མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་སྲིད་དང་རང་བཙན་གང་ཡིན་རུང་བོད་དོན་ཡིན། བོད་འབྱོར་རྩོམ་ཡིག

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp

 
                 ར་ཛི་ནྰ་མ
 
 
རྒྱལ་དབང་བཅུ་གསུམ་པའི་གསུང་ཞིག་ཏུ། དབྱིན་ཇི་བཙན་རྒྱལ་རིང་ལུགས་ལ། རྒྱབ་རལ་བ་བསྟན་ནས་འབྲོ་བ་ལས། མདུན་དཔྲལ་བ་བསྟན་ནས་འཛིངས་ན་བཟང་ཟེར་བ་ཞིག་འདུག གསུང་འདི་ནི་འཇིག་རྟེན་བློས་གཏོང་གི་རིག་པར་བསླབས་ཟིན་པ་དང་། ལམ་གྱི་མངོན་རྟོགས་རྒྱུད་ལ་སྐྱེས་པ་ཞིག་གིས་བཙན་རྒྱལ་རིང་ལུགས་ལ་ཡ་ལན་སྤྲོད་དགོས་པའི་གསུང་ཞིག་རེད་འདུག དེ་ལས་གཞན་ཁོང་རྒྱ་ནག་ནས་བོད་ལ་ཕེབས་པའི་ལམ་བར་ནས་མ་ཉེས་ཁག་གཡོག་གིས་ཨུ་རུ་སི་ནས་མཚོན་ཆ་དབོར་འདྲེན་བྱེད་པར་བསྙད་བཏགས་ནས་ཕུ་གློང་མདའ་གློང་བྱས་ ཏེ་སྡོད་མི་བཟོད་པ་བཟོས་པ་ནི། ནང་བ་སངས་རྒྱས་པའི་ཆོས་ཀྱི་དགེ་སློང་ཞིག་ལ་དྲག་པོའི་དམིགས་ཡུལ་ཡོད་པར་སྙད་བརྐོ་ཟུར་འདོགས་ཀྱི་འཕྱ་བའི་ལེ་ཚན་དང་པོ་དེ་ཡིན་པར་སྙམ། མགོ་དེ་ནས་བརྩམས་ཏེ་ཆབ་སྲིད་པའི་མེ་མདའི་སོ་ཁ་དེ་མཐོ་སའི་ཁྲི་ཁ་ནས་དམའ་སའི་ལུག་རྫི་ཉལ་སའི་བར་བརྐྱངས་ཤིང་། ཡ་གིའི་མཆོད་སྒམ་ནས་མ་གིའི་རྩམ་ ཁུག་གི་བར་ཕུ་གློང་མདའ་གློང་བྱེད་པའི་སྲོད་བཏོད་པ་རེད། དུས་དེ་ནས་བཟུང་འགལ་བ་ནས་འགལ་བ་བཟོས་ཤིང་། མཐུན་པའི་ཆ་ཡང་འགལ་བའི་ངོ་བོར་བཟོས་ཏེ་ང་ཚོ་སྤྲོ་ལངས་དུས་རྩེད་མོ་རྩེ་ས་དང་། ཁ་སྐོམ་དུས་མཆུ་བསྲིངས་ས་རུ་གྱུར་བས་གཉའ་རེངས་ཀོ་མཐུག་གི་ཁོར་ཡོག་དག་གིས་བྲོ་འཁྲབ་ཅིང་བསྡད། དུས་ཚོད་དེ་འདྲའི་རིང་ལ་ཉག་སྐེད་བུ་ལོང་མ་འཁོར་བསྒྱུར་མིན་པ་ཤེས་བཞིན་དུ་འཁོར་བསྒྱུར་དུ་ཁས་ལེན་བྱུང་བ་རེད། དེ་ཡི་རྟགས་ཚན་མང་པོ་ཞིག་ནི། གྲོས་ཚན་བཅུ་བདུན་ནས་བཟུང་། རང་སྲིད་རང་སྐྱོང་སོགས་ཀྱི་ཁས་ལེན་འདི་རེད། ད་དུང་ཁས་ལེན་ཆུང་སའི་རིགས་ནི་བོད་ནང་གི་གཞུང་ཞབས་ པ་དག་གིས་བོད་ནང་ཡར་རྒྱས་སུ་སོང་ཡོད་ཚུལ་དང་། བོད་ནང་འཆམ་མཐུན་ཡིན་ཚུལ། གུང་ཁྲན་ཏང་བཟང་ཟེར་བ་སོགས་ཡིན་པས་བརྩིས་པས་ག་ལ་ལངས། དེ་ལྟ་མོད་ང་ཚོའི་དོན་དངོས་ཀྱི་ཁས་ལེན་ནི། ཡིད་བཞིན་ནོར་བུས་ ༡༩༥༩ ལོར་མ་སུ་རི་ནས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་པའི་སྐབས་སུ། ང་དང་བཀའ་ཤག་གི་གཞུང་གང་ན་ཡོད་པ་དེ་བོད་མི་མང་གིས་རང་གཞུང་དུ་ཁྲིམས་མཐུན་གྱིས་ཁས་ལེན་པ་རེད་གསུངས་པ་དེ་དང་། དེ་མིན་ ༡༩༦༠ ཟླ་ ༧ ནང་རྒྱལ་སྤྱིའི་ཁྲིམས་དཔོན་ཚོགས་ཆེན་ནས། བོད་ དང༌། རྒྱ་ནག་མི་མང་སྲིད་གཞུང་ཟེར་བའི་སྙན་དེབ་ཤོག་གྲངས་༣༤༠ སྐོར་ཡོད་པ་ཞིག་འགྲེམས་བསྒྲགས་བྱས་པའི་ནང༌། བོད་ཀྱི་གནས་སྟངས་ནི་དངོས་དོན་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང༌། བོད་མི་རྣམས་ནི་ཆོས་དང་འབྲེལ་བའི་ཚོགས་པ་ལྟ་བུ་ཞིག་ཡིན་པ་དེ་རྩ་མེད་གཏོང་རྒྱུའི་ལས་འགུལ་བྱས་ཡོད་སྟབས་མི་རིགས་རྩ་མེད་ཀྱི་ཁྲིམས་ལུགས་འགལ་བ་དང༌། བོད་མི་རྣམས་ལ་མིའི་ཀུན་སྤྱོད་ཀྱི་ཐོབ་ཐང་སྤྱི་དང༌། ལྷག་པར་ ལུས་སྲོག་གི་ཐོབ་ཐང་འཕྲོག་པའི་ཁྲིམས་འགལ་བྱུང་བ་སོགས་ཞིབ་གསལ་འགྲེལ་བཤད་མཛུབ་སྟོན་བྱས་ཡོད་ཅིང༌། དེ་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་ཁག་དང་མི་མང་ནས་བོད་དོན་གོ་རྟོགས་ཇེ་ཆེ་དང༌། རྒྱབ་སྐྱོར་ཇེ་ཟབ་ཏུ་འགྲོ་ཡི་ཡོད་པ་རེད། ཅེས་པའི་བཀའ་གསུང་འདི་དང་། ས་བྱིའི་གསར་རྗེས་ཆེན་མོ་ནས་བཟུང་བོད་ནང་གི་ཆུང་བ་སློབ་ཕྲུག་ནས་དགེ་རྒན་གྱི་བར་དང་།ཀ་ཁ་མི་ཤེས་པའི་ཞིང་འབྲོག་མང་ཚོགས་ནས་བཟུང་གྲྭ་སའི་དགེ་བཤེས་ཀྱི་བར་ནས་སྐད་འབོད་གཏོང་ས་དང་། ལག་ཏུ་ཅི་ཞིག་བཟུང་ ཡོད་པའི་ཐོག་ནས་ཁ་མིན་དོན་གྱི་ཁས་ལེན་ཞིག་གོ་འོང་བ་རེད། དེ་ལྟ་མོད་རྒྱལ་སྤྱིའི་གནས་བབ་དང་བོད་པའི་སྲིད་དོན་པ་དག་གིས་ལོ་ངོ་དུ་མའི་ཐབས་རྩོད་ཉམས་མྱོང་གཞི་བྱས་པའི་སྟེང་། ༡༩༧༩ ལོར་རྒྱ་ནག་གི་མགོ་གཙོ་ཏུན་གྱིས་རང་བཙན་ཕུད་དེ་ལས་གཞན་གང་ལ་ཡང་གྲོས་བསྡུར་བྱ་ཆོག་ཅེས་པའི་ཁས་ལེན་གྱི་སྟེང་། གོང་ས་ཡིད་བཞིན་ནོར་བུས་རྒྱབ་ལ་མི་བལྟ་མདུན་དུ་ལྟ་དགོས་པའི་བཀའ་གསུང་ཕེབས་པ་ནས། བོད་གཞུང་གི་ལས་ཀ་གཉེར་མཁན་མགོ་བཀའ་ཁྲི་ནས་བཟུང་གཞུང་ཞབས་པ་དག་ལ་གཞི་རྐང་གི་འབད་ལུགས་ཤིག་ཆགས་ཡོད་འདུག དེ་ནི་ཡེ་ཤེས་དབྱིངས་དཔྱད་ཀྱིས་གཟིགས་པ་དང་བཀའ་ཁྲི་དང་སྤྱི་འཐུས་སོགས་ཀྱིས་རྗེས་དཔགས་ཀྱི་གཞལ་བ་ཞིག་ལགས་པས་རྗེས་སུ་ཡི་ རངས་དང་གུས་འདུད་ཞུ་གི་ཡིན། མི་གཅིག་གིས་དེ་མི་འགྲིག་པར་གླེང་བར་བློས་ཕོད་པ་དང་ཟེར་རུང་བ་ཞིག་ཀྱང་རེད་མི་འདུག འོན་ཀྱང་དེ་ལ་གཏམ་གླེང་བྱེད་པ་དང་དཔྱད་བརྗོད་སྤེལ་བ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་བཟོ་བ་ལྟ་བུའི་གནད་ཅན་གྱི་རིགས་མ་ཡིན་པས། ཅི་མི་སྐྱོན་སྙམ་པའི་ངང་དུ་ཡོད། རང་བློ་སྦུག་འཐོམས་པ་འདིས་དེང་གི་དཔྱད་བརྗོད་པ་རེ་འགའི་གསུང་སྟངས་ལ་གཞིགས་ན། བོད་ཀྱི་སྲིད་ལུགས་དང་གོང་ས་མཆོག་གི་བར་ན་མེད་ན་མི་འབྱུང་གི་འབྲེལ་བ་ཆགས་འདུག་པའི་ལྟ་བ་ཞིག་འཁྱེར་གིན་འདུག དེ་ནི་ཤིན་ཏུ་ནོར་འཁྲུལ་ཞིག་རེད། དཔེར་ན་དབུ་མའི་ལམ་ནི་བོད་ཀྱི་སྲིད་དོན་གྱི་ལམ་ལུགས་ཤིག་རེད། དེ་ཡིས་ཕན་མི་ཕན་དཔྱོད་པ་ནི་བོད་ཆེན་པོའི་དོན་ཞིག་ཡིན་པ་ལས་མི་སྒེར་ཞིག་གི་དོན་ལར་ནས་མ་རེད། དེའི་ཕྱིར་དབུ་མའི་ལམ་ལ་སྐྱོན་བཏོན་ན་གོང་ས་མཆོག་ལ་སྐུར་བ་བཏབ་པ་ཞིག་དང་།དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ན་གོང་ས་ མཆོག་ཐུགས་དགྱེས་འགྲོ་བ་ཞིག་ཨེ་ཡིན་ནམ་སྙམ། ཁོང་གི་བཀའ་གསུང་དུ་འང་ཏྰ་ལའི་བླ་མ་ཡོད་ན་བོད་གཞུང་ཡོད་པ་ཞིག་དང་། ཏྰ་ལའི་བླ་མ་མེད་ན་བོད་གཞུང་མེད་འགྲོ་བ་ཞིག་མིན་པའི་རྡོ་རྗེ་གསང་ཚིག་རེ་ཡོད་འདུག དེ་ལས་གཞན་བོད་དོན་གྱི་མཐའ་མའི་ཐག་གཅོད་གནང་མཁན་ནི་བོད་མི་མང་ཡིན་གསུངས་པས་ཀྱང་འཐུས་པར་འདོད། དེ་ཡི་ཕྱིར་ན་ བོད་མི་རེ་རེར་བོད་པའི་མདུན་ལམ་ལ་འགན་འཁྲི་ཡོད་ན། རང་བཙན། རང་ཐག་རང་གཅོད། དབུ་ མའི་ལམ། ཆེས་མཐོའི་རང་སྲིད་རང་སྐྱོང་སོགས་གང་ལ་མོས་པ་དེར་ཤུགས་འདོན་དགོས་པ་ དང་། ལྟ་ཚུལ་མི་འདྲ་བ་རྟ་མག་མོག་གི་སྤུ་འདྲ་བ་ཡོང་རུང་གུས་བརྩི་ཡོད་པ་བྱ་དགོས། དེ་མིན་མི་རེ་འགས་ལྟ་ཚུལ་མི་འདྲ་བ་བྱུང་ན་འཕྱ་འདོད་དང་། སྒྲོ་སྐུར་གྱི་གཡང་ དུ་འདེད་པ་ནི་འོས་སུ་ཤིན་ཏུ་ནས་མ་མཆིས། སྐྱོན་དེ་གཞི་གང་ལ་བརྟེན་ནས་བྱུང་ བར་སྙམ་ན། ༧གོང་ས་མཆོག་དང་སྲིད་དོན་ལམ་ལུགས་གཉིས་ཁ་ཁ་ཡིན་པའི་ངོས་འཛིན་གསལ་ བོ་བློ་ངོར་མེད་པའི་སྐྱོན་དུ་སྣང་། གཞི་དད་པ་དང་མོས་པ། རུས་དང་ཆོས་ལུགས། བཀའ་ དྲིན་དང་གོ་ཐོབ་གང་གི་ཐད་ནས་མགོན་དང་སྐྱབས་དཔུང་གཉེན་དུ་གྱུར་བ་ནི་སྐྱབས་ མགོན་ཡིད་ནོར་བུ་ཡིན་པ་ཉི་ལྟར་གསལ་ཞིང་ཟླ་ལྟར་འཚེར་ན་ཡང་། བོད་པའི་སྲིད་དོན་ ནི་ལོ་ངོ་བརྒྱ་ཕྲག་སྟོང་ཕྲག་གི་ལས་དོན་ཞིག་གི་ཇུས་ཆེན་ཡིན་པ་དང་། ངེད་ཅག་ གིས་སྐབས་ཀྱི་དུངས་ཀ་ཙམ་དང་དད་ཞེན་ཙམ་གྱི་དབང་དུ་སྐད་ཆ་ཤོད་པ་ནི་མི་འོས་པར་ སྙམ། འོན་ཀྱང་སེམས་དང་བསམ་པའི་གཏང་ནས་སྐད་ཆ་དམར་བོ་ཞིག་དཀྱིལ་དུ་ འཇོག་གིན་ཡོད་ན་ནི་འཁྲུལ་བ་དང་ནོར་བ་སྲིད་རུང་དགའ་བསུ་ཞུ་འོས་པ་རེད། རྒྱུ་ མཚན་ནི་ངོ་སྲུང་ཙམ་དང་གྲགས་པར་འཛེམ་པའི་ཅོལ་ཆུང་གི་རིགས་སུ་ཐེ་བའི་སྐད་ཆ་ རྫུན་མ་དེ་མ་ཡིན་པས་སོ། ཡང་སྤྱི་འཐུས་ཤིག་གི་སྐད་ཆར་རང་ལ་མོས་མཐུན་ཡོད་པའི་བུ་མོ་དེར་ཆང་ས་མ་བརྒྱབས་པར་མོས་མཐུན་མེད་སའི་བུ་མོ་ཞིག་ལ་ཆང་ས་བརྒྱབ་པ་ཡིན་ན། དེ་ནི་མི་འགྱངས་པར་འཐོར་འགྲོ་ངེས་ཡིན་པར་གསུངས་འདུག སྐད་ཆ་དེ་ནི་ཤིན་ཏུ་ བདེན་པ་ཞིག་རེད་འདུག སྲིད་དོན་པ་འམ་སྲིད་དོན་ལ་དོ་སྣང་ཡོད་མཁན་འགའ་རེ་ཡི་གནད་ལ་ཁེལ་འདུག དེ་ལྟའི་སྲིད་དོན་པའི་དཔུང་ནི་སྐད་ཆ་རྫུན་མ་ཤོད་མཁན་གྱི་ རིགས་རེད།སེམས་ནས་རང་བཙན་ལ་མོས་པ་ཡོད་རུང་མི་ཁ་གཏམ་ངན་ལ་འཇིགས་པའི་དབུ་མའི་ ལམ་ལ་སྐད་ཆ་ཤོད་པ་དང་། ཁོག་ནས་དབུ་མའི་ལམ་འདོད་རུང་ཚོགས་པ་དང་སྒྲིག་འཛུག་གི་ དབང་གིས་རང་བཙན་གླེང་བ་ལྟ་བུ་རེད། དེ་འདྲའི་མི་མང་བའི་རྐྱེན་གྱིས་༧གོང་ས་ མཆོག་གི་བཀའ་གསུང་ལ་ལོག་འགྲེལ་དང་ཐུར་འགྲེལ་བྱས་ཤིང་། བཀའ་ཁྲི་མཆོག་གིས་ འགྲེལ་བ་མ་བརྩམས་ན་མ་གོ་ཁུལ་བྱས་པ་རེད། མཇུག་འབྲས་ལ་ཅི་ཞིག་བྱུང་གི་ཡོད་པར་ བལྟས་ན་འཆམ་མཐུན་མེད་པའི་གྲོས་ཚོགས་ཤིག་ཚོགས་པ་དེ་རེད། དེ་ལྟའི་ངོ་གཉིས་མའི་ ལས་ཀ་གཉེར་བ་ལས་རང་གི་ལྟ་བ་གསལ་ཐག་ཆོད་པའི་སྒོ་ནས་གསལ་འདོན་བྱེད་པ་དང་། གཞན་ གྱི་ལྟ་བུར་གུས་བརྩི་ཡོད་པའི་སྒོ་ནས་བསམ་འཆར་བཏོན་ན་བཟང་འདུགསྲིད་དོན་དབུ་ མ་དང་རང་བཙན་སོགས་གང་ཡིན་རུང་བོད་དོན་ཡིན་པས་ངོ་གནོང་དགོས་གི་མི་འདུག་གོ། དེ་ལྟ་མོད་འདི་ནས་གསལ་ཁ་ཞིག་བྱ་འདོད་པ་ནི། དབུ་མའི་ལམ་ནི་བོད་གཞུང་གི་སྲིད་ ཀྱི་ཁ་ཕྱོགས་ཤིག་ཡིན་པ་དང་། རང་བཙན་ནི་མི་སྒེར་གྱི་ལྟ་གྲུབ་ཅིག་ཡིན་པས་ལངས་ ཕྱོགས་མི་འདྲ་བ་བཞིན། ཆེ་བཀུར་ཆུང་བྱམས་ལྟ་བུའི་སྒོ་ནས་ཆིག་སྒྲིལ་ལ་འབད་ དགོས་པ་རེད།
 

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༡༠ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

མཆན། 7

  1. མགར་རྟོགས་སད says:
    ལོ་ 16 སྔོན།

    ཁང་གསར་གྱི་བསམ་ཚུལ་བདེན་དྲང་ཡིན་མིན་ཚིག་ཐག་མི་ཆོད་ཀྱང་།མ་གཞི་ལོ་རྒྱུས་རྨ་མེད་པ་རེ་ཡོད་ན་བཤད་རྒྱུ་གལ་ཆེས་སོ།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    http://www.youtube.com/watch?v=3ZxsmHLcNvA&feature=PlayList&p=345A9AF32593F212&playnext_from=PL&playnext=6&index=87

    འདི་ལ་གཟིགས་རོགས་ཞུ།

    Reply
  3. རང་བཙན་གཙང་མ། says:
    ལོ་ 16 སྔོན།

    སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསུངས་པ་དེ་ཕལ་ཆེར། དེང་སྐབས་བོད་མི་སྤྱི་དང་། ལྷག་པར་མདོ་སྨད་ཀྱི་ཕོ་གསར་དེ་ཚོས་དབྱིན་ཇིའི་རྨོ་མོ་དང་ཆང་ས་མང་པོ་བརྒྱབ་སྟེ་ཕྱི་རྒྱལ་ལ་ཨེ་ཐར་བལྟ་གི་ཡོད་པ་དེ་ལ་དམིགས་ཏེ་གསུངས་པ་མིན་འགྲོ། དེ་མིན་སྤྱི་འཐུས་ཚོགས་གཙོ་ཁོ་རང་གིས་ཀྱང་རང་གིས་འདོད་མོས་མེད་པའི་བུ་མོ་ཞིག་ལ་དགོས་དབང་གིས་ཆང་ས་བརྒྱབ་སོང་ང་། འོན་ཀྱང་ཆང་ས་དེ་ལ་བརྟེན། མཐའ་མ་བཀའ་བློན་གྱི་འོས་གཞི་ལ་འགྲོ་དུས་དཀའ་ངལ་འཕྲད་སོང་། དངོས་གནས་འདོད་མོས་མེད་ན་ཆང་ས་རྒྱག་མི་རུང་བ་དེ་གཅིག་བྱས་ན། སྤྱི་འཐུས་ཚོགས་གཙོ་རང་གི་ཉམས་མྱོང་གསུངས་པ་ཡིན་ས་རེད།

    Reply
  4. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    བོད་འབྱོར་རྩོམ་ཡིག་འདིའི་ནང་དུ་༼སྤྱི་འཐུས་ཤིག་གི་སྐད་ཆར་རང་ལ་མོས་མཐུན་ཡོད་པའི་བུ་མོ་དེར་ཆང་ས་མ་བརྒྱབས་པར་མོས་མཐུན་མེད་སའི་བུ་མོ་ཞིག་ལ་ཆང་ས་བརྒྱབ་པ་ཡིན་ན། དེ་ནི་མི་འགྱངས་པར་འཐོར་འགྲོ་ངེས་ཡིན་པར་གསུངས་འདུག༽ཅེས་བྲིས་འདུག དེ་ནི་སྤྱི་འཐུས་ཚོགས་གཙོ་སྤེལ་པ་ཚེ་རིང་གིས་མདོ་སྨད་ཚོགས་ཆཻན་མཛད་སྒོའི་ཉིན་གསུངས་པ་རེད། ངའི་བློ་ལ་ཚིག་དེ་ཧ་ཅང་བབས་ཐལ། དེའི་ཕྱིར་ཁ་སང་སྡོམ་ཚིག་གི་ཚུལ་དུ་ཕྲན་གྱི་རྩོམ་ནང་བཀོད་ཡོད།

    Reply
  5. འཇམ་མགོན། says:
    ལོ་ 16 སྔོན།

    ལེགས་ཤོས་བཅོས་རོགས།

    Reply
  6. འཇམ་མགོན། says:
    ལོ་ 16 སྔོན།

    ར་ཛི་ནཱ་མ་ལགས། ང་ཚོ་ལ་ཐོབ་འདོད་པ་ཞིག་ཐོབ་དགོས་ན་རང་བཙན་གཙང་མ་ཐོབ་ན་ལེགས་ཤེས་ཡིན་མོད། དེང་འཛམ་གླིང་གི་འགྲོས་དང་སྤྱི་ཚོགས་ཀྱི་འཕེལ་རིམ་གང་ལ་ཞིབ་བསྡུར་བྱས་ན་རང་སྲིད་ཡིན་ཡང་འགྲིག་པ་འདུག དོན་དངོས་ཐོག་ནས་བཤད་ན་ང་ཚོ་ནང་ཁུལ་ཆིག་སྒྲིལ་དང་། མཐུན་ལམྊྊྊྊྊྊྊ༉༉༉། དམིགས་མདུན་གཅིག་གི་ཐོག་འགྲོ་དགོས་མོད་དེ་ཙམ་ཡོང་ཐུབ་ཀྱི་མེད་པ་རེད།࿌ཁ་ནས་འཐེན་འཁྱེར་མེད་ཟེར་རུང་མོད་ཁོག་ན་རྐྱེན་ཞིག་ཡོད་པ་ཚོར་ཐུབ། ང་ཚོ་དངོས་ཡོད་ཀྱི་མཐུན་ལམ་ཞིག་དང་ཆིག་སྒྲིལ་ཞིག་ཡོད་ན་༸སྐྱབས་མགོན་རིན་པོ་ཆེ་ལ་སྡུག་ཞིག་མ་བཀོད་བར་ལྷོད་བཞུགས་གནང་འཇུག་དགོས་ཡོད་ལ། ཁྲིམས་གཞི་དང་སྒྲིག་གཞི་ཡོད་ཚད་གཞུང་དང་ཚོགས་སྒེར་ཁག་གིས་འཁྱེར་ན་ཡང་མི་ཆོག་རྒྱུ་མེད་སེམས།

    Reply
  7. ཀུན་དགའ་བདེ་ཆེན། says:
    ལོ་ 16 སྔོན།

    འདི་ཡང་ཁང་གསར་རྡོ་རྗེའི་བསམ་ཚུལ་གྱི་རྗེས་ལ་འགྲོ་མཁན་རེད་འདུག ཁང་གསར་ཁོ་ལ་བོད་ནང་ལའང་དམག་མི་ཡོད་ས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese