མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱིས་པ་ ༢༠ འཇུས་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁམས་ནགས་ཤོད་འབྲི་རུ་རྫོང་རྩ་ལ་ཤང་གི་ལྟེ་བའི་སློབ་ཆུང་གི་སློབ་མ་ཚོས་ཕྱི་ཟླ་ ༣ ཚེས་ ༢༢ ཉིན་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། སློབ་མ་གྲངས་ཉི་ཤུ་ཙམ་རྒྱ་ནག་གཞུང་གིས་འཇུ་བཟུང་བྱས་ཡོད་པ་རེད། ད་ལྟ་འཇུ་བཟུང་བྱས་པའི་སློབ་མ་ཁ་ཤས་ཀྱི་མིང་ཤེས་རྟོགས་བྱུང་ཡོད་ནའང། གང་དུ་བཀག་ཉར་བྱས་ཡོད་མེད་སོགས་གསལ་པོ་ཤེས་ཀྱི་མེད་པ་རེད།

འཇུ་བཟུང་བྱས་པའི་སློབ་མ་མིང་ཤེས་རྟོགས་བྱུང་བ་ནི་ཐུབ་བསྟན་འབྱུང་གནས། ཐུབ་བསྟན་དབང་ཕྱུག ནོར་བུ་འབྱུང་གནས། ནོར་བུ་བསྟན་འཛིན།
ཐེག་མཆོག་རྒྱ་མཚོ། རིན་ཆེན་ཕུན་ཚོགས། ཡེ་བརྟན་ལྷུན་འགྲུབ། ཚེ་བརྟན་རྡོ་རྗེ་བཅས་ཡིན་པ་དང། སློབ་ཆུང་གི་སློབ་མ་དེ་དག་ནི་རང་ལོ་ ༡༡
ནས་ ༡༥ བར་གྱི་ལོ་ཆུང་བྱིས་པ་རྐྱང་པ་ཡིན་འདུག ཁོང་ཚོའི་ནང་མིར་རྒྱ་ནག་གཞུང་གི་ཉེན་རྟོག་པས་འདྲི་རྩད་སྣ་ཚོགས་བྱས་ཏེ། སུན་བཙེར་བཟོ་ཡི་ཡོད་པ་མ་ཟད། ཤང་དེར་དྲག་ཆས་ཉེན་རྟོག་དམག་གི་སྐོར་ནས་དམ་དྲག་ཆེན་པོ་བྱེད་བཞིན་པ་རེད་འདུག

གནས་ཚུལ་མཁོ་སྤྲོད་པ་བོད་ཀྱི་བང་ཆེན་གསར་འགོད་པ་ངག་དབང་ཐར་པ་ཡིན།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༡༠ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༡༠ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༤ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

མཆན། 15

  1. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 16 སྔོན།

    གྲོགས་བཙན་པོའི་བུ་ལགས་ཁྱོད་ཀྱིས་བདག་ལ་ནོར་བཅོས་བྱོད་པ་འདི་གུས་པས་ཁྱོད་ལ་དགའ་སུ་ཞུ་མ་འོང་པ་ཡོང་འདི་འདྲ་བྱོད་ཐུབ་པའི་རེལ་བ་ཡོད་་་གང་ཡིན་ལབ་ན་ཕྲོད་ནི་བོད་ཡིག་གནས་ཚད་དམར་བས་འདི་འདྲའི་ལས་ལ་བྱུང་ན་རང་བཞིན་གྱིས་ཡར་རྒྱས་འགྲོ་བའི་གནམས་པ་འདུ་་་་་མ་འོང་པ་གྲོགས་སུ་འདྲ་ཞིང་ཡིན་ན་བདག་ལ་གསུང་རོགས་འོད་ཀྱང་ཁ་ངན་དང་ཚིག་ངན་མ་གསུང་རོགས་གནང་

    Reply
  2. ལུང་རྟོགས། says:
    ལོ་ 16 སྔོན།

    ངའི་སྙིང་ཁྲག་འདི་ན་བཤོས་ཡོད།

    Reply
  3. མི་ཞུན། says:
    ལོ་ 16 སྔོན།

    བོད་ཀྱི་མི་རབས་གསར་བའི་སྙིང་སྟོབས་ཀྱི་ངར་ཤུགས་མེ་བཞིན་འབར་གྱིན་འདུག་ཨང་། བོད་ཀྱི་ན་གཞོན་དཔུང་ཁག་གི་སེམས་ཤུགས་རྦ་རླབས་བཞིན་འཕྱུར་ནས་ཡོང་གིན་འདུག་ཨང་། བོད་ལ་རེ་བ་འདུག བོད་རྒྱལ་ཁབ་ཆེན་མོ་ལ་རེ་བ་འདུག བོད་མི་རིགས་བསྐྱར་དུ་གསོན་བཞིན་འདུག་་་་་་་་་་་་་་་་་་་་་་

    Reply
  4. ཁ་བའི་མེ་ཏོག says:
    ལོ་ 16 སྔོན།

    རྒྱ་ལག་ཏུ་ཤོར་བའི་བོད་ཀྱི་སློབ་ཕྲུག་འདི་ཚོའི་མི་རིགས་ཀྱི་ལ་རྒྱ་དང་སྙིང་སྟོབས་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ། ད་ལྟ་བོད་མི་བཙན་བྱོལ་པ་རྣམས་གོ་མེད་ཚོར་མེད་དུ་ཆགས་པ་དེ་ག་རེད་ཡིན་ན།

    Reply
  5. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    བོད་མི་གཞོན་སྐྱེས་མ་འོངས་གངས་ཅན་མིག་དང་སྙིང་ལྟ་བུའི་རྒྱུད་འཛིན་པ་འདི་ཚོའི་མདུན་ལམ་ལ་བར་ཆད་མེད་པར་སྨོན།

    Reply
  6. གཡང་ལགས། says:
    ལོ་ 16 སྔོན།

    ༦༩ལོར་སྙེ་མོ་ཁུལ་དུ་རྒྱ་གཞུང་ལ་འོས་ལངས་བྱས་པ་ནང་བཞིན། ནགས་ཤོད་འབྲི་རུའི་ལུང་པ་འདི་རུ་རྒྱ་གཞུང་གི་བཙན་གནོན་ལ་འགོག་རྒོལ་བྱེད་པའི་ལས་འགུལ་ཆེན་པོ་སྤེལ་མྱོང་ཡོད་པ་དང་། མི་དམངས་གྲངས་ལས་འདས་པའི་ཚེ་སྲོག་རྒྱ་མིའི་མེ་མདའི་འོག་ཏུ་ཕྱིན་པའི་སྐོར་དང་། ད་ལྟའི་དུས་སུ་ཡང་རྒྱ་གཞུང་ནས་ནགས་ཤོད་འབྲི་རུ་རྫོང་འདི་ས་ཁུལ་ཨང་དང་པོ་ཟེར་བ་དོགས་ཟོན་ཆེན་པོ་བྱེད་སའི་ས་ཁུལ་དུ་ངོས་འཛིན་པའི་སྐོར་གོ་མྱོང་། བྱིས་པ་འདི་ཚོ་ནི་མ་འོངས་བོད་ཀྱི་བདག་པོ་ཡིན་པས་ན་གཞོན་སྐབས་ནས་བཟུང་མེ་མདའི་འོག་ཏུ་འཚོ་མི་འདོད་པ་དང་། སྐྱེས་པ་ནས་རང་ལ་དབང་བའི་རང་དབང་རྩ་ཆེན་དུ་འཛིན་པའི་སྙིང་སྟོབས་འདི་དག་རྗེས་སུ་ཡི་རང་འོས་པ་རེད།

    Reply
  7. མཁས་དབང་བློ་བཟང་ཐུབ་བསྟན་ says:
    ལོ་ 16 སྔོན།

    རྒྱ་ཁབ་ཀྱི་རྩ་ཁྲིམས་སྲ་བརྟན་མེད་མཁན་རང་རེད བྱིས་པ་དང་སློབ་འཕྲུག་རྣམས་ལ་རྒྱ་ཁབ་ཀྱི་རྩ་ཁྲིམས་གུ་ཡང་ཡོད་རེད་
    རྒྱ་ཁབ་གཞན་ལ་དམིགས་དཔེ་ལྟ་ཤེས་ཀྱི་མེད་པ་འདྲ་

    Reply
  8. གྲགས་པ། says:
    ལོ་ 16 སྔོན།

    རྒྱ་ནག་གིས་ཡར་རྒྱས་མེད་པའི་ཐོག་བོད་ལ་ཤེས་ཡོན་ཅན་རིགས་གཉིས་ཡོད་ན་རྩ་མེད་བཟོ་རྒྱུ་སྲིད་ཇུས་རེད།

    Reply
  9. གྲགས་པ། says:
    ལོ་ 16 སྔོན།

    བོད་ཀྱི་ཕྲུ་གུ་རྣམས་སྙིང་རྗེ། རྒྱ་་ནག་གིས་རྩ་མེད་བཟོའི་རེད།

    Reply
  10. གྲགས་པ། says:
    ལོ་ 16 སྔོན།

    བོད་ཀྱི་ཕྲུ་གུ་རྣམས་སྙིང་རྗེ། རྒྱ་་ནག་གིས་རྩ་མེད་བཟོའི་རེད།

    Reply
  11. བཙན་པོའི་བུ། says:
    ལོ་ 16 སྔོན།

    བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད་ལགས། ངས་སྐུ་ཉིད་ལ་འདི་ལྟར་བཤད་འདོད།
    ནོར། བཅོས།
    དཔལ་བོ། དཔའ་བོ།
    དཔའ་མོ། དཔའ་མོ།

    Reply
  12. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 16 སྔོན།

    བཙན་པོའི་གདུང་རྒྱུད་ཁམས་པའི་བུ་རྒྱུད་བོད་ཀྱི་དཔལ་བོ་དང་དཔལ་མོ་ཁྱོད་ཚོ་ནི་བོད་པའི་བུ་དང་བུ་མོ་ངོ་མ་ཡིན་་་

    Reply
  13. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 16 སྔོན།

    ཁམས་སྐད་དང་ཨམ་སྐད་རྒྱག་མཁན་གྱི་ཞེས་བསྒྱུར་རོགས།

    Reply
  14. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 16 སྔོན།

    རེད་ཡ། བོད་ནང་གི་བྱིས་པ་དེ་ཚོར་གཅིག་ལྟོས་དང་། ངོ་མ་བོད་བཙན་པོའི་གདུང་རྒྱུད་ཀྱི་སྙིང་སྟོབས་འདུག སྙིང་སྟོབས་འདི་ལ་ངས་ཇི་སྲིད་བར་དུ་མཐེ་བོང་བསྒྲེངས་འདོད་ལ། ཁྱོད་ཚོ་ནི་ཨ་མའི་བུ་ངོ་མ་དེ་རེད་ཅེས་བརྗོད་འདོད།
    བཙན་བྱོལ་ནང་གི་སློབ་ཕྲུག་ཚོ་ལ་གཅིག་ལྟོས་དང་། གཡག་གི་འོ་མ་དང་འབྲི་ཡི་སྐྱག་པ་ཟེར་བཞིན་བསྡད་ཡོད། ད་དུང་འདི་ཚོ་ལ་མི་དགོས་པ་ཞིག་ནི་མི་རྒན་པ་ཚོ་ལ་ཁ་ལན་སློག་དུས་ཁ་བདེ་མདོག་ཁ་པོ་ཞེ་དྲག་འདུག ཀེ སྤྲང་གོག པན་ཇོར། ཟ་ལ་སོགས་ལ་ཐོགས་པ་ཁྱོན་ནས་མི་འདུག སློབ་གྲྭའི་ཉིན་རེའི་བྱ་བཞག་ནི་ཉིན་རེའི་ཁྲལ་དུ་བརྩི་བཞིན་ཉི་མ་སྐྱེལ་གྱི་ཡོད།
    ཡིད་སྐྱོ་བ་ཞིག་ལ་ད་དུང་མ་སུ་རི་སློབ་གྲྭ་དང་སུ་ཇ་སློབ་གྲྭ་སོགས་སུ་ཁམས་སྐད་དང་ཨམ་སྐད་རྒྱག་གི་སློབ་ཕྲུག་ཡོད་ན་དེ་དག་ལ་མི་ལེགས་པའི་ལྟ་ཚུལ་བཟུང་གི་རེད་ཟེར།
    དེ་དག་ལ་མིང་འདོགས་བཏགས་ནས་ཧ་ལམ་མི་རིགས་གཞན་ཞིག་ཡིན་པའི་བཟོ་བསྟན་གྱི་རེད་ཟེར། དགེ་རྒན་སྐྱག་ཁུག་དེ་ཚོས་སློབ་གསོ་ག་འདྲ་རྒྱག་གི་ཡོད་ན།
    ང་ལ་དེའི་ཚོར་སྣང་ཞིག་ཀྱང་བྱུང་། མཚམས་རེ་གཙུག་ལག་ཁང་དུ་མཛད་སྒོ་དེ་འདྲའི་སྐབས་སུ་ལུང་པ་སོ་སོའི་ཞབས་བྲོ་འཁྲབ་སྐབས། ཁམས་ཀྱི་ཞབས་བྲོ་འཁྲབ་དུས་TCV སློབ་ཕྲུག་དེ་ཚོས་ཨ་ཙི་ཞེད་སྣང་ཚ་ལ་ལབ་ཀྱི་འདུག་ག ད་དུང་ཁྲེལ་དགོད་ཀྱང་བྱེད་ཀྱི་འདུག སློབ་ཕྲུག་འདི་ཚོའི་ཀླད་པའི་ནང་དུ་བླུགས་མཁན་དེ་ཚོ་དགེ་རྒན་མིན་ན་སུ་ཡིན།
    ཨ། ད་ཇོ་བོ་རིན་པོ་ཆེ་ཉོབ་སོང་།
    བཙན་བྱོལ་གྱི་སློབ་ཕྲུག་འདི་ཚོས་བོད་ཡིག་ཟེར་དུས། མགོ་རྙོག་པོ་ཞིག་དང་། མཁྲེགས་པོ་ཞིག ཕན་ཐོགས་མེད་མཁན་ཞིག དཔེ་ཤག་གསོག་མི་ཐུབ་མཁན་ཞིག་ཏུ་བརྩི་རྐྱང་བྱེད་ཀྱི་འདུག་ག འདི་ཚོ་ལ་མི་རིགས་ལ་རྒྱ་དང་། སྙིང་སྟོབས་ཟེར་བ་དེ་ཚོ་ཕ་རིའི་སྤང་རྒྱན་རེད།
    འོན་ཀྱང་ཁྱི་ལུད་ནང་གི་ཁྲག་ཐིགས་ཁ་ཤས་ཡོད་འགྲོ་མ་གཏོགས། འདི་ཚོ་ལ་བལྟ་ས་མི་འདུག ཁ་དང་རྐུབ་ལ་ཨ་ར་སྐྱེས་ཀྱང་ད་དུང་ཕྲུ་གུའི་སྣང་བ་ཁུར་ནས་ཉི་མ་བསྐྱལ་གྱི་རེད།

    Reply
  15. ཕུན་ཚོགས ། says:
    ལོ་ 16 སྔོན།

    ད་ལྟའི་བོད་ནང་གི་སློབ་མ་འདི་ཚོའི་ལོ་ཚོད་དམ་ན་ཚོད་ཀྱི་ཆ་ནས་བཤད་ན་བཙན་བྱོལ་གྱི་འཛིན་གྲྭ་བརྒྱད་པ་དང་དགུ་བར་འགྲོ་བཞིན་པའི་སློབ་མ་ཚོ་དང་ཤིན་ཏུ་ན་མཉམ་ཟེར་ན་མི་ཆོག་པ་མེད། ཁོ་ཚོ་མང་ཆེ་ཤོས་ནི་ལོ་བཅུ་གསུམ་ནས་བཅོ་བརྒྱད་བར་གྱི་ན་ཚོད་ཅན་རྐྱང་རྐྱང་ཡིན་པ་མ་ཟད། ཕ་མ་དང་ཡུན་རུང་ཁ་བྲལ་མ་མྱངས་པའི་སྤྱིར་བཏང་གི་བྱིས་པ་པྲ་ཚག་ཚོ་དང་ཤིན་ཏུ་མཚུངས་ཆོག་ཆོག་ཡིན།

    ཡིན་ཡང་བློ་ངོར་མི་ཤོང་བ་ཞིག་ནི། ཁོ་བ་ཚོ་ནི་འདུ་ཤེས་དང་ཡོ་ལང་གསར་བ་ཞིག་གི་དར་ཆ་སྒྲེང་མཁན་དུ་འགྲེང་ཞིང་། བཙན་པོར་གཉའ་མི་སྒུར་བར་མི་རིགས་ཀྱི་ལས་དབང་ལ་ཀི་རིང་འདེབ་ཕོད་པའི་གཞོན་ནུ་གསོན་ཤུགས་ཀྱིས་བཏེགས་པ་རྐྱང་རྐྱང་དུ་གྱུར་འདུག་པ་མ་ཟད། ད་ལོ་ཡངཁམས་ནགས་ཤོད་འབྲི་རུ་རྫོང་རྩ་ལ་ཤང་གི་ལྟེ་བའི་སློབ་ཆུང་གི་སློབ་མ་ཚོ་དང་་རྨ་ཆུའི་སློབ་འབྲིང་དང་བསང་ཆུ།་ཀན་ལྷོ།་ཞོན་ཧ་སོགས་བོད་ཁུལ་ཀྱི་བོད་རིགས་སློབ་འབྲིང་གང་མང་ཞིག་གི་སློབ་མ་ཚོའི་སྤོབས་པ་དང་སྙིང་སྟོབས་ཀྱིས་བསྒུལ་ཞིང་ལོ་རྒྱུས་ཀྱིས་བརྗེད་མི་སྲིད་པའི་ལས་འགུལ་མི་ཉུང་བ་ཞིག་སྤེལ་བ་འདིས་ནི། ང་ཚོར་རང་བཞིན་གྱིས་བསམ་གཞིགས་གསར་བ་ཞིག་གི་རྒྱགས་ཕྱེ་གསར་བ་ཞིག་སྤྲོད་ཀྱིན་ཡོད་པ་མ་ཡིན་ནམ། འོན་ཀྱང་ངས་འདི་ནས་གླེང་འདོད་པ་ནི་ཁོ་ཚོའི་ལས་འགུལ་གྱི་རྒྱུད་རིམ་དང་ནུས་པ་སོགས་ཀྱི་ཕྱོགས་ནས་གླེང་རྒྱུ་མ་ཡིན་པར། ཁོ་ཚོ་དང་ན་མཉམ་ཞིང་སློབ་ལོ་གཅིག་པའི་བཙན་བྱོལ་གྱི་སློབ་ཕྲུག་ཚོའི་འདུ་ཤེས་དང་སེམས་ཁམས་ལ་བཤིར་བསྡུར་ཐེངས་གཅིག་བྱེད་འདོད་པ་དེ་ཡིན།

    མི་ཞིག་གིས་མི་ཚེའི་རིན་ཐང་དང་ལྟ་བ་ལ་ངེས་ཟིན་གསལ་བོ་བྱུང་བའི་དུས་རིམ་ནི་རང་ཉིད་འཆི་ཁ་མའི་དུས་སྐད་ཅིག་ཙམ་དེ་ཉིད་ཡིན་ཟེར་ལ། དེ་ནི་རང་ཉིད་མི་ཚེ་གང་འཚོའི་བར་གསོན་ཀྱང་གསོན་གོ་མ་ཆོད་པའི་འདུ་ཤེས་ཤུགས་དྲག་པོ་ཞིག་བྱུང་བ་དང་མཉམ་དུ་སྐྱེས་སྲིད་ཅིང་། རང་དབང་དང་བདེན་སྟོབས་ཀྱི་ངེས་ཤེས་གྲི་ལྟར་བརྡར་བ་ལས་ཀྱང་བསྐྱེད་པར་བྱེད་པས།་དེ་ལ་དུས་ཚོད་ཀྱི་མདའ་རྩེ་རིང་པོ་ཞིག་མཁོ་ཞིང་ཉམས་མྱོང་གི་ཟིན་ཐོ་མང་པོ་ཞིག་ཀྱང་དགོས་ངེས་ཡིན། ཡིན་ཡང་བྱིས་པའི་ངོ་མདངས་མ་ཡལ་ཞིང་བསམ་བློའི་སྐྱེས་འཕེལ་མ་རྫོགས་པའི་སློབ་མ་འདི་དག་གིས་ཀི་རྒྱང་རིང་པོ་ཞིག་གི་སྣེ་ཁྲིད་དེ་འདི་ལྟའི་ལམ་དུ་ཞུགས་པར་སྤྲོ་བ་དང་སྤོབས་པས་ཁེངས་པའི་ཉམས་སྣང་དེ་ནི་སུས་ཀྱང་འགྲེལ་དཀའ་ཞིང་ཚོད་དཔགས་ལས་བརྒལ་བ་ཞིག་ཡིན་པ་མ་ཡིན་ནམ།

    ཡིན་ནའང་བཙན་བྱོལ་གྱི་སློབ་མ་ཆོ་ནི་ནམ་རྒྱུན་འཚོ་བའི་ཁྲོད་སློབ་ཕྲིག་ཅེས་འབོད་པ་བཞིན་ཕྲུ་གུ་ཆུང་ཆུང་གི་འཚོ་བའི་ཁྲོད་བསམ་བློའི་འཚར་ལོང་མེད་པའི་དཔུང་སྡེ་ཆེ་རུ་འགྲོ་གི་ཡོད་པ་འདི་ནི་ང་ཚོས་མི་བཤད་ཐུ་མེད་ཀྱི་སྐད་ཆ་ཞིག་ཏུ་ལྷག་ཡོད།་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese