མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་འབྲེལ་མོལ་ལས་དོན་ཚོཊ་འདུ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༣ ཉིན་བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་ཐོག བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༡ པ་དེ་བཞུགས་སྒར་ངྷ་རམ་ས་ལར་ཚོགས་མགོ་བརྩམས་ཡོད་འདུག་ཅིང་། ཐེངས་འདིའི་ཚོགས་འདུ་དེ་ཕྱི་ཚེས་ ༢༣ ནས་ ༢༥ བར་ཉིན་གསུམ་རིང་ཚོགས་འཆར་ཡོད་འདུག ནམ་རྒྱུན་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་དེ་༧གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་རྒྱ་ནག་ལ་ཕེབས་ཁར་དང་། རྒྱ་ནག་ནས་ཕྱིར་ལོག་མཚམས་བཅས་སུ་ཚོགས་བཞིན་ཡོད་པ་རེད།

གནས་ཚུལ་འདིའི་སྐོར་བཙན་བྱོལ་བོད་གཞུང་གི་དྲ་ཚིགས་སུ་བཀོད་པའི་ནང་། ལྷན་ཚོགས་དེ་སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་ཐོག ༧གོང་ས་མཆོག་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག བོད་ཀྱི་གནད་དོན་སེལ་རྒྱར་གཉིས་སྨན་དབུ་མའི་ལམ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུར་སྤྱི་མོས་ཀྱིས་གྲོས་ཆོད་བཞག་མ་ཐག་ཚོགས་པ་ཞིག་རེད། ཅེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 7

  1. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    ངའི་རེ་བར་༧རྒྱལ་བ་རིན་པོ་ཆེས་རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་ཤུགས་ཆེན་པོ་ཞིག་བཟོས་གནང་ཡོད་པ་རེད། བོད་ནང་གི་བོད་མི་ཚོས་ཚེ་སྲོག་བློས་བཏང་ནས་རྒྱ་ནག་གི་ཡིད་ཆེས་ལ་གཡོ་འགུལ་བཏང་ཡོད་པ་རེད། བྱས་ཙང་སྟོབས་ཤུགས་འདི་གཉིས་ཆུད་ཟོས་མ་སོང་བར་བོད་དོན་སེལ་ཐབས་ཀྱ་འཆར་གཞི་ཚད་གཞི་ཞིག་བཟོ་གནང་བའི་རེ་བ་ཡོད། སྟོབས་ཤུགས་འདི་གཉིས་ཕམ་ཚོང་མི་བྱེད་པའི་རེ་བ་ཡོད། ཕམ་ཚོང་བརྒྱབ་པ་ད་དུང་ལོ་དུས་མང་ཙམ་སྒུག་དགོས་ཐུག་ནའང་སྒུག་རྒྱུ་རེད། སྐུ་ཚབ་གཉིས་ཀྱི་གཟབ་གཟབ་བྱོས། ཕར་ལ་བོད་ཚབ་བྱས་ནས་སོང་སྟེ་རྒྱ་གཞུང་གི་བསམ་བློ་བསྒྱུར་མ་པར། ཚར་ཡོང་ནས་བཀའ་ཤག་དང་བོད་མིའི་བློ་ཁ་བསྒྱུར་ཐལ་མི་ཆེ་བ་ཞུ། རྒྱ་ནག་གི་གནས་ལུགས་རྣམས་བོད་གཞུང་ལ་བཤད་ནས་བོད་དོན་ཆུང་ནས་ཆུང་དུ་གཏོང་མ་གནང་རོགས།

    Reply
  2. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    བོད་གཞུང་གིས་བོད་ནང་གི་བོད་མི་ཚོས་རྒྱ་ནག་ལ་གནོན་ཤུགས་ག་ཚོད་སྤྲོད་ཀྱི་ཡོད་པ་རྒྱུས་ལོན་ཟབ་མོ་བྱས་ནས་འཆར་གཞི་བཟོ་དགོས་པ་འདྲ། རྒྱ་ནག་གི་སྐད་ཆའི་རྗེས་སུ་ནར་རེ་རྒྱུགས་བསྡད་ན་ཁེ་བཟང་རག་གི་མ་རེད། བོད་ནང་གི་ཆིལ་སྒྲིལ་དང་སེམས་ཤུགས་ལ་རྒྱ་གཞུང་སེམས་མ་བདེ་བར་བཙན་བྱོལ་གཞུང་ལ་འབྲེལ་བ་བྱེད་ཀྱ་ཡོད་པ་རེད། བཙན་བྱོལ་གཞུང་ཁྱེད་ཚོས་བཤད་ན་མ་གཏོགས་ང་ཚོས་ཁ་ལ་ཉན་གི་མི་འདུག་ལབ་གི་ཡོད་པ་འདྲ་བོ་རེད། ཞེད་སྣང་བྱེད་ཀྱི་མི་འདུག་ཟེར་བ་འདྲ་བོ་རེད

    Reply
  3. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    ད་ལམ་ལྷག་གྲངས་༢༠ཡོད་པ་ནས་སླར་ཡང་ག་ཚོད་མར་འཐེན་དགོས་མིན་ཞིབ་བསྡུར་བྱེད་ཀྱི་ཡོད་རེད་དྲན། གང་ལྟར་ལྷག་གྲངས་གོར་ཐིག་ཆགས་པ་དང་བོད་རྒྱའི་རྩོད་རྙོག་སེལ་སོང་བར་ངོས་འཛིན་གི་རེད། ད་དུང་ཉི་ཤུ་ལྷག་ཡོད་སྟབས་རྒྱུགས་འཕྲོད་ཡོད་པ་མ་རེད། ལྷག་གྲངས་གོར་ཐིགས་ལས་ཆེ་བ་ཡོང་ཆོག་གི་མ་རེད། ལྷག་གྲངས་གྲངས་ཀ་སླེབས་ན་འགྲིག་གི་ཡོད་པ་མ་རེད། དེ་རྒྱ་ནག་གཞུང་གི་དགོས་འདུན་ངོ་མ་དེ་མ་རེད། དེ་ལས་རྒྱུགས་མ་སྤྲད་པར་གཡུག་བཞག་ན་མི་བཟང་ངམ།

    Reply
  4. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    ད་ལམ་ལྷག་གྲངས་༢༠ཡོད་པ་ནས་སླར་ཡང་ག་ཚོད་མར་འཐེན་དགོས་མིན་ཞིབ་བསྡུར་བྱེད་ཀྱི་ཡོད་རེད་དྲན། གང་ལྟར་ལྷག་གྲངས་གོར་ཐིག་ཆགས་པ་དང་བོད་རྒྱའི་རྩོད་རྙོག་སེལ་སོང་བར་ངོས་འཛིན་གི་རེད། ད་དུང་ཉི་ཤུ་ལྷག་ཡོད་སྟབས་རྒྱུགས་འཕྲོད་ཡོད་པ་མ་རེད། ལྷག་གྲངས་གོར་ཐིགས་ལས་ཆེ་བ་ཡོང་ཆོག་གི་མ་རེད། ལྷག་གྲངས་གྲངས་སླེབས་ན་འགྲིག་གི་ཡོད་པ་མ་རེད། དེ་རྒྱ་ནག་གཞུང་གི་དགོས་འདུན་ངོ་མ་དེ་མ་རེད།

    Reply
  5. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    ཚོགས་འདུ་ཚོགས་དོན་འདི་འདྲ་མིན་འགྲོ། བོད་རང་བཙན་ནས་མར་བབས་ཏེ་དབུ་མའི་ལམ་ལ་བབས་པ་རེད། དེ་རྒྱ་མིས་ཁས་མ་བླངས་པ་དང་ཡང་བསྐྱར་རང་སྲིད་རང་སྐྱོང་དང་། ཉེ་དུས་ཀྱི་བསམ་འཆར་རྩོད་གཞི་ཅན་བར་དུ་མར་བབས་ཀྱང་རྒྱ་ནག་གིས་ཚིག་གཅིག་མ་བླངས་པ་རེད། ད་ཡང་བསྐྱར་ས་གནས་རང་སྐྱོང་གི་བསམ་འཆར་དེ་ཆུང་དུ་གཏོང་དགོས་པའི་གནོན་ཤུགས་སྤྲད་ནས། བོད་རིགས་ཡོངས་ལ་ས་གནས་རང་སྐྱོང་གི་བསམ་འཆར་དེ་སླར་ཡང་ཆུང་དུ་གཏོང་སྟངས་ལ་བསམ་འཆར་བསྡུ་གི་ཡོད་གི་དྲན། གྲོས་མོལ་གྱི་སྐབས་རེ་རེ་བཞིན་ང་ཚོའི་དགོས་འདུན་ཆུང་ནས་ཆུང་དུ་བཏང་སྟེ་རྒྱ་ནག་གཞུང་ལ་མིག་སྟོན་དུ་འགྲོ་གི་ཡོད་པ་རེད། རྒྱུགས་སྤྲོད་དུ་འགྲོ་གི་ཡོད་པ་འདྲ་བོ་རེད། ད་བར་དུ་རྒྱུགས་འཕྲོད་མྱོང་ཡོད་པ་མ་རེད། ང་ཚོའི་ཕྱོགས་ནས་རྒྱ་ནག་གི་དགོས་འདོན་ངོ་མ་དེ་མ་ཤེས་པར་ཡང་ཡང་བསམ་འཆར་འདྲ་མི་འདྲ་བཟོས་ནས་ཚོད་ལྟ་བྱེད་དུ་འགྲོ་གི་ཡོད་པ་འདྲ་བོ་རེད། བོད་དོན་འཐབ་རྩོད་ལ་ཨང་རྩིས་འདི་འདྲ་རེད། བརྒྱ་ནས་ང་བཅུ། ང་བཅུ་ནས་ ༣༠ འཐེན་ནས་ལྷག་མ་ ༢༠ རེད། ད་ཐེངས་ཀྱི་ཚོགས་འདུའི་ནང་དོན་ x བརྩི་གི་ཡོད་པ་འདྲ།
    བོད་དོན་འཐབ་རྩོད་ཨང་རྩིས་ཀྱི་ལམ་ནས་བྲིས་ན་འདི་འདྲ་རེད།
    100-50-30
    =50-30
    =20 དེ་རིང་བར་གྲོས་མོལ་གྱི་ཚོགས་འདུའི་མཇུག་འབྲས་རེད།

    ༢༠-x= ? (དེ་རིང་ཚོགས་འདུའི་ནང་ལས་འདི་རེད་བསམ།)

    དེ་རིང་ཚོགས་འདུའི་ཐོག་ལྷག་མ་ཉུ་ཤུའི་ནང་ནས་ x འཐེན་རྒྱུ་མིན་འགྲོ། གང་ལྟར་ལྷག་གྲངས་གོར་ཐིག་ཆགས་པ་དང་རྒྱ་བོད་ཀྱི་རྩོད་རྙོག་སེལ་སོང་བ་རེད། ད་བར་དུ་བརྒྱ་ཆ་མང་ཤོས་བསྒྲུབ་ཚར་བ་འདྲ།

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    གཅིག་ནས་ཚོགས་ཆུང་འདིའི་ནང་དུ་ངེས་པར་དུ་བོད་རྒྱ་ཕྱོགས་གཉིས་ཀར་ཤེས་རྟོགས་ཡོད་མཁན་དག་དང་། ལྷག་པར་དུ་རྒྱ་ནག་གིས་བྱེད་ཕྱོགས་པ་རྒྱུས་མངའ་ཡོད་མཁན་བོད་གཞུང་གི་ལས་བྱེད་དམ་ཉམས་ཞིབ་པ་འགའ་ངེ་སདུ་དགོས་པར་འདོད། དེ་མིན་ཚོགས་མིའི་གྲངས་འདྲེན་ཙམ་གྱི་གྲོས་སུ་ཚུད་ཙམ་གྱིས་ཡིན་མདོག་དང་སྒམ་མདོག་བསྟན་བསྡད་པས་ཅི་ཡང་མི་ཕན་ལ། མི་རྒྱུ་དུས་གསུམ་འཕྲོ་རླག་རེད་སྙམ།
    གཉིས་ནས་བོད་རྒྱའི་གྲོས་མོལ་སྐུ་ཚབ་ནང་དུ་ངེས་པར་དུ་རྒྱ་བོད་ཡིག་སྐད་ཡིག་ཤེས་མཁན་ཉུང་མཐར་ཡང་གཉིས་དགོས་པར་འདོད། དེ་ཡང་རྒྱ་ཕྱོགས་ནས་ཅི་ཟེར་ཐད་ཀར་ཤེས་རྟོགས་ཐཏུབ་པའི་ཆེད་དུ་ཡིན། ལོ་འགའི་སྔོན་ནས་རྔ་བ་ཚེ་རྒྱམ་གྲོས་མོལ་ཚོགས་ཆུང་ནས་ཕྱིར་འཐེན་བྱེད་དགོས་བྱུང་བའང་གནད་དོན་གང་ཡང་མེད་པ་མ་ཡིན་པས། འདི་ཕྱོགས་ནས་རྒྱའི་ཀྱང་ཆབ་སྲིད་ཀྱི་དགོས་མཁོ་ཅི་ཡིན་ཅུང་ཙམ་རེ་མཁྱེན་ཐུབ་པ་ལོས་དགོས། གཞན་ཚོགས་ཆུང་ནང་གི་ཚོགས་མི་ཚོར་ཞུ་རྒྱུ་ཞིག ད་ལྟའི་དུས་ཚོད་འདི་ནི་ཆེས་གཉེན་འཕྲེང་ཅན་ཞིག་ཡིན་སྐོར་༸གོང་ས་མཆོག་ནས་ཁྱོད་དང་ངའི་བར་དུ་བཤད་བསྡད་པས་ན། གལ་སྲིད་དེ་ལྟར་ཡིན་པ་དངོས་གནས་ངེས་ཟིན་རེ་ཡོད་ན། ཁྱོད་བོད་རྒྱ་ཞི་མོལ་ཚོགས་ཆུང་དུ་ཞུགས་ན་ནུས་པ་ཅི་ཞིག་འདོན་ཐུབ་མིན་དང་། ནུས་པ་ཅི་ཡང་འདོན་མི་ནུས་ན་རང་གི་བྱེད་བབ་ངོས་ཟིན་གྱིས་གོ་སྐབས་ཁོ་ནར་མི་དམིགས་པར་ཞུ། ལར་ནས་ཚོགས་ཆུང་གི་མི་རེ་ངོ་རེར་འགན་འཁོར་ཆེན་པོ་རེ་ཡོད་སྙམ་ནས་ལས་དོན་ལ་འབུངས་རྒྱུ་ལས། རང་ཉིད་ལྟ་སྐོར་ཚོགས་མིའི་ཟོལ་དུ་ནམ་ཡང་མི་འགྱུར་རྒྱུར་སྙིང་ནས་རེ་བ་ཞུ་ཞུ་ཞུ།

    Reply
  7. སེམས་བཟང་། says:
    ལོ་ 16 སྔོན།

    ཐེངས་འདིའི་ཚོགས་འདུ་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོང་ས་མཆོག་གི་དགོངས་བཞེད་གཉིས་སྨན་དབུ་མའི་ལམ་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་ལ་བརྟེན་ནས་འཚོགས་པ་ཞིག་ཡིན་པར་བོད་གཞུང་དྲ་ཚིགས་སུ་བཀོད་ཡོད་ནའང་། དོན་དུ་རྒྱ་གཞུང་གི་མཉམ་ཡང་བསྐྱར་གྲོས་མོལ་བྱ་བའི་རེ་བ་ཡོད་པ་ཡིན་འགྲོ། ལྷག་པར་དུ་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཆོད་བཞག་པ་ཡང་རྒྱ་གཞུང་ལ་བོད་གཞུང་དམངས་ཡོངས་རྫོགས་ལྟ་སྤྱོད་གཅིག་པ་ཡིན་པ་སྟོན་བྱེད་ཡིན་རྒྱུ་རེད་མ་གཏོགས་བོད་མི་མང་ཡིན་ནའང་འདྲ། སྤྱི་འཐུས་ལྷན་ཚོགས་ཡིན་ནའང་འདྲ། གང་ལྟར་བོད་རིགས་ཡིན་ནོ་ཅོག་གིས་ག་དུས་ཡིན་ནའང་གོང་ས་མཆོག་ལ་སེམས་གཏིང་ནས་ཡིད་ཆེས་ཡོད་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese