མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་དེ་སོ་སོའི་རྒྱལ་ཁབ་ཀྱི་ལངས་ཕྱོགས་ལ་བསྒྱུར་ཐབས་གནང་རོགས།

བོད་ཀྱི་དུས་བབ།
༢༠༡༠/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གཞུང་གི་གནོན་ཤུགས་དེ་དག་འཚེ་བ་མེད་པ་ཙམ་མིན་པར་ཆོད་སེམས་བརྟན་པོའི་ཐོག་གདོང་ལེན་བྱ་དགོས། དེ་ལྟར་མ་བྱུང་ཚེ་བོད་ཀྱི་ལས་འགུལ་དང་ྋགོང་ས་མཆོག་འཛམ་གླིང་གང་སར་ཆིབས་བསྒྱུར་བསྐྱང་རྒྱུར་སྐུ་ངལ་འཕྲད་རྒྱུའི་གནས་སྟངས་ཆགས་མི་སྲིད་པ་མ་རེད། བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་དེ་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོའི་རྒྱལ་ཁབ་ཀྱི་ལངས་ཕྱོགས་དང་ཆ་ཤས་ཀྱི་ངོ་བོར་འགྱུར་ཐུབ་རྒྱུར་འབད་བརྩོན་གནང་དགོས་ཅེས་བཀའ་ཁྲི་མཆོག་གིས་གསུངས།

ཕྱི་ཚེས་ ༢༦ ནས་ ༢༨ བར་གྱི་ཉིན་གསུམ་རིང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་དྲ་བས་གོ་སྒྲིག་འོག ཨེ་ཤ་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དེ་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གཙོས། ཕྱི་དྲིལ་བཀའ་བློན་དང་ཕྱི་འབྲེལ་དྲུང་ཆེ་མཆོག དེ་བཞིན་ཨེ་ཤ་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་མི་དང་བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་མི་བཅས་ལྷན་འཛོམས་ཐོག་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་སྐོང་འཚོགས་གནང་ཡོད་ལ། ཚོགས་འདུའི་ཚོགས་མཛད་སྒོའི་སྟེང་བཀའ་ཁྲི་མཆོག་ཆེད་ཕེབས་ཀྱིས་བཙན་བྱོལ་བོད་གཞུང་དང་རྒྱ་ནག་དབང་འཛིན་པའི་བར་གྱི་འབྲེལ་ལམ་གྱི་གནས་བབ་དང་འབྲེལ་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་གསུང་བཤད་གནང་ཡོད། ཉིན་དེར་བཀའ་ཁྲི་མཆོག་གིས། བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་རང་དབང་ཅན་དང་དང་བླངས་སྡེ་ཚན་ཞིག་ཡིན་སྟབས། བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་ཡུལ་དང་ལས་དོན་བྱེད་ཕྱོགས་ཐད་ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་དུས་ནམ་ཡང་ཐེ་བྱུས་དང་ལམ་སྟོན་གནང་གི་མེད། ཡིན་ནའང་། ྋགོང་ས་མཆོག་གིས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་ང་ཚོའི་སྐྱབས་བཞི་པ་དེ་ཡིན་ཞེས་བཀའ་སློབ་བསྩལ་བ་ནས་བཟུང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ད་ལྟའི་བར་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་ཞིང། བོད་ཀྱི་བདེན་དོན་དང་འབྲེལ་བའི་ལས་འགུལ་རྒྱུན་འཁྱོངས་ཡུན་གནས་བྱེད་ཐུབ་ཡོད། ཅེས་གསུངས་བྱུང་བ་དང་། ཡང་བཀའ་ཁྲི་མཆོག་གིས་ཉེ་ལམ་རྒྱ་ནག་གཞུང་གི་དཔལ་འབྱོར་གྱི་གནོན་ཤུགས་འོག་ནུབ་ཕྱོགས་རྒྱལ་ཁབ་མང་པོར་དཀའ་ངལ་འཕྲད་ཀྱིན་ཡོད་པར་བརྟེན། བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གཞུང་གི་གནོན་ཤུགས་དེ་དག་འཚེ་བ་མེད་པ་ཙམ་མིན་པར་ཆོད་སེམས་བརྟན་པོའི་ཐོག་གདོང་ལེན་གནང་དགོས་པ་དང་། གལ་ཏེ། དེ་ལྟར་མ་བྱུང་ཚེ་བོད་ཀྱི་ལས་འགུལ་དང་ྋགོང་ས་མཆོག་འཛམ་གླིང་ས་གནས་གང་སར་ཆིབས་བསྒྱུར་བསྐྱང་རྒྱུར་སྐུ་ངལ་འཕྲད་རྒྱུའི་གནས་སྟངས་ཆགས་མི་སྲིད་པ་མིན་པའི་སྐོར་དང་། མ་འོངས་པར་ལོ་བཅུ་ཕྲག་དྲུག་ཙམ་འགོར་ཡང་བོད་ཀྱི་གནད་དོན་དེ་སེལ་མ་ཐུབ་བར་དུ་བོད་དོན་རྒྱབ་སྐྱོར་བ་ཚོས་སེམས་ལ་དངངས་འཚབ་མ་གནང་བའི་ཐོག་བོད་དོན་ལས་འགུལ་དེ་རྒྱུན་འཁྱོང་ཐུབ་རྒྱུར་ཐབས་ལམ་ཇི་འདྲ་འཚོལ་དགོས་མིན་དང་མི་རབས་གསར་པ་ཚོར་ལས་འགུལ་དེ་རྩིས་སྤྲོད་ཇི་ལྟར་གནང་དགོས་མིན་ཐོག་བསམ་བློ་གཏོང་དགོས་པ་དང་། ད་ལྟའི་བར་བོད་དོན་རྒྱབ་སྐྱོར་ཐོབ་པ་རྣམས་མང་ཚོགས་ཀྱིས་བོད་མི་ཚོར་བྱམས་སྙིང་རྗེ་དང་དྲང་བདེན་ལ་གཞི་བཅོལ་ནས་རྒྱབ་སྐྱོར་ཐོབ་པ་ཞིག་ཡིན་པ་དང༌། ད་ཆ་དེ་ཙམ་གྱིས་མི་ཆོག་པར་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་དེ་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོའི་རྒྱལ་ཁབ་ཀྱི་ལངས་ཕྱོགས་དང་ཆ་ཤས་ཀྱི་ངོ་བོར་འགྱུར་ཐུབ་རྒྱུར་འབད་བརྩོན་གནང་དགོས་ཞེས་གསུངས་བྱུང་། 

ཐེངས་འདིའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་དྲ་བས་གོ་སྒྲིག་གནང་བའི་ཚོགས་འདུའི་བརྗོད་གཞི་དང་འབྲེལ་བའི་ཐོག་འདི་གའི་གསར་འགོད་པས་གོ་སྒྲིག་པ་འཇམ་དབྱངས་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས། ང་ཚོ་བོད་དོན་རྒྱབ་སྐྱོར་དྲ་པས་སྔོན་མར་ཨ་རི་དང་ཡུ་རོབ་རྒྱབ་ཁབ་ཁག་ཏུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་མང་འཚོགས་ཡོད་ཀྱང་། ཐེངས་འདིར་དམིགས་བསལ་ཨེ་ཤ་ཡའི་ས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་མཉམ་རུབ་ཐོག་བོད་ནང་གི་བོད་མི་ཚོའི་ད་ལྟའི་ཛ་དྲག་གི་གནས་སྟངས་དང་མཐུན་པའི་ལས་དོན་བྱེད་ཕྱོགས་དང་། མ་འོངས་པར་ཨེ་ཤ་ཡའི་ནང་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་སྔར་ལས་ལྷག་པའི་ནུས་པ་གང་འདྲ་ཞིག་འདོན་དགོས་མིན། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་མཉམ་རུབ་ཀྱིས་ཅི་ཞིག་བསྒྲུབ་ཐུབ་མིན་སོགས་ཀྱི་ཐད་བགྲོ་གླེང་གོ་བསྡུར་དང་རྡོག་རྩ་གཅིག་སྒྲིལ་བྱ་ཆེད་ཡིན། ཐེངས་སྔོན་མ་ ༢༠༠༨ ལོར་རྒྱ་གར་ནང་སྐོང་འཚོགས་གནང་བ་ཡིན་ལ། ཐེངས་འདིར་ཨེ་ཤ་ཡའི་རྒྱལ་ཁབ་ཐའེ་ཝན་དང་ཧོང་ཀོང། བྷང་ལ་ངྷེ་ཤི། ཉི་ཧོང། རྒྱ་གར་བཅས་རྒྱལ་ཁབ་ལྔ་ལྷག་གི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་མི་དང་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་བཅས་མི་ ༡༠༠ མ་ཟིན་ཙམ་འདུ་འཛོམས་བྱུང་སྟེ་བགྲོ་གླེང་གོ་བསྡུར་ལྷུག་པོར་གནང་ཡོད། ཅེས་བརྗོད་བྱུང།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༣ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༧ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༧ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 8

  1. སྨར་ཁམས་བུ། says:
    ལོ་ 16 སྔོན།

    ང་རང་ཚོ་བོད་མི་ཞིག་ཡིན་པ་དབང་གི་བོད་དོན་གྱི་ལས་འགུལ་འདྲ་ཞིག་གནང་སྐབས་༸གོང་ས་མཆོག་གི་མཚན་དང་བཀའ་སློབ་བདེ་སྤྱོད་གནང་ན་ལས་དོན་གང་ཡང་སྒྲུབ་ཐུབ་ཀྱི་མ་རེད།
    དཔེར་ན་གོང་གི་བསྟན་པ་ཚེ་རིང་ལགས་ཀྱི་གསུང་པ་ལྟར་ཡིན་ནོ།

    Reply
  2. རྐང་གསུམ། says:
    ལོ་ 16 སྔོན།

    གང་ལྟར་འདི་ནི་ང་ཚོ་བོད་མི་ཁྲི་མ་འབུམ་གྱིས་སེམས་དབུས་སུ་འཛིན་དགོས་པའི་་གནད་དོན་གལ་ཆེན་ཞིག་རེད། དེ་འདྲ་ཡིན་དུས་ཁྱེད་ཚོ་དྲ་ཁང་དུ་ཡོང་ཡོད་ན་རེད་མེད་ན་རེད་གང་ལྟར་བོད་མི་ཞིག་ཡིན་དུས་རང་གི་བསམ་ཚུལ་གང་ཡོད་དྲ་ཐོག་ལ་སྤེལ་ཐུབ་ཡོད་མེད་གང་ཡིན་རུང་སོ་སོའི་བསམ་ཚུལ་དེ་གངས་ཅན་པ་ཕྱི་ནང་གང་ན་ཡོད་པ་དེ་རུ་གླེང་དགོས་པ་ད་ལྟའི་བོད་མི་ཚོའི་ལས་འགན་གལ་ཆེན་ཞིག་རེད།།

    Reply
  3. tasshi says:
    ལོ་ 16 སྔོན།

    གངས་སྤྲེལཚ་ལགས། ཁྱེད་ཀྱིས་ཟམ་གདོང་གསུང་དེ་རིན་གོང་ཆུང་རུ་འགྲོ་ན། ཁྱེད་དེ་ལས་ལྷག་པའི་་རིན་གོང་ཆེན་པོ་ཞིག་བཀའ་སློབ་གསུང་རྒྱུ་ཡོད་ན་བརྗོད་ཆོག་པ་ལས། དེ་མིན་ཁ་སྟོང་གི་སྐད་ཆེ་དེ་རིག་མགསུང་ན་ལོ།

    Reply
  4. སྲས་མོ་མེ་ཏོག says:
    ལོ་ 16 སྔོན།

    ལྷ་མོ་ལགས་ཁྱེད་དུས་བབ་ཚང་གི་ལས་བྱེད་ཡིན་དང་་མིན་གལ་སྲིད་མིན་ན་འདི་ལྟར་བཤད་དོན་ཅི་ཡིན་ངས་ཧ་གོ་མ་སོང ་། དུས་བབ་ཚང་གི་སྒྲིག་གཞི་གཤམ་ལ་གསལ་པོར་བྲིས་དང་དེ་ཁྱེད་ཀྱི་མ་མཐོང་བ་ཨེ་རེད།

    Reply
  5. ལྷ་མོ། says:
    ལོ་ 16 སྔོན།

    དུས་བབ་ཀྱི་བེད་སྤྱོད་ཁྲིམས་གཞི།

    གཤམ་གྱི་སྲུང་བྱ་དག་ངེས་པར་གཙི་དགོས།
    ༡། ཡིག་འཁྱམ་དང་ཡིག་འབུ། ཁེ་ཚོང་ཁྱབ་བསྒྲགས་ཀྱི་ངོ་བོ་ཡོད་པའི་དངོས་ཟོག་དང་བརྡ་འཕྲིན་རིགས་ཐད་འགོད་དང་འདྲེན་འགོད་བྱ་མི་ཆོག
    ༢། གཞན་ལ་གནོད་པ་དང་། འཇིགས་སྐུལ། མཚང་འདྲུ། མིང་ཤོས། ཕྲ་མ། བསླུ་བྲིད། ཆགས་སྲེད། ཚིག་རྩུབ། སྒྲོ་སྐུར་ཡོད་པའི་བརྡ་འཕྲིན་དང་ཁྲིམས་འགལ་གྱི་རྒྱུ་ཆ་རིགས་བཀོད་མི་ཆོག
    ༣། བོད་ཀྱི་དུས་བབ་ལས་བྱེད་དང་དྲ་རྒྱའི་གླེང་སྟེགས་ཀྱི་སྐུ་མགྲོན་དང་མགོ་འཛིན་པ་གང་རུང་ལ་བརྫུ་བའམ་མིང་དང་མཚན་གནས་བརྐུས་ཏེ་ངོ་ཚབ་བྱ་མི་ཆོག
    ༤། བརྡ་འཕྲིན་དང་རྒྱུ་ཆ་ངོ་མ་གང་རུང་གི་ཁུངས་མར་བརྫུ་མི་ཆོག
    ༥། དྲ་ངོས་ནས་ཚོགས་མི་གཞན་གྱི་སྒེར་དབང་རྒྱུ་ཆ་རིགས་བརྐུ་བའམ་དེར་གསོག་ཉར་བྱ་མི་ཆོག
    ༦། གླེང་སྟེགས་དང་དེའི་བརྗོད་གཞི་ལ་འབྲེལ་བ་མེད་པའི་བརྡ་འཕྲིན་འདྲེན་འགོད་དང་འགྲེམ་འགོད་བྱ་མི་ཆོག
    ༸། གླེང་སྟེགས་ནང་གི་མི་གཞན་པར་སྟངས་འཛིན་དང་འགོག་རྒོལ་བྱ་མི་ཆོག
    ༨། མི་རིགས་དང་རིགས་རུས། ཆོ་འབྲང་། ཆོས་ལུགས། ལས་རིགས། ལུང་ཚན། ཕོ་མོ། ལོ་ཚོད། ཁྱིམ་བརྒྱུད་བཅས་ཀྱི་ཐད་ནས་དམའ་འབེབས་དང་ཁྱད་གསོད་བྱ་མི་ཆོག
    ༩། ཡུལ་ལུང་དང་ས་ཁུལ། རྒྱལ་ཁབ། རྒྱལ་སྤྱི་བཅས་ཀྱི་ཁྲིམས་དང་སྒྲིག་གཞི། ལམ་ལུགས། བཀའ་ཁྱབ་བཅས་ལ་གཏོར་བརླག་དང་གཏོར་བརླག་བྱ་བར་བརྒྱུད་སྐུལ་བྱ་མི་ཆོག
    ༡༠། གནད་དོན་རྩོད་གླེང་བྱོས། འོན་ཀྱང་། འཁོན་འཛིང་མ་བྱེད། བསམ་ཚུལ་དང་འདོད་ཕྱོགས་ཀྱིས་ཁེངས་པའི་སྤྱི་ཚོགས་ཤིག་ཏུ། མི་རྣམས་ཀྱི་འཐད་ཕྱོགས་མི་འདྲ།
    ༡༡། ཁྱོད་རང་གིས་གླེང་སྟེགས་སྟེང་སྤེལ་བའི་བརྡ་འཕྲིན་དང་རྒྱུ་ཆའི་ནང་དོན་ལ་ཁྱེད་རང་ཁོ་ནས་འགན་འཁྱེར་དགོས། བོད་ཀྱི་དུས་བབ་ཀྱིས་ཁྱོད་ཀྱི་བརྡ་འཕྲིན་མཐའ་དག་གི་ནང་དོན་ལ་ཞིབ་བཤེར་བྱེད་མི་ཐུབ་པས་བརྡ་འཕྲིན་གྱི་ནང་དོན་དང་རྗེས་འབྲས་ལ་འགན་ལེན་མི་བྱེད། འོན་ཀྱང་། ག་དུས་དགོས་གལ་ལ་ཐུག་དུས་ཁྱོད་ཀྱི་བརྡ་འཕྲིན་དེ་གསུབ་པ་དང་སྤོར་བ། བཅོ་སྒྲིག་སོགས་བྱེད་རྒྱུའི་ཐོབ་ཐོང་ཡོད་དགོས་པ་མ་ཟད། ཁྱོད་རང་དྲ་ངོས་འདིའི་གླེང་སྟེགས་ནས་ཕྱིར་འབུད་བྱེད་པའི་དབང་ཚད་ཀྱང་ཡོད་དགོས།

    གོང་གི་སྲུང་བྱ་ཁག་ལ་དུས་བསྟུན་འགྱུར་ལྡོག་དང་བསྒྱུར་བཅོས་བྱེད་སྲིད་པས་རྒྱུན་ཏུ་ནས་ཐུགས་སྣང་བྱེད་རོགས།

    དུས་བབ་རྩོམ་སྒྲིག་པ་ལགས། སྟངས་འཛིན་བྱེད་ཀྱི་ཡོད་པ་གོ་ཐོས་བྱུང་བས་ཧ་ཅང་དགའ་པོ་བྱུང་། དུས་བབ་ཀྱི་བེད་སྤྱོད་ཁྲིམས་གཞི་ཟེར་བའི་ནང་འདུག དེར་བརྟེན་འདི་དྲ་གྲོགས་ཚང་མས་ཤེས་ན་ཡག་པོ་འདུག མ་ཟད་ཚང་མ་ལག་བསྟར་ནན་པོ་བྱས་ན་ཡག་པོ་འདུག

    Reply
  6. kunsal says:
    ལོ་ 16 སྔོན།

    བཀའ་ཁྲི་མཆོག་གི་གསུང་བཤད་ནང་ད་ལྟའི་བར་བོད་དོན་རྒྱབ་སྐྱོར་ཐོབ་པ་རྣམས་མང་ཚོགས་ཀྱིས་བོད་མི་ཚོར་བྱམས་སྙིང་རྗེ་དང་དྲང་བདེན་ལ་གཞི་བཅོལ་ནས་རྒྱབ་སྐྱོར་ཐོབ་པ་ཞིག་ཡིན་པ་དང༌། ད་ཆ་དེ་ཙམ་གྱིས་མི་ཆོག་པར་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་དེ་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོའི་རྒྱལ་ཁབ་ཀྱི་ལངས་ཕྱོགས་དང་ཆ་ཤས་ཀྱི་ངོ་བོར་འགྱུར་ཐུབ་རྒྱུར་འབད་བརྩོན་གནང་དགོས་ཞེས་གསུངས་པ་ནི་རིན་གོང་ཆུང་དུ་བཏང་བ་ཞིག་མ་རེད་སྙམ། དེ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པ་སོ་སོའི་ལས་འགུལ་གྱི་ངོ་བོ་དེ་རྒྱལ་ཁབ་དེ་དང་དེའི་སྲིད་བྱུས་ཀྱི་ངོ་བོར་འགྱུར་ཐབས་གནང་དགོས་གསུངས་པ་རེད་སྙམ།

    Reply
  7. གངས་སྤྲེལ་ཚ། says:
    ལོ་ 16 སྔོན།

    ཟམ་གདོང་བླ་མའི་བོད་དོན་ཉིན་རེ་བཞིན་རིན་གོང་ཆུང་རུ་ཆུང་རུ་འགྲོ་ཁུ་ཡོད། ཚོང་པ་ཡོད་ན་ཕེབས་ཤོག གོང་སླ་ཁུ།

    Reply
  8. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 16 སྔོན།

    དངོས་ཉིད་གཏམ་བཟང་རེད་བཀྲ་ཤིས་ལོ་ལེགས་ཀྱི་གཏམ་བཟང་ཡིན། ཟམ་གདོང་བླ་མ་ཁོང་སྙིང་དབུས་ནས་གུས་སྟོད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese