མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནག་ཉེས་བཀལ་མི་འདུག་གམ། ནགས་ཕྲན་པ་བསོད་ནམས་ཚེ་རིང་།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་ལ་ལོ་རྒྱུས་ཀྱི་ནག་ཉེས་བཀལ་མི་འདུག་གམ། 

ནགས་ཕྲན་པ་བསོད་ནམས་ཚེ་རིང་།

ཉེ་བའི་ཆར་ལྷོ་ཕྱོགས་ཁུལ་གྱི་བོད་པའི་གསར་འགོད་པ་དང་གསར་འགོད་ལས་ཟུར་ཚོའི་གོ་སྒྲིག་འོག  བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གིས་བོད་རྒྱའི་འབྲེལ་མོལ་དང་།  མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་སྐོར་ཀྱི་གཏམ་བཤད་ཅིག་སྤེལ་བའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་དུ་ཐོན་པ་དང་། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་༸གོང་ས་མཆོག་གིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་དེའི་འགྲེལ་བརྗོད་གཉིས་གྲོས་ཚོགས་ཀྱིས་ཁས་བླངས་ཡོད་མེད་དང་།  གྲོས་ཚོགས་ལ་བསྟན་མིན། དེ་བཞིན་ཁོང་གི་དགོངས་ཚུལ་ཡིན་མིན་ལ་དོགས་གླེང་ཡོང་གི་ཡོད་འདུག་པར་བགྲོ་གླེང་མཐིལ་ཕྱིན་གྱིས་མང་ཚོགས་ལ་གསལ་པོ་བཟོ་དགོས་པའི་གསུང་འཕྲིན་གནང་ཡོད་པ་རེད། སྐབས་དེར་མི་མང་པོར་དོ་སྣང་བྱུང་ཡོད་ལ། འགའ་ཤས་ཀྱིས་བོད་མི་མང་སྤྱི་འཐུས་ལ་མང་གཙོའི་གོ་རྟོགས་ཇི་ཡོད་དང་། མང་གཙོ་ལོངས་སུ་སྤྱོད་རྒྱུའི་སྙིང་སྟོབས་ཡོད་མེད་གསལ་པོ་ཆགས་པའི་རེ་བ་བྱས་ཡོད་ཀྱང་མཇུག་མཐར་ཡེ་ཤེས་དབྱིངས་དཔྱད་ཀྱི་སྤྱི་མོས་གྲོས་ཆོད་ཅིག་འཇོག་རྒྱུ་ཡིན་པར་བརྗོད་མཁན་ཚོའི་བསམ་ཚུལ་ནོར་མེད་པ་རེད། 
                                          
ཐེངས་འདིའི་༧གོང་ས་མཆོག་གི་གསུང་འཕྲིན་ལས་འཕྲོས་ཏེ་བཀའ་ཁྲིས་གྲོས་ཚོགས་ལ་གསལ་བཤད་དོན་ཚན་ལྔ་ཅན་གནང་ཞིང་།  མཐར་གྲོས་ཚོགས་ནས་ཡེ་ཤེས་དབྱིངས་དཔྱད་ལ་སྤྱི་མོས་གྲོས་ཆོད་བཞག་པ་བཅས་ནི་༧གོང་ས་མཆོག་གི་གསུང་འཕྲིན་གྱི་དགོངས་པ་དང་བོད་རྒྱ་ཆེའི་མང་ཚོགས་ཀྱི་རེ་བ་བཅས་ཡོངས་སུ་ཕམ་པར་བྱས་པ་ཞིག་ཡིན་པར་སེམས།  དེ་ཡང་ད་ལྟའི་བཀའ་ཤག་གིས་༧གོང་ས་མཆོག་གི་སྐུ་དབང་དང་དབུ་མའི་ལམ་གྱི་མིང་ཐོག་ནས་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་རྒྱ་ནག་ལ་བྱེད་ཀྱི་ཡོད་པ་དེ་བོད་མི་སྤྱི་དང་། ལྷག་པར་གཞིས་ལུས་རྒྱ་ཆེ་མི་མང་གི་མངོན་འདོད་གཏན་ནས་མིན་པ་ཐེངས་འདིའི་ཉན་ཞིབ་སྐབས་དམིགས་བསལ་སྐུ་ཚབ་ཀྱིས་གསལ་པོ་ཁས་བླངས་པ་དང།   མི་མང་གི་སྐུ་ཚབ་གྲོས་ཚོགས་ཀྱི་ངོས་ནས་རྒྱ་ནག་ལ་སྤྲད་པའི་ཡིག་ཆ་དེར་མི་མང་གི་ཚབ་མཚོན་པའི་བསམ་ཚུལ་ཡོད་ན་ཡང་།  གྲོས་ཚོགས་ཀྱིས་བསམ་ཚུལ་དེ་ཇི་ལྟར་གླེང་དགོས་མིན་གཏན་ནས་ཤེས་ཀྱི་མེད་པ་ནི་༸གོང་ས་མཆོག་གི་སྐུ་དབང་ལ་དོ་ཕོག་གཏོང་མཁན་གྱི་ཉེས་པ་མགོ་ལ་འབབ་ཀྱི་ཡོད་པའི་གནས་སྟངས་དེ་རེད།  ཡིན་ནའང་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཁོང་ནི་ཆབ་སྲིད་ཀྱི་ཐོག་ནས་ཕྱེད་རྒན་ཡོལ་ཡིན་པ་ཡོངས་བསྒྲགས་གནང་བ་དང་།  དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་བཙན་བྱོལ་བོད་མིའི་བཀའ་ཟུར་བཅོ་ལྔས་སྙན་ཞུ་དང་བཅས་མཇལ་བཅར་སྐབས་༸གོང་ས་མཆོག་གིས་བོད་རྒྱ་ཞི་མོལ་གྱི་སྐོར་དེ་བཀའ་ཤག་ནས་འགན་ཁུར་གྱི་ཡོད་པ་རེད།   ཁྱོད་རང་ཚོས་བསམ་ཚུལ་བཀའ་ཤག་ལ་ཤོད་ཅེས་ལམ་སྟོན་གྱི་བཀའ་གནང་བ་དང་། ཕྱི་ཕྱོགས་སུ་ཡང་བཙན་བྱོལ་བོད་གཞུང་དང་བོད་མི་ཚོར་ཁོང་མེད་པ་ནང་བཞིན་བྱེད་དགོས་པ་དང་།  རེ་བ་བཟང་ས། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་རྒྱུན་མར་གནང་གི་ཡོད། ལྷག་པར་༸གོང་ས་མཆོག་གིས་ཐུགས་རེ་ཧ་ཅང་ཆེན་པོའི་ཐོག་ནས་བོད་ཀྱི་རྩ་དོན་འདི་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་དང་། བོད་མི་ཡོངས་ཀྱིས་མང་གཙོའི་སྤྱི་འབངས་ཚད་དང་ལྡན་པ་བྱས་ཏེ་རྩ་དོན་ཐོག་འགན་ཁུར་ལྷོད་མེད་བྱེད་དགོས་པའི་ལམ་སྟོན་ཨུ་ནན་གནང་གི་ཡོད་པ་རེད། དེར་བརྟེན་གནད་དོན་འདིའི་ཐོག་ནས་བལྟས་ན་༸གོང་ས་མཆོག་གིས་ཐེངས་འདིའི་གསུང་འཕྲིན་དེ་བརྒྱུད་ནས་ཡེ་ཤེས་དབྱིངས་དཔྱད་ལ་སླར་ཡང་སྤྱི་མོས་གྲོས་ཆོད་ཅིག་འཇོག་རྒྱུར་ཐུགས་རེ་གནང་མེད་པ་ཐག་བཅད་ནས་བཤད་ཐུབ་པ་ཞིག་རེད། ཡིན་ཡང་བཀའ་ཤག་གིས་ཧུར་བརྩོན་ཆེན་པོས་གནད་དོན་འདི་༸གོང་ས་མཆོག་གི་སྐུ་དབང་ལ་བསྒྱུར་ཏེ་མི་མང་ལ་སྐུལ་སློང་བྱས་སྟབས་གྲོས་ཚོགས་ཀྱིས་ཞེད་སྣང་དང་སྤྲེའུ་ལད་སྦྲགས་མའི་ལམ་ནས་ཡེ་ཤེས་དབྱིངས་དཔྱད་ལ་སླར་ཡང་སྤྱི་མོས་གྲོས་ཆོད་ཅིག་འཇོག་དགོས་ཐུག་པར་སེམས།  སྤྱིར་བཤད་ན་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་བྱེད་པའི་ཡིག་ཆ་དེ་༸གོང་ས་མཆོག་གི་དགོངས་གཞི་ཡིན་མིན་ལ་དོགས་པ་དགོས་དོན་མེད་ལ། གྲོས་ཚོགས་ཀྱིས་ཁས་བླངས་མ་བླངས་དང་། གྲོས་ཚོགས་ལ་བསྟན་མ་བསྟན་གྱི་གནད་དོན་ཡང་གླེང་མི་དགོས་པ་དངོས་ཡོད་གནས་ཚུལ་ཡིན་པས་རེད།  དེར་བརྟེན་གླེང་དགོས་པ་ངོ་མ་དེ་གང་རེད་ཟེར་ན། ད་ལྟའི་སྐབས་བཙན་བྱོལ་གཞུང་གིས་བོད་ཀྱི་རྩ་དོན་དེ་བོད་མིའི་མངོན་འདོད་བཞིན་འགན་ཁུར་གྱིས་ཕྱག་ལས་གནང་ཐུབ་ཀྱི་ཡོད་མེད་དང་།  དེ་མཚུངས་གཞིས་ལུས་རྒྱ་ཆེའི་མི་མང་གིས་ང་ཚོར་བཅངས་པའི་ཐུགས་རེ་དང་། ཚེ་སྲོག་འབེན་ལ་བཞག་ནས་བོས་པའི་སྐད་སྒྲ་བཅས་ལ་བདག་པོ་རྒྱག་ཐུབ་ཀྱི་ཡོད་མེད་ལ་བགྲོ་གླེང་དང་ཞིབ་དཔྱོད་བྱེད་དགོས་པ་ཞིག་ཏུ་སྣང་། གལ་ཏེ་གནད་དོན་འདི་དག་གི་ཐོག་ལ་གང་ཡང་བྱེད་ཐུབ་ཀྱི་མེད་པ་ཡིན་ན། བཙན་བྱོལ་བོད་གཞུང་མང་གིས་བོད་རྒྱ་ཆེའི་མི་མང་གི་ཚབ་མཚོན་གཏན་ནས་ཐུབ་ཀྱི་མེད་ལ། བོད་རྒྱ་ཆེའི་མི་མང་གི་ཚབ་མཚོན་བྱེད་རྒྱུ་ཡིན་ཚུལ་གླེང་པ་དེ་ཡང་སྟོང་གཏམ་ཁོ་ན་ཙམ་དུ་ཟད།

ད་ཐེངས་རྡ་སའི་གངས་སྐྱིད་དུ་འུར་སྒྲ་ཞིག་ཧོབ་སྟེ་གཅིག་འཕར་ནས་ཧོབ་སྟེ་མར་འཇགས་པའི་གནས་ཚུལ་འདིའི་མགོ་མཇུག་བར་གསུམ་གང་ལ་བལྟས་ནའང་། བོད་གཞུང་བཀའ་ཤག་གིས་དབུ་མའི་ལམ་གྱིས་བོད་མིའི་མངོན་འདོད་སྐོང་མ་ཐུབ་པ་དང་། བོད་རྒྱ་འབྲེལ་མོལ་ལམ་ལྷོང་མ་བྱུང་བས་མ་འོངས་པར་བོད་མིའི་རྩ་དོན་གྱི་འགན་ཁུར་མ་ཐུབ་པའི་ལོ་རྒྱུས་ཀྱི་ནག་ཉེས་ཁུར་འདོད་མེད་པ་དང་། གྲོས་ཚོགས་ནས་ཀྱང་གསུང་འཕྲིན་ནང་གི་འབྱུང་འགྱུར་བྱེད་ཕྱོགས་གྲོས་ཚོགས་ཀྱི་བསམ་འཆར་དང་མངོན་འདོད་གསར་པ་གང་ཡོད་ན་དེའི་སྦྱོར་དངོས་རྗེས་གསུམ་གྱི་ལས་རིམ་གསལ་སྟོན་བྱེད་དགོས་པ་བཅས་ཡིད་འཇགས་གྱིས། ཅེས་པའི་ནང་དོན་སྣང་མེད་དུ་བསྐྱུར་ནས་ཡོད་ཚད་༸གོང་ས་མཆོག་ལ་ཡར་ཨུ་ཚུགས་བཙན་ཤེད་ཀྱིས་ཕུལ་བ་ནི་དགའ་བ་སྒོམ་ཐུབ་པ་ཞིག་ལར་ནས་མ་བྱུང་། དེ་ཡང་བྱེད་སྟངས་འདིས་༸གོང་ས་མཆོག་ལ་བཅངས་བའི་ཡིད་ཆེས་མཚོན་ཐུབ་ཀྱི་རེད་དམ། ཡང་ན་དེ་ལས་ལྡོག་སྟེ་ད་ལྟའི་བྱེད་སྟངས་འདི་དག་འགྲིག་མེད་པ་ཞིག་ཏུ་གྱུར་ཡོད་ན་དེའི་ལོ་རྒྱུས་ཀྱི་འགན་དེ་༸གོང་ས་མཆོག་གཅིག་པུའི་ཐོག་གཡུགས་པ་རེད།   གཞན་ཡང་གནས་ཚུལ་འདིའི་འགྱུར་ཕྱོགས་འདི་དག་ལ་བརྟེན་ནས་བཀའ་ཤག་བོད་རྒྱ་ཞི་མོལ་གྱི་ལོ་རྒྱུས་ལ་འགན་ཁུར་མེད་པའི་འགྲེལ་བརྗོད་འོག་གཙང་མ་བཟོས་པ་དང་།  བློ་མཐུན་སྤྱི་འཐུས་རྣམས་ཀྱི་རྐུབ་སྟེགས་བརྟན་དུ་བཏང་ཡོད་པའི་རྣམ་པ་ཞིག་ཏུ་མཐོང་ཚུལ་བྱུང་ཡོད། 

མདོར་བསྡུས་ན་ཐེངས་འདིའི་གནས་ཚུལ་བརྒྱུད་མི་མང་ལ་བསླབ་བྱ་ཞིག་ཀྱང་ཐོབ་ཡོད་པ་སྟེ། མ་འོངས་པའི་བཀའ་ཁྲི་དེ་ལོ་རྒྱུས་ལ་འགན་ཁུར་ཡོད་པའི་རང་ཚུགས་ཅན་ཞིག་ལས་ཀླད་མཁྲེགས་རང་ཤེད་ཚ་པོ་ཅན་མི་མཁོ་བ་དང་།  རང་བྱས་ངོས་ལེན་གྱི་སྙིང་སྟོབས་ཆེན་པོ་ཅན་ཞིག་ལས་མཁས་མདོག་རང་རློམ་ཅན་མི་མཁོ་བ་ཤེས་ཡོད་པ་མ་ཟད།  བོད་མི་མང་སྤྱི་འཐུས་ཡང་རྐུབ་སྟེགས་སྟེང་ནས་འདུག་ཐུབ་མཁན་ཞིག་ལས་རྐུབ་སྟེགས་ལ་འཐམ་སྡོད་མཁན་མི་དགོས་པ་དང་། བཀའ་སྤྱི་གཉིས་སྤྱི་པའི་ལས་དོན་ཐོག་རྩོད་སྒྲུབ་གནང་ཐུབ་མཁན་གྱི་དཀྱེལ་ཡངས་ཅན་དག་དགོས་པའི་གནས་ལུགས་མངོན་པ་དང་།  དེ་ཡང་བོད་གཞུང་གི་གོང་ན་སུ་གང་ཡང་ཡོད་མི་རུང་བའི་གནས་བབ་དེའི་འོག་ལས་དོན་བྱེད་ཐུབ་པ་ཞིག་བཟོ་རྒྱུར་མང་ཚོགས་ལ་འགན་ཡོད་པ་ངོ་སྤྲོད་བསླབ་བྱ་ཟབ་མོ་ཐོབ་ཡོད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 39

  1. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ལྷ་མོ་ཕེབས་པར་ཡག་བྱུང་།
    ལྷ་ལུང་བསྟན་པ་མཐུན་བྱུང་།
    དམར་པོའི་རྩ་ཁྲིམས་འོག་ཏུ།
    ངེད་གཉིས་སུ་མགྱོགས་ཡིན་ད།

    Reply
  2. ལྷ་མོ། says:
    ལོ་ 15 སྔོན།

    ནགས་ཕྲན་པ་ཟེར་བ་འདི་གཞི་ནས་གཉིད་སད་འདུག སྙིང་རྗེ།

    མང་གཙོ་ཟེར་བ་ཅི་རེད།

    Reply
  3. ལྷ་མོ། says:
    ལོ་ 15 སྔོན།

    བརྒྱ་ཁ་གཅིག་གཅོད། འདི་ཉན་ཞིབ་སྐབས་ཡོངས་གྲགས་སུ་སྤྱི་འཐུས་ཚོས་ཟམ་གདོང་བླ་མ་ལ་ཕུལ་བའི་ཆོ་ལོ་རེད། དེར་བརྟེན་མི་གཅིག་རྐང་འཛིན། ཕྲད་རང་དབང་ཅན། ཟམ་གདོང་བླ་མ་ལགས་བོད་རིགས་ཀྱི་དོན་གྱི་དབུ་ཁྲིད་ཡིན།

    དགེ་བ་འདི་ཡིས་མྱུར་དུ་བདག །
    ཟམ་གདོང་བླ་མ་འགྲུབ་གྱུར་ནས། །
    བོད་རིགས་གཅིག་ཀྱང་མ་ལུས་པར། །
    དམར་པོའི་ལམ་དུ་ཁྲིད་པར་ཤོག །

    ཟམ་གདོང་བླ་མ་་་་་་་་་་་་་་རྒྱལ་གྱུར་ཅིག ་་་་་་་་་རྒྱལ་གྱུར་ཅིག
    བོད་རིགས་ཀྱི་བདག་པོ་་་་་་ཟམ་གདོང་བླ་མ་ཡིན།

    ཟམ་གདོང་བླ་མ་ཁས་ལེན་དགོས་་་་་་་་་་མི་འདོད་ན་སྡུག་གྱོང་རེད།

    Reply
  4. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    བོད་མི་ཚོ། ཁྱོན་ཡོངས་མཐོང་ཐུབ་པ་དགོས་རེད།

    Reply
  5. བློ་བཟང་དམ་ཆོས། says:
    ལོ་ 15 སྔོན།

    ཨ་ཁ། མི་འདི་ཚོ་སུན་པ་ལ་ཨང་།

    Reply
  6. namgyal gangkar says:
    ལོ་ 15 སྔོན།

    འཇང་གཡུ་ལྷ་ཐོགས་འགྱུར།
    དམ་ཉམས་ཁྱོད་ཡང་། ག་ས་ག་ལ་མི་བཤད་དགུ་བཤད་མང་པོ་བྱེད་མཁན་ཞིག་འདུག་ད།

    Reply
  7. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    སྔོན་རྗེ་བདག་ཉིད་ཆེན་པོའི་སྤྱན་སྔ་རུ།།
    ཚུལ་མིན་ཇི་ལྟར་བསྒྲུབ་པའི་ལས་ཡིན་པས།།
    མ་གཡེལ་དྲ་དཔོན་ལུང་རིགས་རྒྱལ་གྱིས་གཟིགས།།
    སྒོམ་སྡེའི་ཕྱོགས་རེས་མྱུར་དུ་ཞི་བར་མཛོད།།

    Reply
  8. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 15 སྔོན།

    འཇིགས་བྲལ་བསྟན་འཛིན་ལགས་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད།
    དེ་ཡང་མི་མང་པོས་དུས་བབས་སུ་ཡོང་བར་འཚེར་སྣང་ཆེན་པོ་བྱེད་ཀྱི་འདུག
    ངེད་ལའང་ཚོར་སྣང་དེ་རང་ཡོང་གི་འདུག

    དྲ་དཔོན་མི་ནག་ཚང་ལུང་རིགས་རྒྱལ་ལགས།
    ངས་ཁྱེད་ལ་“ཚུལ་ཁྲིམས་མཐར་ཕྱིན”ཟེར་བའི་མི་ངན་འདིས་ངའི་མིང་བེད་སྤྱོད་བྱས་ཏེ་དབྱེན་དཀྲུག་གི་ལས་ཚབས་ཆེན་པོ་བཟོ་གི་འདུག མི་འདི་ལ་ཁ་བརྡ་བྱ་རོགས་ཞེས་གློག་འཕྲིན་ཐེངས་གསུམ་བསྐུར་བ་ཡིན་ཡང་། ཁྱེད་ཀྱིས་ང་ལ་ཨང་ལན་ཙམ་ཡང་གནང་མ་སོང་། དེ་ཁྱེད་རང་ཆེད་ལས་པ་ཞིག་ཡིན་པའི་ཆ་ནས་ཕྱག་ལས་གནང་སྟངས་དེ་ཞེ་དྲག་ཐབས་སྐྱོ་པོ་རེད།

    གཉིས་ནས་གལ་ཏེ་མི་ཞིག་གིས་རང་གི་ཆུང་མར་བཙན་གཡེམ་བྱེད་ན། དེ་ལ་གང་ཡང་མི་བྱེད་པར་མི་ཤེས་ཁུལ་གྱིས་ཡིབ་ནས་བསྡད་ན་ངོ་ཚ་དགོས་པའི་གནས་ཚུལ་ཞིག་མ་ཡིན་ནམ། ཁྱེད་རང་ཁོ་ཚོར་དེ་འདྲ་ཞེད་དགོས་དོན་ག་རེ་ཡིན་ནམ།

    ལྷག་པར་ཁོང་ཚོས་བདུན་ཕྲག་གསུམ་བཞིའི་རིང་སུན་གཙེར་ཚད་ལ་བརྒལ་བར་བྱས་ཏེ་ཟིན་བྲིས་སུ་ཕེབས་ནས་བགྲོ་གླེང་ལྷུག་པོ་གནང་མཁན་རྣམས་ཀྱང་རིམ་བཞིན་ནམ་མཁར་འཇའ་ཡལ་བ་ལྟར་ཡལ་སོང་། ད་སྒེར་གྱི་ཟིན་བྲིས་དེ་དག་མི་ངན་དེ་དག་གི་གད་སྙིགས་གཡུག་ས་དང་གསང་སྤྱོད་ལས་ཀྱང་བཙོག་པ་ཞིག་ཏུ་གྱུར་འདུག

    འོན་ཀྱང་ངས་དཔའ་ཁུམས་ནས་མི་སྡོད་པར་རྩོམ་ཡིག་སྤེལ་རྒྱ་ཆེ་རུ་བཏང་བ་ཡིན། ད་དུས་བབས་སུ་ཁག་གཉིས་དང་། ཁ་བརྡ་བཅས་ཁག་གསུམ་ལ་སྤེལ་རྒྱུའི་སེམས་སྐྱེས་བྱུང་། ད་དུང་འཆར་གཞི་མང་པོ་སྤེལ་དང་སྤེལ་མུས་ཡིན།

    ཁྱེད་རང་གིས་མཁྱེན་གསལ་ལྟར། ངའི་ཟིན་བྲིས་ཀྱི་མཆན་བུ་འདེབས་ས་དེ་དག་སྒོ་བརྒྱབ་དགོས་བྱུང་སོང་།
    དེ་རིང་ཁྱེད་ཀྱིས་༼དྲ་ངོས་འདིར་འགན་མི་འཁྱེར་བའི་མཆན་འདེབས་མཁན་དང་། གནས་ལུགས་རྒྱུ་མཚན་གསལ་བོ་མེད་པར་གཞན་ལ་ཟུར་ཟ་བྱེད་མཁན། གཞན་གྱི་དངོས་མིང་དང་སྨྱུག་མིང་སྤྱད་ནས་མཆན་འདེབས་མཁན་རྣམས་རིམ་པར་སྒོ་རྒྱག་གི་ཡོད༽ཅེས་རྫིག་པོ་ཞིག་གསུངས་འདུག ཡིན་གྱི་རེད་བསམས་ནས་ངས་ཟིན་བྲིས་ཀྱི་མཆན་བུ་འདེབས་ས་སླར་ཡང་སྒོ་ཕྱེས་པ་ཡིན། སྐར་ཆ་༡༠ཡང་འགོར་ལོང་བྱུང་མ་སོང་ཚུལ་ཁྲིམས་མཐར་ཕྱིན་ནས་མཆན་ཧྲུལ་དྲུག་ཙམ་བཏབ་ཟིན་འདུག

འཇིགས་སྐུལ་རིང་ལུགས་པར་རྒྱལ་ཁ་དང་འཇིགས་སྣང་ཆེ་དྲགས་ན་རྗེས་མ་ཕྱག་ལས་གནང་སྟངས་ཤེས་ཀྱི་མ་རེད་ད།
    དྲ་འབུ་དེ་དག་འགོག་གི་ཡིན་ན་ལག་ལེན་བསྟར་རན་འདུག

    ངའི་ཟིན་བྲིས་སུ་སྐོར་གཡེང་ལ་ལན་ཅིག་ཕེབས་ནས་གཟིགས་དང་།
    ངས་རང་དོན་བློས་བཏང་གིས་རང་གི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པར་ཞབས་འདེགས་སུ་བསམས་ནས་འདིར་འོངས་པ་ལས། ང་བྱེད་རྒྱུ་ཟད་ནས་འདིར་འོངས་པའམ་མིས་ཁ་བརྡུང་ཉོ་རུ་ཡོང་བ་མིན།

    Reply
  9. kunsal says:
    ལོ་ 15 སྔོན།

    ནགས་ཕྲན་པ་བསོད་ནམས་ཚེ་རིང་ལགས། ༧གོང་ས་མཆོག་ལ་ནག་ཉེས་འགེལ་མཁན་དེ་སྤྱི་དོན་ཁ་ལ་ཁྱེར་ནས་དགྲ་བོའི་ལས་དོན་སྒྲུབ་མཁན་རང་རིགས་བསམ་མེད་འགའ་ཤས་ལས་གཞན་གཞིས་བྱེས་བོད་མི་སུ་ཞིག་ཀྱང་མེད། རང་རིགས་འགའ་ཞིག་གིས་བྱམས་མདོག་གིས་གདོང་ལ་བྱུག་བྱུག་དང་ངན་སེམས་ཀྱིས་སྐེ་ནས་བཙིར་གྱི་ཡོད། སྤྱི་འཐུས་གྲོས་ཚོགས་སུ་གང་ཐག་ཆོད་བྱུང་བ་རྣམས་ལུགས་མཐུན་ཞིག་བྱུང་ཡོད་པ་ལས། བཀའ་ཤག་གིས་ཧུར་བརྩོན་ཆེན་པོས་གནད་དོན་འདི་༧གོང་ས་མཆོག་གི་སྐུ་དབང་ལ་བསྒྱུར་ཏེ་མི་མང་ལ་སྐུལ་སློང་བྱས་སྟབས་གྲོས་ཚོགས་ཀྱིས་ཞེད་སྣང་དང་སྤྲེའུ་ལད་སྦྲགས་མའི་ལམ་ནས་ཡེ་ཤེས་དབྱིངས་དཔྱད་ལ་སླར་ཡང་སྤྱི་མོས་གྲོས་ཆོད་ཅིག་འཇོག་དགོས་ཐུག་པར་སེམས། ཟེར་བ་དང་། མཐར་གྲོས་ཚོགས་ནས་ཡེ་ཤེས་དབྱིངས་དཔྱད་ལ་སྤྱི་མོས་གྲོས་ཆོད་བཞག་པ་བཅས་ནི་༧གོང་ས་མཆོག་གི་གསུང་འཕྲིན་གྱི་དགོངས་པ་དང་བོད་རྒྱ་ཆེའི་མང་ཚོགས་ཀྱི་རེ་བ་བཅས་ཡོངས་སུ་ཕམ་པར་བྱས་པ་ཞིག་ཡིན་པར་སེམས། དེ་མཚུངས་གཞིས་ལུས་རྒྱ་ཆེའི་མི་མང་གིས་ང་ཚོར་བཅངས་པའི་ཐུགས་རེ་དང་། ཚེ་སྲོག་འབེན་ལ་བཞག་ནས་བོས་པའི་སྐད་སྒྲ་བཅས་ལ་བདག་པོ་རྒྱག་ཐུབ་ཀྱི་ཡོད་མེད་ལ་བགྲོ་གླེང་དང་ཞིབ་དཔྱོད་བྱེད་དགོས་པ་ཞིག་ཏུ་སྣང་། གལ་ཏེ་གནད་དོན་ལ་བཞག་ནས་བོས་པའི་སྐད་སྒྲ་བཅས་ལ་བདག་པོ་རྒྱག་ཐུབ་ཀྱི་ཡོད་མེད་ལ་བགྲོ་གླེང་དང་ཞིབ་དཔྱོད་བྱེད་དགོས་པ་ཞིག་ཏུ་སྣང་། གལ་ཏེ་གནད་དོན་འདི་དག་གི་ཐོག་ལ་གང་ཡང་བྱེད་ཐུབ་ཀྱི་མེད་པ་ཡིན་ན། བཙན་བྱོལ་བོད་གཞུང་མང་གིས་བོད་རྒྱ་ཆེའི་མི་མང་གི་ཚབ་མཚོན་གཏན་ནས་ཐུབ་ཀྱི་མེད་ལ། བོད་རྒྱ་ཆེའི་མི་མང་གི་ཚབ་མཚོན་བྱེད་རྒྱུ་ཡིན་ཚུལ་གླེང་པ་དེ་ཡང་སྟོང་གཏམ་ཁོ་ན་ཙམ་དུ་ཟད། ཟེར་བ་སོགས་ཅུང་ཐལ་མི་དྲགས་སམ། ང་ཚོ་མིའི་ལུང་པར་གནས་གཡར་བྱས་པའི་བཙན་བྱོལ་སྤྱི་ཚོགས་ཤིག་གིས་སྟོབས་ཆེན་རྒྱ་དམར་གཞུང་ལ་ཁ་གཏད་བཅར་དགོས་པས་ཇི་ཙམ་བསྒྲུབ་ཐུབ་མིན་ལ་བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས་སྙམ།

    Reply
  10. དབྱངས་བུ། says:
    ལོ་ 15 སྔོན།

    ད་ཡོད་བཀའ་ཁྲི་མཆོག་གིས་མཁས་མདོག་བྱས་པ་ཙམ་མ་ཡིན་པར་དོན་དངོས་སུ་ཚད་ལྡན་གྱི་མཁས་པ་ཞིག་རེད། འོན་ཀྱང་སྤྱི་འཐུས་རྣམ་པའི་ཁྲོད་ལ་ངོ་མ་དགོད་སློང་མཁན་འགའ་ཤས་ཡོད་འདུག་པ་བདེན་ཤས་ཆེ།

    Reply
  11. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ལྷ་ཆབ་སྦྱིན་པ་ལགས་ལ་ཁག་མི་འདུག ཁ་སྔོན་ཡང་ཁོང་གི་མིང་བེད་སྤྱོད་བྱེད་མཁན་ཞིག་འདུག་ཟེར་ནས་སྐད་ཤོར་འདུག མིང་བརྐུ་བ་འདི་ཧ་ཅང་སྡུག་རེད། མ་གཞི་ནས་བཙན་བྱོལ་རང་དབང་ལུང་པའི་ནང་བཤད་དགོས་པ་དང་། ཞེད་དགོས་པ་གཉིས་ཀ་ཡོང་དགོས་དོན་མེད་པས་སྨྱུག་མིང་ཟེར་བ་བེད་མེད་ཞིག་རེད། སྔར་ང་ལ་ཡང་སྨྱུག་མིང་ཞིག་ཡོད། ལོ་བཅུ་ལྷག་ཕྱིན་སོང་། དེ་བེད་སྤྱོད་གཏོང་མ་མྱོང་། གང་ཡིན་ཟེར་ན། ངས་ག་དུས་ཡིན་ན་བཤད་དགོས་པ་དང་ཞེད་དགོས་པ་གཉིས་ཀ་ཡོང་རྒྱུ་ཡོད་མ་རེད་བསམ་གྱི་ཡོད།
    མ་འོངས་པར་དུས་བབ་དྲ་ཚིགས་ཀྱིས་ཟིན་བྲིས་པ་དང་། དྲ་འབུ་ཚོར་སྟངས་འཛིན་ནན་མོ་བྱེད་དགོས་ཀྱི་འདུག དྲ་འབུ་དེ་ཐོ་འགོད་གང་འདྲ་བྱས་ནས་བྱེད་ཀྱི་ཡོད་རེད། དུས་བབ་ཚང་གིས་དྲ་འབུ་སུ་ཡིན་ཤེས་པའི་ཐོག་ནས་འགན་ཁུར་དགོས་ཀྱི་རེད་བསམ་གྱི་འདུག དེ་མིན་འགན་ཁུར་མེད་པའི་མཆན་བུ་དང་། ཕུ་དཀྲུགས་འདའ་དཀྲུགས་ཀྱི་གཏམ་ཡན་ལུང་པ་གང་བྲིས་ཏེ་རྩ་དོན་ཐོག་གི་བགྲོ་གླེང་ཡང་འགྲོ་བཅུག་གི་མི་འདུག འདི་ཚོ་རྩ་བ་ནས་ཡག་པོ་མི་འདུག

    Reply
  12. ལྷ་མོ། says:
    ལོ་ 15 སྔོན།

    དུས་བབ་ཀྱི་བེད་སྤྱོད་ཁྲིམས་གཞི།

    གཤམ་གྱི་སྲུང་བྱ་དག་ངེས་པར་གཙི་དགོས།
    ༡། ཡིག་འཁྱམ་དང་ཡིག་འབུ། ཁེ་ཚོང་ཁྱབ་བསྒྲགས་ཀྱི་ངོ་བོ་ཡོད་པའི་དངོས་ཟོག་དང་བརྡ་འཕྲིན་རིགས་ཐད་འགོད་དང་འདྲེན་འགོད་བྱ་མི་ཆོག
    ༢། གཞན་ལ་གནོད་པ་དང་། འཇིགས་སྐུལ། མཚང་འདྲུ། མིང་ཤོས། ཕྲ་མ། བསླུ་བྲིད། ཆགས་སྲེད། ཚིག་རྩུབ། སྒྲོ་སྐུར་ཡོད་པའི་བརྡ་འཕྲིན་དང་ཁྲིམས་འགལ་གྱི་རྒྱུ་ཆ་རིགས་བཀོད་མི་ཆོག
    ༣། བོད་ཀྱི་དུས་བབ་ལས་བྱེད་དང་དྲ་རྒྱའི་གླེང་སྟེགས་ཀྱི་སྐུ་མགྲོན་དང་མགོ་འཛིན་པ་གང་རུང་ལ་བརྫུ་བའམ་མིང་དང་མཚན་གནས་བརྐུས་ཏེ་ངོ་ཚབ་བྱ་མི་ཆོག
    ༤། བརྡ་འཕྲིན་དང་རྒྱུ་ཆ་ངོ་མ་གང་རུང་གི་ཁུངས་མར་བརྫུ་མི་ཆོག
    ༥། དྲ་ངོས་ནས་ཚོགས་མི་གཞན་གྱི་སྒེར་དབང་རྒྱུ་ཆ་རིགས་བརྐུ་བའམ་དེར་གསོག་ཉར་བྱ་མི་ཆོག
    ༦། གླེང་སྟེགས་དང་དེའི་བརྗོད་གཞི་ལ་འབྲེལ་བ་མེད་པའི་བརྡ་འཕྲིན་འདྲེན་འགོད་དང་འགྲེམ་འགོད་བྱ་མི་ཆོག
    ༸། གླེང་སྟེགས་ནང་གི་མི་གཞན་པར་སྟངས་འཛིན་དང་འགོག་རྒོལ་བྱ་མི་ཆོག
    ༨། མི་རིགས་དང་རིགས་རུས། ཆོ་འབྲང་། ཆོས་ལུགས། ལས་རིགས། ལུང་ཚན། ཕོ་མོ། ལོ་ཚོད། ཁྱིམ་བརྒྱུད་བཅས་ཀྱི་ཐད་ནས་དམའ་འབེབས་དང་ཁྱད་གསོད་བྱ་མི་ཆོག
    ༩། ཡུལ་ལུང་དང་ས་ཁུལ། རྒྱལ་ཁབ། རྒྱལ་སྤྱི་བཅས་ཀྱི་ཁྲིམས་དང་སྒྲིག་གཞི། ལམ་ལུགས། བཀའ་ཁྱབ་བཅས་ལ་གཏོར་བརླག་དང་གཏོར་བརླག་བྱ་བར་བརྒྱུད་སྐུལ་བྱ་མི་ཆོག
    ༡༠། གནད་དོན་རྩོད་གླེང་བྱོས། འོན་ཀྱང་། འཁོན་འཛིང་མ་བྱེད། བསམ་ཚུལ་དང་འདོད་ཕྱོགས་ཀྱིས་ཁེངས་པའི་སྤྱི་ཚོགས་ཤིག་ཏུ། མི་རྣམས་ཀྱི་འཐད་ཕྱོགས་མི་འདྲ།
    ༡༡། ཁྱོད་རང་གིས་གླེང་སྟེགས་སྟེང་སྤེལ་བའི་བརྡ་འཕྲིན་དང་རྒྱུ་ཆའི་ནང་དོན་ལ་ཁྱེད་རང་ཁོ་ནས་འགན་འཁྱེར་དགོས། བོད་ཀྱི་དུས་བབ་ཀྱིས་ཁྱོད་ཀྱི་བརྡ་འཕྲིན་མཐའ་དག་གི་ནང་དོན་ལ་ཞིབ་བཤེར་བྱེད་མི་ཐུབ་པས་བརྡ་འཕྲིན་གྱི་ནང་དོན་དང་རྗེས་འབྲས་ལ་འགན་ལེན་མི་བྱེད། འོན་ཀྱང་། ག་དུས་དགོས་གལ་ལ་ཐུག་དུས་ཁྱོད་ཀྱི་བརྡ་འཕྲིན་དེ་གསུབ་པ་དང་སྤོར་བ། བཅོ་སྒྲིག་སོགས་བྱེད་རྒྱུའི་ཐོབ་ཐོང་ཡོད་དགོས་པ་མ་ཟད། ཁྱོད་རང་དྲ་ངོས་འདིའི་གླེང་སྟེགས་ནས་ཕྱིར་འབུད་བྱེད་པའི་དབང་ཚད་ཀྱང་ཡོད་དགོས།

    གོང་གི་སྲུང་བྱ་ཁག་ལ་དུས་བསྟུན་འགྱུར་ལྡོག་དང་བསྒྱུར་བཅོས་བྱེད་སྲིད་པས་རྒྱུན་ཏུ་ནས་ཐུགས་སྣང་བྱེད་རོགས།

    དུས་བབ་རྩོམ་སྒྲིག་པ་ལགས། སྟངས་འཛིན་བྱེད་ཀྱི་ཡོད་པ་གོ་ཐོས་བྱུང་བས་ཧ་ཅང་དགའ་པོ་བྱུང་། དུས་བབ་ཀྱི་བེད་སྤྱོད་ཁྲིམས་གཞི་ཟེར་བའི་ནང་འདུག དེར་བརྟེན་འདི་དྲ་གྲོགས་ཚང་མས་ཤེས་ན་ཡག་པོ་འདུག མ་ཟད་ཚང་མ་ལག་བསྟར་ནན་པོ་བྱས་ན་ཡག་པོ་འདུག

    Reply
  13. ལྷ་མོ། says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས། ཁྱོད་ལ་བཤད་རྒྱུ་རྫོགས་སོང་ངམ།

    Reply
  14. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྔོན་མ་བོད་མ་ཤོར་བའི་སྔོན་དུ་སྡེ་བ་གཞུང་གི་སྐུ་དྲག་ཚོའི་ཐུགས་སྤྲོ་གཏོང་བའི་སྐབས་སུ་སྐུ་དྲག་གི་མནའ་མ་ཞིག་གིས་དུག་རུལ་ཞིག་ཤོར་བ་རེད། མནའ་མ་ངོ་ཚ་ནས་ནང་དུ་སླེབས་སྐབས་སུ་གཡོག་མོའི་ཐོག་ཏུ་ཁ་རྡུང་གཏོང་ནས་ངའི་མི་མང་དཀྱུལ་དུ་དུག་རུལ་ཤོར་ཀྱང་གཡོག་མོ་ཁྱེད་ཀྱི་ཡིན་མདོག་མདོག་མ་བྱས་པས་ང་ངོ་ཚ་བྱུང་ཟེར་ནས་ཁ་རྡུང་ཚད་མེད་གཏོང་ཡོད་པ་རེད།
    ཕྱི་ཉིན་སྐུ་དྲག་རྣམ་པ་འཚོགས་བཞུགས་ཡོད་པའི་སྐབས་སུ་གཡོག་མོའི་མགོ་བོ་སྒུར་སྒུར་བྱས་ནས་ཞུ་དོན།་་་་་སྐུ་ངོ་རྣམ་པ་ཚོ་ལ་དགོངས་དག་ཞུ་རྒྱུ་ཡིན། གང་ལེགས་ཞེ་ན། ཁས་སང་མནའ་མའི་ཤོར་བའི་དུག་རུལ་དེ་ངས་བཏང་པར་ཡིན་ཞེས་ཞུ་བ་ཕུལ་བ་དེར་ཅི་དགོད་སྤྲོ་བ་ཞིག་མི་འདུག་གམ།

    དེ་བཞིན་སྤྱི་འཐུས་གྲོས་ཚོགས་ཀྱི་དགོངས་དག་འདི་ཡང་ཧཧཧཧཧཧཧཧཧཧཧཧཧ་དྲ་གྲོགས་ཚང་མ་དགོད་མོ་ཤོར་རོགས་་་་་་་དགོད་མོ་ཤོར་ན་གཟུགས་པོར་འཕྲོད་བརྟེན་ཡག

    Reply
  15. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    འཇིགས་བྲལ་བསྟན་འཛིན་གྱིས་་་་་ ཁྱི་བདག་པོས་འགོག་རྒྱུ་འགྲོན་པོས་བཀག་་་་སོང་ངྰ། ཧ ཧ ཧ ང་ལ་ཚིག་མཛོད་མང་པོ་ཞིག་མེད་མོད། འོན་ཀྱང་རེ་ཟུང་ཡོད། མ་གཞི་ནས་ཚིག་མཛོད་ཀྱི་ནང་དུ་མིང་དང་ཚིག ད་དུང་ཚིག་ཕྲད་རེ་ཟུང་གི་འཇུག་ཚུལ་ལས། དྲ་གྲོགས་ནགས་ཕྲན་པའི་རྩོམ་གྱི་བརྗོད་སྙིང་བཀོད་ཡོད་མདོག་ཁ་བོ་མ་རེད། དུང་དཀར་ཚིག་མཛོད་དུ་ཡང་ཡོད་རྒྱུ་མ་རེད་ཡ། ཧ ཧ ཧ བདེ་མོ་བྱོས། ཀུ་རེ་ཡིན

    Reply
  16. གངས་སྤྲེལ་ཚ། says:
    ལོ་ 15 སྔོན།

    ད་ཡང་འདྲེ་ཆབ་ཀྱིས་སྒེར་དོན་གླེང་བྱུང། འདི་བོད་དོན་གླེང་ས་ཞིག་ལས་སྒེར་དོན་གླེང་ས་མིན། གངས་ཕྲུག་ཚོ། ང་ཚོ་འདི་ལྟར་གཉིད་ནས་འདི་ལྟར་ཤི་ན་མི་འདོད། བཀའ་ཁྲིའི་གཡོ་རྒྱུ་མང་པོ་གླེང་ནས་མཐའ་བཞུགས་རྒྱལ་ཁ་ཐོབ་སོང་། ད་ངོ་མ་ལས་ཀྱི་སྣེ་མོ་བ་ཚོས་བསམ་གཞིག་རེ་གཏོང་རྒྱུ་གལ་ཆེ། ཉེ་སྔོན་བལ་ཡུལ་དུ་གངས་ཕྲུག་མི་ཉུང་པ་ཞིག་གིས་སྐད་འབོད་ཡག་ཐག་ཆོད་ཅིག་བྱས་སོང་ཡང་དེ་རྗེས་ཁོ་ཚོར་ར་མདའ་མེད་ནས་ཟླ་བ་མང་པོར་བཙོན་ཁང་ནང་དུ་ལུས་སོང་འདི་འདྲ་བྱས་ན་ནམ་ཞིག་ག་འདྲ་བྱུང་གསལ་བོ་ཤེས་འདུག ཁ་ཅིག་སྔོན་ལ་བརྒྱུགས་ཁ་ཅིག་གི་རྗེས་ནས་ར་མདའ་སོགས་གོ་རིམ་མང་པོ་བྱས་ཡོང་ན་མཇུག་འབྲས་རེ་ཡོད་སྲིད། བཀའ་སྤྱི་སུ་ཡིན་ཀྱང་ནང་ཁུལ་ལ་ཁ་བདེ་བོ་དང་ཚིག་རྩ་ནོན་མོ་ཡོད་མདོག་མི་བྱེད་པར་ཀུན་ཀྱང་རྡོག་རྩ་གཅིག་སྒྲིལ་བྱས་ནས། ཁ་ཞེ་མངོན་ལྐོག་མེད་པར། གཡོ་རྒྱུ་དང་མགོ་གཉིས་མེད་པར། དད་པ་དང་དམ་ཚིག་གཙང་མར། བོད་དོན་ལ་ནམ་ཡང་སོམ་ཤིག

    Reply
  17. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    འདིའི་ནང་དུ་ཡང་བདག་གི་སྨྱུག་མིང་བེད་སྤྱོད་གཏོང་མཁན་སླེབས་འདུག

    གསལ་བཤད་ཞུ་རྒྱུ་ཞིག་ལ་གྲི་གུག་ཅེས་པ་ནི་བདག་གིས་ལོ་བདུན་གྱི་ཡར་སྔོན་ནས་བེད་སྤྱོད་མང་བོ་བཏང་མྱོང་བ་མ་ཟད། བདག་གི་ངོ་སྤྲོད་སྙིང་བསྡུས་སོགས་སུ་གསལ་བཤད་ཀྱང་བྱས་ཡོད། ད་དུང་དུས་བབ་དང་སྤྱི་ཚོགས་མེ་ལོང་སོགས་སུ་ཐེངས་མང་བཀོལ་ནས་རྩོམ་ཡིག་ཀྱང་མང་བོ་བྲིས་མྱོང་། དེའི་སྟབས་ཀྱིས་མིང་འདིའི་བདག་དབང་ཆ་ཚང་བདག་ལ་ཡོད་ན། འདིའི་སྟེང་ནས་མཚན་ཤས་མི་བཟོ་བའི་རེ་བ་དང་འབོད་སྐུལ་ཞུ་རྒྱུ་ཡིན།
    གལ་སྲིད་ཁྱོད་ཀྱིས་བདག་ལ་ཆེད་དུ་གནོད་པ་བྱེད་ཀྱིན་ཡོད་ན་བྱབས་ཆུང་གི་ལས་ཀ་ལས་ཅི་ཡང་མེད་ན། སྐུ་མཁྱེན་འདི་ལྟར་མི་གནང་བར་ཞུ་རྒྱུ་ཡིན།

    Reply
  18. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    བཀའ་ཁྲི་དེ་ལོ་རྒྱུས་ལ་འགན་ཁུར་ཡོད་པའི་རང་ཚུགས་ཅན་ཞིག་ལས་ཀླད་མཁྲེགས་རང་ཤེད་ཚ་པོ་ཅན་མི་མཁོ་བ་དང་། རང་བྱས་ངོས་ལེན་གྱི་སྙིང་སྟོབས་ཆེན་པོ་ཅན་ཞིག་ལས་མཁས་མདོག་རང་རློམ་ཅན་མི་མཁོ་བ་ཤེས་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ཡང་རྐུབ་སྟེགས་སྟེང་ནས་འདུག་ཐུབ་མཁན་ཞིག་ལས་རྐུབ་སྟེགས་ལ་འཐམ་སྡོད་མཁན་མི་དགོས་པ་དང་། བཀའ་སྤྱི་གཉིས་སྤྱི་པའི་ལས་དོན་ཐོག་རྩོད་སྒྲུབ་གནང་ཐུབ་མཁན་གྱི་དཀྱེལ་ཡངས་ཅན་དག་དགོས་པ་དེ་ང་ཚོས་སྔོན་མ་ནས་ཤེས་ཡོད་པ་རེད། ཡིན་ན་ཡང་མི་འདྲ་ཞིག་སླེབས་ཐུབ་ཀྱིན་མེད་པའམ་བོད་མིའི་བསོད་ནམས་གྱིས་ལྕོགས་ཀྱིན་མེད་པ་རེད།

    Reply
  19. ཐོས་དགའ། says:
    ལོ་ 15 སྔོན།

    སུས་ཅི་ཞིག་བཤད་ཀྱང་སྟོང་གཏམ་རྫིག་པོ་ཞིག་ལས་ཅི་ཡང་མི་གོ་གི ༧བླ་མ་དེ་ལ་གློ་སྙིང་བྲང་གསུམ་བསྟན་ནས་ལས་ཀ་བྱས་ཡོད་ན་ད་ཚོད་བོད་ལ་ལོག་འདོད་མཁན་ཚོ་བོད་ལ་སླེབས་ཟིན་ཡོད། ད་ཡོང་ཡག་མིན་འདུག ང་ཚོ་བོད་མི་ཚོའི་བྱེད་སྟངས་ལ་བསམ་ན་ངོ་མ་ངུ་མ་དགོད་ཀྱི་སྣང་བ་ཞིག་ཤར་གྱི་འདུག

    Reply
  20. བོད། བར་འདུམ། says:
    ལོ་ 15 སྔོན།

    ནགས་ཕྲན་པ་ལ་ད་རེས་མི་ཞིག་གི་སྣང་བ་བྱུང་སོང་།

    བོད་མི་རིགས་འདི་ནང་བཀའ་ཟུར་འཇུ་ཆེན་ལས་ལྷག་པའི་ལྷག་བསམ་དང་བློ་སྟོབས་མེད་ཟེར་ནའང་ཆོག་སོང་ཡང་།
    ད་ལྟའི་ཆར་ཁོང་གི་བཀའ་དྲིན་ཤེས་མཁན་མི་འདུག

    ཡིན་ནའང་བོད་མི་ཚོས་དགེ་ཆོས་དང་དོན་འགྲུབ་རྒྱལ་གྱི་སྐུ་དྲིན་དེ་སང་རྟོགས་བཞིན་ཡོད།

    ཟམ་གདོང་བླ་མས་རང་དུས་ཀྱི་ནག་ཉེས་ལས་གཡོལ་ཆེད་ཀྱི་བྱུས་ངན་འདིའི་སྡིག་ཉེས་ཀྱང་
    ནམ་ཞིག་ན་མི་རྟོགས་མཁན་སུ་ཡོད།

    དེ་བཞིན་སྤྱི་མཐུས་གྲོས་ཚོགས་བརྡར་ལས་དང་སྤྲེལ་ལས་འདིའང་
    མཚམས་ཤིག་ནས་ལས་རྒྱུན་དེའི་རིང་གི་གསུབ་ཐབས་མེད་པའི་བྱས་ཉེས་མཐོང་ངེས་ཡིན།

    ཡིན་ནའང་དེ་དུས་ཕྱིར་ཡོང་མེད་པའི་ལོ་རྒྱུས་འགྱོད་གདུང་དང་
    གྱོང་ཁའི་འོག་ནས་ངུ་ངེས།

    Reply
  21. གངས་སྤྲེལ་ཚ། says:
    ལོ་ 15 སྔོན།

    ནག་ཕྲན་པས་དགོངས་ཚུལ་ཡག་པོ་བྲིས་འདུག སྤྱིར་བཤད་ན་ད་ཐེངས་ཀྱི་ལབ་གླེང་དེར་བཀའ་ཁྲིས་དབང་ཤེད་ཁུར་ཏེ་གྲོས་ཚོགས་ཀྱི་དབང་ཤུགས་བཅགས་སོང།
    རྒྱབ་ནོན་རྒྱབ་ལ་ཁུར་ནས་མང་གཙོས་རང་འོད་ཉམ་སོང་། གང་ལྟར་མ་འོང་པར་ཚང་མས་སེམས་སྟོབས་བསྐྱེད་ཅིག ནག་ཕྲན་པ་སྤྱི་འཐུས་སུ་འགྲོ་ཐུབ་པའི་རེ་བ་ཡོད། ཤུགས་རྒྱོབ།

    Reply
  22. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    གྲོགས་པོ་ཨ་རིག་དགེ་མཐོང་ལགས། ཁྱེད་ཀྱི་མཆན་དེ་བཀླགས་པ་ཡིན་ལ། ཉིད་ཀྱི་ཟིན་བྲིས་སུ་ཡང་ག་རེ་ཡོད་མེད་བཙལ་བ་ཡིན། ཡིན་ནའང་ཁྱེད་ཀྱི་ཕྲན་གྱི་བསམ་བློ་ལ་དཔྱད་གཏམ་སྤེལ་ཡོད་ཅེས་པ་དེ་རྙེད་མ་སོང་། གལ་སྲིད་དྲ་ཚིགས་སུ་སྤེལ་རྒྱུ་ཡིན་ན་བཏོན་དང་འགྲིག་གི་རེད། ཕྲན་རང་གིས་ངོས་ལེན་བྱེད་མི་ཐུབ་པ་དེ་འདྲ་འདུག་ན་གསལ་བཤད་བྱེད་ཆོག་གི་རེད།

    Reply
  23. སྲས་མོ་མེ་ཏོག says:
    ལོ་ 15 སྔོན།

    དལྟའི་བཙན་བྱོལ་གྱི་ལངས་ཕྱོགས་དེ་གཞིས་ལུས་མང་གི་མངོན་འདོད་ཡིན་མིན་་ལ་དོགས་པ་ཟ་གི་ཡོད་ན་༧་གོང་ས་མཆོག་གི་དགོངས་གཞི་ལམ་དབུ་ལའང་དོགས་པ་ཞིག་ངང་གིས་སླེབས་ཡོང་གི་ཡོད ། གལ་སྲིད་ལམ་དབུ་མ་དེ་གཞིས་བྱེས་གཉིས་ཀྱི་རེ་བ་དང་མངོན་འདོན་མིན་ན་འགྲུབ་མི་སྲིད་པའི་རང་བཙན་གཙང་མ་ཟེར་ནས་རི་བོང་གནམ་རྡིབས་ཀྱི་སྡུག་བསྔུལ་བྱས་སྡོད་རྒྱུ་ལས་ཐབས་གཞན་མེད་དོ

    Reply
  24. རྭ་རྒྱ་བློ་དབང་། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་ལ་ལོ་རྒྱུས་ཀྱི་ནག་ཉེས་འགེལ་འདོད་ཡིན་མིན་ཏེ་མོ་བརྒྱབ་པ་ལྟ་བུའི་ཚོད་རྩིས་ཀྱིས་བཤད་ཐུབ་པ་ཞིག་མ་རེད།
    བོད་ཀྱི་སྲིད་གཞུང་གིས་དམངས་གཙོ་ཡང་དག་པ་ཞིག་གིས་ལམ་ནས་ཕྱི་ནང་གསང་གསུམ་གྱི་བྱ་བཞག་སྒྲུབ་དགོས་པ་ནི་བརྗོད་མེད་རེད་མོད། དོན་དངོས་གནས་སྟངས་ཤིག་སྟེ། མི་གྲངས་འབུམ་གཅིག་དང་ཁྲི་འགའ་ལས་མེད་པའི་ཚོགས་པ་ཞིག་དང་། ས་ཆ་གཡར་མ་ཞིག་ལས་རྟེན་གཞི་མེད་པའི་དངོས་ཡོད་གནས་ཚུལ་འདི་ལ་འགྲེལ་བཤད་གང་འདྲ་ཞིག་འོས་སམ། ས་ཆའི་གཡར་མའི་སྟེང་གི་སྲིད་དོན་དང་དཔལ་འབྱོར་ཕྲན་ཚེགས་དེས་མི་གྲངས་དུང་ཕྱུར་བཅུ་གསུམ་ལ་དམག་སྲིད་ཀྱིས་དབང་བསྒྱུར་བའི་འགྲན་ཡ་དེར་གོ་བ་ཇི་འདྲ་ཞིག་སྟེར་དགོས་སམ། འདིའི་ཐད་སྐུ་ཞབས་ནགས་ཕྲན་པ་དང་ཁོང་གི་བློ་མཐུན་ཚོར་དགོངས་ཚུལ་གང་ཡོད།
    མ་གཞི་ནས་རྩོམ་ཡིག་གི་བརྗོད་སྙིང་འདེམས་ཕྱོགས་ལ་ཧ་ཅང་དགའ་ཡོད།

    Reply
  25. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅། སྐྱོན་མ་གཏོགས་དགེ་མཚན་མི་མཐོང་པ་འདི་ཡང་སྐྱོན་ཞིག་རེད།

    Reply
  26. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    གྲོགས་པོ་འཇིགས་བྲལ་ལགས། ཁྱེད་ཀྱི་བསམ་བློ་དེ་ལ་ཕྲན་གྱིས་དཔྱད་གཏམ་སྤེལ་ཡོད། འོན་ཀྱང་སྐུ་ཉིད་ལ་འདོད་མོས་ཡོད་མེད་ཀྱིས་ལན་ཞིག་འབུལ་རོགས། ནགས་ཕྲན་པ་ལ་དངོས་སུ་མཇལ་ནས་རྩོམ་འདིའི་གོ་དོན་འདྲི་དགོས་བསམ་ཡོད།

    Reply
  27. ནགས་ཕྲན་པ་བསོད་ནམས་ཚེ་རིང་། says:
    ལོ་ 15 སྔོན།

    ད་དུང་ངས་ཡང་གཅིག་བཤད་ཡོད་པ་དེ། བོད་ཀྱི་རྩ་དོན་ཅེས་པ་དེ་བོད་ཀྱི་སྲིད་གཞུང་རང་གིས་བོད་མི་མང་གི་ཚབ་མཚོན་ངེས་ཀྱི་དམིགས་ཚད་ཞིག་གི་ལམ་ནས་ཐག་གཅོད་དགོས་པ་ལས་བོད་མི་བྱེ་བྲག་པ་སུ་གང་གིས་ཐག་བཅད་ན་མི་འགྲིག་པ་དེ་བརྗོད་ཀྱི་ཡོད་ལ། འགག་ལ་ཐུག་དུས་སོ་སོ་ལོ་རྒྱུས་ཀྱི་ནག་ཉེས་ལས་གཡོལ་ཐབས་བྱེད་མི་རུང་པ་དེ་ཡང་བརྗོད་ཀྱི་ཡོད།

    Reply
  28. ནགས་ཕྲན་པ་བསོད་ནམས་ཚེ་རིང་། says:
    ལོ་ 15 སྔོན།

    ངས་དེ་རིང་འདིར་བསམ་ཚུལ་ཐུང་ངུ་ཞིག་བྲིས་པར་དྲ་གྲོགས་འགའ་རེས་བརྗོད་སྙིང་རྙེད་མ་སོང་ཚུལ་གསུངས་འདུག་ལ། ལ་ལས་བོད་ཀྱི་སྲིད་གཞུང་གིས་༸གོང་ས་མཆོག་ལ་བཅངས་པའི་རེ་བ་དེ་ལྷག་བསམ་རྣམ་དག་ཡིན་མིན་ལ་དོགས་སློང་ཆེན་པོ་བྱས་འདུག འདི་ལྟར་བཤད་པ་བཞིན་ཡིན་ན་བོད་གཞུང་ལ་བཙན་བྱོལ་ནང་གི་འཛིན་སྐྱོང་ཙམ་ལས་ཕྱག་ལས་གང་ཡང་མེད་པ་ཆགས་ཀྱི་འདུག ཅེས་གླེང་འདུག ད་དུང་བོད་པ་ཚང་ད་ལྟ་ཡང་མང་གཙོ་ཟུར་ཙམ་ཡང་ཆགས་མི་འདུག
    ཅེས་སོགས་བཤད་འདུག་མོད། གང་ལྟར་ངས་བཤད་པའི་ནང་དྲང་ཕྱོགས་ལྡོག་ཕྱོགས་གང་ནས་བསམ་ཚུལ་གླེང་ཡང་ཆོག གང་ཡིན་ཟེར་ན། ངས་འདོད་པ་ནི་ང་ཚོར་ཁ་ཙམ་གྱི་མང་གཙོ་མིན་པར་དོན་དངོས་ཀྱི་མང་གཙོ་ཞིག་དགོས་ཀྱི་འདུག་ཅེས་པ་དེ་ཡིན་ལ། དེ་ལས་ཀྱང་གལ་ཆེ་བ་ནི་བཙན་བྱོལ་བོད་གཞུང་འདི་བླ་མ་ཞིག་ཡིན་ན། བླ་མ་དེའི་སྒང་ལ་གདུག་ཞིག་ཕུབ་དགོས་པ་མི་འདུག་ཅེས་གླེང་གི་ཡོད།

    Reply
  29. ནགས་ཕྲན་པ་བསོད་ནམས་ཚེ་རིང་། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོས་བསམ་ཚུལ་གསུང་འདུག་པར་དགའ་བསུ་ཞུ།

    Reply
  30. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ཨ་རིག་འགྱུར་མེད་ཀྱིས་རྒྱུ་མཚན་འདི་ཡིན་ཟེར་བ་མེད་པར་བསྟོད་བསྔགས་འཐེན་གྱི་འདུག འདི་ཡང་དྲ་གྲོགས་ཁག་ཅིག་གི་སྤྱོད་ཚུལ་རེད།

    Reply
  31. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    འདྲེ་རིག་ལྡན་ལགས། རྩོམ་ཡིག་འདི་བོད་སྐད་གཙང་མའི་ནང་བྲིས་འདུག མ་ཟད་འདིའི་ནང་ཚན་རིག་གི་བརྡ་ཆད་གསར་པ་གཏན་འཁེལ་མ་འཁེལ་དེ་འདྲ་མི་འདུག བོད་ཀྱི་ཚད་ལྡན་ཚིག་མཛོད་ནང་མེད་པ་དེ་འདྲ་ཡང་མི་འདུག དེར་བརྟེན་བོད་ཡིག་གི་ཚིག་མཛོད་ཀློག་ན་ཕན་ཐོགས་ཡོང་། བསམ་འཆར་ཡིན།

    Reply
  32. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་གནས་ཚང་ཟེར་བ་འདིས་ཟམ་གདོང་རིན་པོ་ཆེ་ལ་སྐྱོན་བརྗོད་བྱེད་ཁུལ་བྱས་འདུག ཡིན་ནའང་ཡིད་སྐྱོ་བ་ཞིག་ལ་བཙན་བྱོལ་སྒྲིག་འཛུགས་ཟེར་བའི་མིང་གི་འོག་ནས་བཙན་བྱོལ་སྲིད་གཞུང་རྒྱ་གར་གྱི་ཁྲིམས་མཐུན་བཟོས་ཡོད་པ་དེ་མ་ཤེས་པ་རེད།

    Reply
  33. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ནགས་ཕྲན་པ་བསོད་ནམས་ཚེ་རིང་ལགས། ཁྱོད་ཀྱིས་རྩོམ་ཡིག་འདི་བརྒྱུད་ནས་བོད་ཀྱི་སྲིད་གཞུང་གིས་༸གོང་ས་མཆོག་ལ་བཅངས་པའི་རེ་བ་དེ་ལྷག་བསམ་རྣམ་དག་ཡིན་མིན་ལ་དོགས་སློང་ཆེན་པོ་བྱས་འདུག འདི་ལྟར་བཤད་པ་བཞིན་ཡིན་ན་བོད་གཞུང་ལ་བཙན་བྱོལ་ནང་གི་འཛིན་སྐྱོང་ཙམ་ལས་ཕྱག་ལས་གང་ཡང་མེད་པ་ཆགས་ཀྱི་འདུག དེ་འདྲ་ཞིག་རེད་དམ།

    Reply
  34. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    ཞིབ་ཀློག་ཐེངས་ཤིག་བྱས་པ་ཡིན་མོད། དགོངས་དག ངའི་རིག་པ་རྟུལ་དྲགས་ནས་རྩོམ་ཡིག་འདིའི་བརྗོད་སྙིང་འདི་རེད་ཟེར་བ་ཞིག་རྙེད་མ་སོང་། མ་ཟད། སུ་ཞིག་གིས་སུ་ལ་ནག་ཉེས་ཅི་ཞིག་བཙུགས་པ་རེད་་་་་་་་་ ངས་གང་ཡང་གོ་མ་སོང་། གསལ་བཤད་ཅིག་གནང་རོགས།

    Reply
  35. གནས་ཚང་། says:
    ལོ་ 15 སྔོན།

    ཟམ་གདོང་བླ་མས་བཙན་བྱོལ་བོད་གཞུང་དེ་རྒྱ་གར་ཁྲིམས་འོག་གི་སྒྲིག་འཛུགས་ཙམ་ལས་གཞན་གང་ཡང་མིན་ཚུལ་རྒྱ་མིའི་གསར་འགོད་པར་འགྲེལ་བཤད་གནང་བ་དང་། སྐུ་ངོ་རྒྱ་རིས་བོད་ལ་ལོ་ངོ་སྟོང་ཕྲག་རིང་གཅིག་གྱུར་བྱུང་མེད་ཚུལ་གླེང་བར་ལྟ་སྐབས། ཁོང་རྣམ་པ་གཉིས་ཆ་བློ་མཐུན་རང་རྐྱ་འཕེར་བ་ཞིག་ལ་བརྩོན་ལེན་གནང་བཞིན་པ་གསལ་བོ་ཆགས་ཡོད་པས། བོད་སྤྱི་དང་སྒོས་སུ་མདོ་སྟོད་མི་མང་ལོ་རྒྱུས་ཀྱི་དྲང་ལྡོག་གང་ལས་ལངས་མིན་ལ་ཐུག་མེད་དམ།

    Reply
  36. རག་བཟི་ལྷགཔ། says:
    ལོ་ 15 སྔོན།

    བོད་པ་ཚང་ད་ལྟ་ཡང་མང་གཙོ་ཟུར་ཙམ་ཡང་ཆགས་མི་འདུག
    ཟམ་གདོང་གིས་ལམ་སེང་བཀའ་སློབ་ཟེར་ནས་འཁུར་ཡོང་གི་འདུག

    Reply
  37. གླང་དར་མ། says:
    ལོ་ 15 སྔོན།

    ལྟ་ཀློག་བྱས་པ་ཡིན་བསམ་ཚུལ་ཡག་པོ་བྲིས་འདུག་ད་དུང་གང་མང་འབྲི་རོགས།

    Reply
  38. འཇམ་དཔལ་རྣོན་པོ་། says:
    ལོ་ 15 སྔོན།

    རེད་རེད། ཟམ་གདོང་བླ་མས་༸་གོང་ས་མཆོག་ལ་ཡེ་ཤེས་དབྱིངས་དཔྱད་བྱེད་པའི་དབང་ཚད་ཡོད་མིན་དང་། ༸་གོང་ས་བཀའ་མཆོག་གི་བཀའ་ལ་བརྩི་བཀུར་བྱེད་ཀྱིན་ཡོད་དམ་མེད་ཅེས་པའི་འཇིགས་སྐུལ་བྱས་ཏེ་གཙོ་ལན་འདེབས་གནང་གིན་འདུག

    Reply
  39. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    མི་མང་བོས་བརྒྱ་བཤད་ཚིག་གི་རྩ་བ་དང་སྟོང་དཀྲུག་འོ་མའི་མར་ལོ་འདི་རེད། ངས་འདི་ལྟ་བུའི་རྩོམ་ཡིག་མང་ཙམ་ཀློག་ཐུབ་རྒྱུར་རེ་བ་བྱེད་ཀྱིན་ཡོད། བུ་རྒོད་པོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese