀྱི་དམིགས་ཡུལ་ཡིན། ༽

    Reply
  9. ཁ་བའི་མེ་ཏོག། says:
    ལོ་ 13 སྔོན།

    རེད་དྲ་གྲོགས་ཚོ། ངའི་སྒེར་གྱི་བསམ་ཚུལ་ཐོག་ཤོད་ན། ད་ང་ཚོས་རྡོ་རིང་དང་རྒྱལ་རིགས་དང་བོད་རིགས་ཟེར་བ་གླེང་བསྡོད་ན་ཕན་ཐོག་དང་གྲུབས་འགྲེལ་གང་ཡང་མི་ཡོང་བ་རྟེན་ཁེ་རེད། དེ་འདྲ་ཡིན་རྩམ། བྱ་སྤྱོད་གསར་པ་དང་བསམ་ཚུལ་གསར་པ་ཡོད་མཁན་རྣམས་ཀྱིས་ཡོད་ན་སྟོན་རེན་འདུག།

    Reply
  10. གྲྭ་རྒོད says:
    ལོ་ 13 སྔོན།

    རྒྱ་རིགས་ཚོ་ལ་སྐད་ཆ་ཡག་པོ་རེ་བཤད་རྒྱུ་དེ་གལ་ཆེ་པོར་ཡིན།སྐྱབས་བཅོལ་ཟེར་ན་དེ་ནོར་བ་རེད།སྐྱབས་བཅོལ་ས་ཞིག་ཡིན་ན་སྐྱབས་སུ་འོས་པ་ཞིག་ཡིན་དགོས།སྐྱབས་སུ་འོས་པ་ལ་གང་དང་གང་ཚང་དགོས་བ་དེ་ཚང་དགོས་པ་རེད།དེ་ཤེས་འདོད་ན་ངས་བཤད་ཆོག

    Reply
  11. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    རྒྱ་མི་རིགས་ཀྱིས་རྡོ་ལ་བརྐོས་པའི་རི་མོ་སྔར་ནས་མང་པོ་བོད་ལ་ཡོད་ད།

    རྡོ་ལ་རི་མོ་བརྐོས་པ་མི་དགོས་ལྕགས་ལ་རི་མོ་བརྐོས་ཀྱང་གཅིག་པར་གཅིག་རྐྱང་རེད་ད།་་་་་་་་་་་་ཧ་གོ

    Reply
  12. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    རྒྱ་མི་རིགས་འདིས་བོད་མིར་མགོ་སྐོར་གཏོང་བ་ནི་ལོ་རྒྱུས་ཐོག་ཏུ་ཕྱི་མིག་ལྟས་ན་ཤེས་ཐུབ། ཉུང་ཉུང་རྩ་བ་ནས་མིན། སྐབས་རེ་དངུལ་སྤྲོད་ནས་མགོ་སྐོར་གཏོང་བ་དང་སྐབས་རེ་ཆིགས་ཡིག་སྐབས་རེ་འཛུགས་བསྐྲུན་ཟེར་ནས་ཁོ་རང་ཚོའི་མངོན་འདོད་འགྲུབ་པའི་ཆེད་དུ་ག་ཚོད་དང་ག་ཚོད་མགོ་སྐོར་གཏོང་མྱོང་ཡོད།

    ང་རང་ཚོའི་བོད་མི་ནང་ཁུལ་ཡང་ཡིད་ཆེས་བྱེད་མི་ཐུབ་པའི་དུས་ཚོད་འདིར་རྒྱ་འཁྱམས་འདི་ཚོར་ཡིད་ཆེས་བྱེད་རེ་ག་འདུག
    རྒྱ་འཁྱམས་འདི་ཚོ་འདྲ་པོ་ལས་ཆོས་རྒྱུད་སྤྱི་འཐུས་རྣམས་ཀྱི་སྤུ་རྐང་གཅིག་གི་བོད་མི་ལ་ཁ་ཞེ་གཉིས་མེད་དང་ལྷག་བསམ་ཡག་བ་ཡོད་སྙམ།

    Reply
  13. karma dorje says:
    ལོ་ 13 སྔོན།

    རྡོ་བརྐོས་རི་མོ་དེ་བཞིན་དུ་དམ་བཅའ་ཡང་རྟག་བརྟན་ཤོག

    Reply
  14. དབྱངས་བུ། says:
    ལོ་ 13 སྔོན།

    རྒྱ་རིགས་ལ་གྲོགས་བརྟེན་དགོས་པ་ལས་སྐྱབས་བཅོལ་ན་མི་འགྲིག བོད་དོན་སེལ་ཐབས་སུ་སྐྱབས་བཅོལ་ཡུལ་ནི་བོད་ཕྱི་ནང་ལ་གནས་པའི་རྒྱ་ཆེའི་
    བོད་རིགས་མང་ཚོགས་ཀྱི་སེམས་ཤུགས་དེ་རེད། མདོར་ན་ང་ཚོས་སེམས་ཤུགས་ནམ་ཡང་ཆགས་མི་ཉན།

    Reply
  15. ནོར་བུ་རྒྱལ་མཚན། says:
    ལོ་ 13 སྔོན།

    ཡག་པོ་བྱུང་འདུག་སྔགས་བརྗོད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist