མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོང་པ་སྟོང་པའི་སྟོང་འཛིང་། ཁང་གསར་རྡོ་རྗེ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp
 

༅༅།། ང་ནི་ཆབ་སྲིད་ཀྱི་ཐོག་ནས་ཏཱ་ལའི་བླ་མ་མཆོག་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་དེ་ཡིན་པར་བརྩི་བཀུར་ཞུ་མཁན་ཞིག་ཡིན་ལ། དེ་ནི་བོད་མི་ཞིག་ཡིན་ན་ངེས་པར་ཁས་ལེན་དགོས་པ་ཞིག་རེད་དྲན་གྱི་ཡོད།

ང་རང་བོད་ནང་སྐྱེས་ཀྱང་རྒྱ་ནག་གི་སློབ་གྲྭ་འགྲིམས་སྟབས་ང་ལ་ངོས་འཛིན་འདི་འདྲ་ཞིག་འབྱུང་བར་དུས་ཚོད་རིང་པོ་འགོར་བར་མ་ཟད། བརྒྱུད་རིམ་ཀྱང་མང་པོ་ཞིག་འགྲིམས་དགོས་བྱུང་སོང་། ང་རང་མ་ཤི་བར་ལྟ་ཚུལ་འདི་ལ་འགྱུར་བ་རྩ་བ་ནས་ཡོང་གི་མ་རེད།

ཆོས་ལུགས་ཀྱི་ཐོག་ནས་སུ་ཞིག་རང་གི་བླ་མ་ལ་བརྩི་མིན་ནི་རང་ཉིད་ཆོས་དད་ཡོད་མེད་དང་འབྲེལ་བ་ཡོད་པ་ཞིག་རེད།          

ཏཱ་ལའི་བླ་མ་མཆོག་ང་ཚོའི་ཆབ་སྲིད་ཀྱི་དབུ་ཁྲིད་བླ་ན་མེད་པ་ཡིན་པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གཏན་ལ་ཕབ་པ་ཙམ་ཞིག་མ་ཡིན་པར། གལ་ཏེ་བོད་གཞིས་བྱེས་གཉིས་ཀྱི་མང་ཚོགས་ལ་རང་དབང་གི་ཐོག་ནས་འོས་བླུག་པའི་གོ་སྐབས་ཡོད་ཚེ། ཧ་ལམ་བོད་མི་བརྒྱ་ཆ་ ༡༠༠ ལ་ཉེ་བས་རང་གི་རྩ་ཆེའི་འོས་ཤོག་དེ་ཏན་ཏན་ཁོང་ལ་འབུལ་ངེས་ཡིན་པ་དེར་ཐེ་ཚོམ་ཅི་ཡང་མེད་པ་ཞིག་རེད།

སྲིད་ཇུས་ཀྱི་ཐད་ནས་བཤད་ན། ད་ལྟའི་དབུ་མའི་ལམ་དེ་བོད་ལ་ཁེ་ཕན་ཡོད་པ་ཞིག་རེད། གནས་སྐབས་འགྱུར་བ་བཏང་ན་ཕན་ལས་གནོད་ཆེ་བ་ཞིག་རེད། དེ་ངས་ངོས་འཛིན་གསལ་པོ་ཐུབ་ཀྱི་འདུག

འོན་ཀྱང་ང་རང་གིས་སྦྱངས་པའི་གཞུང་ལུགས་ལྟར་ན། ཆབ་སྲིད་ཅེས་པ་དེ་ལྟ་གྲུབ་ཅིག་སྤྱིར་བཏང་མ་རེད། དེ་ནི་ཐབས་ཇུས་ཤིག་རེད། ཐབས་ཇུས་ཀྱི་ཐད་ནས་བཤད་ན། ༡༩༧༩ བར་གྱི་རྒྱལ་སྤྱིའི་འཕེལ་ཕྱོགས་དང་རྒྱ་ནག་ནང་གི་གནས་སྟངས་འོག་ཏུ་དབུ་མའི་ལམ་ལྟ་བུའི་སྲིད་ཇུས་ལ་མདུན་ལམ་ཅི་ཡང་མེད་པ་དེ་དངོས་ཡོད་རེད་ལ། ༡༩༥༡ ནས་ ༡༩༥༩ བར་རྒྱ་ནག་དང་མཉམ་དུ་གནས་ཐབས་བྱས་པར་འབྲས་བུ་སྡུག་གྱོང་མ་གཏོགས་མ་བྱུང་བའི་བོད་མི་ཚོས་ཀྱང་སྐབས་དེར་ཁས་ལེན་ཐབས་མེད་པ་ཞིག་རེད།

༡༩༧༩ ནས་དབུ་མའི་ལམ་བཏོན་པ་ཡིན་ཟེར་ཡང་ད་ལྟ་ནང་བཞིན་གྱི་ཁ་གསལ་པོ་མེད། མདོར་ན་བོད་མི་རྣམས་ལ་རིམ་པས་ཁ་ཇེ་གསལ་དུ་བཏང་བ་དང་མཉམ་དུ་གང་གི་ཤུགས་རྐྱེན་བཀོལ་ནས་ཁས་ལེན་ཞུ་བཅུག་པ་ཞིག་རེད།

གནད་འགག་གཅིག་བཤད་ན། གལ་ཏེ་དབུ་མའི་ལམ་འདི་༸གོང་ས་མཆོག་གིས་བཏོན་པ་ཞིག་མིན་པར། འཇམ་དབྱངས་ནོར་བུ་ལྟ་བུའི་གང་ཟག་གཞན་ཞིག་གིས་བཏོན་པ་ཡིན་ཚེ། བོད་མི་གཞན་དག་ལྟ་ཅི། དབུ་མའི་ལམ་གྱི་ལས་འགུལ་ཁང་གི་མི་དེ་ཚོས་ཀྱང་དེ་ལ་ཁས་ལེན་རྩ་བ་ནས་བྱེད་ཀྱི་མ་རེད། དེས་ག་རེ་གསལ་བཤད་བྱས་པ་རེད། དབུ་མའི་ལམ་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་པ་དེ་དབུ་མའི་ལམ་རང་ལ་ཡིད་ཆེས་ནས་མིན་པར། བླ་མ་ལ་དད་པ་དང་དམ་ཚིག་གཡོ་བ་མེད་པ་དེ་ཡིན་པ་གསལ་བཤད་བྱས་པ་རེད། བླ་མའི་མཛད་འཕྲིན་ལ་གུས་བཀུར་ཞུ་བ་ཞིག་རེད།

ངས་གོང་དུ་ཞུས་པ་བཞིན། ཆབ་སྲིད་ནི་ཐབས་ཇུས་ཤིག་རེད། དེ་ནི་གོ་སྐབས་དམ་འཛིན་དང་མཉམ་དུ་རང་གི་མི་རིགས་དང་རྒྱལ་ཁབ་ལ་ཁེ་ཕན་ཆེ་ཤོས་ག་རེ་འདུག་ནའང་དེ་ལེན་ཐུབ་ཐབས་ཀྱི་ཐབས་ཇུས་ཤིག་རེད།

དེ་རིང་ཐབས་ཇུས་ཀྱི་ཐོག་ནས་དབུ་མའི་ལམ་དེ་ང་ཚོ་ལ་ཁེ་ཕན་ཆེ་ཤོས་དེ་ཡིན་ཡང་། སང་ཉིན་གྱི་དུས་སྐབས་སུ་དེ་ཁེ་ཕན་ཆེ་ཤོས་ཀྱི་ཐབས་ཇུས་སུ་འགྱུར་བའི་ངེས་པ་མེད། དེར་བརྟེན། རང་བཙན་འཐབ་རྩོད་ཀྱི་མེ་ལྕེ་མ་ཤི་བར་གནས་དགོས་པ་འདི་ཡང་ཕུགས་རྒྱང་རིང་པོ་ནས་བསམས་ན་དགོས་གལ་ཆེན་པོ་ཞིག་ཡིན་པར་མ་ཟད། ད་ལྟའི་དབུ་མའི་ལམ་གྱི་རིན་ཐང་མངོན་པར་ཡང་། ད་ཡོད་རང་བཙན་འཐབ་རྩོད་པ་ཚོ་གནད་འགག་ཧ་ཅང་ཆེན་པོ་ཆགས་ཡོད། དེ་ལྟར་མིན་ན། རྒྱ་ནག་གི་འགོ་ཁྲིད་ཏེང་ཞའོ་ཕིང་གིས། རང་བཙན་ཕུད་ག་རེ་ཡིན་ནའང་གྲོས་བསྡུར་བྱས་ཆོག་ཅེས་བཤད་དོན་ཡོད་མ་རེད།

རྒྱ་ཆེ་ས་ནས་བསམ་གཞིགས་བྱས་ཚེ། ང་ཚོའི་འཐབ་རྩོད་ནང་དབུ་མའི་ལམ་དང་རང་བཙན་གཙང་མ་རྩོད་པའི་ལངས་ཕྱོགས་འདི་གཉིས་ཀྱི་དགོས་མཁོ་མུ་མཐུད་གནས་ཡོད། དེར་བརྟེན། བོད་དོན་འཐབ་རྩོད་པ་ཚང་མ་དབུ་མའི་ལམ་ལྟ་བུའི་ལམ་ཁ་གཅིག་ལ་འུར་འདེད་བྱེད་དགོས་པའམ་དད་སེམས་ཀྱིས་ཞུགས་དགོས་པའི་བསམ་ཚུལ་འཆང་མཁན་ཚོས། ཕུགས་ཀྱི་གནས་ལུགས་འདི་མ་རྟོགས་པ་རེད་ལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་སྩལ་བའི་ཁེ་དབང་ཡང་མ་རྟོགས་པ་རེད། ཐ་ན་འུར་ཆེ་ཙམ་བྱས་ནས་བཤད་ན། ༸གོང་ས་མཆོག་གི་དགོངས་པ་ཡང་མ་རྟོགས་པ་རང་རེད།

སྲིད་ཇུས་དེ་ལྟ་གྲུབ་ཅིག་མིན་སྟབས། དེ་གཞུང་ལུགས་ལྟ་བུ་ཞིག་ལ་བརྩིས་ཏེ་རྩོད་པ་བརྒྱབ་ནའང་ཐག་ཆོད་པ་ཡོང་གི་མ་རེད། དམངས་གཙོ་དང་དམར་ཤོག་གི་གཞུང་ལུགས་བར་དུ་ལོ་རབས་ཁ་ཤས་རྩོད་གླེང་བྱས་པ་རེད། གཉིས་ཀ་ལ་འདྲ་འདྲ་མཉམ་མཉམ་ཞིག་བཤད་རྒྱུ་ཡོད་རེད། འོན་ཀྱང་དངོས་ཡོད་སྤྱི་ཚོགས་ཀྱི་འགྱུར་བ་གཞི་བཟུང་གོ་སྐབས་ལེན་མ་ཐུབ་པའི་ཨུ་རུ་སུ་འཐོར་ཞིག་སོང་བ་རེད། རྒྱ་ནག་མུ་མཐུད་གནས་ཡོད། གནས་པ་ཙམ་མ་ཟད་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་བཞིན་ཡོད། དེ་ནི་དམར་པོའི་ལྟ་གྲུབ་མཁྲེགས་འཛིན་མ་བྱས་པར་གནས་སྟངས་སོ་སོར་གཞིགས་པའི་སྲིད་བྱུས་ལ་འགྱུར་བ་གཏོང་ཐུབ་པ་དེའི་དབང་གིས་རེད།

༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་གྱི་གསལ་བསྒྲགས་གནང་ཐུབ་པ་དེ་ཡང་། མན་ཇུའི་སྲིད་དབང་ཉམས་ཉེས་སུ་སོང་བའི་གོ་སྐབས་དམ་འཛིན་གནང་སྟེ་སྲིད་ཇུས་ལ་འགྱུར་བ་གཏོང་ཐུབ་པའི་དབང་གིས་རེད་མ་གཏོགས། མན་ཇུའི་སྲིད་དབང་མ་ཉམས་གོང་དུ་འགྲོ་ལམ་གཞན་དག་མེད་པ་བཟོས་ཚེ། གོ་སྐབས་དེ་དམ་འཛིན་ཐུབ་དཀའ་བ་ཞིག་རེད།

དེང་སྐབས་མི་ཚོས། རང་བཙན་རྩོད་མཁན་ཚོར། སྡང་ཟུག་བྱེད་པར་མ་ཟད། རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལྟ་བུ་ནི་རང་ཉིད་ལམ་ནོར་ལ་སོང་བ་ངོས་འཛིན་མི་ཐུབ་མཁན་རེད་ཅེས་སྒྲོག་གིན་ཡོད། ད་དུང་རང་བཙན་རྩོད་མཁན་ཚོར། རང་བཙན་ལེན་སྟངས་ཀྱི་འཆར་གཞི་སྦྱོར་དངོས་མཇུག་གསུམ་ཚང་བ་ཞིག་འཁྱེར་ཤོག་ཅེས་རྫིག་རྫིག་བཤད་ཀྱི་ཡོད།

རང་བཙན་འཐབ་རྩོད་པ་རྣམས་ཀྱིས་ལུག་ཁྱུའི་ནང་ནས་ཐོན་ཏེ་ལམ་གཞན་ཞིག་ལ་སོང་བ་དེ་ག་རང་གིས། ཁོང་ཚོ་གཞན་ཟེར་རྗེས་འབྲང་པ་མ་ཡིན་པ་དང་ཆུ་སྣ་གར་འཁྲིད་མ་ཡིན་པ། རྩ་དོན་གྱི་ཆེད་དུ་ཆོད་སེམས་བརྟན་པོ་ཡོད་པ་ཤེས་ཐུབ་པ་ཞིག་རེད། ཇི་ལྟར་དབུ་མའི་ལམ་དུ་ཞུགས་མཁན་ཁྲོད་དུ་ཤེས་རྨོངས་པ་ཡོད་པ་ཇི་བཞིན། རང་བཙན་འཐབ་རྩོད་པའི་ནང་དུའང་དེ་བཞིན་ཡོད་ངེས་རེད། འོན་ཀྱང་དེས་རང་བཙན་འཐབ་རྩོད་པ་རྣམས་ལ་རྣམ་དཔྱོད་མེད་པར་ངན་སྨྲས་བྱེད་པ་ནི། རྒྱུ་མཚན་ལྡན་པའི་སྐད་ཆ་མ་རེད།

རང་བཙན་ལེན་ཚུལ་གྱི་འཆར་གཞི་སྦྱོར་དངོས་མཇུག་གསུམ་ཚང་བ་ཞིག་འཁྱེར་ཤོག་ཟེར་བ་དེ་ཡང་དངོས་དོན་དང་འཚམ་པའི་སྐད་ཆ་མ་རེད། རྫིག་གཏམ་དེ་སྨྲ་མཁན་དབུ་མའི་ལམ་ལ་ཞུགས་མཁན་ཚོ་རེད། འོ་ན་དབུ་མའི་ལམ་མངོན་འགྱུར་ཡོང་ཐབས་ཀྱི་འཆར་གཞི་སྦྱོར་དངོས་མཇུག་གསུམ་ཚང་བ་ག་རེ་ཡོད། སི་ཊའི་སི་སྦག་གི་གྲོས་འཆར་དེ་ཡིན་ཞེས་ལོ་བཅུ་གྲངས་མཐའ་བསྐྱལ་བ་རེད། ད་ལྟ་གྲོས་འཆར་དེ་འཆར་སྣང་ཡིན་སོགས་གསུངས་ཏེ་བསྡུ་གསོག་བསྐྱོན་གྲུབ་པ་རེད། ཉེ་དུས་རྒྱ་ནག་ལ་སྤྲད་པའི་བོད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་འདི་ཡིན་ནམ། ཤོག་བུའི་སྒང་ལ་གཅིག་བྲིས་ཏེ་རྒྱ་ནག་ལ་སྤྲད། རྒྱལ་སྤྱི་ལ་བཀྲམས་པ་ཙམ་གྱིས་མངོན་འགྱུར་ཡོང་གི་འདུག་གམ། འདུག་ན་རང་བཙན་འཐབ་རྩོད་པ་ཚོས་ཀྱང་གནའ་བོའི་ལོ་རྒྱུས་ནས་འཕྲོས་ཏེ་རང་བཙན་གཙང་མ་དགོས་ལུགས་ཀྱི་ཡིག་ཆ་དེ་ལས་ལྡབ་བརྒྱ་གྱུར་གྱིས་རྫིག་པ་ཞིག་རྒྱ་ནག་གཞུང་ལ་སྤྲོད་རྒྱུ་ནི་དཀའ་ཚེགས་ཆེ་བའི་བྱ་བ་ཅི་ཡང་མ་རེད། གཞིས་བཞུགས་མཁས་དབང་དམ་པ་བློ་བཟང་དབང་ཕྱུག་སོགས་ཀྱིས་ཀྱང་དེ་འདྲའི་ཡིག་ཆ་རྒྱ་ནག་གཞུང་ལ་ཕུལ་འདུག

དེ་མིན་རང་བཙན་གྱི་མཐའ་ལའང་མ་ལྷུང་བ། རྒྱ་ནག་གི་བྲན་གཡོག་ཏུ་བཀོལ་བའི་མཐའ་ལའང་མི་ལྷུང་བ་སོགས་ཀྱི་མཐའ་བརྒྱད་ཚུལ་དྲུག་གི་འགྲེལ་བཤད་སྙིང་རྗེ་མོ་དེ་ཙམ་ལ་སྦྱོར་དངོས་རྗེས་གསུམ་ཚང་བ་ཟེར་གྱི་ཡོད་ན་ནི། རང་བཙན་འཐབ་རྩོད་པས་ཀྱང་དེ་འདྲའི་ཡིག་ཆ་འདོན་པ་དང་དེ་འདྲའི་གཏམ་བཤད་སྙན་པོ་རྫིག་པོ་བྱེད་པར་དཀའ་ཚེགས་ཅི་འདུག

དེ་མིན་འཐབ་རྩོད་ཀྱི་འགོ་འདི་ལྟར་བཙུགས། བར་འདི་ལྟར་བསྲིངས། མཇུག་འདི་ལྟར་བསྡུ་ཞེས་པའི་འཆར་གཞི་དུས་ཚེས་དང་བཅས་པ་གསལ་བར་འཁོད་པ་ཞིག་ནི། དབུ་མའི་ལམ་ལ་ཕེབས་མཁན་ཚོར་ཡང་མེད་ལ། རང་བཙན་འཐབ་རྩོད་པ་ཚོས་ཀྱང་འབུལ་མི་ཐུབ་པ་མཁྱེན་གསལ་རེད།

ངས་དབུ་མའི་ལམ་ལ་གུས་བཀུར་ཡོད། གུས་བཀུར་ཞུ་དོན་ནི། དེ་ལྟ་གྲུབ་བམ་ཆོས་ལུགས་ཤིག་ལ་བརྩིས་ནས་དད་པ་བྱེད་པ་མིན་པར། ད་ལྟའི་དབུ་མའི་ལམ་དེས་རང་བཙན་སོགས་ཐབས་ལམ་གཞན་དག་བཀག་འགོག་བྱེད་ཀྱི་མེད་པ་དེས་ཡིན། ཐ་ན་འབྱུང་འགྱུར་ཉིན་གཅིག་གོ་སྐབས་བྱུང་ཚེ། བོད་གཞུང་གི་སྲིད་བྱུས་དེ་རང་བཙན་གཙང་མའམ་དེ་མིན་བོད་ལ་ཁེ་ཕན་ཆེ་ཤོས་ཀྱི་སྲིད་བྱུས་གཞན་ཞིག་གི་ཐོག་བབས་ཐུབ་པའི་ལྡེམ་ཤུགས་དེ་ལྡན་པས་ཡིན།

ཁྱིམ་ཚང་གཅིག་གི་ནང་དུ་འགལ་ཟླ་ཉུང་ན་ལེགས་པ་ཡོད། དེ་དངོས་ཡོད་རེད། འགལ་ཟླ་ཞེས་པ་དེ་སེམས་ཀྱི་འཁོན་འཛིན་ཞིག་དང་འབྲེལ་བ་ཤས་ཆེ། འོན་ཀྱང་རང་བཙན་དང་དབུ་མའི་ལམ་འདི་འགལ་ཟླ་ལ་ངོས་བཟུང་ན་འགྲིག་གི་མ་རེད། དེ་ནི་ཁྱིམ་ཚང་གི་ཕས་ཁ་ཚ་དགོས་གཏུགས་ཀྱི་ཚོང་ལས་ལ་ཤུགས་རྒྱག་པ་དང་བུས་ཕུགས་ཀྱི་ཤེས་ཡོན་ལ་ཤུགས་རྒྱག་པ། ཨ་མས་འཕྲལ་གྱི་ནང་ལས་ལ་ཤུགས་རྒྱག་པ་འདྲ་བོ་རེད། གལ་ཏེ་འདི་དག་འགལ་ཟླར་བརྩིས་ཏེ་ནང་མི་ཚང་མས་ཚོང་ལས་གཅིག་པུར་ཤུགས་རྒྱག་དགོས་ཟེར་ན། ཚོང་ལས་ཡག་པོ་ཡོང་གི་མ་རེད་ལ་ནང་ལས་དང་ཤེས་ཡོན་ཡང་ཡག་པོ་ཡོང་གི་མ་རེད།

ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པར་མ་ཕེབས་གོང་དུ། བཙན་བྱོལ་སྤྱི་ཚོགས་ཀྱི་མང་ཚོགས་ཁྲོད་དུ། རང་བཙན་དང་དབུ་མའི་ལམ་གང་ཡིན་ཡང་རྒྱབ་སྐྱོར་བྱེད་པའི་སྲོལ་བཟང་ཞིག་འདུག ཟམ་གདོང་རིན་པོ་ཆེས་གསུང་བཤད་ཁ་ཤས་ནང་མང་ཚོགས་ནང་དེའི་ཐད་ལངས་ཕྱོགས་གསལ་སྟོན་དགོས་པར་གསུངས་པ་མ་ཟད། གཞུང་འབྲེལ་མ་ཡིན་པའི་མཛད་སྒོ་ཁག་ཏུ་གཞུང་དང་གཞུང་ཞབས་མཉམ་ཞུགས་མི་གནང་བའི་སྲིད་བྱུས་ཤིག་གསལ་བསྒྲགས་བྱས་ཤིང་། དེ་ནས་བཟུང་མང་ཚོགས་ནང་ལའང་དེའི་ཐད་འགལ་ཟླ་མངོན་འགོ་ཚུགས། ཐ་ན་སྐད་འབོད་ཀྱི་འབོད་ཚིག་ཚུན་ནས་འགལ་ཟླ་ལངས་འགོ་ཚུགས།

དོན་དངོས་སུ་འདི་གཉིས་དབར་འགལ་ཟླ་ག་རེ་ཡོད་རེད། རང་ལུས་མེར་བསྲེགས་མཁན་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱི་ལོ་རྒྱུས་ལ་གཟིགས་དང་། ཁོང་ནི་དབུ་མའི་ལམ་དང་རང་བཙན་གཉིས་ཀ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་རེད། གཉིས་ཀ་བོད་ཀྱི་ཆེད་དུ་ཡིན་ན། འགལ་ཟླ་རུ་བལྟ་དོན་འདུག་གམ། གང་ལྟར་རྒྱ་ནག་ལ་གཏམ་དཔེ། མདུན་ལ་འགྲོ་དུས་རྒྱབ་བཤིག་རྒྱག་ས་ཞིག་ཀྱང་འཇོག་དགོས་ཟེར་བ་ཞིག་ཡོད་རེད། དབུ་མའི་ལམ་དང་རང་བཙན་གཙང་མའི་གནས་བབས་ནི་དེ་འདྲ་ཞིག་ཡིན་པ་ཁས་བླངས་རུང་མ་བླངས་རུང་། དོན་དངོས་དེ་ག་རེད།

དབུ་མའི་ལམ་གྱི་སྲིད་བྱུས་འདི་མུ་མཐུད་གནས་དགོས་ལ།  རང་བཙན་འཐབ་རྩོད་ཀྱི་མེ་ལྕེ་ཡང་ཤི་མི་རུང་། ང་རང་འདི་གཉིས་ཀ་ལ་གུས་བཀུར་ཡོད། དེ་གཉིས་ཀ་ལ་རྒྱབ་སྐྱོར་ཡོད། འདི་གཉིས་འགལ་ཟླ་ལ་བརྩིས་ཏེ་འཁྲུག་རྩོད་བྱེད་པ་ནི། གཞོང་པ་སྟོང་པར་ཁྱི་འཛིང་བྱེད་པ་རང་རེད།། །།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ན་གཞོན་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱི་ཞེས་པ་གཞུང་འབྲེལ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་སོང་།
 བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༥
Mobile App

ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱིའི་གཞུང་འབྲེལ་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
Front Slider

གོ་སྟོན་དང་འབྲེལ་བའི་སེམས་ཚོར།

ཆུ་ཚོད་ ༡༢ སྔོན་ལ།
སྲིད་སྐྱོང་མཆོག་ནས་དབྱིན་ཡུལ་དང་ཡུ་རོབ་རྒྱལ་ཁབ་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

དབྱིན་ཡུལ་དང་ཡུ་རོབ་ནང་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་དགོས་པའི་སྐུལ་མ་གནང་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་བཙན་བྱོལ་བོད་མི་ཁ་འཐོར་མི་འགྲོ་བའི་བསམ་འཆར། 

༢༠༢༥/༠༦/༢༤
འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ཡུ་རོབ་ཀྱི་གསར་ལམ་ཁག་ཏུ་བོད་དོན་གླེང་སློང་གནང་།  པར་ཧྥ་རན་སིའི་ (France 24)
Mobile App

བོད་དོན་ཞི་རྒོལ་བ་ཞིག་གིས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་གླེང་སློང་གནང་།

༢༠༢༥/༠༦/༢༤
Mobile App

བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་སེམས་ཆེ་ཞིང་ལྷག་བསམ་དཀར་བའི་མི་རྒན་ཞིག་ལ་རྗེས་དྲན་ཞུ་བ།

༢༠༢༥/༠༦/༢༣

མཆན། 46

  1. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    དྲྭ་རོགས་གནམ་ལྕགས་ཀྱི་ལེགས་སོ་ལ་ཅི་ཡང་མི་ཞུ། ཉིན་གཅིག་ངས་དབུ་ཁྱུད་དེ་ཡང་མི་དགོས་རབས་ཤིག་འབྲི་སྲིད་པས་དགའ་བསུ་ཞུ་བར་མ་སྔ།

    དྲྭ་རོགས་རང་བཙན་གཙང་མ་ལགས། ཁྱེད་ཀྱིས་སེམས་པ་བཟང་པོས་སྙིང་གཏམ་གསུངས་པར་ཐུགས་རྗེ་ཆེ།

    ང་རང་ཚོ་ག་ཚོད་གནས་ཚད་ཞན་ཟེར་ཡང་དམངས་གཙོའི་སྤྱི་ཚོགས་ཤིག་གི་ནང་སླེབས་ཟིན་པ་རེད། འགའ་རེས་ང་༸རྒྱལ་བ་རིན་པོ་ཆེའི་དགྲ་རེད་ཟེར་ན་དགྲ་རུ་གྱུར་འགྲོ་བ་དང་། འགའ་རེས་ཁོང་གི་གཉེན་རེད་ཟེར་ན་གཉེན་དུ་འགྱུར་འགྲོ་བ་དེ་འདྲ་མ་རེད། ང་ནི་ང་རང་སྟེ། ཁང་གསར་རྡོ་རྗེ་ཡིན། མཐོ་ནའང་དེ་རེད་དམའ་ནའང་དེ་རེད། ཉེས་རྡུང་བཏང་ནའང་དེ་རེད། བསྟོད་བསྔགས་བྱས་ནའང་དེ་རེད། ངས་བཤད་པ་རྣམས་ལ་ངས་འགན་འཁྱེར་གྱི་རེད། ངས་བཤད་པ་རྣམས་ངའི་སྐད་ཆ་རེད། དེ་བླ་མའི་ཐུགས་ལ་ཕོག་མིན་དང་བླ་མའི་གཟིམ་ཁྱིའི་སྣ་ལ་ཕོག་མིན་ལ་ངས་བསམ་བློ་གཏོང་གི་མེད། ཀློག་པ་པོ་ཚོས་ཀྱང་ངའི་སྐད་ཆ་རྣམས་བླ་ཆེན་མི་ཆེན་གྱི་གསུང་དང་མཐུན་མིན་དང་། བླ་ཆེན་མི་ཆེན་ལ་ཕོག་ཐུག་འགྲོ་མིན་ལ་གཞིགས་ཏེ་ཚད་འཇལ་མ་གནང་རོགས། ངས་བཤད་པའི་རྒྱུ་མཚན་དེ་ཚོ་འཐད་ལྡན་རེད་མ་རེད། དེ་ཚོར་དགོངས་པ་བཞེས་ནས་གདེང་འཇོག་གནང་རོགས་ཞུ།

    སྔོན་ནས་བསམ་བློ་ནན་ཏན་བཏང་སྟེ་མགོ་བོ་འདི་བར་བསྲིངས་ཚར་དུས། ཕྱིར་འཐེན་བྱ་སེམས་མེད། དུས་ཚོད་དཀོན་པའི་དཀའ་ངལ་ཆེ་བ་མ་གཏོགས་འདི་འདྲ་བ་མུ་མཐུད་འབྲི་ངེས་ཡིན།

    Reply
  2. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    དྲྭ་རོགས་ལྷུན་གྲུབ་ཀྱི་བསམ་འཆར་ལ་ངས་ཚིག་ལན་རྣོ་དྲག་པ་འདྲ། རང་རེ་བོད་མི་ནང་ཁུལ་བགྲོ་གླེང་བྱེད་དུས་འཇམ་བཤད་དགོས་ཀྱང་། སྐབས་རེ་ཕྱོགས་ཚང་མ་ནས་རྙོག་དྲ་བཤད་ཡོང་དུས་རང་གིས་རང་ལ་སྟངས་འཛིན་ཐུབ་ཀི་མི་འདུག
    དེ་མིན་ཐབས་ཇུས་ལྡན་མིན་ཐད། ད་རྒྱ་མི་ལ་ལག་པ་འཆང་ས་རག་ས་རེད་བསམས་ནས་ཞེད་བསྡད་ན་ཅི་ཡང་མི་ཡོང་། ང་ཚོས་བཤད་བསྡད་པ་འདི་དག་ཚང་མ་ཁོང་ཚོས་སྔོན་ནས་ཤེས་མུས་རེད།

    Reply
  3. རང་བཙན་གཙང་མ། says:
    ལོ་ 15 སྔོན།

    དྲྭ་རོགས་ཁང་གསར་ལགས། ཟླ་བ་ཁ་ཤས་རིང་དུས་བབ་དྲྭ་ཚིགས་མྱུལ་རྗེས། སྤྱི་ཚོགས་དང་ཆབ་སྲིད། རིག་གནས་གང་ཐད་ནས་བློ་སྐྱེད་སེམས་འགུལ་དགོས་པ་སྦྱིན་མཁན་ཉིད་ལྷག་མེད་པ་མཐོང་སོང་།

    འདས་པའི་ཟླ་ཤས་ནང་ཉིད་ཀྱིས་འཛེམས་ཟོན་སྤངས་ཏེ་སྤེལ་བའི་ཟིན་བྲིས་དེ་ཚོ་ནི། བཙན་བྱོལ་ནང་གི་བསམ་གཞིགས་ཀྱི་གནས་ཚད་དང་ཡར་སྤེལ་གྱི་ཆུ་ཚད་མཚོན་པའི་རྡོ་རིང་ལྟ་བུ་ཞིག་ཏུ་མཐོང་། གལ་ཏེ་ལོ་ ༥༠ རྗེས་སུ་བཙན་བྱོལ་གྱི་མང་གཙོའི་འཕེལ་རིམ་ལ་དཔྱད་པ་གཏོང་མཁན་ཡོད་ཚེ། ཁྱེད་ཀྱིས་བྲིས་པ་འདི་ཚོ་ནི་ཚད་མཐོ་ཤོས་ཀྱི་དཔྱད་གཞི་རེད།

    སྔ་ལོའི་གྲོས་ཚོགས་དང་ད་ལོའི་ཉན་ཞིབ་གཉིས་ཀ་ང་ཚོ་བོད་མི་ཚང་མས་མིག་གིས་མཐོང་གིན་ཡོད་ཀྱང་། སུས་ཀྱང་དེ་ལ་ཚད་དང་ལྡན་པའི་དཔྱད་བརྗོད་སྤེལ་མ་ཐུབ་པའམ་མ་སྤེལ་བའི་སྐབས་སུ། ཁྱེད་ཀྱིས་གཟུ་བོར་གནས་ལ་མིང་རྒྱང་རིང་བ། གནད་འགག་རྟོགས་པའི་སྒོ་ནས་དཔྱད་བརྗོད་རུས་པའི་གཏིང་ལ་ཟུག་པ་འདྲ་བ་སྤེལ་སོང་། འདི་ཚོ་ནི་དོན་ངོ་མའི་མཁས་པ་ཡིན་པའི་རྟགས་རེད།

    ཉེ་དུས་ནས་དྷ་རམ་ས་ལ་དང་གྲྭ་སའི་སྤྱི་ཚོགས་ནང་། ཁྱེད་རང་ལ་ཚིག་མཚོན་འདེབས་མཁན་ཇེ་མང་དུ་འགྲོ་བཞིན་འདུག ད་ལྟ་བོད་མི་མང་སྤྱི་འཐུས་ཤིག་དང་དབུ་མའི་ལམ་གྱི་ལས་འགུལ་ཁང་གི་སྣེ་ཁྲིད་གཅིག་གིས་མདུན་ལ་ཐོན་ཏེ་ཁྱེད་ལ་དགག་པ་རྒྱག་འགོ་བཙུགས་པར་མ་ཟད། གྲྭ་སའི་གྲྭ་པ་ཧོལ་རྒྱུག་ཅན་ཞིག་གིས་ཀྱང་དངོས་སུ་མདུན་ལ་ཐོན་ཏེ། ཁྱེད་རང་༸རྒྱལ་བ་རིན་པོ་ཆེའི་དགྲ་ཡིན་ཚུལ་བཤད་ཀྱིན་འདུག ད་དུང་ངས་གོ་ཐོས་ལ་བླ་ཆེན་མི་ཆེན་ཁ་ཤས་ཀྱིས་ཀྱང་གྲོས་བྱས་ཏེ་བྱང་ཨ་རིའི་དོན་གཅོད་དང་དེ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་བརྒྱུད་ཁྱེད་རང་རྩད་གཅོད་བྱེད་བཞིན་ཡོད་པ་འདྲ།

    ངས་སྐུ་ཉིད་ཀྱི་མཁྱེན་ཡོན་ཆེ་ལ་རྣམ་དཔྱོད་མཐོན་པོ་ཡོད་པ་ཚོད་དཔག་ཐུབ་ཀྱི་འདུག དེར་བརྟེན་མ་འོངས་པར་བོད་མི་དམངས་ལ་ཁྱེད་འདྲ་བ་མཁོ་བ་རེད། ད་ལྟ་ནས་ནག་པོ་ཆགས་ན་ཆགས་རིན་རྩ་བ་ནས་མེད། དེར་བརྟེན་གནས་སྐབས་༸རྒྱལ་བ་རིན་པོ་ཆེ་དང་འབྲེལ་བའི་རྩོམ་ཡིག་མ་སྤེལ་རོགས། ང་ཚོ་གཞོན་སྐྱེས་མང་པོས་ཁྱེད་ལ་དགའ་ཡང་། མི་ཆེན་དེ་ཚོས་ནག་པོ་བཟོ་དུས་ང་ཚོས་གང་ཡང་བྱེད་ཐུབ་ཀྱི་མ་རེད། ཁོང་ཚོས་བཤད་ཐེངས་གཅིག་རེད། དེར་བརྟེན་གནས་སྐབས་ཚོད་འཛིན་གནང་རོགས།

    འདི་ནི་སེམས་གཏིང་གི་སྐད་ཆ་ཡིན།

    Reply
  4. གནམ་ལྕགས། says:
    ལོ་ 15 སྔོན།

    དེ་རིང་ང་འདིར་ཡོང་ནས་སྐད་ཆ་གཞན་གང་ཡང་མི་བཤད་པར་ཁང་གསར་བའི་རྩོམ་ཡིག་འདིའི་མགོར་བཞག་པའི་དབུ་ཁྱུད་དེ་སྣང་བར་བུད་སོང་ཞུ་རྒྱུ་དང་ཆབས་ཅིག་ཏུ་ང་ཚོའི་དྲ་བའི་སྟེང་གི་མི་སུ་ཡིན་ཡང་རྩོམ་ཡིག་གི་དབུར་འདི་ལྟར་དབུ་ཁྱུད་བྲིས་ན་ཕྱོགས་གང་ཐད་ནས་ཡག་པོ་འདུག་ཞུ་རྒྱུ་ཡིན།

    Reply
  5. ལྷུན་འགྲུབ་། says:
    ལོ་ 15 སྔོན།

    ཁང་སར་ལགས། ང་ལ་ཁྱོད་རང་ནག་པོ་བཟོ་བསམ་པའི་དམིགས་ཡུལ་གང་ཡང་མེད། འོན་ཀྱང་རང་གིས་བཤད་སྟངས་དེ་ལ་མ་འགྲིག་པ་མཐོང་བྱུང་།
    ལར་ནི་རང་གིས་ཆབ་སྲིད་ཅེས་པ་དེ་ཐབས་ཇུས་རེད་ལབ་འདུག་། ཡིན་ཡང་ཁྱོད་རང་གིས་ཐབས་ཇུས་དང་འབྲེལ་བ་མེད་པའི་བསམ་ཚུལ་མང་པོ་ཞིག་གསུངས་དགོས་པ་ག་རེ་ཡིན་ན་།

    Reply
  6. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཡོད་ཚད་ཀྱིས་རང་བཙན་ཕྱོགས་སུ་འབད་ཀྱིན་འདུག་ལབ་ན་ནོར་བ་རེད། དབུ་མའི་ལམ་གྱི་ཕྱོགས་སུ་མ་སོང་ན་མི་འགྲིག་ཟེར་མཁན་ཡོད་ན་དེ་ཡང་ནོར་བ་རེད། གང་ལྟར་ཡང་རྩ་དོན་ཐད་ཤུགས་རྒྱག་དགོས་པ་ལས། ལྟ་བ་དགའ་ཕྱོགས་སུ་ཁྱེར་ནས་ཕན་ཚུན་ལ་སྐྱོན་བརྗོད་བྱེད་པ་ནི་ཡག་རྟགས་ཤིག་མ་རེད་སྙམ།

    Reply
  7. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    གསར་བརྗེ་སྐྱབས་ལགས་ཁྱེད་རང་བླ་མ་ལྔ་བཅུ་བ་ཞེས་པའི་མིང་ཐོག་ཚུལ་ལ་མགོ་རྨོངས་ཀྱིན་འདུག་སྙམ། གང་ལྟར་ཁང་གསར་རྒད་པོས་ཀླད་པ་གསར་བ་འཁྲབ་ཀྱིན་འདུག

    Reply
  8. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    གསར་བརྗེ་སྐྱབས་ཀྱི་བསམ་ཚུལ་དེ་ཚོ་ཡག་པོ་འདུག མུ་མཐུད་འབྲི་རོགས་གནང་།

    ཕྱོགས་གཅིག་ནས་རིག་པའི་གཞུང་ལུགས་དེ་ཚོ་གལ་ཆེན་རེད། ཕྱོགས་གཞན་ནས་ཀུན་ལ་ཁྱབ་ཐུབ་པའི་ཆབ་སྲིད་ཀྱི་རིག་པའི་གཞུང་ལུགས་ཤིག་མེད་པ་དེར་ཡང་དགོངས་བཞེས་གནང་དགོས། བླ་སློབ་ཀྱི་བར་དུ་འདྲ་མཉམ་ཞེས་པ་དེ་ཆོས་ཕྱོགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ཐོག་ནས་ཡོང་ཐབས་དཀའ་བ་དངོས་ཡོད་རེད། བླ་སློབ་གཉིས་ཀ་ཤེས་རབ་ཅན་ཡིན་ན། འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་སོག་པོའི་རྒྱལ་པོའི་བར་གྱི་ཞལ་དན་འདྲ་བོ་ཞིག་ཡོང་ཐུབ་པ་རེད། འོན་ཀྱང་ཆོས་དད་ཧ་ཅང་ཆེ་ཞིང་སྲིད་ཕྱོགས་ཀྱི་ཤེས་ཡོན་དེ་ཙམ་མེད་པའི་རང་རེའི་སྤྱི་ཚོགས་ནང་དེ་འདྲ་ཡོང་གི་མ་རེད། སྟབས་ལེགས་པ་ཞིག་ལ། ང་ཚོའི་༸རྒྱལ་བ་རིན་པོ་ཆེ་འདི་མཁྱེན་པ་ཡངས་པོ་རེད། བོད་མི་དམངས་ལ་ཐུགས་བརྩེ་པོ་རེད། བསླུ་བ་ཡོང་གི་མ་རེད། དེ་མིན་བླ་མ་ཁྱད་མཚར་ཞིག་བྱུང་ན་དངོས་གནས་དཀའ་ངལ་བཟོ་ཉེན་ཡོད།

    མདོར་ན། ད་ལྟ་དད་མོས་འདི་ང་ཚོའི་སྒྲིག་འཛུགས་ལྟ་བུ་ཞིག་རེད། འདིས་བོད་མི་ཡོངས་རྫོགས་མཉམ་དུ་སྦྲེལ་ཡོད་པ་དེ་ཁས་ལེན་དགོས། དེ་ནས་དད་མོས་ཀྱི་ཁྲོད་དུ། སྲིད་ཕྱོགས་ཀྱི་གནད་ལ་ཐུག་སྐབས་འདྲ་མཉམ་ཞེས་པ་དེ་ཡོང་ཐབས་འདུག་གམ་མི་འདུག་བལྟ་དགོས། འགྱུར་བ་ཞིག་གཏོང་གི་ཡིན་ནའང་བྲེལ་འཚབ་བྱེད་མི་རུང་།

    Reply
  9. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ལྷུན་གྲུབ་རང་གིས་ང་ནག་པོ་བཟོ་འདོད་ན་བཟོས་ཤིག ངས་ནི་སྐད་ཆ་དྲང་པོ་བཤད་པ་ཡིན། ངའི་སྐད་ཆ་དང་ཕྱོགས་མཐུན་ཞིག་བོད་གཞུང་དང་སྐུ་ཚབ་རྣམ་པས་ཀྱང་གསུང་གི་འདུག བོད་མིའི་སྤྱི་ཚོགས་ནས་དགག་བྱ་ཤུགས་ཆེ་ཡོད་པར་མ་ལྟོས་པར། རྒྱ་བོད་གཉིས་སྨན་ཞིག་ཡོང་ཆེད། བབས་ས་མེད་ན་མ་གཏོགས་བབས་པ་ཡིན་ཟེར་བ་དེ་ཚོའི་གོ་དོན་ག་རེ་རེད།

    ཉེ་དུས་ཉན་ཞིབ་སྐབས། རྒྱ་རི་རིན་པོ་ཆེས། བོད་མི་ཚང་མས་སེམས་ནང་བསམ་རྒྱུ་རང་བཙན་ཡིན་སྐོར་ཞིག་གསུངས་མ་སོང་ངམ།

    Reply
  10. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ཧོར་བུ་ཡེ་ཤེས་ཀྱིས་དམག་སྒར་ ༢༢ པ་ཡར་རྒྱས་གཏོང་དགོས་ཚུལ་གསུངས་པ་ལེགས། སྤྱིར་བཏང་དམག་སྦྱོང་ནི་གལ་ཆེན་རེད། དེ་ནི་རྒྱལ་སྲུང་གི་ཐད་ནས་གལ་ཆེན་རེད་ལ། ནང་ཁུལ་གྱི་བདེ་འཇགས་ཐད་ནས་ཀྱང་གལ་ཆེན་རེད། དེ་བཞིན་དུ་དམག་གི་སྒྱུ་རྩལ་ལ་དགའ་མོས་ཡོད་པའི་མི་མང་པོ་རེད། དེ་ཚོར་རང་རང་གི་དགའ་མོས་དང་འཚམས་པའི་སྦྱོང་བརྡར་དང་འཚོ་ཐབས་ཤིག་ཡོང་གི་ཡོད་རེད། ལུས་པོའི་འཕྲོད་བསྟེན་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ཐད་ནས་ཀྱང་དམག་སྦྱོང་འདི་གལ་ཆེན་རེད། བཙན་བྱོལ་ནང་གི་མི་རྒན་ཐང་ཤ་དོད་པོ་མང་ཆེ་བ་དམག་མི་ཟུར་པ་རེད། ཁོང་ཚོ་སྒྲིག་ལམ་ཡང་ཡག་པོ་ཡོད།

    ཉི་ཧོང་ནང་ལ་ཆ་བཞག་ན། གཞི་རིམ་སློབ་སྦྱོང་ཐོན་རྗེས་བུ་ཚང་མ་ངེས་པར་དུ་དམག་སྦྱོང་ནང་ཞུགས་དགོས་ཀྱི་འདུག དེ་ཚོ་ཡིན་གཅིག་དྲག་འཐབ་ནང་ཞུགས་དགོས་དང་མ་དགོས་ཀྱི་སྐད་ཆ་མ་རེད། དགོས་མཁོ་ཞིག་རེད།

    Reply
  11. གསར་བརྗེ་སྐྱབས། says:
    ལོ་ 15 སྔོན།

    བླ་སློབ་དམ་ཚིག་གཙང་མ།

    འདི་རྩ་བའི་ཆ་ནས་ཆོས་ཕྱོགས་ཀྱི་མིང་ཚིག་རྣལ་མ་ཞིག་རེད། ཆོས་ཕྱོགས་ནས་བླ་མ་ལ་ལུས་ངག་ཡིད་གསུམ་གྱི་དད་གུས་དང་དམ་ཚིག་འཛིན་སྟངས་ལ་བཅོས་ཁྲིམས་སྟོང་ཕྲག་བརྒལ་བ་ཞིག་འདུག སྔོན་མ་༼ བླ་མ་ལྔ་བཅུ་བ། ༽ཞེས་པ་ཞིག་ལ་སློབ་ཁྲིད་ལ་འགྲོ་མྱོང་ཡོད། བསྟན་བཅོས་དེའི་ནང་བླ་མ་ལ་སློབ་མས་ལུས་ངག་ཡིད་གསུམ་གྱིས་གུས་བརྩི་བྱེད་སྟངས་ཐད་ཚིགས་བཅད་ལྔ་བཅུ་འདུག དེ་དང་རྒྱ་ནག་གི་ཕོ་བྲང་རིགས་གནས་ནང་རྒྱལ་བློན་འབངས་གསུམ་གྱི་བར་དམ་ཚིག་སྲུང་སྟངས་དང་། འབངས་བློན་གྱིས་རྒྱལ་བོར་གུས་བརྩི་བྱེད་སྟངས་གཉིས་ལ་ཆ་འདྲ་ས་མང་པོ་འདུག ཆོས་ཕྱོགས་ནས་སློབ་མས་བླ་མར་གུས་བརྩི་དང་དམ་ཚིག་གཙང་མ་སྲུང་དགོས་པ་མདོ་བསྔགས་རིག་གནས་ནང་བཅས་པ་མཛད་ཡོད་པ་རེད། བཅོས་པ་དང་འགལ་ནས་བླ་སློབ་དམ་ཚིག་མ་གཙང་ན་ཆོས་པ་རྣལ་མ་ཞིག་ཡོང་ཐབས་མེད་པ་རེད། འདིའི་ནང་ད་ལྟ་ནང་བཞིན་རང་དབང་། དམངས་གཙོ། འདྲ་མཉམ་ཟེར་ས་མེད་པ་རེད། འདི་ཆོས་པ་ལ་མཚོན་ན་མེད་དུ་མི་རུང་བའི་ཐུན་མིན་ཁྱད་ཆོས་ཤིག་རེད།

    དབུ་ཁྲིད་དང་མི་དམངས་ཟེར་བ་འདི་གཙོ་བོ་སྲིད་ཕྱོགས་ནས་ཡོང་གི་ཡོད་པ་རེད། ལྷག་པར་དུ་དེང་གི་རང་དབང་། དམངས་གཙོ། འདྲ་མཉམ་རྩ་བར་བཟུང་བའི་སྲིད་ལུགས་འགྲོ་སྟངས་ནང་དབུ་ཁྲིད་དང་མི་མང་བར་ལྟ་བ་མི་མཐུན་པ་དང་། ལངས་ཕྱོགས་མི་མཐུན་པ། འཐབ་རྩོད་མི་མཐུན་སོགས་ཡོང་དགོས་ངེས་ཤིག་ཆགས་ཡོད་པ་རེད། འདི་ཆོས་ཕྱོགས་ནས་བླ་སློབ་དམ་ཚིག་མ་གཙང་ན་ཆོས་པ་རྣལ་མ་ཞིག་མི་ཡོང་བ་ནང་བཞིན། སྲིད་ཕྱོགས་ནས་དབུ་ཁྲིད་དང་མི་དམངས་བར་ལྟ་བ་དང་ལངས་ཕྱོགས། འཐབ་རྩོད་སོགས་མི་མཐུན་པ་མ་ཡོང་ན་རང་དབང་། དམངས་གཙོ། འདྲ་མཉམ་ཟེར་བ་འདི་དག་ཡོང་ཐུབ་ཐབས་མེད། བླ་སློབ་དམ་ཚིག་གཙང་མ་ཆོས་ཀྱི་ཐུན་མིན་ཁྱད་ཆོས་ཡིན་པ་ནང་བཞིན། རང་དབང་། དམངས་གཙོ། འདྲ་མཉམ་ཡང་སྲིད་ཕྱོགས་ནས་དབུ་ཁྲིད་དང་མི་དམངས་བར་མེད་དུ་མི་རུང་ཐུན་མིན་ཁྱད་ཆོས་ཤིག་ཆགས་ཡོད།

    རྒྱལ་བ་རིན་པོ་ཆེ་ལ་བོད་མི་ཚོས་བླ་སློབ་ཀྱི་དམ་ཚིག་གཙང་མ་སྲུང་སྟངས་དེ་ཆོས་ཕྱོགས་ཀྱི་ཚད་ཐིག་གཅིག་པུའི་སྒང་ལ་བཞག་ན་གནས་སྟངས་དང་མཐུན་པ་ཞིག་མ་རེད། རྒྱལ་བ་རིན་པོ་ཆེ་བོད་མིའི་བླ་མ་ཙམ་དུ་མ་ཟད། སྲིད་ཕྱོགས་ནས་བོད་མིའི་དབུ་ཁྲིད་རེད། བླ་མ་དང་སློབ་མ་ཟེར་བ་ཆོས་ཕྱོགས་ནས་འཇོག་གི་ཡོད་ནའང་། དབུ་ཁྲིད་དང་མི་དམངས་ཞེས་སྲིད་ཀྱི་སྐད་ཆ་རེད། བོད་དོན་འཐབ་རྩོད་དང་། འཛིན་སྐྱོང་སྒྲིག་འཛུགས་ཟེར་བ་འདིག་དག་ཡང་སྲིད་ཀྱི་སྐད་ཆ་རྐྱང་རྐྱང་རེད། འཐད་རྩོད་དང་སྒྲིག་འཛུགས་སོགས་ཀྱི་ནང་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་མི་མཐུན་པའི་བསམ་ཚུལ་ཡོང་བའམ། ལྟ་མི་མཐུན་པ། དེ་བཞིན་ཁོང་གི་ཞལ་ལ་མི་ཉན་མཁན་ཡོང་བ། ཁ་ཐུག་གི་སྐད་ཆ་བཤད་ན་རང་བཙན་འཐབ་རྩོད་པ་སོགས་ལ་རྒྱལ་བ་རིན་པ་ཆེ་དང་བླ་སློབ་ཀྱི་དམ་ཚིག་གཙང་མ་རེད་ཟེར་བཞིན་སྐྱོན་བརྗོད་བྱས་ན་ཏག་ཏག་ཅིག་ཆགས་མེད། འདི་སྐྱོན་བརྗོད་བྱེད་ན་བྱེད་སྟངས་ཤིག་དེ་བས་ཀྱང་མ་རེད་འདོད།

    ད་ཉལ་རན་སོང་། སང་ཉིན་ལས་ཀ་ཡོད། དུས་ཚོད་ཡོད་དུས་རིམ་བཞིན་རྒྱལ་བ་རིན་པོ་ཆེ་དང་བོད་མི་དམངས་བར་དྲིན་གཟོ་སྟངས་དང། ཀུན་སྤྱོད་ལ་འགན་ཁུར་སྟངས་ཀྱི་ཐད་ནས་བཤད་ཨེ་ཐུབ་ལྟ་ཀི་ཡིན།

    Reply
  12. ལྷུན་འགྲུབ་། says:
    ལོ་ 15 སྔོན།

    ཁང་སར་གྱིས་ཟེར་ན་།ལམ་དབུ་མ་འདི་བོད་མི་དམངས་གིས་འདོད་པ་མེད་ཀྱང་༧གོང་ས་མཆོག་གིསབཀའ་བཏང་བ་རེད་ལབ་འདུག་། དེ་ནི་རྒྱ་མིའི་བཤད་སྟངས་དང་མཚུངས་པ་རེད།

    Reply
  13. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ལགས་ཐུགས་རྗེ་ཆེ་རྩོམ་ཡིག་ཡག་པོ་ཞིག་སྤེལ་འདུག།མི་ཁ་ཤས་ཀྱིས་བསམ་བློ་བཏང་མ་ཤེས་པ་ལྟ་བུའི་རང་བཙན་དང་དབུ་མའི་ལམ་ཞེས་བཤད་མཁན་མི་མྱུང་བ་ཞིག་ཡོད་པ་རེད།ང་རང་ངེས་ནས་བལྟས་ན་མི་དེ་ཚོ་མཐོང་རྒྱ་ཆུང་བ་ལྟ་བུ་སྣང་།རང་བཙན་དང་དབུ་མའི་ལམ་གཉིས་ཀ་དགོས་ལ་མི་ཞིག་གི་མིག་གཉིས་དང་འདྲ།ད་དུང་དམག་སྒ་༢༢པ་དེའང་ཡར་རྒྱས་གང་ཐུབ་གཏང་དགོས་པ་ཞིག་མཐོང་སོང།

    Reply
  14. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    གསར་བརྗེ་སྐྱབས་ཀྱི་དགོངས་ཚུལ་དེ་གསལ་པོ་དང་ནན་པོ་འདུག ངས་ཟིན་བྲིས་འདི་སྤེལ་བའི་དམིགས་ཡུལ་གཙོ་བོ་ཡང་། ང་རང་ཚོ་ནང་ཁུལ་དོན་མེད་དགོས་མེད་དུ་རང་བཙན་དང་དབུ་མའི་ལམ་ཞེས་རྩོད་པའི་ང་རོ་ཇེ་ཆེར་འགྲོ་བ་འདི་ལ་ཉེན་ཁ་ཞིག་མཐོང་ནས་སྤེལ་བ་ཡིན། དེ་ནི་གཅིག་ནས་དབུ་མའི་ལམ་དེ་ད་ལྟའི་ཆར་བོད་མི་མང་ལ་ཁེ་ཕན་ཆེ་ཤོས་ཀྱི་སྲིད་ཇུས་ཡིན་པར་ཁས་ལེན་པ་དང་ཆབས་ཅིག རང་བཙན་འཐབ་རྩོད་ཀྱི་གལ་འགངས་ཀྱང་ད་ལྟ་དང་མ་འོངས་པ་གཉིས་ཀར་གལ་ཆེན་ཡིན་པ་ར་སྤྲོད་ཀྱི་ཚུལ་དུ་སྤེལ་བ་ཡིན།
    ང་རང་གི་ཚོད་དཔག་ནོར་མེད་ན། དབུ་མའི་ལམ་ལ་ཕེབས་མཁན་ཚོར་ཡང་རང་བཙན་གྱི་སྐད་འབོད་བྱེད་མཁན་འདི་ཚོ་དགོས་ཀྱི་ཡོད། འོན་ཀྱང་རང་བཙན་གྱི་སྐད་འབོད་བྱེད་མཁན་དེ་གྲངས་འབོར་ཧ་ཅང་མང་པོ་དང་ནུས་ཤུགས་ཆེན་པོ་ཞིག་ཏུ་འཕེལ་འཇུག་འདོད་མེད་པ་གསལ་པོ་རེད། དེའི་དབང་གིས་ང་ཚོའི་དམངས་གཙོའི་ནང་ཁ་གཏད་ཚོགས་པའི་ལམ་ལུགས་འཛུགས་ཀྱི་མེད་པ་རེད།
    རྒྱ་རིགས་ཀྱི་ཐད་ནས་བཤད་ན། ཁོང་ཚོར་འབྲེལ་བ་འཛུགས་དགོས་པ་དེ་གལ་ཆེན་པོ་རེད་འདུག མི་དང་མིའི་བར་འབྲེལ་བ་བཞག་སྟེ་སྐད་ཆ་བཤད་ན་འདྲ་གི་མི་འདུག ཐ་ན་ང་ཚོས་རང་བཙན་གཙང་མ་རྩོད་ཀྱི་ཡོད་ནའང་། རྒྱ་རིགས་དང་འབྲེལ་བ་བྱེད་དགོས་འདུག རྒྱ་ནག་གཞུང་གིས་རྒྱ་ནག་མི་དམངས་ང་ཚོའི་ཁ་གཏད་དུ་བེད་སྤྱོད་གཏོང་གི་ཡོད། ད་ལྟ་དྲྭ་ལམ་སོགས་བརྒྱུད་ལམ་མང་པོ་ཡོད་སྟབས། ང་ཚོས་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་དེ་ཚོ་གསལ་བཤད་བྱས་ན། ཏན་ཏན་ཕུགས་ལ་ཕན་མ་གཏོགས་གནོད་ས་མ་རེད།

    Reply
  15. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    རྨོག་རུ་བསྟན་པ་ལགས། ཁྱེད་ལ་དངོས་སུ་བྱུང་བའི་གནས་ཚུལ་དེ་ཚོ་བཀླགས་དུས་ངས་རང་གི་བྲིས་པ་འདི། སྤྱི་ཚོགས་ཀྱི་གནད་དོན་ཟབ་ས་ཞིག་ལ་ཐུག་ཡོད་པའིོ་ངེས་པ་རྙེད་བྱུང་། གོང་དུ་འཇིགས་བྲལ་བསྟན་འཛིན་གྱིས་ཀྱང་དེ་དང་འདྲ་བའི་གནས་ཚུལ་ཞིག་བཀོད་འདུག
    ༢༠༠༨ ལོར་ཁྱེད་ལ་འཕྲད་པའི་གནས་ཚུལ་འདྲ་བོ་འདི་གར་ཡང་བྱུང་བ་རེད། བྱང་ཨ་རིའི་དོན་གཅོད་ཀྱིས་ཊོ་རོན་ཊོ་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ལས་འགུལ་གྱི་གསལ་བསྒྲགས་ཤིག་ཡོང་གི་ཡོད་རེད། གཞོན་ནུ་ལྷན་ཚོགས་ནས་གཅིག་ཡོང་གི་ཡོད་རེད། སློབ་ཕྲུག་རང་དབང་ཚོགས་པ་ནས་གཅིག་ཡོང་གི་འདུག དེ་ཚོ་འདྲ་གི་མི་འདུག ང་ཚོ་བོད་པ་མང་པོ་མགོ་རྨོངས་ནས། ཨོ་ལིམ་ཕིག་དཔལ་འབར་ལ་ངོ་རྒོལ་བྱེད་དགོས་རེད་མ་རེད་ལྟ་བུའི་དྲི་བ་མང་པོ་ཤར་བ་རེད། མཐའ་མ་ང་ཚོས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དང་བྱང་ཨ་རིའི་སྤྱི་འཐུས་ལ་ཁ་པར་བཏང་ནས་སྐད་ཆ་དྲིས་པ་རེད། ཁོང་རྣམ་པ་ཚོས་གསལ་བཤད་གནང་བ་ཚོར་ཡིད་མ་ཆེས་པར་བོད་གཞུང་མང་ཛ་དྲག་ཚོགས་ཆུང་གི་ཚོགས་གཙོ་དང་རྒྱུན་ལས་ལའང་ཁ་པར་བཏང་ནས་སྐད་ཆ་དྲིས་པ་ཡིན། ཐ་མ་བོད་གཞུང་མང་ཛ་དྲག་ཚོགས་ཆུང་གི་དྲྭ་རྒྱ་དེས་ང་ཚོར་ཕན་ཐོགས་ཆེན་པོ་བྱུང་།
    མདོར་ན་ཛ་དྲག་ལས་འགུལ་ཚོགས་ཆུང་གི་བསྒྲུབ་བྱའི་ནང་ལ། རང་བཙན་དང་དབུ་མའི་ལམ་གཉིས་ཀ་མི་འདུག བོད་ནང་གི་ཛ་དྲག་དཀའ་ངལ་སེལ་ཐབས་བྱ་རྒྱུ་དེ་དམིགས་ཡུལ་རེད་འདུག དེའི་ནང་བཀའ་སྤྱི་གཉིས་དང་གཞོན་ལྷན་ཕུད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞན་ཕལ་མོ་ཆེས་མཉམ་ཞུགས་གནང་འདུག ཚོགས་པའི་ལམ་སྟོན་གསལ་པོ་འདུག གཅིག་འཚེ་མེད་ཞི་བ་དང་མ་འགལ་བ་དང་གཉིས་པ་ཡུལ་ཁྲིམས་དང་མ་འགལ་བ་དགོས་ཞེས་འདུག རང་བཙན་དང་དབུ་མའི་ལམ་གྱི་རྩོད་པ་དེ་མེད་ཅེས་གསུངས་འདུག དེ་ཡག་པོ་མཐོང་སོང་། གལ་ཆེ་ཤོས་བོད་ནང་གི་ཛ་དྲག་དཀའ་ངལ་སེལ་ཐབས་བྱ་རྒྱུ་དེ་རེད། ང་ཚོས་ཀྱང་དེ་ག་རང་ལ་ཉན་ནས་ཤུགས་རྒྱབ་པ་ཡིན། ཛ་དྲག་ལས་འགུལ་ཚོགས་ཆུང་གི་བཀའ་ལ་མ་ཉན་པར་ལས་འགུལ་སྤེལ་མཁན་ཡང་བྱུང་བ་རེད། དེ་ལ་འདི་ཁུལ་སྡང་ཟུག་བྱེད་མཁན་བྱུང་མ་སོང་དྲན།
    གནས་ཚུལ་འདི་ཚོར་བསམ་གཞིགས་བྱེད་སྐབས། སྐད་ཆ་གཞན་ཞིག་བཤད་འདོད་བྱུང་། ང་རང་ཚོ་བོད་མི་ནང་ཁུལ་ལ་ཚོགས་པ་མི་འདྲ་བ་དང་དམིགས་ཡུལ་མི་འདྲ་བ་ཡོད་རེད། འོན་ཀྱང་ཕྱི་མི་ཚོས་བལྟ་དུས་ང་ཚོ་ཚང་མ་གཅིག་ལ་མཐོང་གི་འདུག་མ་གཏོགས་དབྱེ་འབྱེད་བྱེད་ཐུབ་ཀྱི་མ་རེད། ༢༠༠༨ ལོར་རྒྱལ་སྤྱིའི་ནང་བོད་སྐོར་གྱི་བརྡ་འཕྲིན་དེ་ཟང་ངེ་ཟིང་ངེ་རེད། རང་བཙན་རྩོད་ཀྱི་ཡོད་ཟེར་མཁན་དང་མེད་ཟེར་མཁན། རྒྱ་ནག་ལ་ཨོ་ལིམ་ཕིག་འཚོགས་པར་ངོ་རྒོལ་ཡོད་ཟེར་མཁན་དང་ངོ་རྒོལ་མེད། དགའ་བསུ་ཡོད་ཟེར་བ་སོགས་སྣ་ཚོགས་རེད། དངོས་གནས་བྱས་ན། སྐབས་དེར་གནས་སྟངས་དངོས་གནས་ཛ་དྲག་ཡིན་སྟབས། ཚོགས་པ་སོ་སོའི་ཕུགས་ཀྱི་ལྟ་བ་དེ་གནས་སྐབས་རིང་ཟུར་དུ་བཞག་སྟེ། ཚང་མས་འབོད་སྒྲ་གཅིག་གི་འོག་ནས་ལས་འགུལ་སྤེལ་ཐུབ་ན་ནུས་པ་ཆེ་བ་ཡོང་ས་རེད།
    དེ་ནས་སྐུ་ཉིད་ལ་འདི་ཞུ་འདོིད་བྱུང་། སྐུ་ཉིད་སྐབས་དེར་ས་གནས་བོད་གཞུང་མང་ཛ་དྲག་ཚོགས་ཆུང་གི་གནད་ཡོད་ལས་བྱེད་ཅིག་ཡིན་དུས། ཚོགས་ཆུང་གི་བཀའ་བཀོད་དང་ལམ་སྟོན་བཞིན་འགྲོ་དགོས་པ་དེ་གལ་ཆེན་པོ་རེད། གང་ཡིན་ཟེར་ན་སྐུ་ཉིད་ཀྱིས་མཚོན་པ་དེ་སྐུ་ཉིད་སྒེར་མིན་པར། ཛ་དྲག་ཚོགས་ཆུང་མཚོན་གྱི་ཡོད་རེད། ལྟ་ཚུལ་མི་མཐུན་པ་ཡོད་ན། དབུས་ཀྱི་ཚོགས་ཆུང་ལ་ཞུས་ན་འགྲིག་གི་རེད། ཚོགས་པའི་ནང་ལས་ཀ་བྱེད་དུས་གནང་སྟངས་དེ་འདྲ་ཞིག་མེད་ན་འགྲིག་གི་མ་རེད། འདི་ངས་ཁ་རི་ཁ་ཐུག་ཏུ་ཞུས་པ་ཡིན།

    Reply
  16. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ཀུན་དགའ་བདེ་ཆེན་ལགས། རང་གི་བློ་ལ་འགྲོ་བ་ཞིག་བཤད་ན་དགའ་གུས་ཀྱིས་སྨྱོ་གྲབས་བྱས། དེ་ལས་ལྡོག་པ་གཅིག་བཤད་ན་ཞེ་ནས་སྡང་ཡོང་བ་འདི་བོད་པ་མང་པོའི་གཤིས་ཀར་འདུག་པས། དེ་ལ་ངས་དམིགས་བསལ་མི་བཤད། རང་བཙན་འཐབ་རྩོད་པས་ག་རེ་འཇོན་ཡོད་རེད་ཟེར་ན། དབུ་མའི་ལམ་གྱི་ཁྱད་ཆོས་བཤད་སྐབས། གུ་བཤངས་བྱས་པ་ཡིན། གཉིས་ཕན་ཡིན། བབས་ས་མེད་ན་མ་གཏོགས་བབས་ཚར་བ་ཡིན་ཟེར་བ་དེ་ཚོ། རང་བཙན་འཐབ་རྩོད་པ་མེད་ན་བཤད་སྟངས་མི་ཤེས་པ་ཞིག་རེད། བཤད་ཀྱང་རིན་ཐང་མེད་པ་ཞིག་རེད། འདི་ཁོང་ཚོས་འཇོན་པ་རེད།

    Reply
  17. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ཟ་ལེ་རྒྱལ་གྱིས་ཕ་མ་གཉིས་ལས་སུ་འདེམས་དགོས་མིན་གླེང་བ་དེ་དངོས་གནས་སྙན་ངག་མཁན་ཅི་ཡང་རྒྱན་ཟེར་བ་དེ་དོན་དངོས་ཡིན་པའི་རྟགས་རེད། ཕ་དགོས་མ་མི་དགོས་ཟེར་ན་ནོར་བ་རེད། མ་དགོས་ཕ་མི་དགོས་ཟེར་ནའང་ནོར་བ་རེད། ཧ་ཅང་ལས་སླ་བའི་བྱ་བ་ཁ་ཤས་རང་ཅག་གིས་རྙོག་དྲ་ཆེན་པོར་གཏོང་བ་འདི། གཅིག་བྱས་ན་འགྲོ་བ་མིའི་རྣམ་དཔྱོད་ཟེར་བ་དེ་ཡིན་ས་རེད།

    Reply
  18. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    དབྱངས་བུ་ལགས།
    ༡༽ སྲིད་ཇུས་ཀྱི་རྒྱབ་རྟེན་ལྟ་གྲུབ་ཅེས་པ་དེ་ཡང་། འགྱུར་མེད་ཀྱི་རྟག་པ་ཞིག་བཟུང་བསྡད་ན་ཡོང་གི་མ་རེད། ང་ཚོ་ལ་རྒྱ་ནག་མཐར་སྐྲོད་ཐུབ་པའི་དཔུང་ཤུགས་སམ། དེ་འདྲའི་དཔུང་ཤུགས་ཡོད་པའི་རྒྱབ་རྩ་ཞིག་ཡོད་ན། ང་ཚོས་ཀྱང་འཚེ་མེད་ཞི་བ་ཟེར་བ་འདི་ཚོ་བཤད་ཀྱི་མ་རེད། རང་གི་ལུང་པ་གཞན་ལག་ནས་ཐབས་གང་གིས་བླངས་ནའང་ཁྲིམས་མཐུན་རེད་མ་གཏོགས་ཁྲིམས་འགལ་མ་རེད། འཚེ་མེད་ཞི་བའི་འདྲེན་པ་ལྟ་བུར་བརྩི་བའི་གྷན་དྷི་ལ་ཆ་བཞག་ནའང་། མི་རླབས་ཆེན་རེད། འོན་ཀྱང་གྷན་དྷིའི་འཚེ་མེད་ཞི་བ་ཟེར་བ་དེ་རྒྱ་གར་གཞུང་གིས་ལག་བསྟར་བྱེད་ཀྱི་མེད།
    མན་ཇུའི་གཞུང་མགོ་རྟིང་ལོག་སྐབས་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས། འཚེ་མེད་ཞི་བ་གསུངས་བཞུགས་ན། རྒྱ་དམག་བོད་ནས་མཐར་སྐྲོད་ཐུབ་ཀྱི་མ་རེད། དེར་བརྟེན་ཕྱི་ལོ་ ༢༠༢༠ ལོར་ད་ལྟའི་རྒྱ་ནག་དམར་པོའི་གཞུང་འདི་ནང་འཁྲུག་གིས་མགོ་རྟིང་ལོག་ཡོང་གི་འདུག་ན། དེ་དུས་ང་ཚོས་ལྟ་གྲུབ་ཡང་དག་བཤད་བསྡད་ན་ནོར་འཁྲུལ་རེད། གོ་སྐབས་དེ་བེད་སྤྱོད་བྱེད་ཐུབ་པ་དགོས།
    གཉིས་པ། རང་བཙན་འཐབ་རྩོད་ཀྱི་ཐབས་ལམ་དང། འཆར་གཞི། སྒྲིག་འཛུགས་ཞེས་སྙན་པོ་རྫིག་པོ་དེ་འདྲ་བཤད་ཐུབ་པ་ཞིག་རེད་དེ། བཤད་ན་ཤོད་མཁན་ཁོ་རང་ཆོ་མེད་འདྲ་བོ་ཆགས་འགྲོ་གི་རེད། ༡༩༥༩ ནས་ ༡༩༧༩ བར་ལ་བོད་གཞུང་གིས་རང་བཙན་རྩོད་ལེན་གནང་བ་རེད། ལོ་ཉི་ཤུའི་འཐབ་རྩོད་དེའི་རིང་ལ་ཚང་མས་སེམས་ཤུགས་གཅིག་སྒྲིལ་གྱིས་འབད་བརྩོན་གནང་བ་དེ་ག་སྒྲོམ་གཞི་རེད། ལས་རིམ་རེད། འཆར་གཞི་རེད། རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ལྷན་ཚོགས་ཀྱི་སྙན་ཐོ་དང་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་གྲོས་ཆོད་སྔ་རྗེས་བཞག་པ་དེ་ཚོ་གྲུབ་འབྲས་རེད། མ་འོངས་པར་ཡང་། འཆར་གཞི་དང་སྒྲོམ་གཞི་འཁྱེར་ཤོག་ཟེར་ན། དང་པོ་དེ་རང་བཙན་འཐབ་རྩོད་འདི་གཞུང་གི་སྲིད་བྱུས་རང་ལ་འཁྱེར་དགོས་པ་དེ་རེད། དེ་ནས་ལས་རིམ་མང་པོ་ཞིག་རྩོམ་རྒྱུ་ཡོང་གི་རེད། ལས་རིམ་དེ་ཚོ་རྩོམ་གྱིན་གོ་སྐབས་མང་པོ་ཞིག་སླེབས་ཡོང་གི་རེད། དུས་ཚོད་འདི་འདྲ་ཞིག་གི་ནང་དུ། ལས་ཀའི་རིམ་པ་འདི་དང་འདི་བྱས་ནས་རང་བཙན་རག་པ་བྱེད་ཀྱི་ཡིན་ཞེས་སུས་ཀྱང་བཤད་ཐུབ་ཀྱི་མ་རེད། དབུ་མའི་ལམ་ལ་ཡང་དེ་འདྲའི་གདེང་ཚོད་ཐོག་ནས་བཤད་ཐུབ་མཁན་ཡོད་མ་རེད།

    གསུམ་པ། དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་བཙན་འཐབ་རྩོད་པར་རྒྱབ་སྐྱོར་གནང་གི་ཡོད་པ་དེ་རྩོད་པ་མེད་པ་ཞིག་རེད། དབུ་མའི་ལམ་ལ་ཡང་རྒྱབ་སྐྱོར་ཡོད་པ་དེ། ཁོང་མ་གཤེགས་གོང་ནོར་ཝེ་རླུང་འཕྲིན་ཁང་གིས་ཁོང་ལ་བཅར་འདྲི་གནང་བའི་གསུང་དུམ་བུ་དེ་ནས་གསལ་པོ་ཤེས་ཐུབ་པ་ཞིག་རེད།

    བཞི་པ། ཁབ་རྩེ་གཉིས་ཀྱིས་འཚེམ་བུ་མི་ཡོང་ཞེས་པའི་གཏམ་དཔེ་དེ་གཏན་ཚིགས་ཤིག་རེད། གཏན་ཚིགས་དེ་སྐབས་ཁ་ཤས་ལ་ཧ་ཅང་འཚམས་པོ་ཡོད། འོན་ཀྱང་ལས་དོན་ཚང་མ་ལ་སྦྱར་ཐུབ་པའི་གཏན་ཚིགས་ཤིག་མ་རེད། ལྷག་པར་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་དེས་ཁྱབ་ཐུབ་པ་ཞིག་མ་རེད། དེ་བཞིན་མཐུན་ཕྱོགས་ཡིན་པའི་དོན་ལ་དེས་ཁྱབ་ཐུབ་པ་ཞིག་མ་རེད། རང་བཙན་དང་དབུ་མའི་ལམ་གཉིས་འགལ་བ་ལྟག་སྤྲོད་ལྟ་བུ་ཞིག་ཡིན་ན། དེ་འདྲ་བཤད་ཆོག་གི་རེད། འོན་ཀྱང་དེ་འདྲ་མ་རེད། གཉིས་ཀའི་དམིགས་ཡུལ་བོད་ཡུལ་བོད་མིར་བདག་ཐུབ་པའི་ཆེད་དུ་རེད། ཐབས་ལམ་གྱི་ཆ་ནས་བཤད་ནའང་ད་ལྟ་གཉིས་ཀ་འཚེ་མེད་ཞི་བ་རེད།

    Reply
  19. བློ་བཟང་། says:
    ལོ་ 15 སྔོན།

    ཀུན་དགའ་བདེ་ཆེན་ལགས་ཀྱིས་གསུང་པར། རང་བཙན་རྩོད་མཁན་རྣམས་ཀྱིས་ག་རེ་འཇོན་འདུག་ཟེར། དེས་ན་དབུ་མའི་ལམ་དུ་འགྲོ་མཁན་ཚོ་ཡང་ག་རེ་འཇོན་འདུག་ཞིག་དྲི་བ་བཏང་ན་ལན་ག་རེ་རྒྱབ་བམ། རང་བཙན་དང་དབུ་མའི་ལམ་གང་ཡིན་ཀྱང་བོད་མི་ཡོད་དོ་ཅོག་གི་ལས་འགན་རེད། ཁྱོད་དེ་ཆོག་དང་དེ་མི་ཆོག་ཞིག་ལབ་ན་མ་འགྲིག་པ་ཞིག་ཏུ་མཐོང་། གནས་སྐབས་ཁེ་ཕན་ག་རེ་ཆེ་ན་དེའི་ཕྱོགས་སུ་འགྲོ་རྒྱུ་གལ་ཆེ། རང་བཙན་ཀྱང་དོར་ན་མ་འགྲིག་པ་ཞིག་ཏུ་མཐོང་། བོད་མི་བརྒྱ་ཕྲག་མང་པོས་རང་སྲོག་དོར་དེ་རྩོད་ལན་བྱས་ཡོད་དེ་ནི་རང་བཙན་གྱི་དོན་ཁོ་ན་རེད། དེ་དག་དྲན་དུས་སེམས་ནས་བཟོད་ཀྱི་འདུག་གམ། འདི་ནི་ང་ཚོར་གདམས་ང་ཡོད་པ་མ་ཡིན་པར་བསམ་ཚུལ་སྤེལ་རེ་བྱེད་པ་ཙམ་རེད། ཁོང་ཁྲོ་ཡང་བྱ་དགོས་དོན་མི་འདུག་སྙམ། བོད་མིའི་ཡ་རབས་ཀྱི་སྤྱོད་པ་དང་འགལ་འགྲོ། གང་ལྟར་བོད་པར་ཁེ་ཕན་ཡོད་པ་ཞིག་གི་ཕྱོགས་སུ་བསྐྱོད་ན་འགྲིག་པར་མཐོང་། དབུ་མའི་ལམ་ལ་བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་དགོས་མཁོ་ཡོད་དམ། རྩེད་མོ་ཡིན་དགོངས་པ་དང་འགལ་བ་མེད་པར་ཞུ།

    Reply
  20. གསར་བརྗེ་སྐྱབས། says:
    ལོ་ 15 སྔོན།

    ངའི་རང་ཉིད་ཀྱི་ལྟ་སྟངས་གཞིར་བཞག་ནས་གླེང་ན། རང་དབང་། དམངས་གཙོ། འདྲ་མཉམ་གསུམ་གཞི་རྩར་བཞག་པའི་བོད་དོན་འཐབ་རྩོད་ཀྱི་ལམ་ཁ་གང་ཡིན་ཡང་། དེ་དག་བར་འགལ་ཟླ་ཞིག་ཡོད་པའི་ཚོར་བ་ཡོང་གི་མི་འདུག ཡིན་ཡང་ད་ལྟའི་ཆར་བཙན་བྱོལ་ནང་རང་བཙན་འཐབ་རྩོད་པ་དང་རང་བཙན་གླེང་སློང་བ་ཚོར་ལྟ་སྟངས་ངན་པ་ཞིག་མངོན་གསལ་མིན་པ་ནས་མངོན་གསལ་དང་། དེ་ནས་ཆེས་ཛ་དྲག་གི་རྣམ་པའི་ཐོག་ཡོང་གི་འདུག མུ་མཐུད་ནས་འདི་ལྟར་ལྟ་སྟངས་ངན་པའི་ཐོག་ཕྱིན་ཚེ་གང་འདྲ་ཆགས་མིན་བཤད་དཀའ་ཚོད་དུ་སླེབས་འདུག ཤུགས་ལྡན་བསྟེན་མཁན་ཚོ་ནང་བཞིན་ཉིན་ཞིག་འཚོ་ཐབ་ལོག་ཀར་འཛིན་དགོས་པའི་གནས་སྟངས་མི་འཆར་བའི་ངེས་པ་དང་གདེང་ཚོད་གང་ཡང་མི་འདུག
    ཉེ་བའི་ཉིན་གཉིས་གསུམ་གྱི་དུས་ཚོད་ཐུང་ཐུང་འདིའི་ནང་། དུས་བབ་དྲ་ངོས་གཅིག་པུའི་སྟེང་རང་བཙན་འཐབ་རྩོད་པ་དང་རང་བཙན་གླེང་མཁན་ཚོར་སྐྱོན་བརྗོད་སྣ་ཚོགས་ཤིག་ཡོང་ཡོད། དོན་དམ་པའི་ཆབ་སྲིད་པ་མིན་པ། གནས་བབ་མི་ཤེས་མཁན། ནོར་འཁྲུལ་ལ་ངོས་ལེན་མི་བྱེད་མཁན། དེ་ལས་ཚབས་ཆེ་རུ་བཏང་ནས་བླ་སློབ་ཀྱི་དམ་ཚིག་མི་གཙང་བ། སྐུ་མདུན་གྱི་དྲིན་བྱས་དྲིན་གཟོ་མི་ཤེས་མཁན། ཀུན་སྤྱོད་ཀྱི་འགན་འཁུར་མེད་མཁན། ཆབ་སྲིད་ཀྱི་ཐོག་ནས་དབུ་མའི་ལམ་གྱི་བཀག་རྡོ་ཆགས་པ་སོགས་ཤེས་ཡོན་དང་མི་གཞི་སོགས་གྲ་གྲུ་དང་ཟ་ཟུར་ཚང་མ་ལ་སྐྱོན་རེ་བཏགས་ནས་བརྗོད་ཡོང་གི་འདུག མཐར་གཏུགས་ན་རང་བཙན་འཐབ་རྩོད་པ་དང་རང་བཙན་གླེང་མཁན་ཚོ་ནི་༼ དམངས་གཙོ་ཁ་ལ་འཁྱེར་ནས་སྐུ་མདུན་ཤིང་གཞོག་གཞོག་བྱས་ཏེ་ཁོང་ཕྲ་ལ་ཆག་ཆོག་ཆོག་ཏུ་གཏོང་མཁན་༽རེད་ཟེར་བ་འདི་རེད། བཤད་སྟངས་བརྗོད་སྟངས་འདི་ཁང་གསར་ལགས་ཀྱིས་ངོས་བཟུང་གནང་བ་ལྟར་གཞོང་པ་སྟོང་པའི་སྟོང་འཛིང་ཞིག་ཡིན་ནམ། ཡང་ན་དེ་ཕུགས་ན་རྒྱབ་ལྗོངས་མཐིག་པོ་ཞིག་ཡོད་མེད་ད་དུང་བཤད་ཚོད་ཐིག་པ་ཞིག་མ་རེད། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལས་ཐོག་པ་དང་། དམངས་གཙོའི་སྤྱི་ཚོགས་ནང་ཀ་བ་བཞི་པ་ཆགས་པའི་རང་དབང་ཅན་གྱི་བརྒྱུད་ལམ་ཁག་གི་རྩོམ་སྒྲིག་པ་སོགས་མཐོ་རིམ་མི་སྣ་དང་། ཤེས་ལྡན་མི་སྣས་འདི་ལྟར་སྐྱོན་རེ་བཏགས་ནས་བརྗོད་ཡོང་སྐབས་མགོ་ཚོས་དཀའ་བའི་དངངས་སྐྲག་ཅིག་རང་བཞིན་གྱིས་སླེབས་ཡོང་གི་འདུག

    བོད་དོན་འཐབ་རྩོད་ལམ་དབུ་མར་ཞུགས་མ་ཐག་ནས་གནས་སྟངས་འདི་བྱུང་མེད། སྐུ་ཚབ་ཚོ་པེ་ཅིན་དུ་ཕེབས་ཐེངས་རེ་རེའི་རྗེས་ལྟ་སྟངས་འདི་རིམ་བཞིན་མངོན་གསལ་མེད་པ་ནས་མངོན་གསལ་དང་། དེ་ནས་ཛ་དྲག་གི་ཚད་འདིར་སླེབས་པ་རེད།

    དེང་སང་གནས་སྟངས་གསར་པ་ཞིག་མངོན་ཡོང་གི་འདུག རྒྱ་ཆེའི་རྒྱ་རིགས་སྤུན་ཟླ་ཟེར་བ་འདི་རེད། སྐུ་མདུན་ལྟ་བུས་འདི་ལྟར་གསུངས་ན་འོས་ཤིང་འཚམ་པ་ཞིག་རེད། ཁོང་སངས་རྒྱས་རློན་པ་ཞིག་རེད། འོན་ཀྱང་ང་ཚོ་སོ་སྐྱེས་ཚོས་འདི་ལྟར་རང་གི་དགའ་སྡང་ཆགས་ཞེན་ལ་ངོ་ལོག་བྱས་ནས་འདུ་ཤེས་གསར་པ་ཞིག་བསྐྲུན་དོན་འདུག་གམ། ཕར་སྤུན་ཟླ་ཟེར་ནས་སྙིང་ཉེ་ཉེ་དང་། ཚུར་ཞེད་སྣང་ཆེན་པོ་རེད་ཟེར་ན་ཐག་རིང་རིང་དུ་གཏོང་བ་འདི་བོད་ཀྱི་ལས་འབྲས་དང་། བོད་མི་རིགས་ཀྱི་ལས་འབྲས། རང་ཉིད་བོད་པ་ཞིག་ཡིན་པའི་ལས་འབྲས་རུང་མི་རུང་ཐུགས་བསམ་བཞེས་དགོས་པའི་ཚོད་དུ་སླེབས་ཡོད།

    དེ་རིང་འདི་ཙམ་ཡིན། རེ་བ་ནི་སྤྱི་འཐུས་ལས་ཐོག་པ་རྒན་ལྷ་མོ་དང་། དུས་བབ་རྩོམ་སྒྲིག་པ་ལུང་རིགས་གཉིས་ཀྱིས་མགོ་ཁྲིད་ནས་རང་བཙན་རྩོད་ལེན་པ་དང་རང་བཙན་གླེང་མཁན་ཚོ་དཀར་འདོན་གནང་རོགས་ཞུ་རྒྱུ་ཡིན།

    Reply
  21. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    ཁང་གསར་ལགས། ཕྱི་ལོ་༢༠༠༧་ལོར་ངེད་ཀྱིས་དབུ་མའི་ལམ་གསར་ཤོག་བཏོན་པ་ཡིན། དེ་བཞིན་དབུ་མའི་ལམ་ལས་འགུལ་ཁང་གི་ཚོགས་ཆེན་དང་པོར་དང་བླངས་ཀྱིས་ཞུགས་ཏེ་རེ་བ་ཆེན་པོ་བྱས་པ་ཡིན། འདི་ཡང་སོ་སོའི་ལངས་ཕྱོགས་ཤིག་གི་ཆེད་ཡིན།

    སྟབས་མ་ལེགས་པར་༢༠༠༨་ལོར་གཞུང་མང་ཛ་དྲག་ཚོགས་ཆུང་ཚུགས་རྗེས་མོན་གྷོ་ཊི་ནས་བསྟན་པ་ཀྲི་ཀེ་ཚོགས་གཙོ་རེད། ང་རང་ཛ་དྲག་ཚོགས་ཆུང་གི་དྲིལ་བསྒྲགས་འགན་འཛིན་ཡིན། སྐབས་དེར་བསྟན་པ་ཀྲི་ཀེ་གཙོ་བོས་ཁ་ཤས་ཤིག་སྨྱོན་པ་ནང་བཞིན་རེད། ཛ་དྲག་ཚོགས་ཆུང་གི་བཀའ་བཀོད་ལ་མི་ཉན་མཁན་ཞིག་ཡོད་ན་༸གོང་ས་མཆོག་དང་།བོད་གཞུང་གི་བཀའ་དགོངས་འོག་མི་འགྲོ་མཁན་ཡིན་པའི་ཁྱབ་བསྒྲགས་བྱས་གིན་འདུག སྐབས་ཤིག་གཞུང་འབྲེལ་མ་ཡིན་པ་ཚང་མར་གནོན་ཤུགས་སྤྲད་ཀྱིན་འདུག ང་རང་དབུ་མའི་ལམ་དུ་འགྲོ་མཁན་ཞིག་དང་ཛ་དྲག་གི་ཚོགས་མི་ཞིག་ཡིན་ཀྱང་འུ་ཏུག་ནས་ངོ་རྒོལ་བྱས་པ་ཡིན། ངེད་ཀྱིས་ཛ་དྲག་ཚོགས་ཆུང་གིས་རང་གི་ལྟ་གྲུབ་དང་ལངས་ཕྱོགས་གཞིར་བཟུང་ལས་འགུལ་སྤེལ་རྒྱུུ་ལས་གཞུང་འབྲེལ་མ་ཡིན་པ་ཚང་མ་བཀའ་བཀོད་གཅིག་སྡུག་ཡག་པོ་མི་འདུག་བརྗོད་པ་ཡིན།ཁོང་ཚོ་ང་ལ་སྐྱོན་བརྗོད་བྱས་སོང་།ཙི་ཙི་རེད་ཟེར་ན་གཤོག་པ་ཡོད་མཁན།བྱ་རེད་ཟེར་ན་ཙིའི་མགོ་ཡིན་མཁན་ཞེས་ས་གནས་འཏུས་ཚོགས་ནང་ཟུར་ཟ་དང་འཕྱ་སྨོད་བྱེད་ཀྱིན་འདུག
    སྐབས་དེར་ས་གནས་གཞོན་ནུའི་ཚོགས་གཙོ་ཕུན་ཚོགས་ལའང་ངོ་ཚ་མི་འདུག རང་གི་ཚོགས་པའི་ལྟ་བ་དང་ལངས་ཕྱོགས་གཡུག་འདུག ལས་འགུལ་ཤིག་ཁྱབ་བསྒྲགས་བྱེད་སྐབས་ཀྱི་སྔོན་འགྲོར་ང་ཚོས་རང་བཙན་སྐད་ཆ་ནམ་ཡང་བཤད་ཀྱིན་མེད་ཞེས་རང་བཙན་བཤད་པར་ཉེས་ཅན་པ་ཞིག་ཡིན་མདོག་གིས་གནོང་ངོས་ལེན་བྱེད་ཀྱིན་འདུག
    རྒྱལ་ཡོངས་རྩེད་འགྲན་ཆེན་མོའི་དཔལ་འབར་འཁྱེར་སྐབས་ང་རང་དང་བླངས་ངང་ལྡི་ལིར་ཡོང་བ་ཡིན།བཙོན་ཁང་ནང་ཉིན་བཅོ་ལྔར་བཀག་སྡོམ་བྱས་བྱུང་།
    གློད་བཀྲོལ་གྱིས་ཕྱིར་མོན་གྷོར་སླེབས་པའི་ཉིན་གཉིས་ཀྱི་རྗེས་སུ་མོན་གྷོ་ཛ་དྲག་ཚོགས་ཆུང་གི་ཚོགས་འདུ་འཚོགས་སོང་།
    བསྟན་པ་ཀྲི་ཀེ་ཡི་ངར་སྐད་བཏོན་སོང་།དཔལ་འབར་ལ་ངོ་རྒོལ་བྱེད་པ་དེ་རྒྱལ་བ་རིན་པོ་ཆེ་བཀའ་དང་འགལ་ཡོད་པ་རེད།སྐུ་ཞོགས་ཁྱེད་རང་ཛ་དྲག་ཚོགས་ཆུང་གི་ཚོགས་མི་ཡིན་པ་གང་ཞིག་ལ་༸གོང་ས་མཆོག་གི་བཀའ་ལ་རྒྱབ་འགལ་བྱེད་པ་ཧ་ཅང་སྐྱོ་བོ་མ་རེད་དམ།
    ངོ་མ་ང་རང་སེམས་ཤུགས་ཆག་སོང་།ཉིན་དེ་ནས་ཛ་དྲག་ཚོགས་ཆུང་ནས་དགོངས་པ་ཞུས་ཡིན།ད་དུང་སྐབས་དེར་གཞུང་ཕྱོགས་ཀྱི་མི་ཁ་ཤས་རེ་སླེབས་སོང་།གཞུང་འབྲེལ་མ་ཡིན་པ་ཚོས་༸གོང་ས་མཆོག་གི་བཀའ་ལ་ཉན་གྱི་མེད་པ་མ་ཟད།བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་དཀྲུགས་ཚུལ་གླེང་སོང་། བོད་གཞུང་མང་གི་དམིགས་བསལ་ཚོགས་ཆེན་སྐབས་མང་ཚོགས་ནང་བསམ་ཚུལ་བསྡུ་རུབ་བྱས་པ་རེད།བསྟན་པ་ཀྲི་ཀེ་དང་། བསྟན་འཛིན་ཕུན་ཚོགས།ངེད་གསུམ་ནས་ཞིབ་འཇུག་བྱས་པ་ཡིན། དབུ་མའི་ལམ་དང་རང་བཙན་ཟེར་མཁན་གཉིས་ཀ་འདུག ངེད་ཀྱིས་དེ་ལྟར་བཤད་པ་ཡིན། ཁོ་ཚོས་རང་བཙན་ཟེར་མཁན་ཉུང་ཙམ་ལས་མེད་པས་རྩིས་མེད་བཏང་ན་འགྲིག་ཟེར།ངས་དེ་ལྟར་མི་ཉན་པར་བཤད་པ་ཡིན།བསམ་ཚུལ་ལ་ཕྱོགས་བསྡོམས་བྱས་པའི་ཚོགས་འདུ་འཚོགས་སོང་། རང་བཙན་དགོས་འདུན་སྐོར་གང་ཡང་བཞག་མི་འདུག ངས་ཁ་ཏུག་ལ་རང་བཙན་གྱི་དགོས་འདུན་བཤད་མཁན་ཡོད་པར་བརྗོད་པ་ཡིན། ཕྱག་མཛོད་ཁ་ཤས་ཤིག་ཚོགས་ཏོག་ནས་ལངས་ཏེ་མ་འདོད་པའི་རྣམ་འགྱུར་མངོན་ཕྱིར་འགྲོ་སོང་།བསྟན་པ་ཀྲི་ཀེ་ཡིས་སྐུ་ཞོགས་ཀྱིས་རང་བཙན་དགོས་འདུན་བཏོན་མཁན་འདུག་ཟེར། འོ་ན།་ང་ཚོའི་གཞུང་ལ་ཕུལ་རྒྱུའི་ཡིག་ཆ་ནང་རང་བཙན་ཟེར་མཁན་ཡང་ཁ་ཤས་འདུག་ཞེས་བྲིས་ན་ཟེར།དེ་ལྟར་འགྲིག་མང་མོས་ཀྱིས་ཁ་གྲགས་སོང་།
    དེ་ནས་བཟུང་ཁོ་ཚོས་ང་ནི་ཕྱོགས་འགལ་བ་ཞིག་ཏུ་ངོས་འཛིན་བྱས་པ་མ་ཟད།རྒྱ་མིའི་སོ་བ་ཡིན་པར་མི་མང་ནང་དུ་མི་མངོན་པའི་ཚུལ་གྱིས་ཁྱབ་བསྒྲགས་བྱས་པ་རེད།
    ང་ནི་དབུ་མའི་ལམ་གྱི་ལས་འགུལ་བ་ཞིག་པའི་ལྟ་ཚུལ་དང་ལངས་ཕྱོགས་ལ་འགྱུར་བ་ནམ་ཡང་མེད་ཀྱང་། རང་བཙན་རྩོད་མཁན་ལ་ཕྱོགས་འགལ་དུ་ལྟ་བའི་བསམ་བློ་ཡང་མེད།
    འཇིགས་བྲལ་ངེད་གཉིས་དབུ་མའི་ལམ་གྱི་ལས་འགུལ་ཁང་གི་གོ་སྒྲིག་འོག་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་བསྐྱོད་པ་ཡིན། ངེད་ཀྱིས་ལྟ་གྲུབ་ཕྱོགས་གཅིག་མ་མཏུན་པ་ཙམ་གྱིས་འགལ་ཟླར་ལྟ་མི་རུང་ཞེས་པའི་བརྗོད་གཞི་ཞིག་བཟུང་བ་ཡིན།
    ཁང་གསར་ལགས།
    ཁྱེད་ཀྱི་བསམ་ཚུལ་འདིར་ང་ཧ་ཅང་འཏད།

    Reply
  22. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    ཁང་གསར་ལགས། ཕྱི་ལོ་༢༠༠༧་ལོར་ངེད་ཀྱིས་དབུ་མའི་ལམ་གསར་ཤོག་བཏོན་པ་ཡིན། དེ་བཞིན་དབུ་མའི་ལམ་ལས་འགུལ་ཁང་གི་ཚོགས་ཆེན་དང་པོར་དང་བླངས་ཀྱིས་ཞུགས་ཏེ་རེ་བ་ཆེན་པོ་བྱས་པ་ཡིན། འདི་ཡང་སོ་སོའི་ལངས་ཕྱོགས་ཤིག་གི་ཆེད་ཡིན།

    སྟབས་མ་ལེགས་པར་༢༠༠༨་ལོར་གཞུང་མང་ཛ་དྲག་ཚོགས་ཆུང་ཚུགས་རྗེས་མོན་གྷོ་ཊི་ནས་བསྟན་པ་ཀྲི་ཀེ་ཚོགས་གཙོ་རེད། ང་རང་ཛ་དྲག་ཚོགས་ཆུང་གི་དྲིལ་བསྒྲགས་འགན་འཛིན་ཡིན། སྐབས་དེར་བསྟན་པ་ཀྲི་ཀེ་གཙོ་བོས་ཁ་ཤས་ཤིག་སྨྱོན་པ་ནང་བཞིན་རེད། ཛ་དྲག་ཚོགས་ཆུང་གི་བཀའ་བཀོད་ལ་མི་ཉན་མཁན་ཞིག་ཡོད་ན་༸གོང་ས་མཆོག་དང་།བོད་གཞུང་གི་བཀའ་དགོངས་འོག་མི་འགྲོ་མཁན་ཡིན་པའི་ཁྱབ་བསྒྲགས་བྱས་གིན་འདུག སྐབས་ཤིག་གཞུང་འབྲེལ་མ་ཡིན་པ་ཚང་མར་གནོན་ཤུགས་སྤྲད་ཀྱིན་འདུག ང་རང་དབུ་མའི་ལམ་དུ་འགྲོ་མཁན་ཞིག་དང་ཛ་དྲག་གི་ཚོགས་མི་ཞིག་ཡིན་ཀྱང་འུ་ཏུག་ནས་ངོ་རྒོལ་བྱས་པ་ཡིན། ངེད་ཀྱིས་ཛ་དྲག་ཚོགས་ཆུང་གིས་རང་གི་ལྟ་གྲུབ་དང་ལངས་ཕྱོགས་གཞིར་བཟུང་ལས་འགུལ་སྤེལ་རྒྱུུ་ལས་གཞུང་འབྲེལ་མ་ཡིན་པ་ཚང་མ་བཀའ་བཀོད་གཅིག་སྡུག་ཡག་པོ་མི་འདུག་བརྗོད་པ་ཡིན།ཁོང་ཚོ་ང་ལ་སྐྱོན་བརྗོད་བྱས་སོང་།ཙི་ཙི་རེད་ཟེར་ན་གཤོག་པ་ཡོད་མཁན།བྱ་རེད་ཟེར་ན་ཙིའི་མགོ་ཡིན་མཁན་ཞེས་ས་གནས་འཏུས་ཚོགས་ནང་ཟུར་ཟ་དང་འཕྱ་སྨོད་བྱེད་ཀྱིན་འདུག
    སྐབས་དེར་ས་གནས་གཞོན་ནུའི་ཚོགས་གཙོ་ཕུན་ཚོགས་ལའང་ངོ་ཚ་མི་འདུག རང་གི་ཚོགས་པའི་ལྟ་བ་དང་ལངས་ཕྱོགས་གཡུག་འདུག ལས་འགུལ་ཤིག་ཁྱབ་བསྒྲགས་བྱེད་སྐབས་ཀྱི་སྔོན་འགྲོར་ང་ཚོས་རང་བཙན་སྐད་ཆ་ནམ་ཡང་བཤད་ཀྱིན་མེད་ཞེས་རང་བཙན་བཤད་པར་ཉེས་ཅན་པ་ཞིག་ཡིན་མདོག་གིས་གནོང་ངོས་ལེན་བྱེད་ཀྱིན་འདུག
    རྒྱལ་ཡོངས་རྩེད་འགྲན་ཆེན་མོའི་དཔལ་འབར་འཁྱེར་སྐབས་ང་རང་དང་བླངས་ངང་ལྡི་ལིར་ཡོང་བ་ཡིན།བཙོན་ཁང་ནང་ཉིན་བཅོ་ལྔར་བཀག་སྡོམ་བྱས་བྱུང་།
    གློད་བཀྲོལ་གྱིས་ཕྱིར་མོན་གྷོར་སླེབས་པའི་ཉིན་གཉིས་ཀྱི་རྗེས་སུ་མོན་གྷོ་ཛ་དྲག་ཚོགས་ཆུང་གི་ཚོགས་འདུ་འཚོགས་སོང་།
    བསྟན་པ་ཀྲི་ཀེ་ཡི་ངར་སྐད་བཏོན་སོང་།དཔལ་འབར་ལ་ངོ་རྒོལ་བྱེད་པ་དེ་རྒྱལ་བ་རིན་པོ་ཆེ་བཀའ་དང་འགལ་ཡོད་པ་རེད།སྐུ་ཞོགས་ཁྱེད་རང་ཛ་དྲག་ཚོགས་ཆུང་གི་ཚོགས་མི་ཡིན་པ་གང་ཞིག་ལ་༸གོང་ས་མཆོག་གི་བཀའ་ལ་རྒྱབ་འགལ་བྱེད་པ་ཧ་ཅང་སྐྱོ་བོ་མ་རེད་དམ།
    ངོ་མ་ང་རང་སེམས་ཤུགས་ཆག་སོང་།ཉིན་དེ་ནས་ཛ་དྲག་ཚོགས་ཆུང་ནས་དགོངས་པ་ཞུས་ཡིན།ད་དུང་སྐབས་དེར་གཞུང་ཕྱོགས་ཀྱི་མི་ཁ་ཤས་རེ་སླེབས་སོང་།གཞུང་འབྲེལ་མ་ཡིན་པ་ཚོས་༸གོང་ས་མཆོག་གི་བཀའ་ལ་ཉན་གྱི་མེད་པ་མ་ཟད།བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་དཀྲུགས་ཚུལ་གླེང་སོང་། བོད་གཞུང་མང་གི་དམིགས་བསལ་ཚོགས་ཆེན་སྐབས་མང་ཚོགས་ནང་བསམ་ཚུལ་བསྡུ་རུབ་བྱས་པ་རེད།བསྟན་པ་ཀྲི་ཀེ་དང་། བསྟན་འཛིན་ཕུན་ཚོགས།ངེད་གསུམ་ནས་ཞིབ་འཇུག་བྱས་པ་ཡིན། དབུ་མའི་ལམ་དང་རང་བཙན་ཟེར་མཁན་གཉིས་ཀ་འདུག ངེད་ཀྱིས་དེ་ལྟར་བཤད་པ་ཡིན། ཁོ་ཚོས་རང་བཙན་ཟེར་མཁན་ཉུང་ཙམ་ལས་མེད་པས་རྩིས་མེད་བཏང་ན་འགྲིག་ཟེར།ངས་དེ་ལྟར་མི་ཉན་པར་བཤད་པ་ཡིན།བསམ་ཚུལ་ལ་ཕྱོགས་བསྡོམས་བྱས་པའི་ཚོགས་འདུ་འཚོགས་སོང་། རང་བཙན་དགོས་འདུན་སྐོར་གང་ཡང་བཞག་མི་འདུག ངས་ཁ་ཏུག་ལ་རང་བཙན་གྱི་དགོས་འདུན་བཤད་མཁན་ཡོད་པར་བརྗོད་པ་ཡིན། ཕྱག་མཛོད་ཁ་ཤས་ཤིག་ཚོགས་ཏོག་ནས་ལངས་ཏེ་མ་འདོད་པའི་རྣམ་འགྱུར་མངོན་ཕྱིར་འགྲོ་སོང་།བསྟན་པ་ཀྲི་ཀེ་ཡིས་སྐུ་ཞོགས་ཀྱིས་རང་བཙན་དགོས་འདུན་བཏོན་མཁན་འདུག་ཟེར། འོ་ན།་ང་ཚོའི་གཞུང་ལ་ཕུལ་རྒྱུའི་ཡིག་ཆ་ནང་རང་བཙན་ཟེར་མཁན་ཡང་ཁ་ཤས་འདུག་ཞེས་བྲིས་ན་ཟེར།དེ་ལྟར་འགྲིག་མང་མོས་ཀྱིས་ཁ་གྲགས་སོང་།
    དེ་ནས་བཟུང་ཁོ་ཚོས་ང་ནི་ཕྱོགས་འགལ་བ་ཞིག་ཏུ་ངོས་འཛིན་བྱས་པ་མ་ཟད།རྒྱ་མིའི་སོ་བ་ཡིན་པར་མི་མང་ནང་དུ་མི་མངོན་པའི་ཚུལ་གྱིས་ཁྱབ་བསྒྲགས་བྱས་པ་རེད།
    ང་ནི་དབུ་མའི་ལམ་གྱི་ལས་འགུལ་བ་ཞིག་པའི་ལྟ་ཚུལ་དང་ལངས་ཕྱོགས་ལ་འགྱུར་བ་ནམ་ཡང་མེད་ཀྱང་། རང་བཙན་རྩོད་མཁན་ལ་ཕྱོགས་འགལ་དུ་ལྟ་བའི་བསམ་བློ་ཡང་མེད།
    འཇིགས་བྲལ་ངེད་གཉིས་དབུ་མའི་ལམ་གྱི་ལས་འགུལ་ཁང་གི་གོ་སྒྲིག་འོག་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་བསྐྱོད་པ་ཡིན། ངེད་ཀྱིས་ལྟ་གྲུབ་ཕྱོགས་གཅིག་མ་མཏུན་པ་ཙམ་གྱིས་འགལ་ཟླར་ལྟ་མི་རུང་ཞེས་པའི་བརྗོད་གཞི་ཞིག་བཟུང་བ་ཡིན།
    ཁང་གསར་ལགས།
    ཁྱེད་ཀྱི་བསམ་ཚུལ་འདིར་ང་ཧ་ཅང་འཏད།

    Reply
  23. ཀུན་དགའ་བདེ་ཆེན། says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེའི་ཟིན་བྲིས་སྔ་མ་དེ་ཚོ་མཐོང་ནས་བཟུང་ག་རེ་བྲིས་ནའི་བློ་ལ་བབས་ཀྱི་མི་འདུག ང་རང་གིས་དགའ་ཤོས་བྱེད་སའི་མི་ཞིག་གིས་མགོ་སྐོར་བཏང་བ་ལྟ་བུ་བྱུང་། ཡང་ཁང་གསར་གྱིས་གཅིག་བྲིས་འདུག་ཟེར་དུས་ཀློག་ཙམ་མ་བྱས་རང་བྱས་ཡོང་གི་འདུག ད་ག་རེ་བཤད་དགོས་རེད། ང་རང་གིས་ཀྱང་རང་ཚུགས་ཐུབ་པ་ཞིག་བྱེད་དྲན་གྱི་འདུག ཡིན་ནའི་ཟིན་བྲིས་སྔ་མའི་ནང་རྒྱལ་བ་རིན་པོ་ཆེ་ལ་གཅིག་བཤད་ཡོང་དུས་ཚོད་འཛིན་ཐུབ་ཐབས་མི་འདུག

    དྲི་བ་གཅིག་ཡོད། རང་བཙན་འཐབ་རྩོད་པ་ཚོས་ག་རེ་འཇོན་སོང་། དེ་བཤད་ན་ཕོ་ཁྱོ་ག་ཡིན།

    Reply
  24. ཟ་ལེ་རྒྱལ། says:
    ལོ་ 15 སྔོན།

    བྱིས་བའི་དུས་སུ་མྱི་རྒན་ཚོས་ཁྱོད་ལ་ཨ་ཕ་དགོས་སམ་ཨ་མ་དགོས་ཞེས་ནན་འདྲི་བྱས་པས་དེ་ལ་ལན་འདེབས་མ་ཤེས་བའི་དཀའ་ངལ་ལ་འཕྲད་མྱོང་། དེ་ནི་ང་རང་མྱི་རྒན་ཆགས་ནས་བསམ་བློ་ཅུང་ཙམ་གཏོང་ཤེས་ནའང་ལམ་དབུ་མ་དགོས་སམ་རང་བཙན་གཙང་མ་དགོས་ཞེས་བའི་དྲི་བ་ཞིག་བསླེབས་ཏེ་ཡང་ངག་ལྐུགས་སོང་།

    Reply
  25. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ད་དགོང་མོའི་ཆུ་ཚོད་ ༡༢ ཡོལ་ཟིན་འདུག གཉིད་ཅིག་ཉལ་གྱི་ཡིན། དབྱངས་བུའི་དྲི་བ་དེ་ཚོར་སང་ཉིན་བགྲོ་གླེང་ཞུས་ཆོག

    ཐུགས་རྗེ་ཆེ།

    Reply
  26. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    བློ་བཟང་གིས་གསུངས་པ་བཞིན། རང་བཙན་དང་དབུ་མའི་ལམ་གཉིས་ཀ་གལ་ཆེན་རེད། གལ་ཏེ་རང་བཙན་དོར་ན་དབུ་མའི་ལམ་ལ་ཏན་ཏན་ཕན་གྱི་ཡོད་པ་དང་། དབུ་མའི་ལམ་མངོན་འགྱུར་ཡོང་གི་ཡོད་ན། རང་བཙན་དོར་ཆོག་གི་རེད། དོན་དངོས་སུ་དེ་འདྲ་མ་རེད། རང་བཙན་དོར་ན་དབུ་མའི་ལམ་ལ་དེ་བས་ཀྱང་གཟི་བརྗིད་མེད་པ་རེད།

    Reply
  27. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    འཇིགས་བྲལ་བསྟན་འཛིན་གྱིས་སྒྲུང་རིང་པོ་ཞིག་གསུངས་པ་དེ་ང་ལ་ཆ་རྒྱུས་མེད་སྟབས། འདི་ཡིན་འདི་མིན་ཞུ་ཐུབ་ཀྱི་མི་འདུག འོན་ཀྱང་བར་ལམ་བཀའ་ཤག་གིས་བོད་ཆོལ་ཁ་གསུམ་ཞེས་པའི་མིང་ཚིག་འདི་གཞུང་གི་ཡིག་ཆའི་ནང་བཀོད་མི་ཆོག་པར་གསུངས་པ་དེར་དབུ་མའི་ལམ་གྱི་རྗེས་འཇུག་པའི་ཁྲོད་དུའང་བསམ་ཚུལ་ཡོད་པ་མཐོང་གི་འདུག
    ཆབ་སྲིད་རང་གི་ཐད་ནས་བཤད་ན། དབུ་མའི་ལམ་འདི་བོད་གཞུང་གི་སྲིད་བྱུས་ཡིན་པར་བཤད་ན་དགོས་དོན་ཆེན་པོ་ཡོད། འོན་ཀྱང་དྲིལ་བསྒྲགས་བྱེད་མཁན་ཚོས་དེ་ལ་ཁས་ལེན་མི་བྱེད་པ་དེར་གནད་དོན་ཁ་ཤས་ཡོད་ངེས་རེད། གཅིག་ནི་དབུ་མའི་ལམ་གྱི་སྲིད་བྱུས་འདིའི་སྲོལ་འབྱེད་མཁན་༸གོང་ས་མཆོག་ཡིན་པ་དེ་གསལ་པོ་བཟོ་འདོད་པ་ཡིན་སྲིད། གཉིས་ནི། ༸གོང་ས་མཆོག་གི་དགོངས་པ་རེད་ལབ་ན། མང་ཚོགས་ནང་རྩོད་པ་རྒྱག་ནུས་མཁན་ཡོང་གི་མ་རེད། དེ་འདྲའི་གནས་ཚུལ་མང་པོ་འདུས་ཡོད་ངེས་རེད།
    སྤྱིར་བཏང་། འདི་ག་ནུབ་ཕྱོགས་སུའང་ཚོགས་པའི་ལས་ཀ་བྱེད་སྟངས་བཤད་དུས། བསམ་ཚུལ་མི་མཐུན་པ་ཡོང་གི་འདུག ཚོགས་པའི་ལས་ཀ་ཡིན་དུས་གཙོ་བོ་མང་མོས་ལ་གཟིགས་དགོས་པ་དེ་གལ་ཆེན་པོ་རེད། མང་མོས་མ་བལྟས་གོང་རྩོད་བཤད་བྱས། མང་མོས་བྱུང་རྗེས། ཉུང་བ་ཚོས་མང་བའི་བསམ་ཚུལ་དེ་ལ་བསྟུན་དགོས་པའང་གལ་ཆེན་རེད།

    Reply
  28. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས། ངའི་སྐྱོ་གླུ་དེས་མི་མང་པོ་ལ་སེམས་ཚོར་སྐྲུན་པ་མཐོང་དུས། ད་དུང་སྙན་ངག་ཁ་ཤས་བྲིས་ན་ཡག་པོ་མེད་དམ་སྙམ། ལོ་གསར་གྱི་སྐབས་སུ་ང་བཟི་ནས་སྙན་ངག་ཅིག་བྲིས་པ་དེ་ལ་དྲྭ་རོགས་ཚོས། ཉམས་འགྱུར་མི་འདུག་ཅེས་འཕྱ་དམོད་བྱས་བྱུང་། ཁྱེད་རང་གི་སྒྲུང་དེ་སྙན་པོ་བྱུང་། གོ་རྒྱུ་ཟབ། ཡི་གེའི་བར་ལ་སྟོང་ཆ་འཇོག་དགོས་ཞེས་ངས་བཤད་ཀྱི་མེད། འོན་ཀྱང་། ང་ཚོའི་བོད་ཡིག་གི་གཅོད་མཚམས་འདི་ལ་དཀའ་ངལ་ཞིག་ཡོད་པ་དེ་དངོས་ཡོད་རེད། དཀའ་ངལ་དེ་སེལ་ཐུབ་པ་ཞིག་ཡིན་ན་སེལ་དགོས། ཟེར་གྱི་ཡོད། སེལ་ཐབས་ག་རེ་འདུག་རིམ་པས་བགྲོ་གླེང་བྱས་ཆོག་གི་རེད། འོན་ཀྱང་བགྲོ་གླེང་བྱེད་མཁན་ནང་དེ་ཙམ་ཡང་ཁས་ལེན་མཁན་ཅང་མཐོང་མ་སོང་། བུ་མོ་བསྟན་འཛིན་བདེ་སྐྱིད་ཀྱིས་འགན་ཞིག་འཁྱེར་ནས་བསམ་ཚུལ་ཞིག་འཁྱེར་ཡོང་བ་འདི་ཡག་པོ་རེད། ཡིན་ནའང་དྲྭ་རོགས་གསར་འབྱོར་ཇོ་ལགས་ཚོས། མོས་བོད་ཡིག་ཤེས་ཀྱི་མི་འདུག་ཅེས་ངན་སྨྲས་མ་གཏོགས། བུ་མོ་ཞིག་གིས་འགན་ཁྱེར་ཏེ་ཚོད་ལྟ་བྱས། ཉམས་ཞིབ་བྱས་པའི་གྲུབ་འབྲས་འདི་ཚོར་ཆེ་མཐོང་འཇོག་གི་མི་འདུག འདི་ཚོ་མཐོང་སྟེ་སྙན་ངག་དེ་བྲིས་པ་ཡིན།

    Reply
  29. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    འཇིགས་བྲལ་བསྟན་འཛིན་ལགས། གཞོང་པ་སྟོང་པའི་སྟོང་འཛིང་ཟེར་བ་དེ། དབུས་གཙང་གི་གཏམ་དཔེ་ཞིག་རེད། གཞོང་པ་སྟོང་པ་ཞིག་འཛིང་མོ་བྱས་ནས་རང་རང་གི་སྟོབས་ཤུགས་ཟད་དེ་སྤྱི་ལ་གྱོང་མ་གཏོགས། ཁེ་ཡོང་རྒྱུ་མེད་པར་ཟེར་བ་རེད། དེ་ནི་དབུ་མའི་ལམ་དང་རང་བཙན་གྱི་རྩོད་པའི་ཐོག་ལ་བལྟས་ཏེ་བཤད་པ་ཞིག་ཡིན། འོན་ཀྱང་རང་བཙན་བརྩད་ནའང་ཐོབ་རྒྱུ་མེད་པ་དང་། དབུ་མའི་ལམ་ལ་སོང་ནའང་སྟོང་པ་རེད་ཟེར་གྱི་མེད། འཁོན་འཛིང་བྱེད་སྟངས་འདི་སྟོང་པ་རེད་ཟེར་གྱི་ཡོད། འདིས་གསལ་པོ་ཆགས་པའི་རེ་བ་ཡོད།

    Reply
  30. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    དགེ་འདུན་རབ་གསལ་ལགས་ཕེབས་ཏེ་ཐར་ལོ་ཉི་རྒྱན་གྱི་གསུང་རྩ་ཆེན་ཞིག་བཞག་པར་ཐུགས་རྗེ་ཆེ། བར་ལམ་ངའི་སྨྱུག་རྩེ་དེ་སྲིད་དོན་གྱི་དཔྱད་བརྗོད་ལ་ཕྱོགས་སྐབས་ནས་བཟུང་། དངོས་མིང་བཀོལ་བའི་དྲྭ་རོགས་ཕལ་མོ་ཆེས་ཐག་རིང་དུ་བཞུགས་སོང་། སྐུ་ཉིད་ཕེབས་པས་གློ་བ་དགའ།

    Reply
  31. དབྱངས་བུ། says:
    ལོ་ 15 སྔོན།

    ཁང་གསར་ལགས་ཀྱི་རྩོམ་ཡིག་ཆ་ཚང་བཀླགས་རྗེས་བསམ་ཚུལ་འགའ་ཞུ་འདོད་བྱུང།

    དང་པོ། དབུ་མའི་ལམ་དེ་ལྟ་གྲུབ་མ་ཡིན་པར་ཐབས་ལམ་བམ་སྲིད་བྱུས་ཤིག་ཡིན་པ་བདེན་པ་རེད། འོན་ཀྱང་ཚད་ལྡན་གྱི་སྲིད་བྱུས་གང་འདྲ་ཞིག་ཡིན་རུང་རྒྱབ་བརྟེན་ཡང་དག་པའི་ལྟ་གྲུབ་ཞིག་ལ་གཞི་བཅོལ་ནས་བཟོས་བ་ཞིག་ཡིན་པ་ཁྱེད་ཀྱི་མཁྱེན་གསལ་ལྟར་ལགས། དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཡང་རྒྱབ་བརྟེན་འཚེ་བ་མེད་པའི་ཡང་དག་པའི་ལྟ་གྲུབ་ལ་གཞི་བཅོལ་ནས་བཟོས་པ་ཞིག་ཡིན་པ་མཁྱེན་དགོས།

    གཉིས་པ། རང་བཙན་འཐབ་རྩོད་པ་གྲགས་ཅན་མང་པོའི་མདུན་ནས་གཏམ་བཤད་ཉན་མྱོང་ལ། བོད་ཀྱི་གཞོན་ནུའི་ཚོགས་གཙོ་ཟུར་པར་རང་བཙན་རྩོད་པའི་ཐབས་ལམ་དང། འཆར་གཞི། སྒྲིག་འཛུགས། གཅིག་སྒྲིལ་གྱི་ནུས་པ་འདོན་རྒྱུར་སྒྲོམ་གཞི་གང་འདྲ་ཡོད་དམ། ཞེས་དེ་སྔ་ང་རང་མཐོ་སློབ་ལ་སྡོད་སྐབས་ནས་དྲི་བ་འདོན་མྱོང་མོད། ལན་འདེབས་ཁ་གསལ་སྐྱོན་རྒྱུ་མེད་པའམ་མ་སྐྱོན་པར་གཏམ་བཤད་ཀྱི་ཁ་བསྒྱུར་སོང།

    གསུམ་པ། བོད་ཀྱི་དཔའ་བོ་མཐུ་བསྟན་དངོས་གྲུབ་ལགས་ཀྱིས་རང་བཙན་དང་དབུ་མའི་ལམ་གཉིས་ཀར་རྒྱབ་སྐྱོར་མཛད་ཀྱི་ཡོད་པ་དངོས་བདེན་རེད་དམ། དེས་ན་དེ་སྔ་ང་རང་བོད་ཀྱི་གཞོན་ནུའི་གནས་ཡོད་མི་མང་པོ་ཞིག་གི་གཏམ་བཤད་ནང་དམ་པ་ཁོང་ནི་རང་བཙན་རྩོད་ལེན་པ་ཁོ་ནར་གསུངས་པ་ལས། དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་མཁན་ཞིག་ལ་མི་གསུངས་དོན་ཅི་ཡིན་ནམ།

    བཞི་པ། ཁྱེད་ཀྱིས་གསུངས་པ་ལྟར་ན། བོད་རིགས་མི་གཅིག་གིས་རང་བཙན་དང་དབུ་མའི་ལམ་གཉིས་ཀར་རྒྱབ་སྐྱོར་བྱས་ན་འགྲིག་ཚུལ་གསུངས་སོང་ལ། དེའི་རྒྱུ་མཚན་ལ་བོད་ཀྱི་དོན་དུ་རྩོད་པའི་རྒྱུ་མཚན་བཀོད་འདུག འོན་ཀྱང་དེ་སྔ་བོད་གཞུང་གི་གནས་ཡོད་མི་སྣ་གཅིག་གིས་ཁབ་རྩེ་གཉིས་ཀྱི་འཚེམ་བུ་མི་ཡོང་བ་ལྟར། དབུ་མའི་ལམ་དང་རང་བཙན་འཐབ་རྩོད་གཉིས་ཀར་གང་ཟག་གཅིག་གིས་རྒྱབ་སྐྱོར་བྱས་ལས་དོན་སྒྲུབ་མི་ཐུབ་ཚུལ་གསུངས་སོང། རྒྱུ་མཚན་ཞིག་འདུག་གམ།

    མདོར་ན་གོང་ཞུས་གུས་པའི་བསམ་ཚུལ་རྣམས་ལ་བཀའ་ལན་གནང་སྐྱོངས་ཡོང་བའི་རེ་བ་ཆེ།

    སྐུ་ཉིད་ལ་གུས་པས་རྗེས་སུ་ཡི་རང་ཞུ་བཞིན་ཡོད་པས། མུ་མཐུད་རྩོམ་ཡིག་འབྲི་གནངསྐྱོངས་་ཡོང་བ་ཞུ་རྒྱུ་དང་བཅས།།

    Reply
  32. བློ་བཟང་། says:
    ལོ་ 15 སྔོན།

    རང་བཙན་དང་དབུ་མའི་ལམ་གཉིས་ཆ་དགོས་ཀྱི་འདུག་ དབུ་མའི་ལམ་ཐོབ་ན་རང་བཙན་དོར་རྒྱུ་དང་། དབུ་མའི་ལམ་མ་ཐོབ་ན་རང་བཙན་མ་འོངས་པར་བོད་པའི་བུ་ཕྲུག་རྣམས་ཀྱི་དོན་དུ་ངེས་པར་བཞག་དགོས་པ་ཞིག་རེད། དེ་མིན་ད་ལྟ་ནས་ཚང་མ་བློས་བཏང་ཟིན་ན་མ་འོངས་པར་ཐབས་ལམ་གང་དུ་བསྐྱོད་དམ། དཔྱོད་ལྡན་རྣམས་ཀྱིས་བསམ་མནོ་ད་ལྟ་ནས་བཏང་རོགས། ཕྱི་དྲག་གི་མ་རེད་དོ།།

    Reply
  33. བློ་བཟང་། says:
    ལོ་ 15 སྔོན།

    ཁང་རྡོར་ལགས་ཀྱིས་གསུང་པར་རྒྱུ་མཚན་འདུག ང་རང་གིས་དད་གུས་དང་བརྩི་བཀུར་ཞུ་ས་ཨང་དང་པོ་གོང་ས་མཆོག་ལས་ལྷག་པ་སུ་ཡང་མེད། འོན་ཀྱང་ཆབ་སྲིད་ནི་ཆོས་ལུགས་དང་ཐ་དད་རེད། ཁེ་ཕན་གྱི་ཕྱོགས་ལ་འགྲོ་རྒྱུ་ལས་གཞན་ཐབས་ཅི་ཡོད།

    Reply
  34. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ཅོ་རི་ལགས། ད་ལྟ་རྒྱ་གར་གྱི་མཚན་མོའི་ཆུ་ཚོད་ ༢:༡༥ རེད་འདུག ངས་བསམ་ཚུལ་འདི་དག་འབྲི་བཞིན་བསམ་བློ་གཏོང་བཞིན་བསྡད་ཡོད། ང་ཚོས་རྩ་དོན་དང་འབྲེལ་བའི་གནད་དོན་འདི་རིགས་ལ་དགག་སྒྲུབ་ཀྱི་བགྲོ་གླེང་བྱེད། ཁྱོད་རང་གིས་ཀྱང་དོན་ལ་ཟུག་པའི་བསམ་ཚུལ་ཤོད།

    ཁང་གསར་གྱིས་ཚིགས་བཅད་འགའ་ཡི་རྗེས་སུ་ངར་ནས་ཅི་བྱེད། ཁོ་ཡང་ཁ་རྒྱག་ཙམ་ཡོད་པ་རེད། དེ་ལ་བསམ་ཤེས་བྱོས།

    Reply
  35. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བོད་ཀྱི་སྐད་ཡིག་ལ་བར་སྟོང་་འཇོག་དགོས་མིན་ཐོག་ཏུ་བསམ་ཚུལ་ཆུང་ཆུང་ཞིག་མ་མཐུན་པ་ཙམ་གྱིས་སྙན་ངག་འདི་འདྲ་འབྲི་མཁན་སུ་ཡོད་རེད། ཨྭ། འཇིགས་བྲལ།
    ཁང་གསར་འདི་ཡིན་ན།

    Reply
  36. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ལགས་གསོལ་ལགས་གསོལ་འཇིགས་བྲལ་བ།

    Reply
  37. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ཅོ་རི་ཁྱོད་འབྲེལ་མེད་ཀྱི་སྐད་ཅོར་མ་རྒྱག་དང་། དེ་ལས་གནད་ལ་འཁེལ་བའི་བགྲོ་གླེང་ཞིག་བྱོས་དང་། ཅི་རེད། རྟག་པར་སྐད་རྒྱབ་ནས། ཨཱ།

    Reply
  38. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དབུ་མའི་ལམ་འདི་༸གོང་ས་མཆོག་གིས་བཏོན་པ་ཞིག་མིན་པར། འཇམ་དབྱངས་ནོར་བུ་ལྟ་བུའི་གང་ཟག་གཞན་ཞིག་གིས་བཏོན་པ་ཡིན་ཚེ། བོད་མི་གཞན་དག་ལྟ་ཅི། དབུ་མའི་ལམ་གྱི་ལས་འགུལ་ཁང་གི་མི་དེ་ཚོས་ཀྱང་དེ་ལ་ཁས་ལེན་རྩ་བ་ནས་བྱེད་ཀྱི་མ་རེད། ཅེས་བཤད་པ་དེ་ཇི་བཞིན་དུ་ཁས་ལན་བྱེད་ཀྱི་ཡིན། དེ་ཡང་ལོ་རྒྱུས་གཅིག་བཤད་ཆོག་པ་ཞུ།

    སྔ་ལོ་རྡ་སར་དབུ་མའི་ལམ་གྱི་ལས་འགུལ་ཁང་གི་ཚོགས་འདུ་ཐེངས་གཉིས་པ་དེ་འཚོགས་པ་རེད། སྐབས་དེར་དོན་ཚན་འདི་འདྲ་ཞིག་གྲོས་ཆོད་ནང་བཀོད་ཡོད་པ་རེད། ༸གོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་ལ་ཐེ་ཚོམ་མེད་པར་ཤར་བསྐྱོད་བྱ་རྒྱུ་ཟེར་བ་ཞིག་བྲིས་ཡོད་པ་ཡོད། ཚིག་ཇི་བཞིན་མི་དྲན་ཀྱང་དོན་དེ་རང་ཡིན། སྐབས་དེར་གུས་པས་། བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་དབུ་མའི་ལམ་གྱི་ཐོག་ཤར་བསྐྱོད་བྱ་རྒྱུ་ཅེས་བྲིས་ན་ཡག་པོ་འདུག འདི་༸གོང་ས་མཆོག་གི་གནད་དོན་མ་རེད། བོད་ཀྱི་གནད་དོན་རེད། རྒྱ་ནག་གིས་རྟག་པར་ཏཱ་ལའི་བླ་མའི་སྐུ་ཚབ་ལ་ཐུག་འཕྲད་བྱེད་ཀྱི་ཡིན། ཁོང་སྐུ་སྒེར་གྱི་གནད་དོན་སྐོར་ལ་གྲོས་བསྡུར་བྱེད་ཀྱི་ཡིན། དེ་མིན་བོད་གཞུང་ཟེར་བ་ཁྲིམས་འགལ་རེད། བོད་ཀྱི་གནད་དོན་ཟེར་བ་མེད་ཟེར་ནས་༸གོང་ས་མཆོག་ངོས་ལེན་བྱེད་པ་ལས་ཀྱང་བཙན་བྱོལ་གཞུང་ངོས་ལེན་ཁག་པོ་བྱེད་ཀྱི་ཡོད་པ་འདི་རྩ་བའི་གནད་དོན་རེད། དེ་བས་ང་ཚོས་བོད་མིའི་ཁྲིམས་མཐུན་སྲིད་གཞུང་བཙན་བྱོལ་གཞུང་གི་ལངས་ཕྱོགས་ལ་འགྲོ་རྒྱུ་བྲིས་ན་ཡག་པོ་ཡོད་རེད། རྒྱ་ནག་གིས་བཙན་བྱོལ་བོད་གཞུང་ངོས་ལེན་བྱས་ན་བོད་ཀྱི་བདེ་སྡུག་ངོས་ལེན་བྱས་པ་རེད་སོགས་རྒྱུ་མཚན་ཇི་ལྟར་བཤད་ཀྱང་ངོས་ལེན་ལྟ་ཅི་བློར་རྩ་བ་ནས་ཤོང་གི་མི་འདུག དཱ་མདོར་བསྡུས་ན་བཙན་བྱོལ་བོད་གཞུང་གི་དབུ་མའི་ལམ་ཞེས་འབྲི་འདོད་བྱེད་ཀྱི་མེད་ན་འཇམ་དབྱངས་ནོར་བུ་ལགས་ཀྱིས་བཏོན་པའི་དབུ་མའི་ལམ་ཡིན་ན་ཁས་ལེན་མི་བྱེད་པ་གསལ་པོ་གསལ་རྐྱང་མ་རེད་དམ།

    དེ་ནས་གནད་དོན་གཉིས་པ་དེ་ལ། མང་ཚོགས་ལ་དབུ་མའི་ལམ་འགྲེལ་བཤད་སྐྱོན་གྱི་ཡིན་ཟེར་གྱི་ཡོད་པ་རེད། འགྲེལ་བཤད་སྐྱོན་པར་ཕེབས་ན་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽གཞིར་བཟུང་གི་དེའི་ནང་དོན་གསལ་པོ་བཤད་ན་ཡག་པོ་ཡོད་རེད། རྟག་པར་༸གོང་ས་མཆོག་གི་དགོངས་པ་རེད་ཟེར་ནས་བཤད་པས་མི་མང་ལ་གོ་རྟོགས་འཕྲོད་ཀྱི་མ་རེད་ཅེས་བཤད་ཀྱང་ཉན་འཇོག་ལྟ་ཅི་དེ་ལབ་པ་གང་མིན་ཚད་ཡིན་མདོག་གི་རྣམ་འགྱུར་སྟོན་གྱི་འདུག

    ཡང་དོན་ཚན་གཅིག་ཏུ་ངེས་པར་ཆོལ་གསུམ་འབྲི་དགོས་ཟེར་ཨུ་ཚུགས་མཐའ་སྐྱེལ་བྱེད་ཀྱི་འདུག་པར། གུས་པས་གཞུང་འབྲེལ་ཡིག་ཆ་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽དང་། ༢༠༠༩ལོའི་གསུམ་དུས་གསུང་འཕྲིན་མིག་སྟོན་བྱས་ཀྱང་མ་ཕན་པར་གྲོས་ཆོད་གཅིག་ཏུ་ཆོལ་གསུམ་བྲིས་པ་རེད། ད་༸གོང་ས་མཆོག་གི་གསུམ་དུས་གསུང་འཕྲིན་དང་། གཞུང་གི་ཡིག་ཆ་ཁག་ཏུ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་པའི་བསམ་འཆར་ཡིག་གཉིས་ཀར་ཆོལ་གསུམ་གྱི་ཐ་སྙད་མེད་པར་བཟོས་པའི་ལངས་ཕྱོགས་ཡོད་པ་ཤེས་བཞིན་དུ་ཨུ་ཚུགས་བྱས་ཏེ་ཆོལ་གསུམ་འབྲི་གི་འདུག འདིས་ག་རེ་མཚོན་གྱི་འདུག

    ཡང་བདག་གིས་༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་མཁན་ཡིན་མདོག་བྱས་ཏེ་ཁོང་གི་མཚན་དམར་རྗེན་དུ་བེད་སྤྱོད་བྱེད་པ་༸གོང་ས་མཆོག་ལ་མ་གུས་པ་ཞིག་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་བོད་དོན་ཆབ་སྲིད་ཤེས་མཁན་དང་གཞོན་སྐྱེས་དོ་སྣང་དང་སེམས་ཤུགས་ཡོད་མཁན་ཚོས་༸གོང་ས་མཆོག་ཁ་ལ་འཁྱེར་མཁན་གྱི་སྐབས་འཚོལ་བར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། གཉིས་ཐད་ནས་༸གོང་ས་མཆོག་གི་དགོངས་པ་རེད་ཟེར་ནས་ཤུགས་ཆེན་པོ་བཤད་ན་ཚང་མས་དེ་རང་རེད་ཟེར་བ་ལས་རང་རང་གི་བསམ་ཚུལ་བརྗོད་པར་འགོག་རྐྱེན་ཆགས་ཀྱི་འདུག་པས་དེས་བཙན་བྱོལ་མང་གཙོ་འཕེལ་རྒྱས་ལ་ཡང་གནོད་ཀྱི་འདུག འདི་ཡང་ཕུགས་རྒྱང་གི་ཆ་ནས་ཡག་པོ་མིན་ཚུལ་བཤད་ཀྱང་ཉན་མཁན་གཅིག་ཀྱང་མ་བྱུང་།

    མཐར་ངས་ཁོང་ཚོར། དབུ་མའི་ལམ་ལ་ངེས་པ་རྙེད་དེ་ལས་འགུལ་ཡང་སྤེལ་གྱི་ཡིན་ཟེར་གྱི་ཡོད་པ་རེད། ཡིན་ནའང་༸གོང་ས་མཆོག་གི་མཚན་བེད་སྤྱོད་མི་བྱེད་པར་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་བྱེད་པ་དེ་ཡང་དག་པ་ཡིན་ལུགས་ཁྱོད་ཚོ་ལ་དངོས་ཡོད་རྒྱུ་མཚན་གྱི་ལམ་ནས་གསལ་བཤད་བྱ་རྒྱུའི་སྤོབས་པ་ཙམ་ཡང་མི་འདུག་པ་གསལ་པོ་ཆགས་སོང་བ། དཱ་ཁྱོད་ཚོས་དབུ་མའི་ལམ་ངོ་སྤྲོད་བྱེད་མཁན་ཞིག་ཡིན་ཁུལ་བྱེད་དོན་གང་ཡིན་དོགས་པ་སྣོན་པ་ཞིག་སྐྱེ་གཞི་ཞིག་ལས་ལྷག་པའི་དོན་རྙིང་ཅང་འདུག་གམ། ཟེར་ནས་དྲི་བ་གཏོང་དགོས་བྱུང་སོང་།

    མཇུག་མཐར་སྤྱི་ཚོགས་ཐོག་ང་མི་ཆེ་གེ་མོའི་ཨབ་ཕྲུག་རེད་ཟེར་ནས་སྐད་ཆ་བཀྲམས་པ་རེད། ཁང་རྡོར་ལགས། ཁྱོད་རང་གི་དགོངས་ཚུལ་གཅིག་གསུངས་དང་། འདི་ཚོ་ང་ནོར་འདུག་གམ།

    Reply
  39. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དབུ་མའི་ལམ་འདི་༸གོང་ས་མཆོག་གིས་བཏོན་པ་ཞིག་མིན་པར། འཇམ་དབྱངས་ནོར་བུ་ལྟ་བུའི་གང་ཟག་གཞན་ཞིག་གིས་བཏོན་པ་ཡིན་ཚེ། བོད་མི་གཞན་དག་ལྟ་ཅི། དབུ་མའི་ལམ་གྱི་ལས་འགུལ་ཁང་གི་མི་དེ་ཚོས་ཀྱང་དེ་ལ་ཁས་ལེན་རྩ་བ་ནས་བྱེད་ཀྱི་མ་རེད། ཅེས་བཤད་པ་དེ་ཇི་བཞིན་དུ་ཁས་ལན་བྱེད་ཀྱི་ཡིན། དེ་ཡང་ལོ་རྒྱུས་གཅིག་བཤད་ཆོག་པ་ཞུ།
    སྔ་ལོ་རྡ་སར་དབུ་མའི་ལམ་གྱི་ལས་འགུལ་ཁང་གི་ཚོགས་འདུ་ཐེངས་གཉིས་པ་དེ་འཚོགས་པ་རེད། སྐབས་དེར་དོན་ཚན་འདི་འདྲ་ཞིག་གྲོས་ཆོད་ནང་བཀོད་ཡོད་པ་རེད། ༸གོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་ལ་ཐེ་ཚོམ་མེད་པར་ཤར་བསྐྱོད་བྱ་རྒྱུ་ཟེར་བ་ཞིག་བྲིས་ཡོད་པ་ཡོད། ཚིག་ཇི་བཞིན་མི་དྲན་ཀྱང་དོན་དེ་རང་ཡིན། སྐབས་དེར་གུས་པས་། བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་དབུ་མའི་ལམ་གྱི་ཐོག་ཤར་བསྐྱོད་བྱ་རྒྱུ་ཅེས་བྲིས་ན་ཡག་པོ་འདུག འདི་༸གོང་ས་མཆོག་གི་གནད་དོན་མ་རེད། བོད་ཀྱི་གནད་དོན་རེད། རྒྱ་ནག་གིས་རྟག་པར་ཏཱ་ལའི་བླ་མའི་སྐུ་ཚབ་ལ་ཐུག་འཕྲད་བྱེད་ཀྱི་ཡིན། ཁོང་སྐུ་སྒེར་གྱི་གནད་དོན་སྐོར་ལ་གྲོས་བསྡུར་བྱེད་ཀྱི་ཡིན། དེ་མིན་བོད་གཞུང་ཟེར་ཁྲིམས་འགལ་རེད། བོད་ཀྱི་གནད་དོན་ཟེར་བ་མེད་ཟེར་ནས་༸གོང་ས་མཆོག་ངོས་ལེན་བྱེད་པ་ལས་ཀྱང་བཙན་བྱོལ་གཞུང་ངོས་ལེན་ཁག་པོ་བྱེད་ཀྱི་ཡོད་པ་འདི་རྩ་བའི་གནད་དོན་རེད། དེ་བས་ང་ཚོས་བོད་མིའི་ཁྲིམས་མཐུན་སྲིད་གཞུང་བཙན་བྱོལ་གཞུང་གི་ལངས་ཕྱོགས་ལ་འགྲོ་རྒྱུ་བྲིས་ན་ཡག་པོ་ཡོད་རེད། རྒྱ་ནག་བཙན་བྱོལ་བོད་གཞུང་ངོས་ལེན་བྱས་ན་བོད་ཀྱི་བདེ་སྡུག་ངོས་ལེན་བྱས་པ་རེད་སོགས་རྒྱུ་མཚན་ཇི་ལྟར་བཤད་ཀྱང་ངོས་ལེན་ལྟ་ཅི་བློར་རྩ་བ་ནས་ཤོང་གི་མི་འདུག དཱ་མདོར་བསྡུས་ན་བཙན་བྱོལ་བོད་གཞུང་གི་དབུ་མའི་ལམ་ཞེས་འབྲི་འདོད་བྱེད་ཀྱི་མེད་ན་འཇམ་དབྱངས་ནོར་བུ་ལགས་ཀྱིས་བཏོན་པའི་དབུ་མའི་ལམ་ཡིན་ན་ཁས་ལེན་མི་བྱེད་པ་གསལ་པོ་གསལ་རྐྱང་མ་རེད་དམ།
    དེ་ནས་གནད་དོན་གཉིས་པ་དེ་ལ། མང་ཚོགས་ལ་དབུ་མའི་ལམ་འགྲེལ་བཤད་སྐྱོན་གྱི་ཡིན་ཟེར་གྱི་ཡོད་པ་རེད། འགྲེལ་བཤད་སྐྱོན་པར་ཕེབས་ན་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽གཞིར་བཟུང་གི་དེའི་ནང་དོན་གསལ་པོ་བཤད་ན་ཡག་པོ་ཡོད་རེད་ཅེས་བཤད་ཀྱང་ནན་འཇོག་ལྟ་ཅི་དེ་ལབ་གང་མིན་ཚད་ཡིན་མདོག་གི་རྣམ་འགྱུར་སྟོན་གྱི་འདུག
    ཡང་དོན་ཚན་གཅིག་ཏུ་ངེས་པར་ཆོལ་གསུམ་འབྲི་དགོས་ཟེར་ཨུ་ཚུགས་མཐའ་སྐྱེལ་བྱེད་ཀྱི་འདུག་པར། གུས་པས་གཞུང་འབྲེལ་ཡིག་ཆ་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽དང་། ༢༠༠༩ལོའི་གསུམ་དུས་གསུང་འཕྲིན་མིག་སྟོན་བྱས་ཀྱང་མ་ཕན་པར་གྲོས་ཆོད་གཅིག་ཏུ་ཆོལ་གསུམ་བྲིས་པ་རེད། ད་༸གོང་ས་མཆོག་གི་གསུམ་དུས་གསུང་འཕྲིན་དང་། གཞུང་གི་ཡིག་ཆ་ཁག་ཏུ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་པའི་བསམ་འཆར་ཡིག་གཉིས་ཀར་ཆོལ་གསུམ་གྱི་ཐ་སྙད་མེད་པར་བཟོས་པའི་ལངས་ཕྱོགས་ཤེས་བཞིན་དུ་ཨུ་ཚུགས་བྱས་ཏེ་ཆོལ་གསུམ་འབྲི་གི་འདུག འདིས་ག་རེ་མཚོན་གྱི་འདུག
    ཡང་བདག་གིས་༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་མཁན་ཡིན་མདོག་བྱས་ཏེ་ཁོང་གི་མཚན་དམར་རྗེན་དུ་བེད་སྤྱོད་བྱེད་པ་༸གོང་ས་མཆོག་ལ་མ་གུས་པ་ཞིག་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་བོད་དོན་ཆབ་སྲིད་ཤེས་མཁན་དང་གཞོན་སྐྱེས་དོ་སྣང་དང་སེམས་ཤུགས་ཡོད་མཁན་ཚོས་༸གོང་ས་མཆོག་ཁ་ལ་འཁྱེར་མཁན་གྱི་སྐབས་འཚོལ་བར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། གཉིས་ཐད་ནས་༸གོང་ས་མཆོག་གི་དགོངས་པ་རེད་ཟེར་ནས་ཤུགས་ཆེན་པོ་བཤད་ན་ཚང་མས་དེ་རང་རེད་ཟེར་བ་ལས་རང་རང་གི་བསམ་ཚུལ་བརྗོད་པར་འགོག་རྐྱེན་ཆགས་ཀྱི་འདུག་པས་དེས་བཙན་བྱོལ་མང་གཙོ་འཕེལ་རྒྱས་ལ་ཡང་གནོད་ཀྱི་འདུག འདི་ཡང་ཕུགས་རྒྱང་གི་ཆ་ནས་ཡག་པོ་མིན་ཚུལ་བཤད་ཀྱང་ཉན་མཁན་གཅིག་ཀྱང་མ་བྱུང་།
    མཐར་ངས་ཁོང་ཚོར། དབུ་མའིལམ་ལ་ངེས་པ་རྙེད་དེ་ལས་འགུལ་ཡང་སྤེལ་གྱི་ཡིན་ཟེར་གྱི་ཡོད་པ་རེད། ཡིན་ནའང་༸གོང་ས་མཆོག་གི་མཚན་བེད་སྤྱོད་མི་བྱེད་པར་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་བྱེད་པ་དེ་ཡང་དག་པ་ཡིན་ལུགས་ཁྱོད་ཚོ་ལ་དངོས་ཡོད་རྒྱུ་མཚན་གྱི་ལམ་ནས་གསལ་བཤད་བྱ་རྒྱུའི་སྤོབས་པ་ཙམ་ཡང་མི་འདུག་པ་གསལ་པོ་ཆགས་སོང་བ། དཱ་ཁྱོད་ཚོས་དབུ་མའི་ལམ་ངོ་སྤྲོད་བྱེད་མཁན་ཞིག་ཡིན་ཁུལ་བྱེད་དོན་གང་ཡིན་དོགས་པ་སྣོན་པ་ཞིག་སྐྱེ་གཞི་ཞིག་ལས་ལྷག་པའི་དོན་རྙིང་ཅང་འདུག་གམ། ཟེར་ནས་དྲི་བ་གཏོང་དགོས་བྱུང་སོང་།

    Reply
  40. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཧཧཧཧཧཧཧ་ཁང་གསར་རྡོ་རྗེ་ལགས།
    ཁྱེད་ཀྱིས། འབུལ་འོས་གྲོགས་ཤིག་འདི་ན་སུ་གང་ཡང་མི་འདུག་ཞེས་ཚིག་ཐག་བཅད་ནས་གསུངས་འདུག་ཀྱང་ང་ཅོ་རི་ཡིད་མ་ཆེས་ནས་དྲིས་པ་ཡིན། ངས་ཤེས་ཀྱི་ཡོད་ན་ཁྱེད་ལ་དྲིས་དགོས་མི་འདུག་ཞུ།
    ཁྱེད་ཀྱིས་བྲིས་པའི་སྙན་ངག་ནང་དུ་ཁྱེད་རང་རང་ལྟ་མཆོག་འཛིན་ཅན་ཞིག་ཡིན་པ་གསལ་དུ་གསལ་དུ་འགྲོ་བཞིན་འདུག
    ཁྱེད་ཀྱིས་དགེ་ཆོས་ཀྱི་ལུང་འདིར་འདྲ་བ་ཞིག་དྲངས་ནས།
    བླུན་པོ་རང་གི་རྗེས་སུ་མི་འགྲོ་ཀྱང་།
    རང་ཉིད་བློན་པོ་རྗེས་སུ་མི་འགྲོ་བ།
    འདི་ནི་མཁས་པའི་དམ་དང་པོ་སྟེ།
    སྲོག་ལ་འབབ་ཀྱང་འབད་པའི་སྲུང་བ་ཀྱིས། ཞེས་རང་ཉིད་མཁས་པ་ཡིན་པའི་བློན་པོའི་རྗེས་སུ་མི་འགྲོ་ཞེས་པར་ལུང་གིས་སྒྲུབ་ཡོད། ཡིན་ཡང་འདི་ནི་དངོས་ལ་གནས་པ་ཞིག་མ་རེད།ཧཧཧཧཧཧཧཧཧཧཧཧ
    དབུ་མ་ལྟ་དུས་གཏམ་རྒྱུད་འདིར་འདྲ་ཞིག་གོ་མྱོང་ཡོད།
    རྩིས་པ་ཞིག་གིས་རྩིས་རྒྱག་དུས་ཉིན་གསུམ་གྱི་ནང་དུ་འབབ་པའི་ཆར་པའི་ཆུ་ཁ་ལ་སོང་ན་སྨྱོ་པ་ཆགས་འགྲོ་ཞེས་རྩིས་བབ། དེ་ནས་ཡུལ་གྱི་རྒྱལ་པོས་ཆུ་གནས་ཆེན་པོ་རྣམས་ཀྱི་ནང་དུ་ཆུ་གསོག་བྱས་ཐུབ་པའི་སྨྱོ་པ་མ་ཆགས་པར་དང་མི་སེར་རྣམས་ཀྱིས་ཆུ་གསོག་བྱས་མ་ཐུབ་པའི་ཆར་པའི་ཆུ་འཐུང་ནས་ཚང་མ་སྨྱོ་ཡོང་དུས་མི་སེར་ཚོ་དང་རྒྱལ་པོ་གཉིས་ལྟ་སྤྱོད་མི་མཐུན་པའི་མི་ཚང་མས་རྒྱལ་པོ་སྨྱོ་འདུག་ཞེས་འབོད། མཐའ་མ་རྒྱལ་པོ་ཨུ་ཐུག་ནས་ཁོང་རང་གིས་ཀྱང་ཆར་པའི་ཆུ་འཐུང་དགོས་ཐུག་པའི་གནད་དོན་བཞིན་ནོ།

    Reply
  41. གཡང་ལགས། says:
    ལོ་ 15 སྔོན།

    ཁང་གསར་ལགས་ཀྱི་རྩོམ་ཡིག་འདི་ཞིབ་ཀློག་བྱས་པ་ཡིན། གོང་ས་མཆོག་གི་དབུ་མའི་ལམ་ཕྱོགས་ལ་རྒྱབ་སྐྱོར་ཡོད་གསུངས་འདུག མིག་སྔར་གྱི་ཕྱི་ནང་གནས་ཚུལ་བསམ་ཚེ་ང་ཡང་གོང་ས་མཆོག་གི་དབུ་མའི་ལམ་འདི་ནི་ད་ལྟ་མི་རིགས་ཀྱི་གནས་བབས་ཉག་ཕྲ་བའི་སྐབས་འདིར་ཕྱོགས་ཡོངས་ནས་ཁེ་ཕན་ལེན་ཐབས་བཟང་ཤོས་དེ་རེད་བསམ་གྱི་ཡོད། ཡིན་ནའང་དབུ་མའི་ལྟ་བ་འདི་ལ་མོས་མཐུན་ཡོད་པའི་རྒྱུ་མཚན་གྱིས་རང་བཙན་བརྩོན་ལེན་པ་རྣམས་ལ་ལྟ་སྟངས་ངན་དུ་འགྲོ་རྒྱུ་ཕར་བཞག ཁོང་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་རང་མི་རིགས་ལ་འཛིན་པའི་ཟོལ་མེད་ཀྱི་བརྩེ་དུང་དེ་དག་ལ་རྗེས་སུ་ཡི་རང་ཡོད། རང་བཙན་བརྩོན་ལེན་པ་རྣམས་ཀྱི་ཁྲོད་ནས་ཆེས་ཚབ་མཚོན་ལྡན་པའི་མི་སྣ་གཉིས་ནི་འཇམ་དབྱངས་ནོར་བུ་ལགས་དང་བསྟན་འཛིན་བརྩོན་འགྲུས་རྣམ་གཉིས་རེད། ང་ནི་བོད་ནང་ཁུལ་ནས་ཕྱི་རོལ་རང་དབང་གི་འཇིག་རྟེན་དུ་འབྱོར་ནས་ལོ་ཤས་སོང་བའི་མི་ཞིག་ཡིན་ལ། ལོ་འདི་དག་ནང་དུ་གོང་ས་མཆོག་ལ་ལྡན་པའི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་དང་ཐུགས་གཤིས། བོད་དོན་གྱི་ཆེད་དུ་སྐུ་ངལ་ཚད་མེད་བཀྱོན་གནང་བའི་མཛད་འཕྲིན་དེ་དག་གིས་བོད་ཅེས་པ་སྒྲ་ཅན་ཁ་ནང་དུ་ཡོད་ཀྱང་ད་དུང་འཛམ་བུ་གླིང་གི་གླེང་བྱ་ཞིག་དང་དོ་སྣང་བྱེད་ས་ཞིག་ཆགས་ཡོད་པའི་ངེས་ཤེས་བྱུང་ལ། བོད་དོན་དྲིལ་བསྒྲག་གི་ཐད་ལ་གོང་ས་མཆོག་ཕུད་ལུང་དང་གཏན་ཚིག་གི་སྒོ་ནས་དྲིལ་བསྒྲག་གནང་ཐུབ་མཁན་འཇམ་དབྱངས་ནོར་བུ་དང་། སྨྲ་ལྕེ་དང་ལུས་པོ་འགུལ་ནས་དྲིལ་བསྒྲག་ཤུགས་ཆེན་པོ་གནང་ཐུབ་མཁན་བསྟན་འཛིན་བརྩོན་འགྲུས་ལས་ལྷག་པ་ཞིག་མཐོང་མ་སོང་། རྒྱུ་མཚན་དེ་དག་གིས་ཁ་ཅིག་གིས་བསྟན་འཛིན་བརྩོན་འགྲུས་ལ་སྨད་པའི་ཚུལ་གྱིས་གོང་ས་མཆོག་ལ་བསྟོད་ཁུལ་བྱེད་པ་ནི་གཞན་གྱིས་རྟོགས་མི་རུང་བའི་གཡོ་སྒྱུ་ཁོག་ཏུ་འཆང་མེད་པ་ཡིན་ན་བསྟོད་བསམ་ཀྱང་བསྟོད་སྟངས་མ་ཤེས་པའམ་སྲིད་ཟེར་བ་འདི་ལ་རྒྱུས་མངའ་ཏིལ་འབྲུ་ཙམ་ཡང་མེད་པའི་རྟགས་མཚན་ཡིན་ངེས་རེད།

    Reply
  42. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དག་བཅོས།
    ཁང་རྡོ་རྗེའི་བསམ་ཚུལ་ལ་ཞིབ་ཀློག་བྱེད་ཀྱི་ཡིན། ད་ལྟ་ཀློག་ཙམ་བྱས་པར་འདི་འདྲ་ཞིག་གི་མཐོང་ཚུལ་བྱུང་། དེ་ཡང་ཁ་བྱང་དེའི་ནང་དོན་གྱི་ཐོག་ནས་ནང་ཁུལ་ཐུག་རུང་མ་ཐུག་རུང་ཐོབ་རྒྱུ་མེད་པའི་གཞོང་སྟོང་རེད་ཟེར་བ་དེ་རེད།
    དེ་འདྲ་ཞིག་ཡིན་ནམ་ཡང་ན་གོ་བ་གཞན་ཞིག་ལེན་དགོས། ཁང་གསར་རྡོ་རྗེ་ལགས།

    Reply
  43. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ཁང་རྡོ་རྗེའི་བསམ་ཚུལ་ལ་ཞིབ་ཀློག་བྱེད་ཀྱི་ཡིན། ད་ལྟ་ཀློག་ཙམ་བྱས་པར་འདི་འདྲ་ཞིག་གི་མཐོང་ཚུལ་བྱུང་། དེ་ཡང་ཁ་བྱང་དེའི་ནང་དོན་གྱི་ཐོག་ནས་ནང་ཁུལ་ཐུག་རུང་མ་ཐུག་རུང་གདོང་རྒྱུ་མེད་པའི་གཞོང་སྟོང་རེད་ཟེར་བ་དེ་རེད།
    དེ་འདྲ་ཞིག་ཡིན་ནམ་ཡང་ན་གོ་བ་གཞན་ཞིག་ལེན་དགོས། ཁང་གསར་རྡོ་རྗེ་ལགས།

    Reply
  44. དྲ་རྒྱའི་དོ་དམ་པ། says:
    ལོ་ 15 སྔོན།

    དགེ་འདུན་རབ་གསལ་ལགས་ཀྱི་མཆན།

    ཁང་གསར་གྱི་སྐྱོ་གླུ་དེ་དགེ་ཆོས་ཀྱི་གསུང་འདྲ་སེ་ཞིག་འདུག གློ་བུར་དུ་སྔོན་གྱི་མཁས་པའི་གསུང་ཞིག་དྲན་བྱུང་བ་དེ་འདིར་དྲངས་ན། ཐར་ལོ་ཉི་མ་རྒྱལ་མཚན་གྱིས

    སྒྲ་སོགས་ཤེས་བྱའི་ཆོས་ནི་ཕལ་ཆེ་བ༎
    སྐྱེ་བ་གཞན་དུ་སྦྱངས་པས་འདིར་མཁས་ཀྱང་༎
    བོད་ཡུལ་བྱིས་པའི་ནང་དུ་བདག་སྐྱེས་པས༎
    མཁས་པའི་མཁས་པ་ཡིན་པ་སུས་ཤེས་ཀྱི༎ ཞེས་ཀྱང་གསུངས་འདུག་གོ།

    Reply
  45. དྲ་རྒྱའི་དོ་དམ་པ། says:
    ལོ་ 15 སྔོན།

    ཁང་གསར་གྱི་ལན།

    ཅོ་རི་ཉི་མ་ལགས། ཁྱོན་ཡོངས་ཀྱི་བྱེད་སྟངས་ལ་ཞེ་སུན་པའི་སུན་སྣང་ཞིག་ཡིན། དེའི་ནང་ཁྱེད་རང་ཚུད་ཡོད་མེད་ཁྱེད་རང་གིས་མཁྱེན་ངེས་རེད།

    Reply
  46. དྲ་རྒྱའི་དོ་དམ་པ། says:
    ལོ་ 15 སྔོན།

    ཁང་གསར་ལགས་འདིའི་ལན་འདི་ངའི་ཆེད་དུ་བཞག་ཡིན་ནམ།

    རྒྱུ་མཚན་དཔང་པོར་བཞག་པའི་གྲོས་ར་ཞིག་ཡིན་ན།།
    རྒྱུ་མཚན་དཔང་རྟཌ་འབུམ་གྱི་ལེགས་སྐྱེས་ཤིག་ཡོད་ཀྱང་།།
    རང་ལྟ་མཆོག་འཛིན་ཅན་གྱི་བླུན་པོ་ཡི་ཁྲོད་དུ།།
    རྒྱུ་མཚན་འདི་དང་གཞན་རྣམསའགྲོ་ས་ཞིག་མི་འདུག །

    གོ་ཤེས་ཉན་ཤེས་ཅན་གྱི་གྲོགས་པོ་ཞིག་ཡིན་ན།།
    བརྡ་དང་རྟགས་ཙམ་བསྟན་པས་གོ་བརྡ་དེ་འཕྲོད་ཀྱང་།།
    སེམས་དང་སེམས་ཐག་རིང་བའི་དྲྭ་རོགས་ཀྱི་ནང་དུ།།
    ཕན་ཚུན་དག་པ་སྟེར་བའི་གོ་སྐབས་དེ་མི་འདུག །

    གོ་ཡང་མ་གོ་མདོག་མདོག་ཁྲམ་པ་ཡི་གཤིས་ཀ།།
    མདའ་སྐད་གླིང་སྒྱུར་ལ་གོམས་སྨྱོན་པ་ཡི་བྱ་སྤྱོད།།
    འདི་དག་གང་ལ་བསམས་ཀྱང་རིག་པ་ཡི་ནོར་བུ།།
    འབུལ་འོས་གྲོགས་ཤིག་འདི་ན་སུ་གང་ཡང་མི་འདུག །

    ཞེས་པ་ནི་ཁང་གསར་རྒད་པོ་ཞེ་བསུན་པའི་མུ་ཅོར་རོ།།
    རྒད་སུན་སྣང་སྐྱེས་སར་ཅོ་རི་རེད་དམ། ཅོར་རོ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese