མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧རྒྱལ་བ་རིན་པོ་ཆེའི་བཞུགས་ཁྲི། བསྟན་འཛིན་ཕན་བདེ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp

 

བསྟན་འཛིན་ཕན་བདེ། རྡ་ས།

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༧༩ ནང་ཁང་གསར་རྡོ་རྗེ་ལགས་ཀྱི་དགོངས་ཚུལ་འགོ་བརྗོད་དུ། བསམ་ཚུལ་འབུར་འཇོམས་དང་འུར་རྒྱག་པ་ཞེས་པའི་རྩོམ་ཞིག་བཀོད་འདུག  ངས་བསམ་ཚུལ་འདི་རིགས་ལ་གུས་བཀུར་ཞུ་གི་ཡོད་པས་འདི་ནས་ཁོང་དང་བསམ་ཚུལ་བརྗེ་ལེན་བྱ་འདོད་བྱུང། ཚེ་སྲོག་གི་འགྲོ་གྲོན་མེད་པའི་ང་ཚོའི་མང་གཙོའི་ལམ་སྲོལ་དེ་ནི་རིན་ཐང་ལྡན་པ་ཞིག་ཏུ་ངས་མཐོང་གི་མེད། འཛམ་གླིང་མང་གཙོའི་རྒྱལ་ཁབ་ཁག་གི་མང་གཙོའི་ལོ་རྒྱུས་ཀྱི་ས་ཚུགས་རེ་ནས་མི་མང་གི་རྐང་རྗེས་རེ་མཐོང་རྒྱུ་ཡོད་ཀྱང་ང་ཚོའི་མང་གཙོའི་ས་ཚུགས་རེ་ན་ཏཱ་ལའི་བླ་མའི་ཞབས་རྗེས་རེ་མ་གཏོགས་མཐོང་རྒྱུ་མེད། ང་ཚོའི་མང་གཙོ་ནི་ཏཱ་ལའི་བླ་མས་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་གསོལ་རས་གནང་བར་ངས་ཡིད་ཆེས་བླ་མེད་ཞུ་བཞིན་ཡོད། གལ་ཏེ་ཏཱ་ལའི་བླ་མས་མི་དམངས་ཀྱིས་གསོལ་རས་མ་ཞུས་བར་དུ་སྒུག་བསྡད་ནས་དུས་ཚོད་ཀྱིས་སྒུག་མ་ཐུབ་པར་སོང་གསོལ་རས་མ་ཞུས་གོང་ནས་གསོལ་སྩལ་གནང་བ་ཞིག་ཡིན་འདུག སྐུ་ཉིད་ནས་ང་ཚོའི་སྤྱི་ཚོགས་ནང་མི་མངོན་པའི་སྒྲོམ་གཞི་ཞིག་གྲུབ་ཡོད། ཅེས་གསུངས་འདུག་པ་ལ་ངའི་ལྟ་ཚུལ་བྱས་ན་སྐུ་ཉིད་ནས་ཏཱ་ལའི་བླ་མའི་བཞུགས་ཁྲི་རིན་པོ་ཆེར་གསུང་གི་མེད་དམ་སྙམ། ༸གོང་ས་ལྔ་པ་ཆེན་པོ་ནས་བཟུང་ཏཱ་ལའི་བླ་མ་རིམ་བྱོན་གྱི་བཞུགས་ཁྲི་ནི་རྒྱལ་ཁབ་ཅིག་གི་ཆོས་སྲིད་ཀྱི་བཞུགས་ཁྲིའི་ངོ་བོར་གྱུར་བས་བཞུགས་ཁྲི་དེའི་སྟེང་བཞུགས་མཁན་ནི་རང་རྒྱལ་གྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་བཙན་བྱོལ་ཏུ་ཕེབས་རྗེས་ཏཱ་ལའི་བླ་མའི་སྔར་ཡོད་ཀྱི་བཞུགས་ཁྲི་རིན་པོ་ཆེའི་གནས་བབས་ཕྱིར་བསྡུ་མཛད་ཅིང། ཏཱ་ལའི་བླ་མ་དང་མཉམ་དུ་བཙན་བྱོལ་ཏུ་ཕེབས་བའི་གཞུང་ས་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་ལམ་སྲོལ་མང་གཙོ་ཅན་དུ་བཅོས་བསྒྱུར་བཏང་ཡོད། ༸གོང་ས་མཆོག་གིས་རིམ་པས་ཏཱ་ལའི་བླ་མའི་བཞུགས་ཁྲིའི་གནས་བབས་ཡོང་རྫོགས་ཕྱིར་བསྡུ་གནང་རྒྱུའི་འབད་པ་གནང་ཡང་ཁོང་གི་མངའ་འབངས་ཚོས་བོད་ཀྱི་ཆོས་སྲིད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་སྐུ་དབང་ཡང་བསྐྱར་ཏཱ་ལའི་བླ་མར་ཕུལ་ཡོད། ཏཱ་ལའི་བླ་མ་ཅི་བྱ་གཏོལ་མེད་དུ་གྱུར་ཀྱང་བྱ་ཐབས་བྲལ་ནས་ལོ་ངོ་འདི་དག་རིང་བོད་ཀྱི་ཆབ་སྲིད་ཀྱི་གནས་དོན་མང་པོ་ཐག་གཅོད་གནང་དགོས་བྱུང་ཡོད། ཐག་གཅོད་དེ་ཚོ་མ་གནང་གོང་དུ་མི་མང་ལ་བསམ་ཚུལ་ཇི་ཡོད་གོ་བསྡུར་ཞུས་ཡོད་ཀྱང་མི་མང་ནས་༸གོང་ས་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་གནང་བ་དེ་རང་ལ་འདོད་བབས་ཡོད་ཚུལ་བརྗོད་ནས་བོད་ཀྱི་གནས་དོན་ཡོངས་རྫོགས་ཏཱ་ལའི་བླ་མའི་ཕྲག་སྟེང་དུ་བསྐྱལ་ཡོད། ཡིན་ནའང་མི་མང་གི་འཐུས་མི་ལྷན་འདུས་ཀྱི་ཁྲིམས་བཟོ་ལྷན་ཚོགས་ནང་དུ་ཏཱ་ལའི་བླ་མའི་ཡེ་ཤེས་དབྱིངས་དཔྱད་ལ་ལབ་གླེང་མང་པོ་བྱུང་དང་འབྱུང་བཞིན་ཡོད། གྲོས་ཚོགས་ཀྱི་འཐུས་མི་རྣམས་ནི་མི་མང་གི་འཐུས་ཚབ་ཡིན་པས་ཁོ་ཚོའི་རྣམ་འགྱུར་དང་སྐད་ཆ་དེ་ཚོ་མི་སྒེར་གྱི་སྐད་ཆ་དང་རྣམ་འགྱུར་དུ་ངོས་འཛིན་བྱེད་ཐབས་མེད། ད་ནི་ཏཱ་ལའི་བླ་མ་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་ལྷུང་ཡོད། ཏཱ་ལའི་བླ་མས་རང་གི་དགུང་ནའི་བབ་དང་བསྟུན་ནས་རྒན་ཡོལ་གྱི་གུ་ཡངས་ཡོང་བའི་རེ་བ་བྱས་ཀྱང་བོད་མི་ཚོས་དགོངས་འཁྲོལ་གནང་མེད། ལོ་རྒྱུས་འདི་ཚོ་ཡིག་རྙིང་བཙལ་ནས་ཞིབ་འཇུག་བྱ་མི་དགོས་པར་ང་ཚོ་རང་ཉིད་ཀྱིས་མིག་མཐོང་ལག་ཟིན་ཐུབ་པ་ཤ་སྟག་ཡིན། གནས་བབས་འདི་འདྲའི་འོག་ཏཱ་ལའི་བླ་མས་བོད་ཀྱི་གནས་དོན་མང་པོ་ཐག་གཅོད་གནང་ཡོད་ཅིང་ཐག་གཅོད་དེ་དག་སྐུ་ཉིད་ལྟ་བུའི་མི་མང་པོའི་འདོད་པར་བབས་ཐུབ་པ་བྱུང་མེད། ངའི་ངོས་ནས་བཤད་ནའང་འཛམ་གླིང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ནང་སྙན་གྲགས་ཧ་ཅང་ཆེ་བའི་ཏཱ་ལའི་བླ་མ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་༸རྒྱལ་བ་དོན་གྱི་བདག་པོ། སྤྱི་ནོར། གཙུག་ནོར་སོགས་དོན་སྟོང་གི་ཐ་སྙད་མང་པོའི་དྲ་བའི་ནང་ཁེར་རྐྱང་དུ་ཧ་ཅང་ཡ་ང་ཞིང་ཡིད་སྐྱོ་དགོས་པའི་གནས་སུ་གྱར་འདུག  ད་ནི་འབྱུང་འགྱུར་གྱི་ལོ་ངོ་ལྔ་བཅུའི་ནང་ཚུད་དུ་ཏཱ་ལའི་བླ་མ་མཆོག་སོ་ཁི་ར་ཐི་SOCRATES ལྟར་ནག་ཉེས་སྣ་ཚོགས་ཤིག་འཁུར་ཏེ་ཁྲིམས་ཁང་གི་མདུན་དུ་ལངས་ནས་བཟོད་གསོལ་ཞུ་དགོས་པའི་དུས་ལའང་སླེབས་ཉེན་འདུག

ལོ་རྒྱུས་ཀྱི་བཞིན་རས་འདི་ཚོ་ཡིད་ལ་འཁོར་དུས་གལ་ཏེ་སྐུ་ཉིད་ནས་ང་ཚོའི་སྤྱི་ཚོགས་ནང་མི་མངོན་པའི་སྒྲོམ་གཞི་ཞིག་གྲུབ་ཡོད། ཅེས་གསུང་པའི་སྒྲོམ་གཞི་དེ་ངས་གོང་དུ་ཞུས་པ་ལྟར་ཏཱ་ལའི་བླ་མའི་བཞུགས་ཁྲིར་གོ་དགོས་ན་ངས་ལོ་རྒྱུས་ཀྱི་བདེན་དཔང་ཐོག་ནས་ནམ་ཡང་ངོས་ལེན་བྱ་ཐུབ་མ་སོང་བས་གུ་ཡངས་གནང་རོགས། ཡང་སྐུ་ཉིད་ཀྱི་དགོངས་ཚུལ་གྱི་འགོ་བརྗོད་དུ་བསམ་ཚུལ་འབུར་འཇོམས། ཞེས་བཀོད་པ་དེར་གོ་བ་ལེན་སྐབས་ཏཱ་ལའི་བླ་མའི་གསུང་འཕྲིན་གྱིས་སྐུ་ཉིད་ལྟ་བུ་བསམ་ཚུལ་འཛིན་མཁན་ལ་འབུར་འཇོམས་བྱེད་ཀྱི་ཡོད་པར་བརྗོད་འདུག་སྙམ། ཕྱོགས་གཅིག་ནས་ཏཱ་ལའི་བླ་མས་ཡེ་ཤེས་དབྱིངས་དཔྱད་ལ་རྣམ་འགྱུར་ཤུགས་ཆེ་ཡོད་པས་ཏཱ་ལའི་བླ་མས་འུ་ཐུག་གི་ལམ་ནས་གསུང་སྐད་ཤུགས་ཆེ་ཙམ་ཞིག་སྐྱོན་སྐབས་སྐུ་ཉིད་ལྟ་བུས་བསམ་ཚུལ་འབུར་འཇོམས་བྱེད་ཀྱི་འདུག་གསུང་ན་ནི་ཏཱ་ལའི་བླ་མས་ཇི་ལྟར་བྱས་ན་ཚང་མའི་ཐུགས་དགོངས་དྭངས་པ་ཞིག་ཡོང་གི་རེད་དམ། དོན་དངོས་ཐོག་ཏཱ་ལའི་བླ་མ་ནི་བཙན་བྱོལ་བོད་མིའི་ངེས་དོན་གྱི་བྲན་གཡོག་ཅིག་ཏུ་གྱུར་འདུག  རྒྱ་གཞུང་ནས་ཏཱ་ལའི་བླ་མར་མི་བྱེད་པ་བཞི་སོགས་ཀྱི་ཆ་རྐྱེན་སྟོན་ཡོད་ལ། བཙན་བྱོལ་བོད་མི་ཚོས་ཀྱང་ཏཱ་ལའི་བླ་མར་བྱེད་དགོས་ལ་བཤད་མི་ཆོག་པ་དང་། བསམ་དགོས་ལ་ལག་བསྟར་མི་ཆོག་པ་སོགས་ཀྱི་ཆ་རྐྱེན་བཏོན་ཡོང་གི་འདུག  ད་ཆ་ཏཱ་ལའི་བླ་མ་ནི་བཙན་བྱོལ་བོད་མིའི་དཀྱིལ་འཁོར་གྱི་རྭ་བའི་ནང་རང་དབང་བྲལ་བའི་དུས་རབས་འདིའི་བྲན་གཡོག་ཅིག་ཏུ་གྱུར་ཡོད། ད་ལྟའི་ཆར་ངས་འདི་ལས་བསམ་ཐུབ་མ་སོང་བས་སྐུ་ཉིད་ལ་དགོངས་ཚུལ་གང་ཡོང་ལྷུག་སྩོལ་ཡོད་པ་ཞུ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 17

  1. ཕྱོགས་གླང། says:
    ལོ་ 16 སྔོན།

    བོད་ཀྱི་དུས་བབ་གསར་ཤོག་ཀློག་གི་མེད་ཙང་ཞིབ་ཆའི་གནས་ཚུལ་ཤེས་ཀྱི་མེད། གལ་སྲིད་༼ འབུར་འཇོམས་དང་། འུར་རྒྱག་པ་༽ཞེས་པ་དེ་ཁ་སྔོན་༧རྒྱལ་བ་རིན་པོ་ཆེས་གྲོས་ཚོགས་ལ་སྩལ་བའི་གསུང་འཕྲིན་དེའི་སྐོར་གསུངས་ཀྱི་ཡོད་ན་གུས་པའི་བསམ་ཚུལ་ཞིག་མི་ཞུ་ཐབས་མེད་ཆགས་སོང་། ༧རྒྱལ་བ་རིན་པོ་ཆེར་གཞིས་བྱེས་བོད་མི་ ༩༩ % ལྷག་གིས་གུས་བརྩི་དང་། ཡིད་ཆེས་བློས་འགེལ་གཙང་མའི་ཐོག་ནས་རེ་བ་དང་། སྐྱབས་འཇུག་ཞུ་ཡུལ་གྱི་དབུ་འཁྲིད་བླ་ན་མེད་པ་འདི་ཡིན་ཙང་བོད་མིར་དཀའ་རྙོག་འཕྲད་སྐབས་ཐབས་ལམ་གཞན་གྱི་ཐོག་ནས་དཀའ་རྙོག་དེ་སེལ་རྒྱུར་ཐབས་ཤེས་མ་བྱས་པའམ། མ་ཐུབ་པའི་སྐབས་སུ་༧རྒྱལ་བ་རིན་པོ་ཆེས་ཐུགས་འགན་མ་བཞེས་པར་ཞལ་ཟས་ཁྱིས་འཁྱེར་ཀྱང་ལྷ་འཛུམ་དམུལ་དམུལ་བྱས་ནི་བཞུགས་དགོས་རེད་པས།
    གཞི་ནས་རྒྱ་ཆེའི་མང་ཚོགས་ཀྱིས་༧རྒྱལ་བ་རིན་པོ་ཆེར་ཡེ་ཤེས་གཟིགས་དཔྱད་གནང་རོགས་ཞེས་ཨུ་ཚུགས་རྒྱབ་ནས་འགན་དབང་ཡར་ཕུལ་དང་། འབུལ་བཞིན་པར་སོང་༧རྒྱལ་བ་རིན་པོ་ཆེས་ཐག་གཅོད་གང་གནང་ཡང་ང་ཚོ་ཁ་ལ་མཛུབ་མོ་བཅུགས་ཏེི་སྡོད་རྒྱུ་ལས་གཞན་མེད། མང་མོས་ཐག་གཅོད་ཐོག་འགྲོ་རྒྱུ་དེ་དམངས་གཙོའི་ལམ་ལུགས་རེད།
    དེས་མ་ཚད་སྔ་ལོའི་གྲོས་ཚོགས་ཀྱི་བྱུང་རྐྱེན་ལ་བལྟས་ན་ཡེ་ཤེས་གཟིགས་དཔྱད་ཀྱི་ཐབས་ལམ་དེ་དོན་དང་ལྡན་པའི་བསམ་བློ་ཡག་པོ་ཞིག་རེད་འདུག་བསམ་གྱི་ཡོད།

    Reply
  2. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 16 སྔོན།

    ལུང་རིགས་ལགས།
    གསུང་བྱོན་པ་ཙམ་གྱིས་ཐུགས་རྗེ་ཆེ།
    ངས་ཚུལ་ཁྲིམས་མཐར་ཕྱིན་གྱིས་མཆན་ཧྲུལ་དེ་དག་ཐེངས་བརྒྱ་ཕྲག་མང་པོ་བསུབས་པ་ཡང་ཁྱེད་ནས་མཁྱེན་གསལ་རེད། དེས་ཕན་གནོད་མེད་པ་ཡང་མཁྱེན་གསལ་རེད།

    ད་འདི་ཁྱེད་ཀྱི་ལག་ཏུ་ཡོད་པ་དང་ཁྱེད་ཀྱིས་གནང་ཐུབ་པ་དང་གནང་འོས་པའི་ལས་འགན་ཞིག་ཏུ་མཐོང་།

    གལ་ཏེ་ཁྱེད་ཀྱིས་སྟངས་འཛིན་དང་དམ་འཛིན་གནང་ན་མ་འོངས་སྔོན་འགོག་དང་། མ་གནང་ན་རྙོག་ཁྲ་འདི་ནང་བཞིན་འགོ་ནད་གདུག་པ་ཅན་ནམ་སྐྲན་ནད་ལྟ་བུར་མི་རེ་རེ་ནས་རྩ་མེད་བཟོས་ཏེ། རྗེས་མ་ཟིན་བྲིས་པ་གཅིག་ཀྱང་ལྷག་གི་མ་རེད།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    སྒོམ་སྡེ་ལྷ་རམས་པ་ལགས། རྩ་བའི་ཆ་ནས་ཟིན་བྲིས་ཀྱི་ནང་དུ་གཞན་གྱིས་བཏབས་པའི་མཆན་རྣམས་ཟིན་བྲིས་པ་དོ་བདག་སོ་སོ་ནས་གསུབ་ཐུབ་པའི་གདམ་ཀ་ཞིག་ཕུལ་ཡོད། དེ་ནི་ཟིན་བྲིས་ཀྱི་ནང་དུ་སོ་སོས་གང་བྲིས་པ་ཙམ་མིན་པར་གཞན་གྱི་མཆན་ལའང་སོ་སོས་འགན་འཁུར་རྒྱུའི་ཆེད་དུ་ཡིན།
    གསུབ་རྐྱང་བྱས་ན་འགྲིག་གི་རེད།

    དེ་མིན་སྐུ་ཉིད་ཀྱི་མཚན་ཐོག་ནས་མཆན་འདེབས་མཁན་དང་ཐོ་མིང་བཟོ་མཁན་ཁ་ཤས་བྱུང་། དེ་དག་ཚང་མ་དུས་ལྟར་བཀག་པ་ཡིན། རྗེས་ཕྱོགས་ཀྱང་འགོག་རྐྱང་བྱེད་ཆོག

    གནས་སྐབས་འདི་ཙམ་ཡིན།

    Reply
  4. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 16 སྔོན།

    དྲ་འབུ་དེ་དག་འགོག་གི་ཡིན་ན་ལག་ལེན་བསྟར་རན་འདུག

    ངའི་ཟིན་བྲིས་སུ་སྐོར་གཡེང་ལ་ལན་ཅིག་ཕེབས་གནང་རོགས།
    ངས་རང་དོན་བློས་བཏང་གིས་རང་གི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པར་ཞབས་འདེགས་སུ་བསམས་ནས་འདིར་འོངས་པ་ལས། ང་བྱེད་རྒྱུ་ཟད་ནས་འདིར་འོངས་པའམ་མིས་ཁ་བརྡུང་ཉོ་རུ་ཡོང་བ་མིན།

    Reply
  5. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 16 སྔོན།

    དྲ་དཔོན་མི་ནག་ཚང་ལུང་རིགས་རྒྱལ་ལགས།
    ངས་ཁྱེད་ལ་“ཚུལ་ཁྲིམས་མཐར་ཕྱིན”ཟེར་བའི་མི་ངན་འདིས་ངའི་མིང་བེད་སྤྱོད་བྱས་ཏེ་དབྱེན་དཀྲུག་གི་ལས་ཚབས་ཆེན་པོ་བཟོ་གི་འདུག མི་འདི་ལ་ཁ་བརྡ་བྱ་རོགས་ཞེས་གློག་འཕྲིན་ཐེངས་གསུམ་བསྐུར་བ་ཡིན་ཡང་། ཁྱེད་ཀྱིས་ང་ལ་ཨང་ལན་ཙམ་ཡང་གནང་མ་སོང་། དེ་ཁྱེད་རང་ཆེད་ལས་པ་ཞིག་ཡིན་པའི་ཆ་ནས་ཕྱག་ལས་གནང་སྟངས་དེ་ཞེ་དྲག་ཐབས་སྐྱོ་པོ་རེད།

    གཉིས་ནས་གལ་ཏེ་མི་ཞིག་གིས་རང་གི་ཆུང་མར་བཙན་གཡེམ་བྱེད་ན། དེ་ལ་གང་ཡང་མི་བྱེད་པར་མི་ཤེས་ཁུལ་གྱིས་ཡིབ་ནས་བསྡད་ན་ངོ་ཚ་དགོས་པའི་གནས་ཚུལ་ཞིག་མ་ཡིན་ནམ། ཁྱེད་རང་ཁོ་ཚོར་དེ་འདྲ་ཞེད་དགོས་དོན་ག་རེ་ཡིན་ནམ།

    ལྷག་པར་ཁོང་ཚོས་བདུན་ཕྲག་གསུམ་བཞིའི་རིང་སུན་གཙེར་ཚད་ལ་བརྒལ་བར་བྱས་ཏེ་ཟིན་བྲིས་སུ་ཕེབས་ནས་བགྲོ་གླེང་ལྷུག་པོ་གནང་མཁན་རྣམས་ཀྱང་རིམ་བཞིན་ནམ་མཁར་འཇའ་ཡལ་བ་ལྟར་ཡལ་སོང་། ད་སྒེར་གྱི་ཟིན་བྲིས་དེ་དག་མི་ངན་དེ་དག་གི་གད་སྙིགས་གཡུག་ས་དང་གསང་སྤྱོད་ལས་ཀྱང་བཙོག་པ་ཞིག་ཏུ་གྱུར་འདུག

    འོན་ཀྱང་ངས་དཔའ་ཁུམས་ནས་མི་སྡོད་པར་རྩོམ་ཡིག་སྤེལ་རྒྱ་ཆེ་རུ་བཏང་བ་ཡིན། ད་དུས་བབས་སུ་ཁག་གཉིས་དང་། ཁ་བརྡ་བཅས་ཁག་གསུམ་ལ་སྤེལ་རྒྱུའི་སེམས་སྐྱེས་བྱུང་། ད་དུང་འཆར་གཞི་མང་པོ་སྤེལ་དང་སྤེལ་མུས་ཡིན།

    ཁྱེད་རང་གིས་མཁྱེན་གསལ་ལྟར། ངའི་ཟིན་བྲིས་ཀྱི་མཆན་བུ་འདེབས་ས་དེ་དག་སྒོ་བརྒྱབ་དགོས་བྱུང་སོང་།
    དེ་རིང་ཁྱེད་ཀྱིས་༼དྲ་ངོས་འདིར་འགན་མི་འཁྱེར་བའི་མཆན་འདེབས་མཁན་དང་། གནས་ལུགས་རྒྱུ་མཚན་གསལ་བོ་མེད་པར་གཞན་ལ་ཟུར་ཟ་བྱེད་མཁན། གཞན་གྱི་དངོས་མིང་དང་སྨྱུག་མིང་སྤྱད་ནས་མཆན་འདེབས་མཁན་རྣམས་རིམ་པར་སྒོ་རྒྱག་གི་ཡོད༽ཅེས་རྫིག་པོ་ཞིག་གསུངས་འདུག ཡིན་གྱི་རེད་བསམས་ནས་ངས་ཟིན་བྲིས་ཀྱི་མཆན་བུ་འདེབས་ས་སླར་ཡང་སྒོ་ཕྱེས་པ་ཡིན། སྐར་ཆ་༡༠ཡང་འགོར་ལོང་བྱུང་མ་སོང་ཚུལ་ཁྲིམས་མཐར་ཕྱིན་ནས་མཆན་ཧྲུལ་དྲུག་ཙམ་བཏབ་ཟིན་འདུག

འཇིགས་སྐུལ་རིང་ལུགས་པར་རྒྱལ་ཁ་དང་འཇིགས་སྣང་ཆེ་དྲགས་ན་རྗེས་མ་ཕྱག་ལས་གནང་སྟངས་ཤེས་ཀྱི་མ་རེད་ད།

    Reply
  6. བཀྲ་ཤིས་སྒྲོལ་མ། says:
    ལོ་ 16 སྔོན།

    དེ་རིང་གུས་མོས་དུས་བབ་རྩོམ་སྒྲིག་པར་བསམ་ཚུལ་ཐུང་ཙམ་མི་བཤད་ཐབས་མེད་རེད། དུས་བབ་དྲ་རྒྱ་དེ་བོད་ཡིག་གི་གསར་འགྱུར་དྲ་བ་ཚད་ལྡན་དང་ལེགས་ཤོས་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད། འོན་ཀྱང་སྟབས་ཉེས་པ་ཞིག་ལ་ཉིན་ཤས་རིང་འདིར་བཅར་མ་ཐུབ་པའི་དུས་ཚོད་ཀྱི་བར་གསེང་ནས་བོད་ཀྱི་དུས་བབ་ཚང་གི་ངོ་གདོང་འགྱུར་བཞིན་འདུག ངས་ཚོད་དཔག་ནོར་མེད་ན་ཁོང་ཚང་ད་སྐབས་འགྱུར་བཞིན་པའི་མ་ཚད་གཞན་གྱི་ཁ་བཤད་དང་དབང་ཤུགས་ཀྱི་འོག་ཏུ་ལྷུང་ནས་སྨད་བཙོང་མའི་ལས་ལ་ཞུགས་རྒྱུའི་ལྟ་གོན་བྱེད་བཞིན་མེད་དམ་སྙམ། འདི་ལྟ་བུའི་དྲྭ་བའི་ཁོར་ཡུག་ཅིག་ན་ང་ཚོ་ལྷན་འཛོམས་བྱས་ཏེ་གླེང་འོས་པའི་གནད་དོན་རྣམས་ཞིབ་ཚགས་ངང་གསེད་བཀྲོལ་བྱེད་སའི་བརྒྱུད་ལམ་ཞིག་འདུག་གམ། ད་དུང་འདི་ལྟར་འགན་ཁུར་ཞེས་པའི་གཡོ་བརྫུས་ཀྱི་མིང་འདི་ཁུར་ནས་དྲ་བའི་རིག་གནས་དང་ཁོར་ཡུག་ལ་གཏོར་བརླག་བྱེད་རྒྱུ་ཡིན་ན་ཁྱོད་ཚོ་དང་དུས་གཏན་དུ་ཁ་མི་གྱེས་ཐབས་མེད་རེད།

    Reply
  7. སྲས་མོ་མེ་ཏོག says:
    ལོ་ 16 སྔོན།

    འཇིགས་བྲལ་བསྟན་འཛིན་ལགས་ཁྱེད་ཀྱི་ཞེ་འདོད་ལ་་མ་སོང་ན་རྩ་དོན་སྒྲུབ་མ་ཐུབ་རེད་དམ ། སུ་ཞིག་གིས་ཁྱེད་ཀྱི་རྩ་དོན་སྒྲུབ་བཅུག་མ་སོང་

    Reply
  8. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅། ་གང་ལྟ་ངས་་་་འདས་ཟིན་པའི་ལོ་རྒྱུས་ཀྱི་ཞན་ཆ་དག་༧གོངས་ས་མཆོག་གི་ཁུར་དགོས་པ་ལྟ་བུ་ཞིག་ལས་གོ་མ་སོང་།

    ངས་དེ་ལྟར་མི་འདོད
    ལོ་རྒྱུས་ཀྱི་ཁག་ངན་དག་ཁོང་གིས་ཁུར་བ་མ་རེད་ཁོང་ལ་བཀལ་བ་རེད

    Reply
  9. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    ལྷ་ཆབ་སྦྱིན་པ་ལགས་ལ་ཁག་མི་འདུག ཁ་སྔོན་ཡང་ཁོང་གི་མིང་བེད་སྤྱོད་བྱེད་མཁན་ཞིག་འདུག་ཟེར་ནས་སྐད་ཤོར་འདུག མིང་བརྐུ་བ་འདི་ཧ་ཅང་སྡུག་རེད། མ་གཞི་ནས་བཙན་བྱོལ་རང་དབང་ལུང་པའི་ནང་བཤད་དགོས་པ་དང་། ཞེད་དགོས་པ་གཉིས་ཀ་ཡོང་དགོས་དོན་མེད་པས་སྨྱུག་མིང་ཟེར་བ་བེད་མེད་ཞིག་རེད། སྔར་ང་ལ་ཡང་སྨྱུག་མིང་ཞིག་ཡོད། ལོ་བཅུ་ལྷག་ཕྱིན་སོང་། དེ་བེད་སྤྱོད་གཏོང་མ་མྱོང་། གང་ཡིན་ཟེར་ན། ངས་ག་དུས་ཡིན་ན་བཤད་དགོས་པ་དང་ཞེད་དགོས་པ་གཉིས་ཀ་ཡོང་རྒྱུ་ཡོད་མ་རེད་བསམ་གྱི་ཡོད།
    མ་འོངས་པར་དུས་བབ་དྲ་ཚིགས་ཀྱིས་ཟིན་བྲིས་པ་དང་། དྲ་འབུ་ཚོར་སྟངས་འཛིན་ནན་མོ་བྱེད་དགོས་ཀྱི་འདུག དྲ་འབུ་དེ་ཐོ་འགོད་གང་འདྲ་བྱས་ནས་བྱེད་ཀྱི་ཡོད་རེད། དུས་བབ་ཚང་གིས་དྲ་འབུ་སུ་ཡིན་ཤེས་པའི་ཐོག་ནས་འགན་ཁུར་དགོས་ཀྱི་རེད་བསམ་གྱི་འདུག དེ་མིན་འགན་ཁུར་མེད་པའི་མཆན་བུ་དང་། ཕུ་དཀྲུགས་འདའ་དཀྲུགས་ཀྱི་གཏམ་ཡན་ལུང་པ་གང་བྲིས་ཏེ་རྩ་དོན་ཐོག་གི་བགྲོ་གླེང་ཡང་འགྲོ་བཅུག་གི་མི་འདུག འདི་ཚོ་རྩ་བ་ནས་ཡག་པོ་མི་འདུག

    Reply
  10. དབྱངས་བུ། says:
    ལོ་ 16 སྔོན།

    གོང་གསལ་རྩོམ་ཡིག་ནང་གསལ་༼ད་ཆ་ཏཱ་ལའི་བླ་མ་ནི་བཙན་བྱོལ་བོད་མིའི་དཀྱིལ་འཁོར་གྱི་རྭ་བའི་ནང་རང་དབང་བྲལ་བའི་དུས་རབས་འདིའི་བྲན་གཡོག་ཅིག་ཏུ་གྱུར་ཡོད། ༽ཞེས་པར་གོ་རྒྱུ་ཆེན་པོ་འདུག་གམ། བསྟན་འཛིན་ཕན་བདེ་ལགས། ང་དང་ང་འདྲ་བའི་ཤེས་རྨོངས་རྣམས་ལ་ཁྱེད་ཀྱིས་འབྲེལ་བརྗོད་གསལ་ཙམ་གནང་རོགས།

    Reply
  11. kunsal says:
    ལོ་ 16 སྔོན།

    དྲྭ་གྲོགས་རྣམ་པ་ལྷན་རྒྱས་ལགས། ང་ཚོས་འདས་པའི་གནས་ཚུལ་ལ་བལྟས་ནས་མ་འོངས་པའི་ལས་དོན་བྱེད་དགོས་ཀྱང་བོད་མ་ཤོར་ན་མང་གཙོ་སྩོལ་འདུན་ཡོད་ཀྱང་ལག་བསྟར་ཡོང་མིན་དྭོགས་འདྲི་གནང་བའི་ཐད་དུས་ཚོད་འཕྲོ་བརླག་རེད་སྙམ། དེ་ལས་ད་ལྟ་མདུན་ན་ཡོད་པའི་དཀའ་ཁག་སེལ་ཐབས་ལ་འབད་ན་བཟང་།

    Reply
  12. kunsal says:
    ལོ་ 16 སྔོན།

    མི་ནག་ཚང་ལུང་རིགས་ལགས། འགན་མི་འཁྱེར་བའི་མཆན་འདེབས་མཁན་དང་། གནས་ལུགས་རྒྱུ་མཚན་གསལ་བོ་མེད་པར་གཞན་ལ་ཟུར་ཟ་བྱེད་མཁན། གཞན་གྱི་དངོས་མིང་དང་སྨྱུག་མིང་སྤྱད་ནས་མཆན་འདེབས་མཁན་རྣམས་རིམ་པར་སྒོ་རྒྱག་གི་ཡོད། གསུངས་པ་དེ་ངེས་པར་དུ་ལག་ལེན་བསྟར་རོགས། དེ་མིན་སྤྱི་ཚོགས་ནང་མི་མཐུན་པ་བཟོ་གཞི་དང་སྤྱི་སེམས་ཅན་ཚོའི་སེམས་ཤུགས་ལ་དོ་ཕོག་འགྲོ་གཞི་སོགས་མང་པོ་ཞིག་དུས་བབ་ཐོག་ཐོན་ཡོང་དུས་དུས་བབ་ལའང་བལྟ་འདོད་མེད་པ་ཆགས་ཀྱི་འདུག གསུངས་པ་ཙམ་མ་ཡིན་པར་འཕྲལ་དུ་གནང་རོགས།

    Reply
  13. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    ལོ་རྒྱུས་ཀྱི་ཁག་ངན་༸གོང་ས་མཆོག་གཅིག་བུས་འཁུར་དགོས་པ་ལྟ་བུ་འདི་ནི་རང་རེའི་མི་རིགས་ཀྱི་སྙིང་སྟོབས་དང་འཇོན་ནུས་ཀྱིས་མ་ལྕོགས་པ་ཞིག་ཡིན་ལ། མཐར་གཏུགས་ན་ཁྱེད་ཅག་དང་ངེད་ཅག་ལ་ཐུག་པ་ཞིག་རེད། དམངས་གཙོ་གསོལ་རས་སྩལ་མིན་གྱི་གནད་དོན་ཀྱང་དེ་དང་མཚུངས། གལ་སྲིལ་འགན་ཁུར་ཞིག་འཁུར་འདོད་པའམ། ཡང་ན་ལོ་རྒྱུས་ཀྱི་རྡོག་ཁྲེས་འདེགས་རོགས་བྱེད་བསམས་ན་ཅི་ལྟར་དང་། གང་དུ། ནམ་ཞིག་སོགས་ཀྱི་ཐ་སྙད་འདི་དག་དང་འབྲེལ་ནས་ཡར་ལངས་བྱེད་དགོས་ལ། དེ་ཡང་མཐར་གཏུགས་ན་རྒྱག་གཅིག་མཆོང་གཅིག་དང་། ལམ་བུ་གཅིག་འདེད། མི་འཐོར་གཅིག་སྒྲིལ་བཅས་ཀྱི་གོ་ཁྲབ་ནི་ཐོག་མ་ནས་གྱོན་དགོས་པ་ཞིག་ཡིན་སྟབས། ཡེ་ཤེས་དབྱིངས་དཔྱད་ལས་འདའ་ཐབས་མ་བྱུང་བ་རེད་འདོད། གང་ལྟར་དཔྱད་གླེང་འདི་མུ་མཐུད་དུ་ཚོར་ཤུགས་དང་ལྷན་དུ་འབྱུང་བའི་རེ་བ་ཆེ།

    Reply
  14. གནས་ཚང་། says:
    ལོ་ 16 སྔོན།

    བཙན་བྱོལ་མང་གཙོ་དེ་གསོལ་རས་སུ་བཤད་ཀྱི་ཡོད་ཀྱང་དོན་ལ་རྒྱ་གུང་བྲན་སླེབས་ནས་བོད་ཤོར་མེད་ན། དེ་འདྲའི་གསོལ་རས་ཤིག་སྩོལ་འདུན་ཡོད་ཀྱང་ལག་བསྟར་ཡོང་ངམ། དྲང་མོར་གསུང་རོགས།

    Reply
  15. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    དྲ་ངོས་འདིར་འགན་མི་འཁྱེར་བའི་མཆན་འདེབས་མཁན་དང་། གནས་ལུགས་རྒྱུ་མཚན་གསལ་བོ་མེད་པར་གཞན་ལ་ཟུར་ཟ་བྱེད་མཁན། གཞན་གྱི་དངོས་མིང་དང་སྨྱུག་མིང་སྤྱད་ནས་མཆན་འདེབས་མཁན་རྣམས་རིམ་པར་སྒོ་རྒྱག་གི་ཡོད།

    དེ་རིང་མི་སྐོར་ཞིག་གཏན་དུ་བཀག་ཡོད། གཞན་གྱི་དངོས་མིང་དང་སྨྱུག་མིང་སོགས་མིན་པར། སོ་སོའི་ཐོ་མིང་དེ་སླར་ཡང་དགོས་ན་རྗེས་ཕྱོགས་གང་འདོད་དུ་མཆན་མི་འགོད་པའི་ཁས་ལེན་དང་བཅས་ editor@tibettimes.net ནང་དུ་ཡིག་འབྲེལ་བྱོས་དང་། འདི་ནས་ལྟ་ཞིབ་དང་བཅས་སླར་ཡང་སྒོ་ཕྱེ་ཆོག

    དེ་བཞིན་དྲ་གྲོགས་རྣམ་པས་ཀྱང་། གལ་སྲིད་མི་ཞིག་གིས་དོན་མེད་སྡིགས་ར་དང་བསུན་པོ་བཟོ་བ། བརྙས་གཙེར་བ། དབྱེན་སློང་བ། དེ་བཞིན་ཚད་ལྡན་དང་ཚུལ་མཐུན་མིན་པའི་བྱ་སྤྱོད་སྤེལ་རིགས་ཡོད་ན། གོང་གསལ་གློག་འཕྲིན་ཁ་བྱང་བརྒྱུད་ནས་དུས་ཐོག་གཏུགས་བཤེར་བྱས་ན་འདི་ནས་ཕ་རོལ་བོ་དེར་ཞིབ་བཤེར་དང་བཅས་ཚོད་འཛིན་བྱ་ངེས་ཡིན།

    དུས་བབ་རྩོམ་སྒྲིག་པས།

    Reply
  16. བོད་རང་བཙན says:
    ལོ་ 16 སྔོན།

    སྙིང་རྗེ་ཁྱེད་ ད་དུང་ ཡ་་་་ བརྙེད་

    Reply
  17. ནད་པ says:
    ལོ་ 16 སྔོན།

    ཁ་ཆེ་ཕ་ལུ་ལས།

    དབྱར་ཁ་ལྕགས་དང་དགུན་ཁ་རྫ་ལ་བལྟོས།།
    དབྱར་དགུན་མེད་པར་དམར་པོའི་ལྕེ་ལ་བལྟོས།།
    ནར་ནར་ལྕེ་ལ་བདག་པོ་མ་བརྒྱབ་ན།།
    རིལ་རིལ་དབུ་ལ་འོ་བརྒྱལ་བཟོས་ཡོང་ངོ་།།

    ཅེས་པའི་སྙིང་གཏམ་་་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese