མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་དབང་སྨྱུག་ཚོགས་ཀྱི་གཟེངས་རྟགས།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ལ་སྐབས་བདུན་པའི་རྒྱའི་རང་དབང་སྨྱུག་ཚོགས་ཀྱི་ལེན་ཊོ་ཞི་རྗེས་དྲན་རྟགས་མའི་གཟེངས་རྟགས་ཕུལ་ཡོད་འདུག

ཕྱི་ཚེས་ ༢༡ ཉིན་རྒྱའི་རང་དབང་སྨྱུག་ཚོགས་ཀྱི་གོ་སྒྲིག་འོག་ཧོང་ཀོང་དུ་ ༢༠༠༩ ལོའི་སྐབས་བདུན་པའི་ལེན་ཊོ་ཞི་རྗེས་དྲན་རྟགས་མ་འབུལ་བཞེས་ཀྱི་མཛད་སྒོ་ཞིག་འཚོགས་ཏེ། རྒྱ་ཡིག་གི་ལམ་ནས་རྩོམ་ཡིག་སྤེལ་བཞིན་པའི་རང་དབང་གི་རྩོམ་པ་པོ་གསུམ་ལ་ཐེངས་འདིའི་རྗེས་དྲན་རྟགས་མ་ཕུལ་ཡོད་འདུག་ལ།   བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱང་ཐེངས་འདིའི་གཟེངས་རྟགས་ཐོབ་མཁན་གསུམ་གྱི་གྲས་སུ་ཡོད་འདུག  ཐེངས་འདིར་ཁོ་མོ་ལས་གཞན།  ཀྲུང་གོའི་ས་ཁྲའི་དཔང་རྟགས་ཞེས་པའི་བརྩམས་ཆོས་ཀྱི་རྩོམ་པ་པོ་ཝང་ཅན་ཧེ་དང་། རྒྱ་གཞུང་གིས་ཁྲིམས་འགལ་གྱི་དཔེ་དེབ་པར་བསྐྲུན་བྱེད་མཁན་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་སྒྲོག་མཁན་གྱི་ཉེས་མིང་འོག་ལོ་ ༡༣ གྱི་ཁྲིམས་ཐག་བཅད་དེ་ད་ལྟའི་ཆར་བཙོན་ཁང་དུ་ཡོད་པའི་ཀུང་ཀྲིག་གྲོང་ཁྱེར་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཞོའུ་ཙི་རོན་ཡིན་འདུག 

ཐེངས་འདིར་རྒྱའི་རང་དབང་སྨྱུག་ཚོགས་ཀྱིས་མི་སྣ་འདི་གསུམ་ལ་གཟེངས་རྟགས་ཕུལ་ཡོད་ཀྱང་། རང་དབང་ཅན་གྱི་རྩོམ་པ་འདི་གསུམ་དངོས་སུ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྟེང་ཞུགས་ཐུབ་མེད་པར་མི་སྣ་གཞན་དག་གིས་ཁོང་གསུམ་གྱི་ཚབ་བྱས་ཏེ་གཟེངས་རྟགས་བཞེས་ཡོད་པ་རེད། རྩོམ་པ་པོ་འོད་ཟེར་ལགས་ཐེངས་འདིའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་ཞུགས་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི། རྒྱ་གཞུང་གིས་ཁོ་མོར་ཕྱི་བསྐྱོད་ཡིག་ཆ་བཟོ་བར་བཀག་འགོག་བྱས་པར་བརྟེན་ཁོ་མོ་དངོས་སུ་བཅར་ཐུབ་མེད་ཀྱང་། འོད་ཟེར་ལགས་ཀྱིས་ཐེངས་འདིའི་གཟེངས་རྟགས་འབུལ་བཞེས་གནང་མཁན་གྱི་རང་དབང་སྨྱུག་ཚོགས་དང་འབྲེལ་ཡོད་སྡེ་ཚན་གྱི་མི་སྣར་བཀའ་དྲིན་ཞུ་ཡིག་ཅིག་ཕུལ་ཡོད་འདུག  ཁོ་མོར་གཟེང་རྟགས་འདི་ཕུལ་དོན་ཐད་རང་དབང་སྨྱུག་ཚོགས་ཀྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང། བུད་མེད་རྩོམ་པ་པོོ་འོད་ཟེར་ལགས་ནི། ཕྱི་ལོ་ ༡༩༩༠ ལོ་ནས་བཟུང་རྒྱ་ཡིག་གི་ལམ་ནས་བོད་མི་རིགས་ཀྱི་བདེ་སྡུག་དང་གནས་སྟངས་སོགས་རྩོམ་ཡིག་གི་ལམ་ནས་རྒྱ་རིགས་མི་མང་གཙོས་པའི་རྒྱལ་སྤྱིའི་ནང་འགྲེལ་བརྗོད་གནང་བ་ལ་བརྟེན་ནས་ཁོ་མོ་ལས་གནས་ནས་ཕྱིར་ཕུད་བཏང་བའི་གནས་སྟངས་ཆགས་ཡོད་པ་དང་།  ལྷག་པར་ ༢༠༠༨ ལོའི་བོད་མིའི་ཞི་རྒོལ་ཆེན་མོ་ནས་བཟུང་ཁོ་མོས་སྙིང་སྟོབས་ཆེན་པོས་བོད་མི་རིགས་ཀྱི་དངོས་ཡོད་ཀྱི་གནས་ཚུལ་དྲང་བདེན་གྱི་ལམ་ནས་སྤེལ་ཡོད་ཚུལ་སོགས་ལ་བལྟས་ཏེ། ཐེངས་འདིར་ཁོ་མོའི་ཞུམ་མེད་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་དང་མ་འོངས་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུའི་རེ་སྐུལ་བྱ་ཆེད་དུ་ཕུལ་བ་ཡིན། ཞེས་བརྗོད་ཡོད་འདུག

རྒྱའི་རང་དབང་སྨྱུག་ཚོགས་ཀྱིས་གོ་སྒྲིག་གནང་བཞིན་པའི་ལེན་ཊོ་ཞི་རྗེས་དྲན་རྟགས་མའི་གཟེངས་རྟགས་འདི་ནི། རྒྱ་ནག་གིས་རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་ཡ་ང་སྙིང་རྗེ་མེད་པའི་ཐོག་དྲག་གནོན་དང་གདུག་རྩུབ་ཀྱི་བྱ་སྤྱོད་སྤེལ་ཏེ། མྱ་ངན་ལས་འདས་པའི་བུད་མེད་སློབ་མ་ལེན་ཊོ་ཞི་རྗེས་དྲན་གྱི་ཚུལ་ཏུ་སྤེལ་བའི་རྟགས་མ་ཞིག་ཡིན་འདུག་ལ། ལོ་རེའི་ནང་རྒྱའི་རང་དབང་སྨྱུག་ཚོགས་ཀྱིས་རྒྱ་ཡིག་གི་ལམ་ནས་དྲང་བདེན་དང་དངོས་ཡོད་ཀྱི་ལམ་ནས་མི་རིགས་དང་མི་མང་གི་བདེ་སྡུག་གླེང་བ་དང་རྒྱལ་ཁབ་ཀྱི་དྲང་བདེན་མིན་པའི་བྱ་སྤྱོད་སུན་འབྱིན་བྱེད་པའི་རྩོམ་པ་པོར་གཟེངས་རྟགས་འདི་འབུལ་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 11

  1. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    མཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད་ད་བོད་ཀྱི་དཔལ་མོ་ལགས།

    Reply
  2. ཉི་འབུམ། says:
    ལོ་ 16 སྔོན།

    མཚམས་འདྲི་ཡོད། ཁྱེད་ཀྱི་རྩོམ་ཡིག་རེ་རེའི་ནུས་ཤུགས་ཀྱིས་ཀྱང་འཛིམ་གླིང་གི་
    རྣ་བ་འུར་འུར་དུ་བཏངས། ཅི་འདྲའི་ཉན་སྤྲོ་བ་ཞིག་ལ། མི་རིགས་ཀྱི་ལ་རྒྱ་
    གླེང་བ་དང་། བདེན་དོན་གྱི་གནས་ཚུལ་བསྒྲགས་པ་འདི་ཆེས་བཀུར་འོས་པའི
    ཡ་རབས་ཀྱི་བྱ་བ་ཞིག་རེད། ངས་ཁྱོད་ལ་ནམ་ཡང་རྒྱབ་སྐྱོར་དང་། གདང་འཇོག་
    བྱེད་ངེས་ཡིན།

    Reply
  3. གནས་ཚང་། says:
    ལོ་ 16 སྔོན།

    གལ་སྲིད་གུས་འོས་བུད་མེད་འདི་རྒྱའི་མནའ་མ་མིན་ན་རྒྱའི་ནང་གདེངས་འཇོག་འདི་འདྲ་ཞིག་ཡོང་སྲིད་དམ། བོད་ཀྱི་རྩོམ་པ་པོ་ག་ཚད་བཙོན་ནང་དུ་ཡོད་དམ། གཅིག་ལའང་རྒྱས་གདེངས་འཇོག་མི་བྱེད་དོན་ཅི་ཡིན་ནམ།

    Reply
  4. karma dorje says:
    ལོ་ 16 སྔོན།

    རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ།

    Reply
  5. བཀྲ་ཤིས། says:
    ལོ་ 16 སྔོན།

    ཡག་གི་ཡ།

    Reply
  6. uuuuuuuuu says:
    ལོ་ 16 སྔོན།

    མཛངས་མ་འོད་ཟེར་ལགས་ཀྱིས་དཔའ་བོའི་སྙིང་ལ་ལ་རྒྱའི་གཟེངས་བསྟད་ཅིང་། བདེན་པའི་ལུགས་ལ་གནས་ལུགས་ཀྱིས་ཟུངས་སྤྲོས་པའི་བརྩམ་ཆོས་དག་ལ་ནམ་ཡང་མཇལ་འདོད་པ་དང་། ནམ་ཡང་རེ་ཞིང་སྒུག་གིན་ཡོད། འདི་འདྲའི་རྟིང་སྐུལ་གྱིས་ཁོ་མོའི་རྣོ་བའི་སྨྱུག་རྩེ་ཡོན་པོའི་ལམ་དུ་མ་ལྷུང་བར། སྒེར་གཤིས་ཀྱི་སྐྱུགས་དྲོ་བའི་དུངས་ཀ་ཐེད་ལ་བོར་བའི་རྩོམ་ཡིག་རིན་པོ་ཆེ་དག་གཡུལ་ལས་རྒྱལ་བའི་སྨོན་འདུན་ཞུ།

    Reply
  7. ཨརྱ། says:
    ལོ་ 16 སྔོན།

    བོད་ཀྱི་བུ་མེད་རྒྱལ་གྱུར་ཅིག འོད་ཟེར་རྒྱལ་གྱུར་ཅིག རང་དབང་གི་རྩོམ་ཡིག་དེ་དག་རྒྱལ་གྱུར་ཅིག

    Reply
  8. བཤད་སྒྲུབ says:
    ལོ་ 16 སྔོན།

    འཛམ་གླིང་ནང་ཆེས་སྙན་གྲགས་ཡོད་པའི་བོད་རིགས་བུ་མེད་རྩོམ་པ་པོ་འོད་ཟེར་ལགས་ལ་དེ་རིང་རྒྱའི་རང་དབང་སྨྱུག་ཚོགས་ཀྱི་ལེན་ཊོ་ཞི་རྗེས་དྲན་རྟགས་མའི་གཟེངས་རྟགས་ཐོབ་པར་དགའ་བསུ་ཞུ་རྒྱུ་དང་གཞིས་བྱེས་གཉིས་སུ་ད་ཡོད་བོད་རིགས་རྩོམ་པ་པོའི་མིང་གཞུང་དུ་འཁོད་པའི་ཚོགས་སྡེ་དང་འཐུན་ཚོགས་སོགས་སྤྱིར་སྒེར་སུ་འདྲ་ཞིག་གི་སོ་སོའི་ཁན་ཕན་མ་ཡིན་པར་དོན་དམ་བོད་མི་རིགས་ལ་བཅངས་པའི་ལ་རྒྱ་ཡོད་ན་ཤེས་འགྱོན་དང་སྙིང་སྟོབས་སོགས་དེ་སྔར་བྱུང་མ་མྱོང་བ་ཟེར་ན་ཆོག་དངོས་ཡོད་ད་སྐབས་འགྲན་ཟླ་མེད་པའི་ཕུལ་བྱུང་བུ་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱི་ལམ་སྟོན་འོག་འགྲོ་དགོས་གལ་ཆེ་བ་དང་དུས་རྒྱུན་ཉམས་ལེན་གནང་གལ་ཆེ་བ་མཐོང་།།

    Reply
  9. བྱམས་རྒྱལ། says:
    ལོ་ 16 སྔོན།

    སྙིང་ནས་བཀྲ་ཤེས་བདེ་ལེགས་ཞུ།

    Reply
  10. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ཐོབ་དགོས་ས་ཞིག་ལ་ཐོབ་འདུག སྤྲད་དགོས་ས་ཞིག་སྤྲད་འདུག

    Reply
  11. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    འདི་ལྟ་བུའི་བོད་རིགས་བུད་སྨན་ཞིག་ཡིན་ཚེ། བུད་སྨན་ལ་ཐོབ་ཐང་ཡོད་མེད་དང་དགོས་སོགས་ཀྱི་སྐད་ཆ་གཅིག་མི་བཤད་པར་རང་ཤུགས་ཀྱིས་ཐོབ་ཐང་དེ་བླངས་ཡོད་པ་མ་ཟད། ང་ལྟ་བུའི་སྐྱེ་པ་ཕོ་ལུས་བླངས་ཀྱང་ཅི་ཡང་མི་འཇོན་མཁན་དག་གི་ལྟག་པར་ཞོན་བསྡད་མི་འདུག་གམ། ཨ་ཅེ་འོད་ཟེར་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། འབྱུང་འགྱུར་ཡང་མུ་མཐུད་ནས་བརྩོན་པ་ཆེན་པོས་བོད་རིགས་སྤྱི་དང་། ལྷག་པར་དུ་ཚུལ་མིན་སྡུག་སྦྱོང་མནར་སྤྱོད་འོག་མྱོང་སྡོད་པའི་འགྲོ་མིའི་ཐོང་ཐང་ཐད་བརྩོད་པ་ཆེར་བསྐྱེད་ཀྱིས། ཁྱེད་ཀྱི་ཅི་བསམ་འགྲུབ་པའི་སྨོན་འདུན་ཞུ་ཞུ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese