མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་ནང་བོད་པའི་ངོ་རྒོལ་གྱི་ལས་འགུལ་རིང་ཤོས། བློ་བཟང་སེངྒེས་བརྩམས།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

                   
བློ་བཟང་སེངྒེས་བརྩམས།   
       
ཧ་ཝར་ཌིའི་ཐང་སྟེང་དུ།  ཕྱི་ལོ་ ༢༠༡༠ ཟླ་བ་ ༣ ཚེས་ ༡༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་པ་ཙམ་ནས། ལུས་ལ་བྱ་སྤུའི་སྟོད་གོས་གྱོན་ཞིང་། ཞྭ་མོའི་ཐོད་དུ་འཇིགས་སྣང་བྲལ་བའི་བོད་རང་བཙན་ཞེས་པའི་ཡི་གེ་བྲིས་ཏེ། བོད་རྒྱལ་ཁབ་ཀྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་པ་དང་། མ་ཎི་འབྲུ་དྲུག་གི་དབྱངས་རྟ་གྱེར་འགོ་ཚུགས་པ་དེ་ནི་ཚེ་རིང་གྲོང་གཞིས་རེད་ལ། ད་དུང་ཀུན་གྱིས་ཤེས་གསལ་ལྟར་བྱས་ན་ཁོང་ལ་”ངོ་རྒོལ་པཱ་ལགས”ཞེས་འབོད་གྱི་ཡོད། བསམ་ཡུལ་ལ་འདས་པ་ཞིག་ལ་འདས་པའི་མི་ལོ་གཉིས་ཀྱི་རིང་། བོད་པའི་ངོ་རྒོལ་གྱི་ལས་འགུལ་ནང་མི་མང་འདུས་ཚོགས་ཀྱི་ཡོ་ལངས་ཁྲོད། ཁོང་དང་ཤོས་སླེབས་པ་དང་འཕྱི་ཤོས་ཐོན་གྱི་ཡོད་པའི་གནས་སྟངས་དེར་ནམ་ཡང་འགྱུར་བ་སོང་མེད་ཅིང་། ཧ་ཝར་ཌིའི་ཐང་སྟེང་གི་ཉེ་འཁོར་རུ་སློབ་ཕྲུག་དང་ཡུལ་སྐོར་སྤྲོ་འཆམ་པ། རྒྱུན་ལྡན་གྱི་ལྟད་མོ་བ་བཅས་ཀྱིས་སྐྲ་ཡི་བཟོ་ལྟ་བཅོས་མ་བྱས་པ་དང་། ལུས་ལ་ཁབ་བཙགས་རི་མོ་འབྲི་ཞིང་། དེ་བཞིན་ཁྱིམ་གཞིས་མེད་མཁན་གྱི་ཡུལ་མི་ཚོས། ངོ་རྒོལ་གྱི་ལས་འགུལ་འདི་དང་བསྟུན་ནས་དགོང་དྲོའི་ཞལ་ལག་ལ་རེ་སྒུག་བྱས་པ་དང་། རོལ་དབྱངས་པ་ཚོས་ངོ་རྒོལ་པཱ་ལགས་ཀྱི་བྱེད་སྟངས་ལ་དགའ་སྣང་གི་མགོ་བོ་གཡུགས་ཞིང་། འཐབ་རྩོད་ཀྱི་ཉིན་མོ་དེ་ལ་མཐའ་མཇུག་གི་གླུ་དབྱངས་ལེན་སོང་། ཉིན་དེ་ནི་རེས་གཟའ་ལྷག་པ་རེད་ལ་ཧ་ཝར་ཌིའི་ཐང་སྟེང་གི་ས་ཡི་ལྟེ་གནས་ཏེ། ཧ་ཝར་གཙུག་ལག་སློབ་གྲྭ་ཆེན་པོའི་ཉེ་འགྲམ་དུ་ཡོད་པས། ཀུན་ལ་རྒྱུས་མངའ་ཡོད་པའི་ཡུལ་སྐོར་སྤྲོ་འཆམ་བྱེད་ཡུལ་སྙན་གྲགས་ཅན་ཞིག་ཡིན་པ་དེ། ཉིན་དེའི་ཕྱི་དྲོ་ནི་བོད་མི་ཚོར་དབང་བ་རེད།

ཊོ་ཡ་ཊ་རྟགས་ཅན་གྱི་རླངས་འཁོར་རྙིང་བ་ཞིག་གློ་བུར་དུ་བཀག་ནས། ཐང་སྟེང་གི་ཉེ་འགྲམ་དུ་ཁྲིམས་འགལ་གྱི་ཐོག་ནས་རླངས་འཁོར་བཞག་པ་དང་། རྒྱབ་སྒོ་ཕྱེས་ནས་འཕྲད་དར་དང་པར་རིས་ཕྱིར་བཏོན་ཞིང་། མི་མང་འདུ་འཛོམས་ཀྱི་འབོད་སྒྲའི་ལམ་ལུགས་ཀྱི་ཁྲོད་དུ། འགྱིང་ཉམས་དང་བཅས་ཏེ་ཕྱིར་ཐོན་ཡོང་བ་དེ་ནི་ངག་དབང་འབྱོར་ལྡན་རེད་འདུག  ཁོང་ནི་རང་ཉིད་ཀྱི་ལས་ཀ་བྱེད་ཡུལ་ནས་ཁ་ཐུག་ཐོན་པ་ཞིག་ཡིན་པས། ད་དུང་ཡང་ལས་ཀའི་ཆས་གོས་གྱོན་ནས་བསྡད་འདུག བོད་མི་རྣམས་སྡེ་ཚན་གཅིག་ནང་མི་ ༡༠ ནས་ ༢༠ བར་དུ་འཛོམས་ནས་(དམིགས་བསལ་གྱི་དུས་དྲན་སྲུང་བརྩིའི་སྐབས་སྡེ་ཚན་གཅིག་ནང་མི་གྲངས་ ༡༠༠ ཡོང་གི་ཡོད) ངོ་རྒོལ་པཱ་ལགས་ཀྱི་རྗེས་སུ་འབྲང་སྟེ། ཧ་ཝར་ཌིའི་ཐང་སྟེང་དུ་བྲག་ཅ་ཡི་སྒྲ་དང་བཅས་ཏེ་མ་ཎི་འབྲུ་དྲུག་དང་བཛྲ་གུ་རུ། སྒྲོལ་མའི་སྨོན་ལམ། སྙན་འཇེབས་ལྡན་པའི་ཚད་མེད་ཡོན་ཏན་གྱི་དབྱངས་རྟ་གྱེར་པ་དང་། མཐའ་མཇུག་གི་འབོད་སྒྲ་དེར་སྐད་ཤུགས་ཆེན་པོས་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་བ་དང་། དེ་ལས་སྐད་སྒྲ་ངར་ཤུགས་ཆེ་བའི་ཐོག་ནས་ལོངས་ཤོག་ཅེས་འབོད་སྒྲ་བསྒྲགས་སོང། ངོ་རྒོལ་དེའི་ནང་ད་དུང། བོད་ནང་གི་བོད་མི་ཚོ་སྲོག་ཐོག་བཏང་བའི་སྐོར་གྱི་ན་ཟུག་ཆེ་བའི་ལོ་རྒྱུས་ཀློག་འདོན་བྱས་པ་དང་། དོན་གྲུབ་དང་ཚེ་དཔག་ཡང་ན་བྱམས་པ་(ཁོ་ཚོ་ནི་ངོ་རྒོལ་འདི་དབུ་འཛུགས་མཁན་གྱི་གཞོན་ནུ་ཁག་ཡིན)བཅས་ཀྱིས་གཏམ་བཤད་ཐུང་ངུ་ཞིག་གནང་རྗེས། སྐར་ཆ་འགའི་མཇུག་བསྡོམས་ཀྱི་སྐད་འབོད་དེས། འཁྲུག་ཆ་དོད་པོའི་ལམ་གཞུང་སྟེང་ཕར་ཚུར་འགྲོ་བསྐྱོད་བྱེད་མཁན་གྱི་མི་རྣམས་ཧང་སང་དུ་བཅུག་སོང་།

གོང་གི་ལས་འགུལ་དེ་ནི་ཕྱི་ལོ་ ༢༠༠༨ ཟླ་བ་ ༣ པའི་ཚེས་ ༡༠ ནས་འགོ་བཙུགས་ཏེ། རེས་གཟའ་ལྷག་པ་ནམ་ཡིན་ལ་ལས་འགུལ་སྤེལ་གྱི་ཡོད་པས། འཛམ་གླིང་ནང་བོད་པའི་ངོ་རྒོལ་གྱི་ལས་འགུལ་རིང་ཤོས་ཆགས་ཀྱི་ཡོད་པ་དང་། ལས་འགུལ་གྱི་འབད་བརྩོན་འདི་ཨ་རི་བྷོ་སི་ཊོན་ནང་ཡོད་པའི་བོད་མི་ཚོར་མཚོན་ན། ངོ་མཚར་སྐྱེས་དགོས་པའི་ལས་འགུལ་ཆུང་ཆུང་ཞིག་མ་རེད་ལ། ས་གནས་དེར་རྒྱ་ནག་གི་ཚོང་འབྲེལ་ལས་དོན་ཁང་ངམ། ཡང་ན་མཐའ་སྐོར་མི་སྣ་ཕོན་ཆེན་འཛོམས་པའི་རྒྱ་ནག་གི་གཞུང་ཚབ་ཁང་དེ་འདྲ་མེད་ཅིང་། ཁ་བ་ལྷབ་ལྷུབ་ཏུ་འབབ་པའི་བྷོ་སི་ཊོན་ཡུལ་ལུང་གི་དགུན་དུས་ཀྱི་གྲང་ངར་ནི། ཕྱི་ཟླ་དང་པོ་ནས་གསུམ་པའི་བར་དུ་གནས་ཀྱི་ཡོད་པས། གྲང་ངར་ལ་སྲ་མཁྲེགས་ཆེ་བའི་མི་ག་འདྲ་ཡིན་རུང་གྲང་གདུང་གིས་མནར་གྱི་ཡོད། ཡིན་ནའང་བྷོ་སི་ཊོན་གྱི་བོད་མི་ཚོས་བྱེད་སྟབས་མི་བདེ་བ་ལ་རིན་ཐང་འཛིན་གྱི་མེད་ལ། བོད་མི་དེ་དག་གིས་བོད་ནང་ཡོད་པའི་འཐབ་གྲོགས་བོད་མི་ཚོར། རྡོག་རྩ་ཆིག་སྒྲིལ་དང་གུས་ཞབས་ཀྱི་རྣམ་པ་སྟོན་པའི་བསམ་གཞིག་གིས་ལས་དོན་སྒྲུབ་ཀྱི་ཡོད་པ་རེད།

འགུལ་ཤུགས་ལྡན་པ་དང་རྒྱུན་ཆད་མེད་པའི་ངོ་རྒོལ་འདི་ལ། བྷོ་སི་ཊོན་བོད་ཀྱི་ཚོགས་པའི་མི་མང་ཚང་མས་རྒྱབ་སྐྱོར་ཐ་གཅིག་ཏུ་བྱེད་ཀྱི་ཡོད་པ་དང་། དེ་བཞིན་༧གོང་ས་མཆོག་གི་འཁྲུངས་གཟའ་རེས་གཟའ་ལྷག་པ་གཞིར་བཞག་ནས། བོད་ནང་ཡོད་པའི་བོད་མི་ཚོས། བོད་ཆས་གྱོན་པ་དང་། བོད་སྐད་རྒྱག་པ། བོད་ཟས་མཆོད་པ། ཆོས་ལུགས་ཀྱི་མཛད་སྒོ་བྱེད་པ་བཅས་ཀྱིས་ལྷ་དཀར་སྲུང་བརྩིའི་ལས་འགུལ་འགྲོ་གི་ཡོད་ལ། བོད་ནང་གི་ལྷ་དཀར་སྲུང་བརྩིའི་ལས་འགུལ་དེ་དང། བྷོ་སི་ཊོོན་གྱི་ངོ་རྒོལ་གྱི་ལས་འགུལ་འདི་གཉིས་དབར། ཕན་ཚུན་ཤེས་རྟོགས་མེད་པ་དང་། ཕན་ཚུན་འབྲེལ་ལམ་སོགས་གང་ཡང་བྱེད་ཐུབ་ཀྱི་མེད་རུང་། རེས་གཟའ་ལྷག་པ་ནམ་ཡིན་ལ་བྷོ་སི་ཊོན་གྱི་བོད་མི་ཚོས་ལས་འགུལ་འདིའི་རིགས་སྤེལ་དོན་ནི། སྙིང་སྟོབས་དང་མི་རིགས་ཀྱི་ལ་རྒྱ་འགྲན་ཟླ་བྲལ་བའི་བོད་ནང་གི་བོད་རིགས་སྤུན་ཟླ་ཚོས། རང་སྲོག་དང་འཇིགས་སྐུལ་སོགས་ལ་མ་འཛེམས་པར། རེས་གཟའ་ལྷག་པ་ནམ་ཡིན་ལ་ལྷ་དཀར་སྲུང་བརྩི་བྱེད་ཀྱི་ཡོད་པ་དེར། རྒྱབ་སྐྱོར་གྱི་རྣམ་པ་དང་ངོ་མཚར་ཆེ་བའི་ལས་དོན་དེའི་རིན་ཐང་དང་། དེའི་ཆིག་སྒྲིལ་ནུས་པ་གཅེས་སྐྱོང་བྱེད་ཀྱི་ཡོད་པས། ང་ཚོ་ནམ་ཡང་སེམས་ཤུགས་ཆགས་མི་སྲིད་པ་དང་མཐའ་མའི་དགོས་འདུན་དེ་འགྲུབ་ཐུབ་པ་བྱེད་རྒྱུ་དེ་རེད།

དོ་སྣང་བྱེད་འོས་པ་ཞིག་ལ། འདི་ལོའི་གསུམ་པའི་ཚེས་བཅུ་དེ་རེས་གཟའ་ལྷག་པར་འཁེལ་ཡོད་པ་དང་། དེ་བཞིན་ཚེས་ ༡༧ ཉིན་རེས་གཟའ་ལྷག་པར་འཁེལ་ཡོད་པ་འདི་ནི། ༧གོང་ས་མཆོག་ནོར་གླིང་ནས་སྐྱབས་བཅོལ་དུ་ཆིབས་བསྒྱུར་གནང་བའི་དུས་དང་ཡང་འཁེལ་ཡོད་པས། གཅིག་བྱས་ན་ལྷ་དང་ལྷ་མོས་ལས་དོན་མཉམ་རུབ་ཀྱིས། དོན་དངོས་ཐོག་ལས་དོན་འཐུས་ཤོར་འགྲོ་མི་རུང་བའི་གསུང་འཕྲིན་སྒྲོག་པའང་ཡིན་རྒྱུ་རེད། ངོ་རྒོལ་གྱི་མདུན་བསྐྱོད་རྣམས་ག་དུས་ཡིན་རུང་ཆུང་རིགས་ནས་འགོ་འཛུགས་དང་ལྷན་དུ། ཐབས་གཞན་གྱི་རང་གཤིས་ལྡན་པ། ཡར་སྐྱེད་ཀྱི་ནུས་པ་བསྐྲུན་ནས་ནུས་ཤུགས་དང་ལྡན་པའི་བཙན་སྐུལ་ཕྱོགས་སུ་བསྒྱུར་དགོས། ངོ་རྒོལ་ཆུང་ངུའི་རིགས་ཀྱི་ནུས་པས་གྲུབ་འབྲས་བསམ་ཡུལ་ལས་འདས་པ་ཐོབ་མྱོང་བའི་ལོ་རྒྱུས། ས་ཡི་གོ་ལ་འདིའི་སྟེང་དུ་ཧ་ཅང་མང་བས་རེ་རེ་བཞིན་བརྗོད་པར་མི་སྤྲོ་ཡང། འདི་ནས་ཉུང་ཙམ་ཞུས་ན་སར་བྷི་ཡ་ནང་གི་སློབ་ཕྲུག་མཐུན་ཚོགས་ཨོ་ཊི་པོར་གྱིས། བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་ལས་འགུལ་སྤེལ་སྐབས། བུད་མེད་འགའ་ཤས་འདེམས་སྒྲུབ་ཀྱིས་ཕོ་བྲང་དཀར་པོའི་མདུན་དུ་དུས་ཡུན་རིང་པོའི་རིང་བཞག་པ་དང། དེ་བཞིན་ཅིའི་ལའི་ནང་ངོ་རྒོལ་གྱི་རྣམ་པའི་ཐོག་ནས་མི་མང་གིས་ཧ་ཡང་བརྡུང་པ། མཱ་སི་ཀོ་ནང་མི་མང་གིས་གློག་ཡོངས་རྫོགས་དུས་གཅིག་ནང་བསད་པ། བྷང་ལ་ཌི་ཤིའི་ནང་མི་མང་གིས་ཨ་མའི་ལྕེའི་མདུན་བསྐྱོད་ཟེར་བ་ཆེད་དུ་གཉེར་ནས། ལས་འགུལ་ཆུང་རིགས་དེ་དག་ལ་ཐབས་གཞན་གྱི་རང་གཤིས་ལྡན་པའི་གྲུབ་འབྲས་ནི་ལུང་པ་དེ་དག་ལ་རང་དབང་ཐོབ་པ་དེ་རེད། བོད་ཀྱི་ལྷ་དཀར་མདུན་བསྐྱོད་དང་བྷོ་སི་ཊོན་གྱི་བོད་མིའི་ངོ་རྒོལ་འདིས། ས་ཕྱོགས་གང་སར་ཡོད་པའི་བོད་མི་ཚོར་རེས་གཟའ་ལྷག་པ་ལ་བོད་ཀྱི་ཉིན་མོ་སྲུང་བརྩི་དང་། གོ་ལ་འདིའི་སྟེང་དུ་ལྷ་དཀར་མདུན་བསྐྱོད་གསར་བཟོའི་སྐུལ་ལྕགས་ཐེབས་ངེས་ཡིན་ལ།

ངོ་རྒོལ་འདི་འདྲ་བ་མཐོང་སྣང་ལ་ཆུང་ངུ་ཡིན་རུང་། ང་ཚོའི་འབད་བརྩོན་རྣམས་འགྱུར་ལྡོག་གི་ཕྱོགས་སུ་འགྲོ་བ་ལ། ལས་འགུལ་འདི་དག་གིས་ནུས་སྟོབས་བསྐྱེད་པ་དང་། གསོན་ཉམས་སྤྲོད་པར་ཧ་ཅང་གལ་ཆེན་ཆགས་ཡོད་ཅིང་། ལས་འགུལ་ཆུང་རིགས་རྣམས་ནི། ཁྱད་གསོད་ཀྱི་བལྟ་སྟངས་དེ་རེ་བཟང་ཕུགས་བཅོལ་གྱི་ཕྱོགས་སུ་བརྗེ་བསྒྱུར་བྱེད་པའི་གོ་སྐབས་ཡིན་ལ། འཛམ་གླིང་ཐོག་ཡོད་པའི་བོད་མི་གང་ཞིག་ལས་འགུལ་ཐོག་ཏུ། དེ་ཙམ་རྒྱུས་མངའ་དང་དངོས་སུ་བརྒྱུད་མི་མྱོང་མཁན་རྣམས་ལ། མཐུན་ཕྱོགས་དང་གསར་གཏོད། ཐོན་སྐྱེད་ཀྱི་ལས་འགུལ་བཅས་བརྗེ་རེས་བྱེད་ཐུབ་ངེས་ཡིན་ཞིང་། ལས་འགུལ་འདིར་ཕྱོགས་ལྷུང་གི་གཞི་རྟེན་བྱེད་མི་རུང་བར་སྤོབས་པས་གཞི་རྟེན་བྱེད་དགོས། མི་རྟུལ་ཕོད་ཅན་གྱི་གཏོར་བཤིག་གི་གཞི་རྟེན་བྱེད་མི་རུང་བར་ཐོབ་ཐང་སྲུང་པའི་རྔམ་སྟོན་གྱི་གཞི་རྟེན་བྱེད་དགོས། རང་ཉིད་ཀྱི་ལྟ་བ་ཁོ་ན་གཞི་འཛིན་གྱི་གཞི་རྟེན་བྱེད་མི་རུང་བར་ཕྱི་ཕྱོགས་དྲང་བདེན་ལ་སྲུང་སྐྱོབས་ཀྱི་གཞི་རྟེན་བྱེད་དགོས།

ངོ་རྒོལ་པཱ་ལགས་ནི། སྣང་བ་སྐྱིད་ལ་སྙིང་སྟོབས་དང་ལྡན་པ་ཞིག་ཡིན་ཞིང་། གློག་འོད་འཁྱུགས་པའི་དེང་རབས་ཞབས་བྲོ་ཁང་དུ། མི་ལོ་༦༠ ལ་སོན་པའི་ངོ་རྒོལ་པཱ་ལགས་ཀྱི་དེང་རབས་ཞབས་བྲོའི་སྟངས་སྟབས་དང་ལྷན་དུ། སྙན་ཆ་དེ་ཙམ་མེད་པའི་སྐད་ངག་གིས་དངོས་ཡོད་ཀྱི་ལམ་ནས་གནད་དོན་རྣམས་བརྗོད་དེ། ལྟད་མོ་བའི་ཡིད་དབང་འགུག་ཐབས་བྱེད་པ་སྟེ། “གཟིགས་དང་ང་ཚོའི་བརྩེ་བའི་དབུ་ཁྲིད་༧གོང་ས་མཆོག་གིས་སྐུ་ལས་ག་འདྲ་བསྐྱོན་གནང་གི་འདུག བོད་ནང་ཡོད་པའི་བོད་མི་ཚོར་རྒྱ་ནག་གཞུང་གིས་གདུག་རྩུབ་ཀྱི་ཐོག་ནས་ལྟ་སྟངས་ག་འདྲ་འཛིན་གྱི་འདུག ང་ཚོའི་དབུ་ཁྲིད་དང་མི་མང་ལ་ང་ཚོའི་རྒྱབ་སྐྱོར་དགོས་ཀྱི་འདུག ང་ཚོ་ཨ་རིར་ཡོང་བ་འདི་ཨ་སྒོར་ཅུང་ཟད་ཐོབ་པའི་ཆེད་དུ་མ་རེད། བོད་ཀྱི་གནད་དོན་རྩ་ཆེན་འདིའི་འཐབ་རྩོད་ཀྱི་ཆེད་དུ་རེད། ངས་རང་ཉིད་ཀྱིས་གང་འཇོན་པ་དེ་བྱེད་ཀྱི་ཡོད་ལ། ངོ་རྒོལ་འདི་ནི་ང་རང་གིས་ཐུབ་པ་དེ་ཡིན་ཞིང་། བོད་ལ་རང་དབང་མ་ཐོབ་བར་དུའམ་ཡང་ན་རང་ཉིད་འཇིག་རྟེན་ཕྱི་མའི་ཡུལ་དུ་མ་འགྲོ་བར་དུ། ངོ་རྒོལ་གྱི་ལས་འགུལ་འདིའི་ནང་འཛུལ་ཞུགས་བྱེད་རྒྱུའི་དམ་བཅའ་བཞག་ཡོད”ཅེས་བརྗོད་སོང་།

ངག་དབང་འབྱོར་ལྡན་ནི་མོན་རྟ་དབང་ནས་ཕེབས་པ་ཞིག་ཡིན་པ་དང་། ཁོང་ནི་ངོ་རྒོལ་གྱི་ལས་འགུལ་གསར་འཛུགས་ཀྱི་མི་སྣའི་གྲས་སུ་གཏོགས་ཤིང་། རྒྱུན་དུ་ཞལ་ངོར་འཛུམ་གྱིས་ཁེངས་པ་དེ་གྱོང་མཁྲེགས་ཀྱི་རྣམ་པའི་ཁྲོད་དུ་སིམ་འདུག་ལ། ཞི་འཇམ་ལྡན་པའི་རང་གཤིས་དེའང་ཁོང་ཁྲོའི་རྣམ་པས་ཡོངས་སུ་བཀབ་འདུག ཅུང་ཙམ་ནས་ཁྲ་ལམ་མེར་ངང་ནས་པར་རིས་དང་ཚོན་རིགས་ཀྱིས་ཕྱུག་པའི་འཕྲེད་དར། ཚོན་ལྡན་སྦྲག་ཡིག་ལྷེབ་མ། དེ་བཞིན་ ༢༠༠༩ ཟླ་བ་ ༥ པའི་ནང་༧གོང་ས་མཆོག་ཨ་རིའི་བྷོ་སི་ཊོན་ནང་ཆིབས་བསྒྱུར་གནང་བའི་སྐབས། འབྱོར་ལྡན་ཁོ་རང་ཉིད་ཀྱིས་བཟོས་པའི་སྲོལ་རྒྱུན་གྱི་སྒྱུ་རྩལ་ལྡན་པའི་ཡིད་འོང་གི་རྒྱལ་སྒོ་བཅས་བསྟན་སོང་། ༢༠༠༨ ཟླ་བ་ ༤ པའི་ནང་དྷ་རམ་སར་ཡོད་པའི་ཆིག་སྒྲིལ་ཚོགས་པས་བརྡ་བཏང་གནང་བའི་ལན་དུ། ཨ་རི་བྷོ་སི་ཊོན་གྱི་བོད་ཀྱི་ཚོགས་པའི་གོ་སྒྲིག་འོག་ནས། འབྱོར་ལྡན་དང་ལྷན་དུ་མི་གཞན་ ༡༠༨ ཙམ་གྱིས་བོད་ནང་རང་སྲོག་ཤོར་བ་དང་། མནར་གཅོད་མྱོང་བཞིན་པ། བཙོན་འཇུག་བྱས་པ་བཅས་ལ་གདུང་སེམས་མཉམ་སྐྱེལ་དང་རྡོག་རྩ་ཆིག་སྒྲིལ་མཚོན་ཆེད་དུ། སྐྲ་ལོ་བྲེགས་ཏེ་མགོ་རིལ་བཟོས་ཡོད་པ་རེད།

ལོ་གཅིག་ནང་ངོ་རྒོལ་གཅིག་ཁོ་ནས་འདང་ངེས་མིན་པ་འབྱོར་ལྡན་ལ་ཚོར་སྣང་བྱུང་ཡོད་པས། ཁོང་གིས་འགྲེལ་བརྗོད་གནང་དོན་དུ། “རྒྱ་ནག་གཞུང་གིས་བོད་རིགས་སྤུན་ཟླ་ཚོར་མནར་གཅོད་གཏོང་སྐབས། ལོ་གཅིག་ནང་ཐེངས་གཅིག་མིན་པར་ལོ་ནས་ལོར་བརྒྱུད་དེ་འདས་པའི་ལོ་ལྔ་བཅུ་རིང་ལ་མནར་གཅོད་བཏང་ཡོད། ༢༠༠༨ ལོའི་ཞི་བའི་གྱེན་ལངས་དེས། བོད་ནང་ཡོད་པའི་བོད་མི་ཚོས་ང་ཚོའི་རང་བཙན་དང་ང་ཚོས་དྲིས་པའི་བོད་ཀྱི་གནད་དོན་ཐད་ལ། རང་སྲོག་བློས་གཏོང་གི་ཆོད་སེམས་བརྟན་པོ་ཡོད་པ་དེ་གསལ་པོ་བཟོས་པས། ང་ཚོ་བོད་མི་དེ་དག་དང་ལྷན་དུ་མཉམ་དུ་ལངས་ཀྱི་ཡིན་ནམ།  ང་ཚོས་བོད་མི་དེ་དག་གི་དཀའ་སྡུག་ལ་རྒྱུན་སྲིང་ནས་རྒྱབ་སྐྱོར་གྱི་འབོད་སྒྲ་སྒྲོག་རྒྱུ་དང་། འཛམ་གླིང་ལ་བོད་མི་དེ་དག་གི་དཀའ་སྡུག་བརྗེད་དུ་འཇུག་རྒྱུ་མིན་པའི་ཁས་ལེན་དུ། ང་ཚོས་ངོ་རྒོལ་འདི་རྒྱུན་བསྲིང་རྒྱུའི་ཐག་བཅད་དེ་བོད་ནང་གི་བོད་མི་ཚོར་བརྡ་གསལ་བོ་གཏོང་རྒྱུ་དེ་རེད།”བརྗོད་སོང་།

འབད་བརྩོན་གྱི་ལས་དོན་འདིས། ངོ་རྒོལ་བྱེད་སའི་ས་ཆ་རྣམས་རྒྱུན་ལྡན་མ་ཡིན་པའི་ཐོག་ནས་ས་རྟགས་ཀྱིས་ཆ་བགོས་བྱས་ཤིང་། ལང་ཚོ་དར་ལ་བབས་པའི་བུ་དང་བུ་མོ་ཚོའི་ལག་ཐོགས་ཁ་པར་ནང་སྐད་ཆའི་སྒྲ་ཡང་ནས་ཡང་དུ་གོ་རྒྱུ་ཡོད་པ་དེ་ནི། གཅིག་བྱས་ན་འདུ་འཛོམས་ཀྱི་དུས་ཚོད་བཟོ་བཞིན་ཡོད་རུང་། བོད་པའི་ངོ་རྒོལ་གྱི་ཕྱོགས་སུ་སླེབས་སྐབས་ཚང་མས་མིག་ཧྲིག་ཧྲིག་གིས་བལྟས་ནས་བསྡད་པ་ལས། འཆར་འགོད་ལྟར་རང་རང་གི་ལམ་བུ་བརྒྱུད་ནས་འགྲོ་དབང་མེད་པ་ཆགས་ཀྱི་ཡོད། བོད་ཀྱི་ངོ་རྒོལ་དེ་མི་བརྒྱ་ཕྲག་དང་སྟོང་ཕྲག་མང་པོའི་མིག་ལམ་དུ་གྱུར་ཡོད་པ་རེད་ལ།  རྒྱ་རིགས་སློབ་མ་དང་། མཁས་དབང་། ཡུལ་སྐོར་སྤྲོ་འཆམ་པ། རྒྱུན་ལྡན་ནས་ས་ཆ་དེ་བརྒྱུད་ནས་ཕར་ཚུར་འགྲུལ་བསྐྱོད་བྱེད་བཞིན་པའི་རྒྱ་མིའི་གྲོང་སྡེ་ནས་ཡོང་བའི་ས་གནས་ཀྱི་རྒྱ་རིགས་ཚོས། བོད་ཀྱི་ངོ་རྒོལ་དེ་མཐོང་གི་ཡོད་ཅིང་། རྒྱ་རིགས་འགའ་རེས་བོད་ཀྱི་ངོ་རྒོལ་དེ་མི་མཐོང་མདོག་བྱས་ནས་འགྲུལ་བསྐྱོད་བྱེད་པ་དང་། འགའ་རེས་ཕན་ཚུན་ལྐོག་ལབ་བྱས་ཏེ་སྐྱིད་སྣང་མེད་པའི་ཐོག་ནས་ངོ་རྒོལ་བའི་མཐའ་སྐོར་ལ་མིག་གིས་འཁྱུགས་ཙམ་རེ་ལྟ་ཞིང་། འགའ་རེའི་བསམ་བློ་འགྱུར་ནས་ངོ་རྒོལ་བ་ཚོ་པར་རྒྱག་པ་དང་སྐད་ཆ་དྲིས་ནས། ནུས་ཤུགས་ལྡན་པའི་བགྲོ་གླེང་ཡང་བྱེད་ཀྱི་ཡོད་ཅིང་། རྒྱ་རིགས་གཞོན་ནུ་འགའ་རེས་མཚམས་མཚམས་སུ་ངོ་རྒོལ་བ་ཚོ་དང་རྒྱང་ཐག་རིང་དུ་བསྡད་ནས”རྒྱ་ནག་གཅིག་རེད”ཅེས་སྐད་འབོད་ཡང་བྱེད་ཀྱི་ཡོད།

ཕྱི་ལོ་ ༡༩༩༠ ནང་བྱང་ཨ་རི་ནང་བོད་མི་སྡེ་ཚན་དང་པོ་དེ་གཞིས་ཆགས་པ་དང་། ཨ་རི་ནང་མི་རིགས་འདྲ་མིན་དང་གོམས་གཤིས་འདྲ་མིན་གྱིས། མི་སུ་ཡིན་རུང་རང་རང་གི་གོམས་གཤིས་དེ་རིམ་གྱིས་ཡལ་འགྲོ་ཡི་ཡོད། དམིགས་སུ་བཀར་ནས་ཡུལ་དེར་ཡོད་པའི་ན་གཞོན་རྣམས་ལ་འཇིགས་སྣང་སྐྱེས་དགོས་པ་ཞིག་རེད། བོད་མི་རྣམས་ཐོག་མར་ཨ་རིར་འབྱོར་སྐབས་མང་ཆེ་བ་སྐད་ཡིག་དང་གོམས་གཤིས་སོགས་བྱིས་པ་ཆུང་ངུ་ཞིག་དང་འདྲ་བ་ཞིག་རེད་ལ། ཡིན་ནའང་ཁོ་ཚོའི་སེམས་སུ་རང་གི་མི་རིགས་གཅིག་པར་ལ་རྒྱ་དམ་པོ་བཟུང་ནས་གནས་རྒྱུ་དེ། མི་རབས་རྒན་པ་དག་དང་གཅིག་མཚུངས་རེད། ངས་དངོས་ཡོད་ཀྱི་ལམ་ནས་ཡིད་ཆེས་བྱེད་ཐུབ་པ་ནི། ང་འགྲོ་མྱོང་བའི་ཨོ་སི་ཊི་ལི་ཡ་རྒྱལ་ཁབ་དང་། ཨོ་སི་ཊིར། བྷན་ལོར། བྷལ་ཇམ། ཆིན་ནི་ཡ། རྡོ་རྗེ་གླིང་། ལྡི་ལི། དྷ་རམ་ས་ལ། ཧྥ་རན་སི། ཨི་ཊ་ལི། ལོན་ཌོན། ལོ་སི་ཨན་ཇི་ལི་སི། མིན་ནི་སོ་ཊ། བལ་ཡུལ། ནིའུ་ཡོག སན་ཧྥུ་རན་སི་ཀོ། སུད་སི། ཐེ་ཝན། ཝོ་ཤིན་ཊོན་བཅས་སུ་ཡོད་པའི་སློབ་ཕྲུག་དང་ན་གཞོན། མཁས་དབང་བཅས་ལ་འབྲེལ་མཐུད་བྱས་པའི་སྐབས། བོད་མི་དེ་དག་གི་བསམ་བློའི་ཁྱེར་སོ་དང་མི་རིགས་ཀྱི་འདུ་ཤེས་འཛིན་སྟངས་སོགས་ལ་གཞིག་ན། འབྱུང་འགྱུར་ལོ་༥༠ ནང་ང་ཚོའི་ན་གཞོན་མི་རབས་འདིས། སྒུལ་ཤུགས་དང་ལྡན་པའི་འགོ་ཁྲིད་གསོན་གནས་བྱེད་འཇུག་རྒྱུ་དང་། ནུས་ཤུགས་བསྐྱེད་པའི་ཐོག་ནས་ང་ཚོའི་མདུན་བསྐྱོད་འདི་རྒྱུན་གནས་ཐུབ་པ་བྱ་རྒྱུ་ནི་ཐེ་ཚོམ་མི་དགོས་པ་ཞིག་ཡིན།

གཅིག་བྱས་ན་ཨ་རིའི་སྲིད་འཛིན་ཟུར་པ་ཇོན་ཨེ་ཧྥི་ཁིན་ནི་ཌཱ་མཆོག་གི་སྙན་གྲགས་ཆེ་བའི་གསུང་བཤད་གཅིག་གིས་མཇུག་བསྡོམས་བརྒྱབ་ན་ང་ཚོའི་གནས་དུས་ལ་འཚམ་པོ་འདུག་སྙམ་ལ།  དེ་ཡང་སྲིད་ཟུར་པ་ཁོང་གིས། “རྒྱལ་ཁབ་ཀྱིས་ཁྱེད་རང་ལ་གང་བྱེད་ཐུབ་ཀྱི་ཡོད་མེད་སྐད་ཆ་མ་འདྲི། ཁྱེད་རང་གིས་རྒྱལ་ཁབ་ལ་གང་བྱེད་ཐུབ་ཀྱི་ཡོད་མེད་སྐད་ཆ་དྲིས་”ཅེས་གསུངས་ཡོད་པ་རེད།

རེས་གཟའ་ལྷག་པ་གཅིག་ཟླ་བ་གསུམ་པའི་ཚེས་ ༡༧ ཉིན་རྫོགས་མ་ཐག་ཡིན་པས། དུས་དེ་རིང་ནས་ཁྱེད་རང་གིས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལས་དོན་མ་བསྒྲུབ་པའི་སྔོན་དུ། རེས་གཟའ་ལྷག་པ་ཇི་ཙམ་མིག་གི་མདུན་ནས་འདས་འཇུག་འདོད་ཡོད་དམ། འདི་ནི་ལྷ་དཀར་མདུན་བསྐྱོད་ནང་འཛུལ་ཞུགས་བྱེད་པའི་དུས་མ་རེད་དམ། གལ་སྲིད་ཁྱེད་རང་སློབ་ཕྲུག་ཡིན་ན། བོད་ཀྱི་འདས་པ་དང་ད་ལྟ་བ། མ་འོངས་པ་བཅས་ལ་རྟོག་ཞིབ་བྱེད་དགོས་ལ། མདུན་བསྐྱོད་ལ་ཤུགས་རྐྱེན་གང་མང་ཐེབས་པའི་ལས་དོན་ལམ་ལྷོང་ཅན་དང་། གནས་ཚུལ་མཁོ་སྤྲོད་ཀྱི་ཆེད་ལས་པ་ཅན་ཞིག་གི་ལས་དོན་སྒྲུབ་མཁན་ཞིག་ཆགས་དགོས། ལྷ་དཀར་མདུན་བསྐྱོད་འདིའི་ནང་བདུན་གཅིག་གི་ནང་རེས་གཟའ་ལྷག་པ་ཉིན་གཅིག་གི་རིང་། ང་ཚོ་འཛུལ་ཞུགས་ཀྱི་ཁས་ལེན་དང་སྤོབས་སེམས་བསྐྱེད་ཐུབ་པ་དགོས་ཤིང་། དུས་དེ་དང་ས་གནས་དེར་དངོས་ཡོད་ཀྱི་བོད་པའི་ལས་དོན་དང་ཚོར་སྣང་གཉིས་ཀ་ཡོང་ངེས་ཡིན།

གལ་སྲིད་ང་ཚོས་ལས་དོན་དེ་ཕྱོགས་བསྡུས་དང་གསར་གཏོད་ཀྱི་ལམ་ནས་བསྒྲུབ་པ་དང་། གལ་སྲིད་ང་ཚོས་དུས་ཐོགས་སུ་གོམ་པ་གཅིག་མདུན་བསྐྱོད་བྱེད་པའམ། ཡང་ན་དུས་ཚོད་ནམ་ཞིག་ནང་མདུན་བསྐྱོད་བྱེད་ན། གལ་སྲིད་ང་ཚོས་འཐབ་ཇུས་དང་ལྡན་པའི་འཆར་འགོད་བྱེད་པ་དང་། ལམ་ལུགས་ལྡན་པའི་ཐོག་ནས་སྣེ་ཁྲིད་བྱེད་ན། ང་ཚོར་ཁྱད་དུ་འཕགས་པའི་ནུས་ཤུགས་ཀྱི་ལྟ་གྲུབ་ཡོང་རྒྱུ་དང་། དེས་ང་ཚོ་གོང་བུ་གཅིག་ཏུ་སྒྲིལ་ནས། བོད་རང་དབང་གི་རྨི་ལམ་མངོན་དུ་འགྱུར་རྒྱུའི་བསམ་བློའི་འཆར་སྣང་ཡོང་ཆོག་པ་ཞིག་ཡིན་ལ། ཉིན་མོ་དེ་སླེབས་པའི་སྐབས་ལ་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚོས། ཧ་ཝར་ཌིའི་ཐང་སྟེང་དུ་ཡོད་པའི་ངོ་རྒོལ་པཱ་ལགས་ཀྱི་རྒྱལ་དར་གཅིག་པུ་མིན་པར། ང་ཚོའི་རྒྱལ་ཁབ་ཀྱི་རྒྱལ་དར་ཡོངས་རྫོགས་མིག་ལམ་དུ་འགྱུར་ངེས་ཡིན་ལ། མ་ཟད་རྩེ་པོ་ཏཱ་ལའི་ཕོ་བྲང་གི་ཡང་སྟེང་དུ། ༧གོང་ས་མཆོག་གིས་གདོང་ལྔས་བཏེགས་པའི་གསེར་ཁྲི་མངོན་པར་མཐོ་བའི་སྟེང་དུ་ཞབས་ཟུང་གསེར་གྱི་འཁོར་ལོ་བསྒྱུར་ངེས་ཡིན་ནོ།
       

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

སྐར་མ ༣༠ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 20

  1. ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    ཕར་ཆེར་འདི་ལྷག་དཀར་ཡིན་པ་ལས་ལྷ་དཀར་ཡིན་རྒྱུ་རེད་སྙམ།

    Reply
  2. ལི་ཐང་ངག་དབང་དབྱིག་གཉེན། says:
    ལོ་ 15 སྔོན།

    ཅོ་རི་ཉི་མས་བཤད་པར་རྒྱབ་སྐྱོར་
    འོན་ཀྱང་འདི་ཚོ་རིགས་ཏེ་རང་ལ་ཅི་ཡང་འཇོན་ཐང་མེད་ནའང་་
    ད་དུང་འདི་ཚོའི་ཁ་རུ་བླ་རྒན་གྲྭ་རྒན་ཚོར་སྨད་ཡོང་དུས་ཁྱེད་ལ་
    ཚོར་སྣང་ཞིག་སླེབས་མ་སོང་ངམ་ ཕོ་ཤ་རེ་

    Reply
  3. uuuuuuuuu says:
    ལོ་ 15 སྔོན།

    ནམ་རྒྱུན་མི་གཅིག་ལ་བལྟ་རྒྱུ་མ་ཡིན་པར་རང་དབང་གི་རྩོད་ལེན་འདི་ཤིན་ཏུ་མཁོ། འུ་ཅག་ནི་སྐབས་འཚོལ་རང་ལུགས་པ་དང་གཡོན་ལྷུང་རང་ལུགས་པའི་ཕྱོགས་སུ་མ་སོང་བར་དཀྱེལ་ཆེ་བའི་བསམ་བློ་བསམ་གཞིགས་བྱ་དགོས་པ་རེད། མི་རིགས་ཀྱི་ལ་རྒྱ་ནི་མི་རབ་དང་ཐ་ཤལ་བ་གཉིས་ཀས་གླེང་བ་རེད། གནད་འགག་གི་སྐབས་སུ་ལྷང་ལ་འབུད་པ་དེ་ནི་ད་གཟོད་མི་རིགས་གླེང་མཁན་གྱི་སྐྱེས་བུ་རབ་དེ་ཡིན་པ་ཤེས་ངེས། སྤྱིར་ཡིག་ནོར་ས་ཁྱབ་རྡོ་ཁྱབ་ཏུ་གཏོང་བའི་རིག་པ་འདོན་མཁན་དག་གིས་ལག་གཟབ་མོ་དང་སེམས་ཞིབ་མོས་དུས་བབ་སྟེང་ནས་སྐད་ཆ་རེ་ཤོད་དགོས་པ་རེད། འདི་ནི་ཞོར་གྱི་རེ་བ་བཏོན་པ་ཡིན།

    Reply
  4. ནགས་ཤོད་རིག་རལ། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་ཡག་པོ་འདུག མ་འོངས་བོད་ཀྱི་བཀའ་ཁྲི་དེ་ངེས་པར་དུ་འཛམ་བུ་གླིང་གི་ཆབ་སྲིད་འཁོར་སྐྱོད་ལ་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་དང་། བོད་མི་རིགས་ཀྱི་བདེན་དོན་རྩོད་པར་ཐུགས་རྒྱུད་རྣམ་དག ལྷག་པར་དུ་བོད་མི་རིགས་འཚོ་གནས་ཐུབ་དགོས་པ་དང་རང་དབང་གཙང་མ་ལེན་དགོས་པ་དེ་བྱ་བ་ཐམས་ཅད་ཀྱི་ནང་ནས་དམིགས་པ་ཆེ་ཤོས་སུ་འཛིན་ཐུབ་མཁན་ཞིག་ཡིན་དགོས་འདུག བོད་མི་རིགས་ཀྱི་ཁེ་ཕན་དེ་ཆོས་ལུགས་དང་ཆོལ་ཁ་སོགས་པའི་ཁེ་ཕན་ཡོངས་ཀྱི་ཐོག་ཏུ་འཇོག་ཐུབ་པའི་སེམས་ཤུགས་དེ་བྱུང་ན་གཞི་ནས་བོད་མི་རིགས་ཀྱི་རྩ་དོན་རྩོད་ཐུབ་པའི་བོད་མིའི་བཀའ་ཁྲི་ཞིག་གི་རྩ་བའི་ཆ་རྐྱེན་འཛོམས་པར་སྙམ།

    Reply
  5. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ཁར་སང་དེ་རིང་བློ་བཟང་སེངྒེ་གྲག་འགུལ་ཇེ་མང་རེད། ཡག་པོ་རེད།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    འཇིགས་སྐུལ་དྲག་སྤྱོད་པ་ཕོ་རྒོད་བཀྲ་ཤིས་ལགས།
    ང་ཅོ་རི་ཡང་རྡོ་དང་གྲིའི་མཉམ་དུ་མཚར་ལོངས་བྱུང་བའི་བུ་ཅིག་ཡིན། ད་ལྟར་བར་དུ་སྲོག་འདིར་སྡོད་ཡོད་རེད་ད།

    གཏམ་ལ་འཁན་ཁུར་མེད་མཁན་ཅོ་རིས་བཤད་ཡང་མ་མྱོང།
    རིག་པའི་མཚོན་ཆ་མེད་པར་ཅོ་རིས་རྒོལ་ཡང་མ་མྱོང་།

    Reply
  7. བཀྲ་ཤིས། says:
    ལོ་ 15 སྔོན།

    ཅོ་ཅོ་རི་ཉི་མས་མང་དག་གཅིག་བཤད་ནས་འགྲོ་འདུག ཁྱེད་རང་ལ་རྡོ་དང་གྲི་ཡིས་ལྒོལ་བ་མ་བྱས་ན་གང་བཤད་ཐུབ་པ་རང་གི་འཇོན་ཐང་ཅིག་ལ་ངོས་འཛིན་མ་བྱས་རོགས། རང་གི་སྐད་ཆ་དེ་རང་གིས་འགན་ལེན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་ལི་ཐང་ངག་དབང་ལགས་དེ་འདྲ་མ་གསུང་རོགས་ཞུ་་་་་་བླ་རྒན་གྲྭ་རྒན་ཚོའི་འཇོན་གྱི་མི་འདུག་སྤྱི་འཐུས་གྲོས་ཚོགས་ནང་དུ་ཆོས་འཐུས་མེད་པ་བཟོ་དགོས་ཟེར་དུས་ཁྱེད་ག་པར་ཕེབས་ཕྱིན་པ་ཡིན་ཨ།

    སེང་གེ་ལགས་ཀྱི་ཡག་པོ་གསུངས་འདུག་ཡིན་ནའང་ལག་ལེན་ཡོང་ཐུབ་མིན་ཤེས་ཀྱིན་མེད་པར་འདྲ། མ་རེད་དམ། ཅི་ཕྱིར་ཞེ་ན། བཙན་བྱོལ་སྤྱི་ཚོགས་ནང་དུ་ངོ་རྒོལ་ལས་འགན་འདིར་འགོ་བཙུགས་ནས་མི་ལོ་བཞི་བཅུ་ལྔ་བཅུ་འགྲོ་གི་ཡོད་པར་རེད།
    དེང་སང་བཀའ་བློན་ཁྲི་པའི་འོས་མི་ནང་དུ་ཕེབས་ཟིན་པའི་སེང་གེ་ལགས་རང་ཉིད་ཀྱི་ངོས་ནས་བཟའ་ལྷག་པ་རྟག་པ་ངོ་རྒོལ་ཕེབས་ཆགས་ཡིན་ནམ།
    རྒྱ་གར་གྱི་མ་ཧ་དགའ་དན་གྱིས་དབྱིན་གཞུང་ལ་ངོ་རྒོལ་བྱས་སྐབས་སུ་རང་ཉིད་སྔོན་ལ་ངོ་རྒོལ་འགྲོ་མཁན་ཞིག་རེད། ང་ཚོ་བོད་ཀྱི་བཀའ་ཁྲི་ངོ་རྒོལ་བྱས་མཁན་ཕྱིན་པར་གོ་མྱོང་མེད། དེ་འདྲ་ཡིན་དུས་སེང་གེ་ལགས་བཀའ་ཁྲི་ཕེབས་ཐུབ་པ་ཡིན་ན་དེར་དུས་རང་ཉིད་སྔོན་ལ་འགྲོ་ནས་ངོ་རྒོལ་བྱེད་ཀྱིན་ཡིན་ནམ།
    དེར་དུས་རང་ཉིད་བཀའ་ཁྲི་ཡིན་པའི་དུས་ཚོད་མེད་རབས་དང་ལས་ཀ་མང་རབས་བཤད་ནས་བོད་མི་ཉམ་ཐག་ཚོ་སྔོན་ལ་གཏོང་མདོག་ཁག་པོ་མ་རེད།
    རེད་སེང་གེ་ལགས་་་་་རྒྱལ་དར་་་་་་བོད་ཀྱི་རྒྱལ་དར་་་་་ཁྱེད་བཀའ་ཁྲི་ཕེབས་པ་ཡིན་ན་རྒྱ་ནག་དམར་པོའི་རྩ་ཁྲིམས་ཀྱི་འོག་ཏུ་བོད་ཀྱི་རྒྱལ་དར་གནམ་ལ་ཕྱར་གྱི་ཡིན་ནམ།
    ལམ་དབུ་མའི་གཞི་རྩ་དང་མ་འགལ་བའི་ཐོག་ནས་རྒྱལ་དར་བཙུག་ཐུབ་ཀྱིན་ཡོད་དམ།
    རྒྱལ་ཁབ་གཅིག་གི་ནང་དུ་རྒྱལ་དར་གཉིས་བཙུག་རྩིས་ཡོད་དམ། ཧཧཧཧཧཧཧ་་
    དགོངས་དག་མང་དྲག་སོང་།

    Reply
  9. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 15 སྔོན།

    མི་རྐང་གླིང་བུའི་དྲི་བ་འདི་ལ་དགའ་སུ་ཡོད་ཐུགས་རྗེ་ཆེན་དར་དེ་ལ་ལན་སུ་ཡོད་ཧཧཧཧཧཧཧཧཧ

    Reply
  10. མི་རྐང་གླིང་བུ། says:
    ལོ་ 15 སྔོན།

    རྩོམ་ཡིག་འདི་བློ་བཟང་སེང་གེས་བོད་སྐད་དུ་བརྩམས་པ་ཞིག་རེད་དམ། ཡང་ན་་་་་་་་་་་་་་་་་་་་་་་་་་་་་?

    Reply
  11. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 15 སྔོན།

    ཧ་ཧ་མུ་ཏིག་ཆུང་ཆུང་དར་བར་དུ་འཛམ་གླིང་ཕྱོགས་གང་ས་ནས་བོད་མི་ལ་ཤར་བསྐྱོད་བྱེད་པ་དང་ཕྱིར་དངོས་པོའི་ཕན་ཐོགས་བྱེད་པ་འདི་བོད་མི་ལ་ཡོད་པའི་རྩ་ཆེར་ནོར་བུ་ནང་ཆོས་འདི་ཡིས་ཐུགས་རྗེ་ཡིན་པས་འདི་ལ་མདུན་བསྐྱོད་བྱེད་མཁན་ནི་དར་བར་དུ་གྲྭ་རྒན་བླ་རྒན་ལས་གཞན་པ་སུ་ཡིན་ནམ་

    Reply
  12. ལི་ཐང་ངག་དབང་དབྱིག་གཉེན། says:
    ལོ་ 15 སྔོན།

    བཀོད་པ་ཞེས་བཅོས

    Reply
  13. ལི་ཐང་ངག་དབང་དབྱིག་གཉེན། says:
    ལོ་ 15 སྔོན།

    ཡག་པོ་ཞིག་སྤེལ་འདུག ཡིན་ཡང་མི་ངན་འདི་ཚོས་བཤད་པ་ཉོན་ན་བླ་རྒན་གྲྭ་
    རྒན་ཚོས་མི་འཇོན་པའི་སྒྲུབ་བྱེད་བཀོད་མ་ཡིན་ནམ་

    Reply
  14. འབྲོང་རྒོད' says:
    ལོ་ 15 སྔོན།

    གངས་རིའི་བུ་ཕེབས་དང་་་་་་་་་བཀའ་ཁྲིར་ཕེབས་དང་་་་་་་་

    Reply
  15. འབྲོང་རྒོད' says:
    ལོ་ 15 སྔོན།

    གངས་རིའི་བུ་ཕེབས་དང་་་་་་་་་བཀའ་ཁྲིར་ཕེབས་དང

    Reply
  16. མུ་ཏིག་ཆུང་ཆུང་། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་ལགས་ཀྱིས་བོད་ཡིག་འདི་འདྲའང་འབྲི་ནུས་པ་རེད་དམ། ཁོང་བཀའ་ཁྲིར་ཕེབས་ན་དྲན། ང་ཚོའི་ནུས་ཤུགས་གསར་བ་ཞིག་འགོ་འཛུགས་དགོས་རན་འདུག མི་རྒན་བླ་རྒན་ཞིག་བཀའ་ཁྲིར་མ་སླེབས་ན་བཟང་།

    Reply
  17. བྱམས་རྒྱལ། says:
    ལོ་ 15 སྔོན།

    མ་བཟོད་པ་ཞེས་བཅོས་རོགས་

    Reply
  18. བྱམས་རྒྱལ། says:
    ལོ་ 15 སྔོན།

    ངོ་རྒོལ་པ་ལགས་ཀྱི་ལྷག་བསམ་དེས་གུས་ལ་སྤོབས་པ་སྦྱིན་བྱུང་
    རེས་ལྷག་པ་ནམ་ཡིན་གྱི་ངོ་རྒོལ་དེ་ཤིན་ཏུ་ནས་ཁག་པོ་རེད་ མཚམ་རེར་མི་གཞན་མེད་པ་ངོ་རྒོལ་པ་ལགས་ཁོང་རང་གཅིག་པུ་ལུས་ཀྱི་ཡོད་འགྲོ་བསམ་གྱི་འདུག་
    འདིར་ཕ་རན་སའི་རྒྱལ་ས་པ་རི་སི་ནང་ལའང་བོད་རིགས་མཐུན་ཚོགས་ཀྱིས་༢༠༠༨་ལོའི་དོན་རྐྱེན་ནས་གཟུང་བོད་ཀྱི་རྩ་དོན་མ་འགྲུབ་ཀྱི་བར་ཟླ་རེའི་གཟའ་ཉི་མ་དང་པོ་ནམ་ཡིན་ལ་ངོ་རྒོལ་གྱི་ལས་འགུལ་རེ་གོ་སྒྲིག་གནང་སོང་
    གུས་རང་བོད་ནང་གི་བོད་མིའི་སྡུག་བསྔལ་ལས་མཟོད་པར་ལས་འགུལ་དེར་ཐེངས་གཅིག་མ་ཆད་བར་ཞུགས་རྒྱུའི་སེམས་ནང་དམ་བཅའ་བརྟན་པོ་བཞག་པ་ཡིན་
    སྟབས་མ་ལེགས་པ་ཞིག་ལས་འགུལ་དེ་༢༠༠༩ ལོ་སྟོད་བར་གནང་ནས་མཚམས་བཞག་སོང་།
    ད་ཐེངས་མཁས་དབང་བློ་བཟང་སེངྒེ་མཆོག་གིས་ལས་འགུལ་ཆུང་ཆུང་རྒྱུན་དུ་སྤེལ་རྒྱུ་འདིའང་བོད་ཀྱི་རྩ་དོན་གསོན་པོ་གནས་རྒྱུ་ཕན་ཐོགས་ཡོད་པ་སྒྲུབ་བྱེད་བཀོད་པར་འདིས་རང་སེམས་སྐུལ་བཅགས་ཐེབས་བྱུང་བས་ཐུགས་རྗེ་ཆེ་ཞུའོ།

    Reply
  19. ཨརྱ། says:
    ལོ་ 15 སྔོན།

    ཨ་མའི་བུ་བཀའ་ཁྲིའི་འོས་གཞིར་དེང་བླངས་ཀྱིས་ཐོན་ཤོག འོས་ཐོབ་མིན་གང་ལྟར་ཡང་སྤམ་རྫུ་བྱས་ནས་ཅི་ཞིག་བྱ

    Reply
  20. གནས་ཚང་། says:
    ལོ་ 15 སྔོན།

    རང་བཙན་ལ་ཤར་བསྐྱོད་བྱེད་ཐུབ་མཁན་ཞིག་ཡིན་ན། བཀའ་ཁྲིར་གདམ་འོས་པ་ནི་ནམ་ལངས་ལངས་དང་ཉི་མ་ཤར་ཤར་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese