མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་གཞོན་སྐྱེས་ཚོར་འགན་ཆེན་པོ་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོ་བཙན་བྱོལ་དུ་ཡོད་མཁན་བོད་པ་ཚོ་དང་། ལྷག་པར་དུ་གཞོན་སྐྱེས་ཚོར་ལས་འགན་ཆེན་པོ་ཞིག་འཁྲི་ཡོད། བོད་པའི་མི་ཐོག་རྙིང་པ་རྣམས་རིམ་པས་རྫོགས་འགྲོ་གི་ཡོད་པ་དང་མི་ཐོག་གསར་པ་ཚོས་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་རབས་ནས་མི་རབས་སུ་རྒྱུན་མཐུད་དགོས་ཀྱི་རེད་ཅེས་དང་།  བོད་ནང་གཞོན་སྐྱེས་ཚོས་རྒྱ་གཞུང་གི་གདུག་རྩུབ་མྱངས་དང་མྱོང་བཞིན་ཡོད་ཅེས་༧གོང་ས་མཆོག་གིས་གསུངས་ཡོད་འདུག

ཕྱི་ཚེས་ ༡༠ ཉིན་སུད་སིར་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་གཞོན་ནུའི་གྲོས་ཚོགས་དབུ་བརྙེས་ནས་མི་ལོ་ ༤༠ འཁོར་བའི་དུས་དྲན་མཛད་སྒོའི་དེ་ཛུ་རིག་གཙུག་ལག་སློབ་ཆེན་དུ་འཚོགས་ཡོད་པ་དང་། མཛད་སྒོའི་སྟེང་ཐོག་མར་གཞོན་ནུའི་ཚོགས་གཙོ་བསྟན་སྒྲོན་ལཊ་ཀྱིས་ཕྱི་རྒྱལ་དུ་ཡོད་པའི་གཞོན་སྐྱེས་ཚོས་ཛ་དྲག་གི་དུས་སྐབས་འདིར་འགན་ཆེན་པོ་འཁྱེར་དགོས་པ་དང་། ཕྱི་ལོ་ ༢༠༠༢ ལོར་ཁོང་ཐོག་མར་བོད་དུ་བསྐྱོད་སྐབས་བོད་ནང་གི་བོད་མི་ཚོས་ཕྱི་རྒྱལ་དུ་ཡོད་པའི་བོད་པའི་ན་གཞོན་ཚོར་རེ་བ་ཆེན་པོ་བྱེད་ཀྱིན་ཡོད་པ་མཐོང་ཐོས་བྱུང་ཡོད་སྐོར་ཞུས་ཡོད་ལ།  དེ་བཞིན་ཁོང་ཚོས་བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་དང་། ཆབ་སྲིད་ཀྱི་ཐོག་ལས་འགུལ་མང་དག་ཅིག་སྤེལ་གྱིན་ཡོད་སྐོར་སྙན་སྒྲོན་ཞུས་རྗེས། ༧གོང་ས་མཆོག་གིས་ཐེངས་འདིའི་ཚོགས་ཆེན་སྟེང་ཕེབས་མཁན་གྱི་ན་གཞོན་ཚོར་དགྱེས་ཚོར་ཆེན་པོས་དམིགས་བསལ་འཚམས་འདྲི་དང་སྦྲགས་གསུངས་དོན། ང་ཚོ་བཙན་བྱོལ་དུ་ཡོད་མཁན་བོད་པ་ཚོ་དང་། ལྷག་པར་དུ་གཞོན་སྐྱེས་ཚོར་ལས་འགན་ཆེན་པོ་ཞིག་འཁྲི་ཡོད། བོད་པའི་མི་ཐོག་རྙིང་པ་རྣམས་རིམ་པས་རྫོགས་འགྲོ་གི་ཡོད་པ་དང་མི་ཐོག་གསར་པ་ཚོས་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་རབས་ནས་མི་རབས་སུ་རྒྱུན་མཐུད་དགོས་ཀྱི་རེད་བཀའ་སྩལ་ཡོད་པ་རེད། དེ་བཞིན་༧གོང་ས་མཆོག་གིས་བོད་ནང་གཞོན་སྐྱེས་ཚོས་རྒྱ་གཞུང་གི་གདུག་རྩུབ་མྱངས་དང་མྱོང་བཞིན་ཡོད་ཅེས་གསུངས་འདུག མཇུག་ཏུ་ཚོགས་བཅར་བ་རྣམས་ལ་དྲི་བ་དྲིས་ལན་གྱི་གོ་སྐབས་ཀྱང་ཕུལ་ཡོད་འདུག

ཐེངས་འདིའི་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༡ ནས་གཞོན་སྐྱེས་ཚོགས་བཅར་བ་ ༡༦༠ ཙམ་ཚོགས་ཞུགས་བྱས་ཡོད་འདུག དེ་མིན་སྐབས་དེར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཀྱིས་སུད་སིར་གནས་སྡོད་བོད་རིགས་ཚོར་གསུང་བཤད་གནང་ཡོད་པ་རེད།

ཕྱི་ཚེས་ ༡༡ ཉིན་སུད་སིའི་གྲོང་ཁྱེར་ཛུ་ཀ་རིའི་གྲོང་ཁྱེར་གྱི་ཧ་ལ་ཤ་ཊར་ཏིར་ཚོགས་ཁང་ནང་བོད་མི་ ༣༠༠༠ འདུ་འཛོམས་ཀྱི་དབུས་སུ་༧གོང་ས་མཆོག་གིས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ དོན་རྐྱེན་གྱི་འབྱུང་རྩ་ངོ་སྤྲོད་གནང་སྐབས་ཁོང་གིས་གསུངས་དོན། ང་ཚོ་ཐོག་མར་བཙན་བྱོལ་བ་ཆགས་སྟངས་དེ་གང་འདྲ་བྱས་ནས་ཆགས་ཡོད་སྐོར་བརྗོད་ན། བོད་པ་ནང་ཁུལ་འཁྲུག་པ་བརྒྱབ་ནས་བཙན་བྱོལ་བ་ཆགས་པ་མ་རེད། འབྱུང་བའི་གནོད་པ་ཆགས་ཏེ་བཙན་བྱོལ་བ་ཆགས་པ་ཡང་མ་རེད། ང་ཚོའི་ལུང་པའི་ནང་ལ་དཔོན་རིགས་གསར་པ་ཞིག་བསླེབས་ཏེ། དེས་དངོས་གནས་ཁ་ནས་བཅིངས་འགྲོལ་མིང་དོན་མཚུངས་པ་ཞིག་དང་ཕན་ཐོགས་བྱས་ཏེ་བོད་པར་ཐུབ་ཚོད་དང་གནོད་བྱས་མེད་ན་གནས་ཚུལ་མི་འདྲ་བ་ཞིག་ཆགས་སྲིད་ཀྱི་ཡོད། དེ་མ་བྱུང་བ་རེད། དཔེར་ན། ངོས་རང་སྒེར་ལ་ཆ་བཞག་ནའང་། ཕྱི་ལོ་ ༡༩༥༤ ལོར་པེ་ཅིང་དུ་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ལ་བོད་ཀྱི་འཐུས་མིའི་གྲས་སུ་ཕྱིན་པ་རེད། རྒྱ་ནག་ནང་དངོས་གནས་འབྲེལ་བ་ཧ་ཅང་ཡག་པོ་བྱུང་བ་རེད། དེ་དུས་ངོས་རང་ལོ་ ༡ ཙམ་རིང་རྒྱ་ནག་ནང་དང་དེ་བཞིན་བོད་ཀྱི་ས་ཁུལ་ཁ་ཤས་ལ་ཕྱིན་པ་རེད། དེ་འདྲ་བྱས་ཏེ་ངོས་རང་ཀོང་པོ་བརྒྱུད་ནས་ཡར་ལོག་ཡོང་སྐབས་རྒྱ་མིའི་དམག་དཔོན་ཨང་སྡེ་ ༡༨ པའི་དམག་སྤྱི་ཀྲང་གོ་ཧྭ་མར་ཡོང་གི་འདུག ངོས་གཉིས་ལམ་དེར་ཐུག་ནས་འཁྱུག་ཙམ་རིང་སྐད་ཆ་ཤོད་རྒྱུ་བྱུང་། ངོས་ཀྱིས་ཀྲང་གོ་ཧྭ་ལ་ན་ནིང་ངོས་རང་ལམ་ཁ་འདི་ནས་མར་ཡོང་སྐབས། སེམས་ནང་བློ་དོགས་ཀྱིས་ཁེངས་ནས་ཡོང་བ་ཡིན། ད་ལོ་ལམ་ཁ་འདི་ནས་ཡར་ལོག་སྐབས་སེམས་ལ་ཡིད་ཆེས་ཤིག་རྙེད་དེ་ཡོང་གི་ཡོད་ཅེས་བཤད་པ་ཡིན། དེ་དུས་མའོ་ཙེ་ཏུང་གིས་ངོས་ལ་ཁས་ལེན་ཧ་ལས་པའི་ཡག་པོ་བྱས་བྱུང་། དཔེར་ན། ཉིན་གཅིག་རྒྱ་མིའི་དཔོན་རིགས་ཚོ་གཞོགས་གཅིག་ལ་བསྡད། ངོས་དང་པཎ་ཆེན་རིན་པོ་ཆེ། ང་ཕོད། ཕུན་ཚོགས་དབང་རྒྱལ་བཅས་གཞོགས་གཅིག་ལ་བསྡད། ཅོག་ཙེ་རིང་པོ་དེའི་ཟུར་གཅིག་ལ་དམག་དཔོན་ཕང་མིན་དང་ཀྲང་ཅིང་ཡིན་པ་ཡོད། ཁོང་གཉིས་ལ་མའོ་ཙེ་ཏུང་གིས་མཛུབ་མོ་བཙུགས་ཏེ། དམག་དཔོན་འདི་གཉིས་བོད་ལ་ཏཱ་ལའི་བླ་མར་རོགས་རམ་ཆེད་གཏོང་རྒྱུ་ཡིན། གལ་ཏེ་དམག་དཔོན་དེ་གཉིས་གཙོས་པའི་དམག་དཔོན་གཞན་དག་གིས་ཏཱ་ལའི་བླ་མའི་འདོད་པ་དང་མཐུན་པ་ཞིག་མི་བྱེད་པར་རང་སྣང་གང་དྲན་གྱིས་ལས་ཀ་བྱེད་ཀྱི་འདུག་ན། ང་ལ་ལན་གཏོང་ཤོག ངས་ལམ་སེང་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་ཁས་ལེན་གཙང་མ་བྱས་སོང་ཞེས་བཀའ་གནངས་སོང་། ཡང་༧གོང་ས་མཆོག་གིས་ངོས་རང་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ཏུ་བསྐྱོད་སྐབས་གཙོ་འཛིན་མའོ་ཙེ་ཏུང་གིས་ཆེས་མཐོའི་མགོ་ཁྲིད་རྣམས་དང་མཇལ་འཕྲད་བྱས་པ་བརྒྱུད་ངོས་རང་ཧ་ཅང་སེམས་འགུལ་ཐེབས་ཏེ། ཕྱི་ལོ་ ༡༩༥༥ བོད་དུ་ཕྱིར་ལོག་སྐབས་བློ་དོགས་སེལ་ཏེ་བློ་བདེ་པོའི་ངང་ཕྱིར་ལོག་བྱས་པ་ཡིན། སྐབས་དེའི་བོད་ཀྱི་དོན་རྐྱེན་སྐོར་ལ་ཁོང་གིས་ཕྱི་ལོ་ ༡༩༥༦ ལོ་མགོ་ནས་ཁམས་ལི་ཐང་ནས་བཟུང་སྟེ་རྒྱ་མིས་བཅོས་སྒྱུར་བྱས་ན་ཡག་པོ་ཡོད་ཚུལ་བཤད་དེ་ལས་འགུལ་མགོ་བཙུགས་པ་རེད།  འོན་ཀྱང་ལག་ལེན་ངོ་མ་དེ་བོད་ཀྱི་ས་གནས་ཀྱི་དངོས་ཡོད་གནས་ཚུལ་དང་མི་འཚམ་པའི་བཅོས་སྒྱུར་ཞིག་བཙན་ཤེད་ཀྱི་ཐོག་ནས་བཏང་སྟེ། དེ་འདྲའི་རྐྱེན་པས་དགོན་ཁག་དང་དཔོན་རིགས་ཚོ། མི་མང་བཅས་ཨུ་ཐུགས་ངོ་རྒོལ་བྱ་རྒྱུའི་གནས་ཚུལ་བྱུང་བ་རེད། དེ་འདྲ་བྱས་ཏེ་གནས་ཚུལ་ཛ་དྲག་ཏུ་ཕྱིན་སྟེ་ཕྱི་ལོ་ ༡༩༥༦ ལོར་ངོས་རང་རྒྱ་གར་དུ་བསླེབས་པ་རེད། དེ་ནས་ཕྱི་ལོ་ ༡༩༥༧  ལོར་ངོས་ཀྱིས་མའོ་ཙེ་ཏུང་ལ་གནས་ཚུལ་ཡག་པོ་མི་འདུག་ཅེས་ཡི་གེ་ཐེངས་ ༣ ལ་བསྐུར་ཡང་ཡིག་ལན་གང་ཡང་མེད་པ་རེད།  དེའི་རྐྱེན་གྱིས་རང་བཞིན་གྱིས་ངོས་ལ་དོགས་པ་ཞིག་སྐྱེས་བྱུང་། དང་ཐོག་ཟིང་འཁྲུག་དེ་ཁམས་དང་ཨ་མདོ། དབུས་གཙུང་ཁུལ་ལ་སོཊ་ལ་རིམ་བཞིན་བྱུང་བའི་མཐར་ ༡༩༥༨ དང་ ༡༩༥༩ ནང་གནས་ཚུལ་དེ་བྱུང་བ་རེད། དེའི་ཕྱིར་བོད་ལ་ཕྱི་ལོ་ ༡༩༥༩ ལོར་བྱུང་བའི་གནས་ཚུལ་དེ་ནི་ཉིན་གཅིག་ལ་གློ་བུར་དུ་བྱུང་བའིགནས་ཚུལ་གང་ཡང་མ་རེད། གང་ལྟར་ལོ་ནས་ལོར་བསྟུད་དེ་ང་ཚོར་ཧ་ལས་པའི་དཀའ་ངལ་འཕྲད་པ་དང་། མགོ་སྐོར་དང་གཡོ་སྒྱུ། ཐུབ་ཚོད་ཀྱི་འོག་ནས་མཐའ་མར་ ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་གྱི་དོན་རྐྱེན་དེ་བྱུང་བ་རེད་ཅེས་དང་། དེང་ཕྱིན་བོད་ཀྱི་བདེན་མཐའ་གསལ་བར་ཚང་མས་རིག་པ་སྒྲིམ་སྟེ་འབད་བརྩོན་གནང་དགོས་པའི་བཀའ་སློབ་གནང་ཡོད་འདུག

དེ་བཞིན་ཚེས་ ༡༡ ཉིན་༧གོང་ས་མཆོག་གིས་ཛུ་རག་གྲོང་ཁྱེར་དུ་མི་མང་ཆིག་ཁྲི་བརྒལ་བར་ཀུན་ཁྱབ་འགན་ཁུར་དང་བྱམས་སྙིང་རྗེ། དཔལ་འབྱོར་གྱི་གནས་སྟངས་ཐད་ལ་བཀའ་སློབ་ཟབ་མོ་གནང་ཡོད་ལ། གསུང་བཤད་མགོ་མ་ཚུགས་གོང་ལ་དེ་གར་ཡོད་པའི་བོད་པའི་སྐད་ཡིག་སློབ་གྲྭའི་བྱིས་པ་ཚོས་གོང་ས་མཆོག་གི་སྐུ་མདུན་ནས་བོད་ཀྱི་གླུ་གཞས་སོགས་གཟིགས་འབུལ་ཞུས་ཡོད་འདུག གསུང་བཤད་གྲུབ་མཚམས་ཁོང་གིས་བོད་དོན་དང་འབྲེལ་བའི་ཐད་ནས་མང་ཚོགས་ཀྱི་དྲི་བར་བཀའ་ལན་གནང་དོན།  ང་ཚོས་ཕྱོགས་གཅིག་ལ་རྒྱལ་ཁ་དང་ཕྱོགས་གཞན་དེར་ཕམ་ཁ་སྤྲོད་རྒྱུའི་བསམ་བློ་གཏོང་གིན་མེད་པར་གྲོས་མོལ་བརྒྱུད་ཕན་ཚུན་གཉིས་མོས་ཀྱི་ལམ་ཁ་ཞིག་འཚོལ་བཞིན་ཡོད་ཅེས་གསུངས་ཡོད་འདུག

ཕྱི་ཚེས་ ༡༣ ཉིན་༧གོང་ས་མཆོག་གིས་ཐེངས་འདིའི་མཛད་འཕྲིན་ཁག་ཡོངས་སུ་གྲུབ་སྟེ་བཞུགས་སྒར་རྡ་སར་ཞབས་སོར་བཀོད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༧ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༧ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༡ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 7

  1. tashi33 says:
    ལོ་ 16 སྔོན།

    goood

    Reply
  2. སྨར་ཁམས་བུ། says:
    ལོ་ 16 སྔོན།

    བོད་རིགས་ན་གཞོན་རྣམས་ལ་མི་རབས་གསར་པའི་འགན་ཞིག་ཡོད་པ་ན། བཙན་འབྱོལ་བོད་གཞུང་གི་སྤྱི་འཐུས་བཅས་པའི་ལས་གནས་ཁག་ལ་ན་གཞོན་གྱི་ཐོབ་ཐང་ཞིག་སྤྲད་དང་།
    དེ་ནས་མ་འོངས་པའི་ན་གཞོན་གྱི་འཛིན་སྐྱོངས་བྱ་ཕྱོགས་ཀྱི་གོ་རྟོགས་ཡོད་ཀྱི་མ་རེད་དམ།

    Reply
  3. Dhamchoe @Tommy Thokme says:
    ལོ་ 16 སྔོན།

    Yes.That’s right. Therefore,HH The Gyawa Karmapa is aབོད་རིགས་གཞོན་སྐྱེས་ he should take the འགན་ for coming Kalon Tripa position.For give him a opportunity we should vote him as the future Kalon Tripa.

    Tibetan parliament in exile should re-make the law of age of Kalon Tripa.

    We need training the Karmapa.He need the experience for Tibetan’s future leader after HH the Dalai Lama.

    Reply
  4. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    སྐྱབས་སུ་མཆི་བོད་མི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཁོང་ལྟ་བུ་ཞིག་འབྱུང་གྱུར་ལོ་བརྒྱ་ཕྲག་ཁ་ཤས་རྗེས་ལ་བྱུང་ཐུབ་ན་སྙམ་པའི་ཚོར་བ་ཞིག་རང་བཞིན་གྱི་སྐྱེས་ཡོང་གིན་འདུག

    Reply
  5. སྐར་མདའ། says:
    ལོ་ 16 སྔོན།

    དབྱངས་བུ་ལགས་ཁྱེད་ཀྱི་ལྷག་བསམ་རྣམ་དག་གི་སྒོ་ནས་སྨོན་ལམ་ཞིག་བཏབ་འདུག།
    འོན་ཀྱང་ཁྱེད་ཀྱི་རྩོམ་ཚིགས་བཞི་བ་འདི་འབྲི་ལུགས་ནི་ཞེན་སྣང་ཚ་པོ་ཞིག་རེད།
    གྲ་གྲོགས་ཚོ་ཞིབ་མོར་གཟིགས་དང་།

    Reply
  6. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    青海玉树7.1级地震已造成67人死亡。玉树县固定电话通讯中断,当地土木结构房屋倒塌严重。震区一水库出现裂缝,

    Reply
  7. དབྱངས་བུ། says:
    ལོ་ 16 སྔོན།

    འགྲོ་ཀུན་འཕགས་མཆོག་སྤྱན་རས་གཟིགས་དབང་གི།།
    གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི།།
    སྐུ་ཚེ་བརྟན་ཅིང་རི་བོ་པོ་ཏཱ་ལར།།
    མྱུར་དུ་ཁྲིར་བཀོད་རྒྱལ་བསྟན་དར་རྒྱས་ཤོག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese