མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲོ་མིའི་ཐོབ་ཐང་གི་ལམ་ནས་སྣང་ཚུལ་འགའ་གསེད་པ། བོད་འབྱོར་རྩོམ་ཡིག

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp

གནས་སྐབས་རིང་དགོས་དབང་གིས་མིང་བཀོད་མེད།
                   
༢༠༡༠ ལོའི་སྤྱི་ཟླ་ ༤ པའི་ཚེས་ ༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀའི་སྟེང་དུ། ནུབ་བྱང་མི་རིགས་སློབ་ཆེན་དུ་ཆབ་སྲིད་ཀྱི་རླུང་དམར་འུར་འུར་གཡུག་པའི་ཁྲོད་དུ་བདག་གི་གྲོགས་ཞོགས་ལྗང་དང་ཐེའུ་རང་གཉིས། སྤྱི་བདེ་ལས་ཁུངས་དང་བདེ་འཇགས་ལས་ཁུངས། སློབ་གསོ་ཅུའུ་བཅས་ ཀྱི་མི་སྣ་བཅུ་གྲངས་འགས་འཛིན་བཟུང་བྱས་ནས་བུད་སོང་བར་མ་ཟད། མི་བུ་སྒེར་གྱི་རང་དབང་དང་རྩིས་ཐང་། ཁེ་དབང་བཅས་ལ་རྡོག་བརྫིས་བཏང་སྟེ་གྲོགས་པོ་གཉིས་ཀྱི་དཔེ་ཆ་དང་འབྲེལ་ཡོད་སློབ་སྦྱོང་གི་ཡོ་ཆས་གློག་ཀླད་སོགས་བཙན་འཁྱེར་བྱས་སོང་། དེ་རིང་ནི་གྲོགས་པོ་གཉིས་བཀག་ཉར་བྱས་ཏེ་གཟའ་འཁོར་གཅིག་ཏག་ཏག་འགོར་སོང་མོད། ད་དུང་ཁོང་གཉིས་ཀྱི་ཕྱོགས་ནས་སྐད་ཆ་གང་ཡང་ཐོས་མ་བྱུང་། ཐ་ན་ཁོང་གཉིས་ཤི་གསོན་གྱི་ལམ་ཁ་གང་ཞིག་ན་ཡོད་མེད་དང་ས་གནས་གང་ཞིག་ཏུ་བཙན་ཁྲིད་བྱས་ཡོད་མེད་ཀྱི་བརྡ་ཙམ་ཡང་མི་ཐོས་པའི་ཉིན་མ་འདི་ཚོར། ཁོ་བོ་དང་ཁོ་བོ་འདྲ་བ་མང་པོ་ཞིག་གི་སེམས་ཁམས་རྦད་དེ་བདེ་གནས་སུ་ལྟུང་ཐུབ་ཀྱིན་མེད་པར་མ་ཟད། གོ་ཐོས་སུ་ཁོང་གཉིས་ཀྱི་ཁྱིམ་བདག་ཚོའི་སེམས་ཁམས་ཡང་རྨང་ནས་བཅག་ འདུག་སྐད། དོན་རྐྱེན་འདིས་དངོས་སམ་བརྒྱུད་པའི་སྒོ་ནས་ངེད་གྲོགས་པོ་ཚོའི་སློབ་སྦྱོང་བྱ་སའི་སེམས་ཁམས་ཀྱི་ཁོར་ཡུག་དེ་འཕྲོག་ཡོད་པ་ཕུད། དོན་རྐྱེན་གྱི་སྒང་འདི་ལ་གྲོགས་པོ་ལ་ཤས་ཀྱིས་ཁྲོམ་སྐོར་གྱི་ལམ་ནས་ཞི་བའི་སྐད་འབོད་བྱ་ཞེས་ཚོར་ཤེས་དྲག་པོ་ཁོང་དུ་མ་ཆུད་པར་བཤད་ལ། ཡང་ལ་ཤས་ཀྱིས་མིག་སྔའི་གནས་བབ་ཀྱི་འགྱུར་ལྡོག་ལ་ཨེན་ཙམ་བརྟག་རྗེས་དེ་ལ་དེ་བསྟུན་གྱི་སྦྱོར་བ་རྩོམས་ཟེར། ཁོ་བོའི་ངོས་ཐད་ནས་རྒྱུན་ལྡན་མ་ཡིན་པའི་གནད་དོན་འདི་ལ་ཧོབ་ཀྱིས་བལྟས་ན། ཚོར་ཤེས་ཀྱི་ངར་སྒང་ལ་ཁྲོམ་སྐོར་དང་སྐད་འབོད་ཀྱི་བགྱི་བ་ལྷུར་ལེན་རྒྱུ་ནི་ཅུང་ཙམ་སླ་རུ་སྣང་ཡང་། དེའི་མཇུག་འབྲས་དང་ཤུགས་རྐྱེན་དེས་དྲང་ལྡོག་གཉིས་ལས་གང་གི་ཕྱོགས་སུ་ནུས་པ་ཐོན་མིན་བཤད་དཀའ་ཙམ་གདའ་བས། རེ་ཞིག་དངོས་ཡོད་གནད་དོན་ལ་གཡོལ་ནས་འགྲོ་བ་ལྟ་བུའི་ལམ་ཁ་འདི་གདམས་པ་ཡིན།

 ན་གཞོན་ཤེས་ཡོན་ཅན་སྐུ་ཞབས་མེ་ལྕེ་ལགས་ཀྱིས་བཤད་པ་ནང་བཞིན། རང་དབང་དང་མང་གཙོ་ཤུགས་ཆེར་སྒྲོག་པའི་ལམ་ཁ་འདི་བདམས་རྒྱུ་ཡིན་ཕྱིན། མ་གདམས་པའི་ཡར་སྔོན་དུ་རང་སྟེང་ནས་བསམ་བློའི་གྲ་སྒྲིག་གྱ་ནོམ་པ་ཞིག་དགོས་པ་ནི། ཚེར་མའི་ལམ་དུ་གོམ་ཁ་སྒྱུར་དགོས་ནི་རེད། ང་ཚོས་གདམས་ཟིན་པའི་ལམ་ཁ་འདི་ནི་ཚེར་མའི་ལམ་ཁ་ཡིན་ནི་རེད་སྙམ་པའི། ཚེར་མའི་ལམ་ལ་གདོང་གཏོད་ཕོད་པའི་བསམ་བློའི་གྲ་སྒྲིག་སྔ་ས་ནས་དགོས་ཞེས་པའི་ཁོང་གི་སྐད་ཆ་འདིས་ང་ལ་གནས་ངེས་མེད་དང་དུས་ངེས་མེད་དུ་སྙིང་ཕུར་བརྡབས་ཀྱིན་འདུག ཁོང་གི་སྐད་ཆ་འདིས་ཅི་ཞིག་གསེད་འགྲོལ་བྱ་བཞིན་ཡོད་དམ་ཞེ་ན། ཤེས་ཡོན་ཅན་གྱི་ལམ་ཁ་དང་རང་དབང་མང་གཙོའི་ལམ་ཁའི་ཉེན་ཚབས་ཀྱི་རང་བཞིན་དང་དཀའ་ངལ་གྱི་རང་བཞིན་དེ་བསྟན་ཡོད་པ་མ་ཡིན་ནམ། སྔ་གཞུག་ཙམ་མ་གཏོགས། གྲོགས་པོ་གཉིས་གཙོས་གྲོགས་གཙག་འབིག་དང་གངས་ཉི། མཛངས་མ་སྨིན་དྲུག་ལ་སོགས་པའི་ཉེན་འོབས་འདི། བདེན་ལུགས་སྲོག་གིས་གཅེས་མཁན་ཞིག་ཡིན་ཕྱིན་ནམ་ཉིན་མ་ཞིག་ལ་འོ་སྐོལ་ཤེས་ཡོན་ཅན་རེ་རེ་ཡི་སྟེང་དུ་ཡོང་ཁོ་ཐག་ཡིན་ནི་རེད་སྙམ།རང་དབང་དང་འགྲོ་མིའི་ཐོབ་ཐང་དེ་ཚེ་སྲོག་དང་ཟུངས་ཁྲག་གི་རྫོངས་བས་བརྗེས་ནས་འོང་བ་ཉེ་རབས་ལོ་རྒྱུས་ལ་འདྲིས་ཆ་ཡོད་མཁན་ཚོས་བལྟས་ན་ཧ་གོ་ཡོང་། ང་ཚོར་རྒྱ་གར་དབྱིན་ཇིའི་སྒེར་སྡོམ་གྱི་འོག་ནས་གྲོལ་བར་འཇུག་མཁན་གྱི་བྱེད་པོ་སྟེ་མ་ཧཱ་གན་རྡི་ལྟ་བུའི། མི་བུ་རང་ངོས་ནས་ཁེ་དབང་དང་ བདེན་པ་བརྩད་པའི་མི་བུ་ནི་མང་དུ་དགོས་ལ། ཁོང་ལྟ་བུའི་སྒེར་གཅོད་པའི་ཁྲིམས་རར་གདོང་གིས་གཏོད་མཁན་ཡང་མང་དུ་དགོས་ས་རེད། ང་ཚོའི་སྣང་ངོར་བཙན་ཁྲིད་བྱེད་པ་དང་བཙོན་འཇུག་བྱེད་པ་ནི་རང་དབང་མང་གཙོའི་ལམ་ཁ་ནས་འགྲེང་བར་ཕྱོགས་མཁན་ཞིག་དང་། རིགས་སྤྱིའི་ཁེ་དབང་དང་བདེ་སྡུག་གི་སྔུན་ནས་རང་ཉིད་ཀྱི་སྨྲ་ལྕེ་དུར་སྦས་བྱེད་པར་ངོ་གནོང་བའི་མི་བུ་ཚུགས་ཐུབ་པ་ཞིག་ཡིན་ཕྱིན། དེ་ནི་ཆེས་རྒྱུན་ལྡན་དང་ཆེས་བབ་བརླིང་གི་སྣང་ཚུལ་ཞིག་ཡིན་པའི་ འདུ་ཤེས་དེ་ཆགས་དགོས་ཚོད་རེད་སྙམ།

སྒེར་གཅོད་པས་གྲོགས་པོ་གཉིས་འཛིན་བཟུང་བྱས་པའི་གནས་ཚུལ་དེ་སློབ་གྲྭ་འདི་གའི་སློབ་མ་ཚོས་ལ་མོར་ཐོས་རྗེས། སློབ་མ་ལ་ཤས་ཀྱིས་རང་ཉིད་ཀྱི་དཔེ་ཆ་རེ་འགའ་དང་གློག་ཀླད། ཡིག་སྣོད་སོགས་སྦས་ཀྱིན་ འདུག་སྐད། གནས་ཚུལ་འདི་ཐོས་རྗེས་ང་རང་ཡི་ཆད་དྲག་པོ་ཞིག་སྐྱེས་པའི་མོད་ལ་ སེམས་ཁམས་འདི་བློང་བློང་བོར་གྱུར་སོང་། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། སྣང་ཚུལ་འདིའི་ངོས་ནས་གནས་ལུགས་ཤིག་གི་མཐིལ་བརྟོལ་ནུས་པ་ནི། བོད་ཀྱི་སློབ་ཆེན་སློབ་མ་ཚོས་ འགྲོ་མིའི་ཐོབ་ཐང་དང་རང་དབང་། དམངས་གཙོ་ལ་སོགས་པའི་ཐ་སྙད་འདི་དག་གི་ཟུར་ཙམ་ ཡང་རྟོགས་ཐུབ་ཀྱིན་མེད་པར་མ་ཟད།ཆབ་སྲིད་ནི་དམངས་ཀྱི་ཆེད་དུ་སྤེལ་བ་དང་། ཆབ་ སྲིད་ནི་མི་བུ་སྒེར་གྱི་ཐོབ་ཐང་དང་རྩིས་ཐང་ལ་སྲུང་སྐྱོང་བྱེད་སྤྱད་ཅིག་ཡིན་ པའི་གནད་ཀ་འདི་ཡང་རྟོགས་ཀྱིན་མེད་པ་དེ་ རེད། མི་སྒེར་གྱི་གསང་བ་དང་ཐོབ་ཐང་མང་པོ་ཞིག་སྒེར་གཅོད་པས་གང་འདོད་ཅི་འདོད་ ཀྱིས་རྡོག་རིལ་བཏང་མི་ཆོག་པའི། འགྲོ་མིའི་ཐོབ་ཐང་དང་ཁྲིམས་ལུགས་ཀྱིས་རང་ཉིད་ ལ་བྱིན་པའི་དབང་ཆ་དེ་གང་ན་ཡོད་མེད་དང་ག་རེ་ཐོབ་མེད་ཀྱི་ཕྱོགས་སུ་བློ་མིག་ ལྡོངས་ཡོད་པ་མ་ཡིན་ནམ། ཟུར་འདི་ནས་འདང་རེ་བརྒྱབ་ན་ང་ཚོ་ད་དུང་རང་དབང་དང་ དམངས་གཙོ་ཞེས་པའི་ཐ་སྙད་འདི་གཉིས་ལ་རྒྱང་ཐག ་ཇི་འདྲའི་རིང་ཨང་། བདག་གི་ཀློག་པོ་ཀྱེ།

འགྲོ་མིའི་ཐོབ་ཐང་ནི་དོན་གྱིས་བཤད་ན་དབང་ཆ་ཞིག་རེད། དབང་ཆ་དེ་གང་གིས་བདག་པོ་རྒྱག་དགོས་ནི་རེད་ཟེར་ན། མི་བུ་སྒེར་སོ་སོ་ནས་བདག་པོ་རྒྱག་དགོས་ནི་རེད། འགྲོ་མིའི་ཐོང་ཐང་ནི་མི་བུ་སྒེར་ལ་ ཡོད་འོས་པའི་སྤྱི་ཚོགས་ཁྲོད་ཀྱི་དབང་ཆ་ཞིག་རེད། མི་བུ་སྒེར་སོ་སོ་སྤྱི་ཚོགས་ ག་གེ་མོ་ཞིག་གི་ཁོངས་མི་ཡིན་པའི་ཆ་ནས། མི་བུ་སྒེར་སོ་སོར་སྤྱི་ཚོགས་དེ་དང་ རྒྱལ ་ཁབ་དེ་ལ་མངའ་བའི་དབང་ཆ་མང་པོ་ཞིག་ལོངས་སུ་སྤྱོད་རྒྱུའི་རང་དབང་ཡོད་པ་རེད། འགྲོ་མིའི་ཐོབ་ཐང་གི་དབང་ཆའི་ཁོངས་སུ་གཏམ་བརྗོད་རང་དབང་དང་འདུ་ཚོགས་རང་མོས། དཔལ་འབྱོར་བརྩོན་ལེན་གྱི་རང་དབང་། རང་ཐག་རང་གཅོད་ཀྱི་བདག་དབང་། རང་ཉིད་ཀྱི་ མངའ་ཁོངས་རང་བདག་གི་རང་དབང་། ཞི་བདེའི་རང་དབང་། འཕེལ་རྒྱས་ཀྱི་རང་དབང་སོགས་ མང་པོ་ཡོད་པ་རེད། འགྲོ་མིའི་ཐོབ་ཐང་ནི་རང་ བྱུང་དང་སྤྱི་ཚོགས་གཉིས་ཐད་ན་ཡོད། ང་ཚོ་སྐྱེས་མ་ཐག་ནས་ང་ཚོའི་ལུས་སྟེང་ན་རང་ བྱུང་གི་རང་དབང་དང་ཐོབ་ཐང་མང་པོ་ཞིག་ཡོད། དེ་བས་འགྲོ་མིའི་ཐོབ་ཐང་ནི་སྔར་ནས་ ཡོད་པ་ཞིག་ཡིན་པ་མ་གཏོགས། ཆབ་སྲིད་དང་སྲིད་གཞུང་གིས་སྐྲུན་ནས་འོང་བ་ཞིག་ནི་ ག་ནས་ཡིན། ཆབ་སྲིད་ནི་འགྲོ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་སྤྱད་ཙམ་ཡིན་པ་ཤེས་ པར་གྱིས།

འགྲོ་མིའི་ཐོབ་ཐང་ནི་སྤྱི་ཚོགས་ཀྱི་ གླེང་བྱ་དང་རེ་འདུན་ཡིན་པ་ལས་འགོག་བྱ་ག་ལ་ཡིན། འགྲོ་མིའི་ཐོབ་ཐང་གི་ནང་དོན་ ནི་སྤྱི་ཚོགས་ལ་ངོ་རྒོལ་བྱ་བའི་དོན་མ་ཡིན་ལ། སྤྱི་ཚོགས་ཀྱི་མིག་སྔའི་ཁེ་ཕན་ ལ་ངོ་རྒོལ་བྱེད་པའི་དོན་ནི་རྩ་བ་ནས་མ་ཡིན། དེ་ལས་ལྡོག་སྟེ། རྒྱུ་འབྲས་བློ་ མིག་གསལ་བའི་སྤྱི་ཚོགས་ནི་མི་བུ་སྒེར་གྱི་དབང་ཆ་ཤུགས་ཆེར་སྒྲོག་པའི་སྤྱི་ ཚོག ས་ཤིག་ཡིན་ལ། མི་བུ་སྒེར་གྱི་དབང་ཆར་སྲུང་སྐྱོབ་དང་དེ་ཉིད་འཕེལ་རྒྱས་ཡོང་ ཐབས་ལ་འབད་རྒྱུ་ནི་སྤྱི་ཚོགས་ཧྲིལ་བོའི་ཁེ་ཕན་འབའ་ཞིག་ཏུ་སྒོམ། མི་བུ་སྒེར་ གྱི་རང་དབང་གིས་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པར་ བསྙད་འདོགས་ལ། སྤྱི་ཚོགས་དེའི་ཚབ་ཉན་པའི་དབང་མཐའ་སྒེར་གཅོད་དཔོན་ངན་ཚོའི་ཁེ་ ཕན་ལ་གནོད་པའི་གནད་དོན་གྱི་སྟེང་དུ། གཞི་ནས་མི་བུ་སྒེར་གྱི་རང་དབང་དང་སྤྱི་ཚོགས་གཉིས་ལ་འགལ་བ་འབྱུང་བར་དཔག་ན། ང་ཚོའི་རང་དབང་ནི་ཆབ་སྲིད་དང་རྩ་ཁྲིམས་ཀྱི་ཕྱི་གོས་འོག་ན་སྡོམ་གཅུན་བྱས་ཡོད་པ་མངོན་གསལ་རེད། ང་ཚོའི་མི་རིགས་འདིར་འགྲོ་མིའི་ཐོབ་ཐང་དང་དབང་ཆའི་ངོས་ཐད་ཀྱི་གོ་ རྟོགས་སད་དགོས་རྒྱུ་ནི་དམིགས་འབེན་རེད་སྙམ།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༧ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 3

  1. གནས་ཚང་། says:
    ལོ་ 16 སྔོན།

    བོད་འབྱོར་རྩོམ་ཡིག་འདི་དབྱིན་བསྒྱུར་གནང་རྒྱུ་ཕྱི་བོད་ཀྱི་འགན་ཡིན་པས། ཅིས་ཀྱང་དུས་ཚོད་མ་འགྱངས་པ་གནང་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན།

    Reply
  2. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    རྒྱ་མིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད། ང་ཚོ་བོད་ལ་འགྲོ་མིའི་ཐོབ་ཐང་དགོས། བོད་ནི་རང་དབང་རང་བཙན་གཙང་མ་རེད། རང་བཙན་སྤྲད་དང་མ་སྤྲད་རྒྱ་མིའི་ལག་པར་རེད།

    Reply
  3. མགོ་རུལ། says:
    ལོ་ 16 སྔོན།

    སེང་རྡོར་དྲ་བའི་ཁ་འབྱེད་ཨེ་ཐུབ་ཀི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese