མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་འགྲོལ་དྲན་གསོ་གླེང་བ། སྐལ་བཟང་དགྲ་འདུལ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་དམར་གྱི་“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་འགྲོལ་དྲན་གསོའི་ཉིན་མོ།”གླེང་བ།

                                                                                                           

སྐལ་བཟང་དགྲ་འདུལ།

འདི་ནི་ན་ནིང་ཟླ་ ༣ ཚེས་ ༢༨ བསྟུན། རྒྱ་ཡིག་ཐོག་སྦོ་ཤུན་དྲ་བའི་ཐོག་སྤེལ། འདི་ལོ་བོད་སྒྱུར་གྱིས་སྤེལ་བའོ། འདི་ལོའི་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༡༩ ཉིན། རྒྱ་དམར་གྱིས་ལོ་རེའི་ཟླ་ ༣ ཚེས་ ༢༨ དེ་“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་འགྲོལ་དྲན་གསོའི་ཉིན་མོ།”ཞེས་གཏན་འབེབ་བྱས་པ་དང༌། གཞི་རྒྱ་ཆེ་བའི་སྲུང་བརྩི་ཡང་བྱས་ཡོད། རྒྱུ་མཚན་གང་ལ་བརྟེན་ནས་ལོ་ངོ་ལྔ་བཅུ་ཕྱིན་པའི་རྗེས་ཀྱི་དེ་རིང་གཞི་ནས་དུས་དྲན་འདི་འདྲ་ཞིག་གཏན་འབེབ་བྱེད་ཀྱི་ཡོད་རེད་དམ། དེ་ནི་རྒྱ་ནག་གཞུང་གིས་“ཁ་བྲལ་ལ་ངོ་རྒོལ།”གྱི་འཐབ་རྩོད་བྱ་ཐབས་ཤིག་ཡིན་པ་ནི་སྨྲོས་མ་དགོས། འོན་ཀྱང་བྱེད་ཐབས་འདིས་རྒྱ་དམར་གྱི་རེ་བ་གཞིར་བཟུང༌། ཁ་བྲལ་ངོ་རྒོལ་ལ་ཞབས་འདེགས་ཞུ་མི་ཐུབ་པ་ཞིག་རེད། གང་ཡིན་ཞེ་ན། བོད་ཀྱི་གནད་དོན་གྱི་ངོ་བོ་དེ་བོད་མི་ནང་ཁུལ་གྲལ་རིམ་འཐབ་རྩོད་ཅིག་མ་རེད། བོད་མི་དམངས་ཚོ་ལ་མཚོན་ན་ཡང༌། ལོ་རྒྱུས་ལ་ངོས་ལེན་དང༌། དེའི་ཁྲོད་ནས་ཉམས་མྱོང་བསླབ་བྱ་བླང་ན་གཞི་ནས་རེ་བ་ཡོད།

 

བོད་རྙིང་པ་དེ་བཅོས་བསྒྱུར་བྱེད་དགོས་སམ་མི་དགོས་ཤེ་ན། ངེས་པར་དུ་དགོས་པ་ཞིག་རེད། རྒྱ་དམར་གྱིས་ཁོ་རང་གི་དབང་སྒྱུར་མ་བྱས་གོང་གི་བོད་ཀྱི་ལོ་རྒྱུས་ཀྱི་ངོ་བོ་ནི་“དུས་རབས་དཀྱིལ་མའི་ཡོ་རོབ་སྤྱི་ཚོགས་ལས་ཀྱང་མུན་ནག་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས།”རེད་ཅེས་གཏན་འབེབ་བྱས་ཡོད། དོན་དམ་འདི་བོད་ཀྱི་དངོས་ཡོད་ལོ་རྒྱུས་དང་མཐུནཔའི་བསྡོམས་ཚིག་ཅིག་ཡིན་མིན་ནི་ད་དུང་ཞིབ་འཇུག་བྱ་དགོས་པ་ཞིག་རེད། འོན་ཀྱང་བོད་མི་ཚོས་གཡོལ་ཐབས་མེད་པའི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ནི། བོད་ཀྱི་སྤྱི་ཚོགས་རྙིང་པ་དེ་ནི་ཆབ་སྲིད་དང་དཔལ་འབྱོར། ཤེས་ཡོན། ཚན་རིག། རིག་གཞུང་སོགས་ཕྱོགས་གང་ཐད་ནས་བརྗོད་ཀྱང༌། ཧ་ཅང་གི་རྗེས་ལུས་རེད། གལ་སྲིད་བོད་རྙིང་པ་དེ་སྟོབས་ཆེན། དར་རྒྱས་ཅན་ཞིག་ཡིན་ན། རྒྱ་དམར་གྱིས་ཇི་འདྲ་བྱས་ཏེ་བོད་བཙན་བཟུང་དང་བརྙས་བཅོས་བྱེད་ཐུབ་བམ།

 

བོད་ཀྱི་སྤྱི་ཚོགས་རྙིང་པར་མཐིལ་ཕྱིན་པའི་བཅོས་བསྒྱུར་ཞིག་བྱས་ཏེ། ནང་སྒོ་བརྒྱབ་པ་ནས་སྒོ་དབྱེ་དགོས་པ་དང༌། རྗེས་ལུས་ནས་ཡར་ཐོན་ཕྱོགས་སུ་འགྲོ་དགོས་པ་ཞིག་རེད། འོན་ཀྱང་བོད་རྙིང་བར་འདི་འདྲའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་གྲུབ་བྱེད་ཐུབ་མཁན་གྱི་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཤིག་མེད། སྐབས་དེར། ལྷའི་དབང་སྒྱུར་འོག་ཏུ་ཡོད་པའི་བོད་རྙིང་པར་མཚོན་ན། བསམ་ཤེས་ཅན་གྱི་མི་སྣ་རེ་ཟུང་ཕུད། དེ་འདྲའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་གསར་པ་ཞིག་ཐོན་མི་སྲིད་པ་ཞིག་རེད། བོད་ཀྱི་སྤྱི་ཚོགས་རང་ངོས་ལ་སྤྱི་ཚོགས་རྙིང་པའི་ལམ་ལུགས་ལ་བསྒྱུར་བཅོས་བྱེད་པའི་ནང་ཁུལ་སྟོབས་ཤུགས་གང་ཡང་མེད་པའི་གནས་སྟངས་འོག། འདུ་ཤེས་ཐད། ལྷ་མེད་སྨྲ་ནས་བོད་ཀྱི་ལྷའི་དབང་སྒྱུར་ཁ་གཏད་གཅོག་རྒྱུར་ཞུམ་པ་མེད་པ་དང༌། དམག་དོན་ཐད། སྟོབས་ཤུགས་ཆེན་པོ་དབང་ནས་བོད་ཀྱི་སྤྱི་ཚོགས་རྙིང་པ་ཡོངས་སུ་མེད་པར་བཟོ་ཐུབ་མཁན་གྱི་རྒྱ་དམར་དེ་བོད་ཀྱི་སྤྱི་ཚོགས་ལ་འགྱུར་བ་གཏོང་མཁན་གྱི་ཕྱིའི་སྟོབས་ཤུགས་ཤིག་གྱུར་ཡོད།

 

རྒྱ་དམར་བོད་ནང་འཛུལ་བའི་འདས་པའི་ལོ་ ༦༠ དེའི་ནང༌།  སྤྱིར་ཆབ་སྲིད་ལས་འགུལ་རབས་དང་རིམ་པ་སྤེལ་ནས། དགོན་པ་སྟོང་ཚོ་ཁ་ཤས་རྩ་མེད་དང་བོད་མི་ཁྲི་ཚོ་ཁ་ཤས་དམར་གསོད་བཏང་བ། བོད་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་མི་མུག་ཤི་ཐེབས་པའི་ཟིན་ཐོ་བཏོད་པ། དེ་བཞིན་ཆབ་སྲིད་ལམ་ལུགས་དེ་སྔར་བཞིན་སྲིད་དབར་སྒེར་གཅོད་ལམ་ལུགས། བོད་ལ་ལག་བསྟར་བྱས་པའི་ཤེས་ཡོན་སྲིད་ཇུས་དེ་ཡང་བྲན་སྒྱུར་སློབ་གསོ་ཞིག་ཡིན་རུང༌། བོད་ཀྱི་སྤྱི་ཚོགས་རྙིང་པ་དང་བསྡུར་ན། རྒྱ་དམར་བོད་ནང་སླེབས་པའི་རྗེས། བོད་སྤྱི་ཚོགས་ཀྱི་ཕྱོགས་མང་པོ་ཞིག་ལ་ཡར་རྒྱས་ཀྱི་རྣམ་པ་ཡང་མངོན་རྒྱུ་ཡོད། རྒྱ་དམར་གྱིས་བོད་སྤྱི་ཚོགས་ཀྱི་ཐོན་སྐྱེད་འབྲེལ་ལམ་དང་ཆབ་སྲིད་ལམ་ལུགས། ཤེས་ཡོན་ལམ་ལུགས་སོགས་ལ་མཐིལ་ཕྱིན་པའི་བསྒྱུར་བཅོས་བྱས་ཡོད། “དམངས་གཙོའི་བཅོས་བསྒྱུར།”ནང༌། དགོན་པ་དང་སྐུ་དྲག མི་དཔོན་གྱི་ལག་ནས་ས་ཞིང་དང་ཕྱུགས་ཟོག་སོགས་བཙན་འཕྲོག་གིས། ཐོན་སྐྱེད་རྒྱུ་ཆ་འདི་དག་བསྐྱར་དུ་བགོ་འགྲེམས་བྱས་པ་རེད། ཁེ་ཕན་ཐོབ་མཁན་གྱི་གྲལ་རིམ་ཡིན་པས་ཆ་ནས། སྐབས་དེའི་བོད་ཀྱི་མཐོ་རིམ་མི་སྣ་དག་ལོ་རྒྱུས་ཐོག་གི་དབང་སྒྱུར་གྲལ་རིམ་གཞན་ལྟར། ཐོན་སྐྱེད་རྒྱུ་ཆ་བསྐྱར་དུ་བགོ་འགྲེམས་སོགས་སྤྱི་ཚོགས་རྙིང་པའི་ལམ་ལུགས་བསྒྱུར་བཅོས་ཐད། དགའ་མོས་དང་སྤྲོ་སེམས་ཀྱི་རྣམ་འགྱུར་བསྟན་མེད། དེ་ལས་ལྡོག་སྟེ་ངོ་རྒོལ་བྱས་ཡོད། འདིའི་ཐད་དཀར་མཛེས་ཁུལ། བདེ་ཆེན་ཁུལ། ཀན་ལྷོ་ཁུལ། དེ་བཞིན་མཚོ་སྔོན་དང་ལྷ་ས་ཁུལ་སོགས་གང་དུ་ཡིན་རུང༌། གཅིག་མཚུངས་རེད། དེ་མིན། རྒྱ་དམར་གྱིས་བཙན་འཛུལ་བྱས་པས་རྐྱེན་གྱིས་བོད་ཀྱི་སྤྱི་ཚོགས་དེའང་རང་དབང་མེད་པར། ནང་སྒོ་བརྒྱབ་པ་ནས་ཕྱི་ཕྱོགས་ལ་སྒོ་དབྱེའི་ཕྱོགས་སུ་བསྐྱོད་པ་དང༌། བསམ་བློའི་ཐད་ལ་ཡང་སྣ་མང་ཅན་གྱི་མྱུ་གུ་རྒྱས་འགོ་བཙུགས་ཡོད།

 

སྤྱི་ལོ་ ༡༨༤༠ལོར། དབྱིན་ཇིས་རྒྱ་ནག་ལ་ཉེས་ཐའི་དམག་འཁྲུག་དྲངས་པ་ནས་བཟུང༌། ནུབ་ཕྱོགས་མི་སེར་སྤེལ་མཁན་གྱིས་རྒྱ་ནག་ལ་བཙན་འཛུལ་བྱེད་འགོ་བཙུགས་པ་དང༌། རྒྱ་ནག་རིམ་བཞིན་ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་གྱུར། རྒྱ་ནག་ནང་མེ་འཁོར་ལྕགས་ལམ་ཐོག་མ་དེ་༡༨༦༥ལོར། དབྱིན་ཇིས་བཟོ་བསྐྲུན་བྱས། ༡༨༨༧ལོར། དབྱིན་ཇིའི་རྒྱལ་ཁོངས་ཡིན་པའི་འཇར་མན་བ་ཊ་ཐེ་ཡིང་ Gustav Derting གིས་རྒྱ་ནག་ནང་ལ་སློབ་གྲྭ་ཆེན་མོ་ཐོག་མ་དེ་བཙུགས་ཡོད། དེ་ནི་ད་ལྟའི་ཐན་ཅིན་སློབ་གྲྭ་ཆེན་མོ་དེ་རེད། ཕྱིའི་རྒྱལ་ཁབ་ཀྱིས་བཙན་འཛུལ་བྱས་པ་དང་བསྟུན། རྒྱ་ནག་མི་ཚོས་རྒྱུན་གཏན་འཚོ་བའི་ཁྲོད་དུ་སྔོན་ཐོན་གྱི་དངོས་པོ་དེ་འདྲ་ཡང་བེད་སྤྱོད་གཏོང་འགོ་བཙུགས་ཡོད། དཔེར་ན། ཕྱི་མེ་ཙག་སྒྲ་ཕྱི་སྣུམ། ཕྱིའི་ཡི་ཙི་སོགས་རེད། སྐབས་དེར་རྒྱ་ནག་གི་མི་ཚོས་དངོས་པོ་དེ་དག་བཟོ་རྒྱུ་ལྟ་ཅི། ཐ་ན་མཐོང་མྱོང་ཡང་མེད། ཚང་མ་ཕྱི་ཕྱོགས་ནས་ཡོང་བ་ཡིན། དེར་བརྟེན། དངོས་པོ་དེ་ཚོའི་མིང་གི་མདུན་དུ་“ཕྱི་”ཞེས་པའི་ཡི་གེ་འདི་བརྒྱབ་པ་རེད། འདི་དང་འདི་འདྲ་བའི་གནས་ཚུལ་མང་པོ་ཡོད། ནུབ་ཕྱོགས་བཙན་རྒྱལ་བས་རྒྱ་ནག་ལ་བཙན་འཛུལ་བྱས་རྗེས། སྤྱིར་རྒྱ་ནག་ནང་ལ་བྱེད་བཞིན་པ་ནི་འཕྲོག་བཅོམ་དང་མི་སེར་དབང་སྒྱུར་བྱེད་རྒྱུ་དེ་ཡིན་ཡང༌། ཕྱོགས་གཞན་ཞིག་ནས་བརྗོད་ན། ཁོ་ཚོས་མི་སེར་སྤེལ་བའི་ཁྲོད་དུ། རྒྱ་དམར་གྱིས་བོད་ལ་འཕེལ་རྒྱས་དང་འཛུགས་བསྐྲུན་བྱས་ཡོད་བརྗོད་པ་ལྟར། རྒྱ་ནག་གི་འགྲིམ་འགྲུལ་དང་ཤེས་ཡོན། འཕྲོད་བསྟེན། བཟོ་སྐྲུན། དེ་བཞིན་སྤྱི་ཚོགས་ཀྱི་ལམ་ལུགས་སོགས་ཕྱོགས་གང་སར་བཟང་ཕྱོགས་ཀྱི་འཕེལ་རྒྱས་དང་བཅོས་བསྒྱུར་བཏང་ཡོད། ལྷག་པར་དུ་བསམ་བློའི་ཁྱོན་ལ་དེ་ལྟར་རེད།

 

ནུབ་ཕྱོགས་པས་རྒྱ་ནག་ལ་བཙན་འཛུལ་བྱས་པ་དེས་རྒྱ་ནག་གི་བསམ་བློའི་ཁྱོན་ལ་བློ་སྒོ་འབྱེད་པ་དང་བཅིངས་འགྲོལ་གྱི་ལས་འགུལ་སྐུལ་འདེད་བཏང་ཡོད། དུས་དེ་ནས་བཟུང༌། རྒྱ་ནག་གི་ཤེས་ཡོན་ཅན་ཚོའི་བསམ་བློ་དེ་གུང་ཙི་དང་སྨྲེང་ཙིའི་ལྟ་གྲུབ་སོགས་བཀས་བཀོད་རྒྱུད་འཛིན་གྱིབསམ་བློའི་འཆིང་རྒྱས་མ་བཅིངས་པར། ཁོ་ཚོའི་ཁྲོད་ནས་མི་མང་པོ་ཞིག་གིས་མིག་རྒྱ་དེ་ནུབ་ཕྱོགས་ལ་སློབ་སྦྱོང་བྱེད་པའི་ཐོག་ལ་བཞག་པ་རེད། “མིག་རྒྱང་རིང་པོའི་འཛམ་གླིང་ལ་ལྟ་མཁན་གྱི་མི་ཐོག་མ།”བྱུང་ཡོད་ལ། “གཞན་གྱི་དགེ་མཚན་ལ་སློབ་སྦྱོང་བྱས་ཏེ་གཞན་ལ་ཁ་གཏད་གཅོག་དགོས།”ཞེས་པའི་དགོངས་ཚུལ་འདོན་མཁན་ཡང་བྱུང་ཡོད། དུས་དེ་ནས་བཟུང་ནས་རྒྱ་ནག་རྙིང་པའི་བཀས་བཀོད་རྒྱུད་འཛིན་གྱི་བསམ་བློ་དང་ལམ་ལུགས་ལ་ངོ་རྒོལ། ནུབ་ཕྱོགས་བཙན་རྒྱལ་བའི་མི་སེར་དབང་སྒྱུར་ལ་ངོ་རྒོལ་གྱིས་རླབས་ཆེན་གྱི་རྒྱལ་སྐྱོབ་ལས་འགུལ་འགོ་བཙུགས་པ་རེད། མཐར་ཕྱི་ལོ་ ༡༩༡༡ ལོར་ལྕགས་ཕག་ལོའི་གསར་བརྗེ་ལངས་ཏེ་བཀས་བཀོད་རྒྱུད་འཛིན་གྱི་མན་ཇུའི་རྒྱལ་རབས་དེ་རྦད་དེ་མགོ་རྟིང་བསློགས་ཡོད། དེ་བཞིན་རིམ་པས་ཕྱིའི་བཙན་འཛུལ་བ་ཕྱིར་འབུད་བྱས་ཡོད། རྒྱ་ནག་གིས་མི་འགའ་ཤས་ཀྱིས་ཀྱང༌། དངོས་ཡོད་འདི་དག་ཁས་ལེན་བྱེད་ཀྱི་ཡོད། ཁོ་ཚོས་བརྗོད་པར། ཉེ་རབས་ཀྱི་ཉེས་ཐའི་དམག་འཁྲུག་གིས་“རྒྱ་ནག་གི་མི་གཉིད་བསད་བཅུག་ཡོད།”“རྒྱ་ནག་མིའི་མཐོང་རྒྱ་ཆེ་རུ་བཏང་ཡོད།”“སྤྱི་ཚོགས་གུ་བཤངས་སྔར་བས་ཆེ་རུ་ཕྱིན་པ།”“ཆབ་སྲིད་ལམ་ལུགས་རྙིང་པ་གསར་སྒྱུར་གྱི་སྐུལ་འདེད་བཏང་བ།” དངོས་གནས་དེ་ལྟར་རེད། གལ་སྲིད་ ༡༨༤༠ལོ་ནས་འགོ་བཙུགས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རྒྱ་ནག་ལ་བཙན་འཛུལ་མེད་ན། རྒྱ་ནག་ཏུ་དམངས་གཙོའི་གསར་བརྗེ་བྱུང་ནས་མན་ཇུའི་རྒྱལ་རབས་ཀྱི་བཀས་བཀོད་རྒྱུད་འཛིན་དབང་སྒྱུར་མཇུག་སྒྲིལ་བའི་དུས་ཚོད་དེ། དུས་ཡུན་རིང་པོའི་རྗེས་ལ་མ་གཏོགས། ༡༩༡༡ལོར་རྩ་བ་གནས་ཡོང་མི་སྲིད་པ་ཞིག་རེད། དེར་བརྟེན། ནུབ་ཕྱོགས་པས་བཙན་འཛུལ་གྱིས་རྒྱ་ནག་གི་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་བཏང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། དེ་དང་འདྲ་བར། སྐབས་དེར་བོད་ལ། གལ་སྲིད་ཕྱིའི་རྒྱ་དམར་གྱིས་དྲག་པོས་བཙན་འཛུལ་མེད་པར།  དེ་རིང་མུ་མཐུད་རང་བཙན་གནས་ཡོད་ན། ད་ལྟའི་བར། ལྷའི་དབང་སྒྱུར་འོག་ཡོད་པའི་བོད་ལ། རང་ངོས་ཀྱིས་སྤྱི་ཚོགས་ལམ་ལུགས་ལ་མཐིལ་ཕྱིན་པའི་བཅོས་བསྒྱུར་ཞིག་རྩ་བ་ནས་བྱེད་ཐུབ་ངེས་མ་རེད། བསམ་བློའི་གུ་བཤངས་གནས་ཚད་དེ་ཡང་ད་ལྟ་ལས་ཞན་ངེས་རེད། དེར་བརྟེན། རྒྱ་དམར་གྱིས་བོད་ལ་བཙན་འཛུལ་དེས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་བཏང་བ་དང་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།

 

གོང་གསལ་ནས་མཐོང་ཐུབ་པ་ལ། རྒྱ་ནག་སྤྱི་ཚོགས་རྙིང་པ་དང་བོད་ཀྱི་སྤྱི་ཚོགས་རྙིང་པ་གཉིས་ཀྱི་གནས་སྟངས་འདྲ་པོ་རེད། གཉིས་ཀ་ནང་སྒོ་བརྒྱབ་ནས་དབུལ་ཕོངས། རྗེས་ལུས་ཀྱི་སྐབས་སུ། རྒྱབ་ཁབ་ཀྱི་སྒོ་མོ་ཕྱིའི་བཙན་འཛུལ་བས་ཕྱེ་ནས། སྤྱི་ཚོགས་ཀྱི་བཅོས་བསྒྱུར་ནི་ཕྱིའི་སྟོབས་ཤུགས་ཀྱིས་སྐུལ་འདེད་བཏང་བ་ཞིག་ཆགས་ཡོད།

 

མཚན་ཉིད་རིག་པའི་ཐོག་ནས་བརྗོད་ན། བྱ་དངོས་གང་ཞིག་ཡིན་རུང་“གཅིག་ནས་གཉིས་སུ་གྱེས།”ཏེ་ལྟ་དགོས་པ་དང༌། བྱ་དངོས་ཀྱི་ངོ་བོ་གཉིས་ལྡན་གྱི་རང་བཞིན་མཐོང་བ་བྱ་དགོས། ནུབ་ཕྱོགས་མི་སེར་སྤེལ་མཁན་གྱིས་རྒྱ་ནག་ལ་བཙན་འཛུལ་ཡིན་ནའང་འདྲ། རྒྱ་དམར་གྱིས་བོད་བཙན་བཟུང་དང་དབང་སྒྱུར་ཡིན་ནའང་འདྲ། ངན་ཕྱོགས་ཀྱི་གོད་ཆག་བཟོས་པ་མཉམ་དུ། ང་ཚོས་ངོས་ལེན་མི་བྱེད་ཀ་མེད་ཞིག་ལ་བཟང་ཕྱོགས་ཀྱི་རྒྱུ་རྐྱེན་རེ་ཟུང་ཡང་མཐོང་རྒྱུ་ཡོད། འོ་ན་རྒྱ་ནག་དང་བོད་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་མང་བ་ཐེབས་ཡོད་དམ། ངན་ཕྱོགས་ཤུགས་རྐྱེན་མང་བ་ཐེབས་ཡོད་ཅེ་ན། ཀུན་གྱིས་མཐོང་གསལ་ལ། ནུབ་ཕྱོགས་བཙན་རྒྱལ་བས་རྒྱ་ནག་ནང་འཛུལ་བ་ཡིན་ནའང་འདྲ། རྒྱ་དམར་གྱིས་བོད་ལ་བཙན་བཟུང་བྱས་པ་ཡིན་རུང༌། ཁོ་ཚོའི་རྩ་བའི་དམིགས་ཡུལ་ནི་དཀའ་སྡུག་འོག་ཏུ་ཡོད་པའི་རྒྱ་ནག་མི་དམངས་དང་བོད་མི་དམངས་སྐྱོབ་པར་ཡོང་བ་ཞིག་མ་ཡིན།  དེ་ལས་ལྡོག་སྟེ་རང་ཉིེད་ཀྱི་ཁེ་ཕན་ཆེད་དུ་རེད། ཐོན་ཁུངས་འཕྲོག་བཅོམ་སོགས་རང་ཉིད་ཁེ་ཕན་ལ་གཞིགས་པའི་བྱ་སྒོ་གཉེར་བ། ཐ་ན་བདག་དབང་ཡོད་སྐོར་བརྗོད་ཀྱི་ཡོད།  ནུབ་ཕྱོགས་བཙན་རྒྱལ་བས་རྒྱ་ནག་དང༌། རྒྱ་དམར་གྱིས་བོད་ལ་གོད་ཆག་བཟོས་པ་ནི་ཀུན་གྱིས་ཤེས་གསལ་རེད། ངན་ཕྱོགས་ཀྱི་ཤུགས་རྐྱེན་ནི་བཟང་ཕྱོགས་ཤུགས་རྐྱེན་ལས་ཀྱང་ཧ་ཅང་མང་བ་ཡོད། བཟང་ཕྱོགས་ཤུགས་རྐྱེན་ནི་གླེང་རིན་མེད་པ་ཞིག་རེད། རྒྱུ་མཚན་དེ་དག་ལ་བརྟེན། དེ་རིང་རྒྱ་ནག་གི་མི་ཚོས་ཉེས་ཐའི་དམག་འཁྲུག་དེ་ཡིད་ལ་འཁོར་སྐབས་ལུས་ལ་འདར་སིག་རྒྱག་གི་ཡོད། དེ་བཞིན་ཉེས་ཐའི་དམག་འཁྲུག་དེ་“རྒྱ་མི་མིག་རྒྱང་འབྱེད་པའི་དུས་དྲན་ཉིན་མོ།”འམ་“རྒྱ་མི་གཉིད་སད་པའི་དུས་དྲན་ཉིན་མོ།”སོགས་དུས་ཆེན་ལ་གཏན་འབེབ་ཀྱིས་སྤྲོ་སྐྱིད་བྱེད་ཀྱི་མེད། ཐ་ན་རྒྱ་ནག་མི་ཚོའི་ཁྲོད་དུ། མི་ཉུང་ཤས་ཤིག་གིས་མ་གཏོགས། ནུབ་ཕྱོགས་བཙན་རྒྱལ་བས་རྒྱ་ནག་ལ་བཙན་འཛུལ་གྱི་བཟང་ཕྱོགས་ཤུགས་རྐྱེན་རྩ་བ་ཉིད་ནས་གླེང་གི་མེད་པ་རེད།  གལ་སྲིད་རྒྱ་མི་ཚོས་ཉེས་ཐའི་དམག་འཁྲུག་དུས་ཆེན་བརྩིས་ནས་སྲུང་བརྩི་མ་བྱས་ཀྱང༌། ད་སྔ་རྒྱ་ནག་ལ་བཙན་འཛུལ་བྱེད་མྱོང་མཁན་གྱི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་དེ་འདྲའི་དུས་ཆེན་གཏན་འབེབ་ཀྱིས་རྒྱ་ནག་གི་མི་རྣམས་ལ་སྲུང་བརྩི་བྱེད་བཅུག་སྟེ་ཁོ་ཚོར་བཀའ་དྲིན་རྗེས་དྲན་བྱེད་དགོས་བརྗོད་ན། རྒྱ་ནག་མིས་དང་ལེན་བྱེད་ཐུབ་ཀྱི་རེད་དམ། དེ་ནི་རྩ་བ་ཉིད་ནས་དང་ལེན་མི་བྱེད་པ་ཞིག་རེད། དེར་བརྟེན་རྒྱ་དམར་གྱིས་“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་འགྲོལ་དྲན་གསོའི་ཉིན་མོ།”གཏན་འབེབ་བྱས་པ་དང༌། བཙན་དབང་གིས་བོད་མི་ལ་སྲུང་བརྩི་བྱེད་བཅུག་པ་ནི་རང་སར་གཞན་བཞག་པའི་བྱེད་སྟངས་ཤིག་མིན་པ་མ་ཟད། བཟང་སྤྱོད་དང་འགལ་བ་རེད། བོད་མི་ཚོས་ཀྱང་དང་ལེན་རྩ་བ་ནས་མི་བྱེད་པ་ཡང་སྨྲོས་མ་དགོས་པ་ཞིག་རེད།

 

སྤྱི་ལོ་ ༢༠༠༨ལོའི་ཟླ་ ༣ ནས། བོད་མཐོ་སྒང་སྟེང་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་བྱུང་རྗེས། རྒྱ་དམར་གྱིས་བྱེད་ཐབས་གང་སྤྱད་ཡོད་དམ་ཞེ་ན། དྲག་གནོན་བྱེད་པ་དང་སླུ་བྲིད་ཀྱི་ཡིད་འགུགས་བྱེད་པ་དེ་མ་གཏོགས་ད་ལྟ་རང་ཉིད་ཀྱི་དབང་སྒྱུར་རྒྱུན་མཐུད་རྒྱུ་དང་བོད་སྤྱི་ཚོགས་ཀྱི་བརྟན་ལྷིང་ཡོང་ཆེད། དངོས་གནས་ཐབས་ལམ་ཞིག་ལྷག་མེད། གནས་སྟངས་དེ་འདྲའི་འོག། “བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་འགྲོལ་དྲན་གསོའོ་ཉིན་མོ།”གཏན་འབེབ་བྱས་ཏེ་ཁ་གཏད་ཀྱི་ཐབས་ལམ་ཞིག་ཏུ་སྤྱད་ཡོད། ཉེ་བའི་ཆར། པར་རིས་འགྲེམས་སྟོན་བྱེད་པ་དང་རྩོམ་འབྲི་བ། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་ཏུ་དྲིལ་བསྒྲགས་རུ་ཁག་མངགས་གཏོང་སོགས་ཐབས་ལམ་སྣ་ཚོགས་ཀྱིས་རྒྱ་ནག་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ། བོད་ཀྱི་སྤྱི་ཚོགས་རྙིང་པ་ཇི་འདྲའི་མུན་ནག་ཡིན་རབས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་འདུག རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་གནད་དོན་དེ་དག་དང་འབྲེལ་བའི་གནས་ཚུལ་གྱིས་བཀང་ཡོད། གནས་ལུགས་ཐོག་ནས་བཤད་པ་ཡིན་ན། རྒྱ་དམར་གྱིས་བོད་ལ་བཙན་འཛུལ་དང་དབང་སྒྱུར་བྱེས་པའི་ཁྲོད་ནས་བྱུང་བའི་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ནི་གླེང་རིན་མེད་ལ། དགའ་སྟོན་བྱེད་མི་འོས་པ། དེ་བས་ཀྱང་གཞན་ལ་བཙན་དབང་ཐོག་ནས་སྲུང་བརྩི་བྱེད་བཅུག་མི་འོས་པ་ཞིག་ཡིན་ཡང༌། དྲག་ཤུགས་རྒྱབ་རྟེན་བྱས་ཏེ་བཙན་དབང་ཐོག་ཉིན་མོ་འདི་གཏན་འབེབ་བྱས་པ་མ་ཟད། བཙན་དབང་ཐོག་བོད་མི་དམངས་ལ་སྲུང་བརྩི་བྱེད་བཅུག་ཡོད།  འོ་ན་དུས་དྲན་ཉིན་མོ་འདི་འདྲ་ཞིག་གཏན་འབེབ་བྱས་པ་དེས། རྒྱ་དམར་གྱི་རེ་འདོད་ལྟར། ཁོ་རང་གི་ཁ་བྲལ་ངོ་རྒོལ་ལ་ཞབས་འདེགས་བསྒྲུབ་ཐུབ་བམ་ཞེ་ན། དེ་ནི་མི་ཐུབ་པ་ཞིག་རེད། རྒྱུ་མཚན་ནི་དེང་སྐབས་བོད་ཀྱི་གནད་དོན་གྱི་ངོ་བོ་ནི་བོད་མི་ནང་ཁུལ་གྱི་གྲལ་རིམ་འགལ་ཟླ་མ་རེད།

 

སྤྱི་ཚོགས་ཤིག་གི་ནང་ཁུལ་འགལ་ཟླ་ཇི་འདྲའི་རྣོ་ངར་ཆེ་རུང༌། ཕྱིའི་སྟོབས་ཤུགས་ཀྱིས་བཙན་འཛུལ་བྱེད་སྐབས། སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་ནི་ཕྱིའི་བཙན་འཛུལ་འགོག་རྒོལ་བྱ་རྒྱུ་གྱུར་ཏེ་ནང་ཁུལ་གྱི་འགལ་ཟླ་ནི་རིམ་པ་གཉིས་པར་འགྱུར་གྱི་ཡོད། དཔེར་ན། འཛམ་གླིང་དམག་ཆེན་གཉིས་པའི་སྐབས། གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་དབར་དབང་ཆ་རྩོད་རེས་ཀྱི་འགལ་ཟླ་ཛ་དྲག་ཆེ་བ་ཞིག་ཡོད། འོན་ཀྱང་ འཇར་པན་གྱིས་བཙན་འཛུལ་བྱས་པའི་གནས་སྟངས་འོག། མཉམ་འབྲེལ་གྱིས་འཇར་པན་ལ་འགོག་རྒོལ་བྱ་རྒྱུ་ནི་མི་བྱེད་ཀ་མེད་གྱུར། དེ་དང་གཅིག་མཚུངས། ལོ་ངོ་ ༦༠ གོང་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་སྐབས། བོད་ཇི་འདྲའི་རྗེས་ལུས་དང་བོད་ཀྱི་དབང་སྒྱུར་གྲལ་རིམ་རྙིང་པས་དབང་སྒྱུར་ཇི་འདྲའི་སྡུག་རྩུབ་ཆེ་བ། ནང་ཁུལ་གྱི་འགལ་ཟླ་ཇི་འདྲའི་རྣོ་ངར་ཆེ་རུང༌། ཕྱིའི་རྒྱ་དམར་ཡོང་བའི་གནས་སྟངས་འོག་མཐུན་སྒྲིལ་གྱིས་ཕྱི་ཕྱོགས་ལ་འགོག་རྒོལ་བྱ་རྒྱུ་ནི་སྨྲོས་མ་དགོས་པ་ཞིག་ཡིན། བོད་ཀྱི་དབང་སྒྱུར་གྲལ་རིམ་རྙིང་པ་ཚོས་ད་དུང་མི་རིགས་དང་ཆོས་ལུགས། རྒྱལ་ཁབ་གྱི་དར་ཆ་འཕྱར་རྒྱུའི་ཐོབ་ཐང་ཡོད་ལ་འཕྱར་ཐུབ་པ་ཞིག་རེད། ལྷག་པར་དུ་ད་ལྟའི་ཆར་བོད་ནང་ཁུལ་གྱི་གྲལ་རིམ་འགལ་ཟླ་ནི་གང་འཚམ་སེལ་ཡོད། ཐ་ན་ཡོད་མེད་ཀྱང་དེ་ཙམ་གྱི་མངོན་པར་མི་གསལ་བ་གྱུར་ཡོད་པ་རེད།

 

བོད་ཀྱི་སྤྱི་ཚོགས་རྙིང་པ་ནི་རྗེས་ལུས་དང་ནང་སྒོ་བརྒྱབ་པ། བཤུ་གཞོག་ཡོད་པ་ཞིག་རེད། དེར་བརྟེན་ལྷའི་དབང་སྒྱུར་འོག གས་འབར་བྱེད་མ་ཐུབ་པ་ཙམ་མ་གཏོགས། ཡར་ཐོན་དང་རྗེས་ལུས། བཤུ་གཞོག་དང་དེར་འགོག་རྒོལ་གྱི་གྲལ་རིམ་འགལ་ཟླ་ཡོད་པ་ནི་སྨྲོས་མ་དགོས། འོན་ཀྱང་ལོ་ངོ་ ༦༠ རྗེས་ཀྱི་དེ་རིང༌། ང་ཚོས་གསལ་པོར་མཐོང་ཐུབ་པ་ཞིག་ནི་བོད་ནང་ཁུལ་གྱི་གྲལ་རིམ་འགལ་ཟླ་ནི་ཇེ་ཆུང་ནས་ཇེ་ཆུང་དུ་ཕྱིན་ཡོད། ཐོག་མར། བསམ་བློའི་ཐད་་ནས་བརྗོད་ན། བོད་ཕྱི་ནང་གང་དུ་ཡིན་རུང༌། བློ་ཁ་ ཡངས་ནས་ཡངས་སུ་ཕྱིན་ཏེ་སྤྱི་ཚོགས་ཀྱི་གུ་ཡངས་གནས་ཚད་དེ་གོམ་གང་མདུན་སྤོས་ཀྱིས་ཡར་རྒྱས་འགྲོ་བཞིན་ཡོད། ཐོན་སྐྱེད་རྒྱུ་ཆའི་བདག་དབང་ལམ་ལུགས་ལ་མཚོན་ན་ཡང༌། ཏཱ་ལའི་བླ་མས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་ ༢༠༠༨ ལོར་བཏོན་པའི་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་ཀྱི་བསམ་འཆར་ ༽ཡིག་ཆའི་ནང༌། ས་ཞིང་ཕྱིར་སློག་སོགས་ཐོན་སྐྱེད་འབྲེལ་ལམ་རྙིང་པ་བསྐྱར་གསོའི་ཐད་ཀྱི་ནང་དོན་ཚིག་གཅིག་ཀྱང་མེད། ཆབ་སྲིད་ལམ་ལུགས་ཐོག་བརྗོད་ན་ཡང༌། སྤྱིར་ད་ལྟ་ད་དུང་སྐྱོན་དང་མ་འདང་བའི་ཆ་སྣ་ཚོགས་ཡོད་ཀྱང༌། རྩ་བའི་ཆ་ནས་ཕྱི་ཕྱོགས་སུ་ཡོད་པའི་བཙན་བྱོལ་བོད་གཞུང་གིས་དམངས་གཙོའི་ལམ་གྱི་ཕྱོགས་སུ་གོམ་པ་སྤོ་ཡི་ཡོད་པ་རེད། དེ་སྔ་བོད་ལ་ཡོད་པའི་སྐབས་དང་བསྡུར་ན། ཡར་རྒྱས་ཆེན་པོ་ཕྱིན་ཡོད། དེ་ཙམ་མ་ཟད་ཏཱ་ལའི་བླ་མས་རྟག་ཏུ་བོད་ལ་ཕྱིར་ལོག་པའི་དུས་དེ་ནས་བཟུང༌། ཁོང་རང་གིས་ཆབ་སྲིད་ཀྱི་གོ་གནས་གང་ཡང་གཟུང་གི་མིན། དབུ་ཁྲིད་མི་དམངས་ངོས་ནས་འོས་འདེམས་བྱེད་དགོས་ཞེས་ནན་བརྗོད་བྱེད་ཀྱི་ཡོད། ཐ་ན་ད་ལྟ་བཙན་བྱོལ་སྐབས་སུ་ནས་བགྲེས་ཡོལ་བྱེད་རྒྱུའི་དགོངས་པ་བཞེས་བཞིན་ཡོད་སྐོར་ཡང་གསུངས་ཀྱི་ཡོད།

 

དེ་ལས་ལྡོག་སྟེ། རྒྱ་དམར་དང་བོད་མི་དམངས་གཉིས་དབར་གྱི་འགལ་ཟླ་ནི་རྣོ་ངར་ཆེ་རུ་འགྲོ་ཡི་ཡོད། དཔལ་འབྱོར་ཐད་ནས་བརྗོད་ན། མི་འབོར་སྤོ་ཤུགས་ཇེ་ཆེར་ཕྱིན་པ་བརྟེན། བོད་མི་དག་མཐའ་ཕུད་བཏང་བའི་ཚད་གཞི་སྔར་བྱུང་མྱོང་མེད་པ་ཞིག་ལ་སླེབས་ཡོད། ད་ལྟ་བོད་ནང་བོད་མིའི་གཉེར་བའི་ཕྲན་བུའི་གནས་རིམ་ཡོད་པའི་བཟོ་ལས་ཁང་དང་ཚོང་ཁང་རེ་ཟུང་ཡང་ཧ་ལམ་མཐོང་རྒྱུ་མེད། བོད་མི་དག་བར་སྐོར་ཁྲོམ་གཞུང་ནས་ཀྱང་ཕལ་ཆེར་ཕྱིར་ཕུད་བྱས་ཚར་ཡོད། རིག་གཞུང་ཁྱབ་ཁོངས་ནས་བརྗོད་ན། བོད་མི་མི་རབས་གསར་པ་ཚོས་བོད་ཀྱི་ལོ་རྒྱུས་དང་རྩོམ་རིག་སོགས་གཏིང་རིང་བའི་རིག་གཞུང་ལ་རྒྱུས་མངའ་ལྟ་ཅི། ཐ་ན་རྒྱུན་གཏན་གྱི་བཀའ་མོལ་ཁྲོད་དུ་ཡང༌། བོད་སྐད་གཙང་མ་ཞིག་རྒྱག་མི་ཐུབ་པར་རྒྱ་སྐད་བསྲེས་ལྷད་བྱེད་ཀྱི་ཡོད། ད་ལྟའི་སྐབས། གོང་དུ་བརྗོད་པ་འདི་ཚོའི་ཁྲོད་ཀྱི་འགལ་ཟླ་ནི་རྒྱ་དམར་གྱིས་བོད་དབང་སྒྱུར་བྱས་པ་ནས་ཚད་གཞི་མཐོ་ཤོས་སུ་སླེབས་ཡོད་ལ། ད་དུང་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད། འགལ་ཟླ་འདི་ཚོའི་རྩ་བ་ནི་རྒྱ་དམར་གྱི་རྒྱ་སྐྱེད་རིང་ལུགས་དང་མི་སེར་རིང་ལུགས་ཀྱི་རང་བཞིན་ལ་ཐུག་ཡོད་པ་རེད། ལོ་ངོ་༦༠གོང། གལ་སྲིད་བོད་ཀྱི་སྤྱི་ཚོགས་བཅོས་བསྒྱུར་དེ་བོད་ནང་ཁུལ་གྱི་གསར་སྐྱེས་ཡར་ཐོན་སྟོབས་ཤུགས་ཤིག་གིས་ལེགས་གྲུབ་བྱས་པ་ཡིན་ན། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་རླབས་ཆེན་བྱ་འགུལ་ཡིན་པ་ནི་སྨྲོས་མི་དགོས། རྒྱ་དམར་གྱིས་བོད་ལ་“བཅོས་བསྒྱུར།”དང་“དབང་སྒྱུར།”བྱས་པ་བསྡུར་ན། ངོ་བོའི་ཁྱད་པར་ཡོད། གང་ཡིན་ཞེ་ན། གསར་སྐྱེས་སྟོབས་ཤུགས་དེས་བོད་ལ་བོད་མི་རྒྱ་སྒྱུར་དང་བྲན་སྒྱུར་སློབ་གསོ་ལག་བསྟར་བྱེད་པའི་དགོས་པ་མེད་ལ། བོད་མི་དག་མཐའ་ཕུད་བཏང་སྟེ་དཔལ་འབྱོར་གྱི་ཁེ་ཕན་ཡང་འཕྲོག་མི་སྲིད། དེ་བཞིན་བོད་ཀྱི་རིག་གཞུང་བདག་གཅེས་དང་རྒྱུན་འཛིན་ལ་ཡང་དཀའ་ངལ་ཆེན་པོ་འདི་འདྲ་ཡོང་མི་སྲིད་པ་ཞིག་རེད།

 

རང་གིས་རང་ལ་བོད་མི་དམངས་ཀྱི་སྐྱབས་མགོན་ཡིན་པར་སྒྲོག་པའི་རྒྱ་དམར་གཞུང༌། དེང་སྐབས་བོད་ཀྱི་གནད་དོན་གྱི་ངོ་བོ་ནི་བཙན་འཛུལ་དང་བཙན་འཛུལ་ལ་འགོག་རྒོལ། མི་སེར་སྤེལ་བ་དང་མི་སེར་སྤེལ་བ་ལ་འགོག་རྒོལ་གྱི་གནད་དོན་ཞིག་ཡིན་པ་ལས། བོད་མི་ནང་ཁུལ་གྱི་གྲལ་རིམ་འཐབ་རྩོད་ཅིག་མ་རེད། སྤྱིར་ད་ལྟ་ད་དུང་བོད་ནང་ཁུལ་ལ་ཡར་ཐོན་དང་རྗེས་ལུས་དབར་གྱི་འགལ་ཟླ་མཐའ་དག་སེལ་ཏེ་གངཡང་ལྷག་མེད་ཅེས་བརྗོད་མི་ཕོད་ཀྱང༌། འགལ་ཟླ་འདི་ནི་འདས་པའི་དུས་རབས་ཕྱེད་ཀ་ལྷག་གི་སྤྱི་ཚོགས་འཕེལ་རྒྱས་ཁྲོད། རང་བཞིན་གྱིས་གང་འཚམ་སེལ་ཡོད། མ་འོངས་པར་ད་དུང་ཉིན་རེ་བཞིན་ཇེ་ཆུང་དུ་འགྲོ་ཡི་རེད། ལྷག་པར་དུ་མིག་སྔ་ཕྱིའི་མི་སེར་དབང་སྒྱུར་འོག བོད་མི་རིགས་ཡོངས་ཀྱི་འཚོ་གནས་སྔར་བྱུང་མ་མྱོང་བའི་དཀའ་ངལ་ཞིག་འཕྲད་པའྀ་སྐབས་འདིར། བོད་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་ནི་མི་སེར་དབང་སྒྱུར་ལ་འགོག་རྒོལ་བྱ་རྒྱུ་དེ་རེད། དེར་བརྟེན། ཞིན་བྲན་བཅིངས་འགྲོལ་ཉིན་མོར་སྲུང་བརྩི་དང་དྲིལ་བསྒྲགས་བྱེད་པ་ནི་སྲོག་མེད་པའི་བྱེད་ཐབས་ཤིག་དང་བྱེད་ཐབས་ཟད་པའི་གནས་སྟངས་འོག་གི་ཐབས་ལམ་ཞིག་རེད་ལ། དེ་ནི་འབྲས་མེད་ངལ་བ་ཞིག་ཀྱང་རེད།

 

བོད་མི་དམངས་ཚོ། རྒྱ་དམར་གྱིས་བོད་རྙིང་པ་དྲིལ་བསྒྲགས་བྱེད་སྐབས། རྫུན་ལྷད་དང་འུད་སྒྲོག་ཡོད་སྲིད་པ་ཞིག་རེད། འོན་ཀྱང་རྩ་བའི་ཆ་ནས་བཤད་ན། བོད་རྙིང་པ་དེ་ནི་ནང་སྒོ་བརྒྱབ་སྟེ་ཕྱི་ཕྱོགས་ལ་འབྲེལ་བ་མེད་པ། དབུལ་ཕོངས་དང་རྗེས་ལུས་ཡིན་པ་ནི་དངོས་ཡོད་ཡིན། དེ་ནི་དག་འབུད་བྱེད་ནས་དག་འབུད་བྱེད་ཐུབ་པ་ཞིག་མ་རེད། ལོ་རྒྱུས་ལ་དག་འབུད་དང་གཡོལ་ཐབས་ཀྱི་རྣམ་འགྱུར་འཛིན་པ་ནི་ཉེན་ཁ་ཆེ་ཤོས་ཡིན། ལོ་རྒྱུས་ལ་ངོས་འཛིན་བྱེད་པ་ནི་ཞེད་དགོས་པ་ཞིག་མ་རེད། དངོས་གནས་ཞེད་དགོས་པ་ནི་ལོ་རྒྱུས་ལ་དག་འབུད་དང་གཡོལ་ཐབས་བྱེད་པ་དེ་རེད། དེར་བརྟེན་དངོས་བདེན། ཚན་རིག་དང་མཐུན་པའི་ཐོག་ནས། རང་ཉིད་ཀྱི་ལོ་རྒྱུས་ལ་ཕྱོགས་བསྡོམས་དང་ངོས་འཛིན། རང་སྐྱོན་རང་བརྗོད་ཀྱི་རྣམ་པའི་ཐོག་ནས་རང་གིས་རང་ལ་ཞུ་དག་གིས་ལོ་རྒྱུས་ཁྲོད་བསླབ་བྱ་ལེན་རྒྱུ་དེ་ནི་ཡང་དག་པའི་བྱེད་ཐབས་གཅིག་པུ་དེ་རེད། ༡༨༤༠ལོའི་ཉེས་ཐའི་དམག་འཁྲུག་ནས་བཟུང༌། རྒྱ་ནག་དེ་བཞིན་ཐོག་མཐའ་བར་གསུམ་དུ་གཞན་གྱིས་རང་དགར་ཐུབ་ཚོད་དང་བརྙས་བཅོས་བྱས་ཏེ་དཀའ་སྡུག་དང་ཡིད་སྐྱོ་བའི་ལོ་ཟླ་བརྒྱུད་ཡོད། དུས་དེ་ནས་བཟུང་རྒྱ་མིས་ཕྱིའི་བཙན་རྒྱལ་ལ་རྒོལ་བ་དང་ནང་བཀས་བཀོད་རྒྱུད་འཛིན་ལ་རྒོལ་བའི་རླབས་ཆེན་གྱི་རྒྱལ་སྐྱོབ་ལས་འགུལ་སྤེལ་ཡོད་ལ། དེའྀ་ཁྲོད་ནས་“རྗེས་ལུས་ཐེབས་ན་རྡུང་རྡེག་ཕོག།”ཅེས་པའི་བདེན་དོན་ཕྱོགས་བསྡོམས་བྱས་པ་རེད། རྒྱ་ནག་གིས་མིས་དེ་རིང་དེ་བསླབ་བྱར་འཛིན་ཏེ་བསྐྱར་དུ་རྗེས་ལུས་མི་ཐེབས་པ་དང་བསྐྱར་དུ་གཞན་གྱིས་བརྙས་བཅོས་མི་ཡོང་བར། རང་ཉིད་ལ་དྲན་སྐུལ་དང་མི་རབས་རྗེས་མ་ཚོར་བསླབ་བྱ་རྒྱག་གི་ཡོད། དེར་བརྟེན་ངས་བོད་མི་དམངས་ཀྱིས་ཀྱང་གང་མྱུར་དེ་ལྟར་ལོ་རྒྱུས་ལ་ངོས་འཛིན་དང་བསླབ་བྱ་བླང་པའི་རེ་བ་བྱེད་ཀྱི་ཡོད།

མདོར་ན། བོད་རྙིང་པ་དེ་ནི་དག་འབུད་བྱེད་ནས་དག་འབུད་བྱེད་ཐུབ་པ་ཞིག་མ་རེད་ལ། ཡང་དེ་ནི་དེར་ཁྲིམས་འགལ་གྱིས་དབང་བསྒྱུར་བྱེད་པར་ཁྲིམས་མཐུན་གྱི་རྒྱུ་མཚན་ཞིག་ཀྱང་ཆགས་ཀྱི་མེད་པ་རེད།

 

 

 

 

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese