མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ནང་གི་ན་གཞོན་ཚོས་ས་ཡོམ་སྐོར་ལ་ཕུལ་བའི་མྱ་ངན་ཞུ་ཡིག ཕུན་ཚོགས།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

 

ཕུན་ཚོགས་ཀྱི་ཟིན་བྲིས་ལས་བཤུས།

བོད་ནང་གི་ན་གཞོན་རྩོམ་པོ་འགས་ས་ཡོམ་སྐོར་ལ་ཕུལ་བའི་མྱ་ངན་ཞུ་ཡིག
 
འདི་ནི་ན་གཞོན་གསར་བ་དང་སེང་རྡོར་དྲ་བ་སོགས་ལས་བཏུས། ང་ཚོས་འདི་ནས་མཐོང་ཐུབ་པ་ནི་བོད་ནང་གི་རྩོམ་པ་པོ་དང་ན་གཞོན་རྣམས་ཀྱིས་ས་ཡོམ་སྐོར་ལ་འཛིན་པའི་སེམས་གཤིས་དང་ཚོར་བ་སོགས་ཕྱིར་མངོན་བྱེད་ཐུབ་པ་དེའོ།།
 
ཙ་སུར་སྦྱིན་པ།རང་བྱུང་གི་འཇིགས་སྔངས་འདི་ནི་སུ་ལའང་གཟེ་བ་མིན་ལ་སུས་ཀྱང་ཚོར་བ་མེད་པའི་ངང་། འུ་ཚང་གི་མགོ་ཐོག་ཏུ་ལྷུང་བྱུང་བ་ནི་ཇི་འདྲའི་བཟོད་མི་ཐུབ་པའི་མྱ་ངན་ཞིག་རེད། རེད་ཡ།རང་བྱུང་ཁམས་ཆེན་པོ་འདི་ལ་མིག་ཅིག་ཡོད་རྒྱུ་ན་འུ་ཚང་ལ་འདི་འདྲའི་མནར་གཅོད་ཅིག་གཏོང་དགོས་དོན་མེད། ལས་རྒྱུ་འབྲས་ཟེར་བ་ཞིག་ངོ་མ་ཡོད་རྒྱུ་ན། ཅི་ཞིག་ལ་འུ་ཚོའི་ལས་དབང་འདི་རྒྱུ་འབྲས་མེད་པའི་ལས་དབང་ཞིག་ཏུ་གྱུར་དགོས་པ་རེད། ཡུལ་ཤུལ་མི་མང་འདས་པོ་རྣམས་ཀྱི་ཆེད་དང་གསོན་པོ་རྣམས་ཀྱི་ཆེད་དུ་བོད་མི་སྤུན་ཟླ་ཡོངས་ཀྱིས་སེམས་ཤུགས་མཉམ་སྦྲེལ་དང་སྤོབས་པ་ཆེར་བསྐྱེད་བྱེད་དགོས།
 
རྡུལ་ཕྲན།བོད་གཞིས་བྱིས་གཉིས་ཀྱི་བོད་པ་ཚང་གི་ཆེད་མཁས་པ་དང་རྩོམ་པ་པོ་ཚོས་ས་འགུལ་དོན་རྐྱེན་འདི་ལ་གདུང་སེམས་མཉམ་བསྐྱེད་ཀྱི་སྤོབས་པ་ཁུར་ཤོག་་་དོན་རྐྱེན་འདི་ཉིད་སེམས་ཤུགས་དང་མཐུན་སྒྲིལ། སྙིང་སྟོབས་ཀྱི་མཐུན་རྐྱེན་དུ་སྒྱུར་ཤོག་་་བོད་པ་ཚང་གི་ཨ་མའི་བུ།
 
གཞི་རིམ་པས།རང་བྱུང་གི་འཇིགས་པའི་སྔུན་དུ་ང་ཚོ་ཚང་མ་མཉམ་དུ་ཡོད། ཆགས་འཇིག་གིས་ཁྱེར་བའི་རྣམ་ཤེས་འཁྱམ་པོ་དག་གིས་དག་ཞིང་གི་སྒོ་འཕར་རྙེད་པར་ཤོག  གདུང་སེམས་ཀྱིས་བཙིར་བའི་ཡུལ་མི་ཚོས་དྲོ་སྐྱིད་ཀྱི་ཁྱིམ་གཞིས་ཟིན་པར་སྨོན།  
 
སྒྲེན་པོ།ས་ཡོམ་གྱི་ཁྲོད་དུ་རྐྱེན་ལམ་ལ་ཤོར་སོང་བའི་རིགས་མཐུན་འདས་པོ་ཡོངས་ལ་མྱ་ངན་ཞུ།ང་ཚོས་སྐྱིད་སྡུག་མཉམ་མྱོང་དང་། སེམས་ཐག་གཅིག་སྦྲེལ་གྱིས་རང་བྱུང་གི་ས་ཡོམ་ལ་གདོང་གཏོད་དགོས།སྒྲེན་པོ་ནས།
 

འོད་ནག་ནས། ས་ཡོམ་གྱིས་རྐྱེན་འདས་སུ་སོང་བའི་ཡུལ་ཤུལ་མི་དམངས་རྣམས་ལ་གདུང་སེམས་དྲག་པོས་མྱ་ངན་ཞུ།  ང་ཚོས་ཁ་སང་གི་འཇིགས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཏུ་བརྩིས་ནས་སང་ཉིན་གྱི་རྒྱལ་ཁ་དང་བདེ་སྐྱིད་ལ་བློ་ཐག་རྦད་ཆོད་ཀྱིས་ཧུར་བརྩོན་བྱེད་དགོས། དེའི་ཕྱིར་ང་ཚོ་སྟོབས་ཤུགས་ཀྱིས་མུ་མཐུད་དུ་ཅིས་ཀྱང་གསོན་དགོས།  གོ་ཨེ་ཐལ་་་་་་་བདག་གི་སེམས་མཐིལ་ན་མྱ་ངན་གྱིས་འགུལ་བཞིན་པའི་ཡུལ་ཤུལ་མི་དམངས།    
                                                

སྒྲེན་པོ་ནས།ས་ཡོམ་གྱི་ཁྲོད་དུ་རྐྱེན་ལམ་ལ་ཤོར་སོང་བའི་རིགས་མཐུན་འདས་པོ་ཡོངས་ལ་མྱ་ངན་ཞུ།ང་ཚོས་སྐྱིད་སྡུག་མཉམ་མྱོང་དང་། སེམས་ཐག་གཅིག་སྦྲེལ་གྱིས་རང་བྱུང་གི་ས་ཡོམ་ལ་གདོང་གཏོད་དགོས།

མཆན། 16

  1. སྦྲ་ནག་པ་རོལ་དབྱངས། says:
    ལོ་ 13 སྔོན།

    ས་འགུལ་ཁྲོད་དུ་འདས་གྲོངས་སུ་སོང་བའི་འདས་པོ་རྣམས་ལ་མྱ་ངན་ཞུ།དེ་རིང་གི་སྨྲ་མི་ཤེས་བའི་མྱ་ངན་གྱི་ངུ་སྐད་ཁྲོད་ནས་ང་ཚོས་རྙེད་རྒྱུ་ཞིག་རྙེད་དགོས་ཤེས་དགོས་པ་ཞིག་ཀྱང་ཤེས་དགོས།ང་ཚོས་མི་ལོ་ལྔ་བཅུ་ཁ་ཤས་རིང་ལ་མྱང་བའི་སེམས་ནས་མི་ཐེག་པའི་ན་ཟུག་ལྕི་མོ་འདིའི་སྟེང་དུ་དེ་རིང་སའི་གོ་ལའི་ཡང་བསྐྱར་ན་ཟུག་གཅིག་བཀལ་སོང་བ་རེད།འདི་དག་གི་ཁྲོད་ནས་ང་ཚོས་དཔུང་བ་མཉམ་ཞིབ་ཀྱིས་མ་འོངས་བའི་སྐྱེ་དགུ་མདོ་གསར་བ་ཞིག་དང་མི་རིགས་ཞིག་གི་ཆེད་དུ་ཚང་མས་སྐྱིད་སྡུག་ཉམས་མྱོང་བྱེད་རྒྱུ་གལ་ཆེན་པོ་རེད།

    Reply
  2. བོད་ཀྱི་མཛེས་མ། says:
    ལོ་ 13 སྔོན།

    སྡུག་དུས་སེམས་པ་མ་སྐྱོ་ཡུལ་ཤུལ་གྱི་མི་དམངས།
    སྐྱིད་དུས་ང་རྒྱལ་མ་བྱེད་ཡུལ་ཤུལ་གྱི་མི་དམངས།
    སྡུག་ངལ་དང་ལེན་གྱི་གནང་དང་ཡུལ་ཤུལ་གྱི་མི་དམངས།
    སྔོན་བྱས་ལས་སྒྲིབ་དེ་དག་ཡོང་ཡུལ་ཤུལ་གྱི་མི་དམངས།

    སྡུག་ངལ་བཟོད་པ་ཞིག་སྒོམས་དང་ཡུལ་ཤུལ་གྱི་མི་དམངས།
    བཟོད་པའི་ཕན་ཡོན་ལ་སེམས་དང་ཡུལ་ཤུལ་གྱི་མི་དམངས།
    ངན་སོང་སྡུག་ངལ་ལ་ལྟོས་དང་ཡུལ་ཤུལ་གྱི་མི་དམངས།
    སྙིང་རྗེའི་ལྷ་མཆོག་ལ་གཟིགས་དང་ཡུལ་ཤུལ་གྱི་མི་དམངས།

    Reply
  3. གནམ་ལྕགས། says:
    ལོ་ 13 སྔོན།

    གཞིས་བཞུགས་པ་ཞིག་གིས་གསུང་བ་བཞིན་འདི་དང་འདི་ལྟ་བུ་ནི་རང་རེའི་རྡོག་རྩ་གཅིག་སྒྲིལ་གྱི་ངོ་བོར་བསྒྱུར་ཐུབ་པར་སྨོན།

    གཅིག་གི་མགོ་ལ་སྡུག་ཡོང་བའི་སྐབས་སུ་གཅིག་གིས་རོགས་པ་བྱས་ན། ད་གཟོད་ཆིག་སྒྲིལ་གྱི་བརྩེ་སེམས་སྦྲེལ་ཐུབ་པར་ངེས།

    དེའི་སྟབས་ཀྱིས་ང་ཚོའི་བཙན་བྱོལ་ནས་གདུང་སེམས་མཉམ་སྐྱེད་མཚོན་པའི་ལས་འགུལ་ག་རེ་སྤེལ་དགོས་མིན་གྱི་ཐད་ནས་དྲ་གྲོགས་རྣམས་ཀྱིས་གླེང་སློང་ཞིག་གནོངས་དང་།

    Reply
  4. ཐོས་པ་དགའ། says:
    ལོ་ 13 སྔོན།

    ད་ལམ་བོད་མདོ་ཁམས་སྐྱེ་རྒུ་མདོ་ཁུལ་དུ་ས་ཡོམ་ཤུགས་ཆེ་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གྱོང་གུན་ཚབས་ཆེན་ཕོག་ཡོད་པ་འདི་ལ་ངེའི་དྲྭ་ལམ་འདི་རྒྱུད་ནས་དེའི་ཁུལ་སེར་སྐྱ་ཕོ་མོ་ཡོངས་རྫོགས་ལ་གདུང་སེམས་མཉམ་སྐྱེད་དང་། རྐྱེན་འདས་སུ་སོང་བ་རྣམས་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་སྒྲིབ་མ་ལུས་པ་བྱང་ཞིང་དག་ནས་
    མངོན་མཐོའི་རྟེན་བཟང་རིམ་བརྒྱུད་བླ་མེད་རྫོགས་བྱང་མྱུར་དུ་ཐོབ་པ་དང། ད་ལྟ་སྡུག་བསྔལ་མྱངས་བཞིན་པ་རྣམས་ལ་རྐྱེན་ངན་བར་ཆེད་ཞི་ནས་ཆོས་མཐུན་ཡིད་བསམ་ལྟར་ལྷུན་གྱིས་འགྲུབ་པ་བཅས་ཀྱི་སྨོན་འདུན་ཞུ་རྒྱུ་དང་ང་རང་ལའང
    བློ་ཕམ་ཚད་ལས་འདས་པ་ཡོད་ཀྱང་སྔོན་བསགས་ཀྱི་ལས་ལ་སངས་རྒྱས་ཀྱང་བཟློག་ཐབས་བྲལ་བས་ཤྭ་རིའི་བུ་ལ་སེམས་ཁྲལ་མེད་པར་མཛོད། དེ་རིང་ངའི་དྲྭ་ལམ་འདི་རྒྱུད་ནས་ལྷག་བསམ་དང་གཏོད་ཕོད་ཆེ་བའི་བོད་རིགས་སྤུན་ཟླ་རྣམ་པ་ཁྱེད་རྣམ་པའི་ཐུག་རྒྱ་ཆེན་པོས་སྒོ་ནས་ཞལ་འདེབས་རོགས་རམ་རྒྱ་མི་ཆུང་བ་གནང་སྐྱོང་ཡོང་བ་དང་ཁྱེད་ཀྱི་གང་གནང་བ་དེ་སྤྱི་ཚོགས་བདེ་རྩར་གནད་སྨིན་དུ་འགྲོ་ངེས་ཡིན་པའི་དེ་ལུགས་དགོངས་འཇགས་མཚལ།
    ཐོས་པ་དགའི་མྱ་ངན་དང་བཅས་ཏེ་ཕུལ།

    Reply
  5. མི་རྐང་གླིང་བུ། says:
    ལོ་ 13 སྔོན།

    ཁ་སང་བོད་ཟླ་གཉིས་པའི་ཚེས་སུམ་ཅུ་དང་། ཕྱི་ལོ་༢༠༡༠།ཟླ་༤པའི་ཚེས་༡༤རེས་གཟའ་ལྷག་པ་ཉིན། བོད་ཡུལ་ཁམས་སྒ་སྐྱེ་དགུ་མདོར་རང་བྱུང་གི་གོད་ཆགས་འདི་བྱུང་མ་ཐག་ཏུ་རང་ཅག་བོད་འབངས་རྣམས་ཀྱི་ཁོག་པའི་སྙིང་དང་། དཔྲལ་བའི་མིག་ཏུ་གྱུར་པའི་༸གོང་ས༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ནས་ཐུགས་ཕམ་ཙད་མེད་དང་བཅས་གཞིས་བྱེས་གཉིས་ལ་དཀའ་ངལ་འདི་དག་གདོང་ལེན་གྱི་ཆེད་དུ་བཀའ་བསྩལ་པ།

    ༄༅། །ད་ནང་ཞོགས་སྐད་གསར་འགྱུར་གོ་བ་ལ། སྐྱེ་དགུ་མདོའི་ས་ཁུལ་དེ་ལ་ས་ཡོམ་ཤུགས་ཆེན་པོ་ཞི་བོ་ཞིག་རྒྱབ་གཞག ད་ནངས་ཞོགས་སྐད་གསར་འགྱུར་བྱས་པ་ཡིན་ན། མི་དྲུག་ཅུ་རེ་གཉིས་ཤི་བ་རེད་ཟེར། ད་རེས་འདི་བ་གོ་དུས་མི་བརྒྱ་ཕྲག་ཁ་ཤས་དང་། སྟོང་ཕྲག ཁ་ཤས་ཀྱིས་སྟོང་ཕྲག་གཉིས་གསུམ་ཟེར་གི་འདུག་ཟེར། ཞིབ་ཕྲ་ཞིག་ཤེས་མ་སོང་། བྱས་ཙང་ས་ཡོམ་སྡུག་ཅག་ཅིག་རྒྱབ་གཞག ཤུགས་ཆེན་པོ་དགའ་རབ་ཞིག་བརྒྱབ་གཞག ད་བྱེད་ཡ་ནི་གང་ཡང་ཡོད་མ་རེད། སྨོན་ལམ་བརྒྱབ་ནས་བསྡད་ན་མ་གཏོགས། ད་ང་ཚོ་བོད་སའི་ས་ཁུལ་ལ་བྱུང་བ་རེད། གཙུག་ལག་ཁང་འདིར། ཆོས་དོན་ལ་བཀའ་མོལ་ཞིག་ཞུས། སྨོན་ལམ་ཞིག་འཚོགས་ཐུབ་ན། སྙིང་རྗེ།
    ད་ང་རང་ཚོ་སངས་རྒྱས་པའི་ཆོས་པ་རེད། བདེ་སྡུག་གང་བྱུང་བ་ཡིན་ནའང་གཙོ་བོ་སོ་སོར་སོ་སོའི་ལས་ཀྱི་འབྲས་བུ་སྨིན་པ་ཤ་སྟག་རེད། ད་ས་ཡོམ་གི་འོག་ནས་རྐྱེན་འདས་སུ་ཕྱིན་པ་དང་། ནད་པ། ནད་གཅོང་ཆགས་པ་དེ་དག་སོ་སོའི་སྔོན་བསགས་གི་ལས་ངན་པའི་འབྲས་བུ་སྨིན་པ་རེད། དེ་འདྲ་ཡིན་དུས། སྡུག་བསྔལ་མྱངས་པ་དེ་ཡིས་ཚེ་རབས་མང་པོར་གཞན་ལ་གནོད་པའི་བྱ་བ་དང་འབྲེལ་བའི་སྡིག་པ་བསགས་བཞག་པ་དེ་ཚོའི་གྲས་དེ་དག་པར་ཡོང་བར་ཤོག་སྙམ་པའི་སྨོན་ལམ་རྒྱབ་པ་ཡིན་ན་ཕན་གི་རེད། སོ་སོའི་སེམས་ལ་ཡིན་ནའང་ཏོག་ཙམ་སྡུག་བསྔལ་རྔམས་སྐྲག་ཤུགས་ཆུང་དུ་འགྲོ་བ་དང་། སྡུག་བསྔལ་བྱུང་བ་དེས་བསོད་ནམས་གསར་པ་གསོག་པའི་རྐྱེན་དུ་འགྲོ་བའི་དེ་འདྲའི་ཕན་ཐོག་ཡོང་གི་རེད། ཁྱོད་རང་ཚོས་འདི་ནས་ཕར་ལན་སྐྱེལ་སའི་བཟོ་འདྲ་བོ་བྱུང་བ་ཡིན་ན་སྡུག་བསྡལ་ནི་བྱུང་ཚར་བ་རེད། རྐྱེན་ངན་ནི་ཕྲད་ཚར་བ་རེད། ཞེའུ་སེམས་མ་སྐྱིད་པ་བྱས་ནས་བསྡད་པ་ལས་ག་ཚད་ཐུབ་ཐུབ་ཀྱིས་དགེ་བ་གསོག་ཐུབ་ན་གཟུངས་སྔགས་འདྲ་གསོག བློ་སྦྱོང་གི་ཉམས་ལེན་འདྲ་བྱེད་ཐུབ་པ་ཡིན་ན་སྡུག་བསྔལ་དང་ལེན་དེ་འདྲའི་བསམ་མནོ་ཏོག་ཙམ་གཏོང་ཐུབ་པ་ཡིན་ན་ཅིག་ཕན་འགྲོ་གི་རེད་པཱ། རྐྱེན་ངན་དགེ་བའི་གྲོགས་སུ་འགྱུར་བ་དང་། རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་ཐུབ་པ་བྱུང་ན་ཡག་པོ་རེད་པཱ། རེད་པཱ་ཡ།
    ཞེས་བསྩལ་བ་ཁོ་བོས་ཡིག་ཐོག་ཏུ་ཕབ་ཅིང་ཞུས་དག་ནན་ཏུར་བྱས་ཁུལ་ཡིན་ཡང་གློག་བརྙན་གྱི་དྲ་ཐག་འདི་ལ་རྩ་འཛིན་ཞུ་རོགས།
    (http://www1.voanews.com/tibetan-english/news/)
    འདི་ན་རང་གིས་འཇོན་འདོག་བྱས་པ་མ་ཡིན་ཅིང་ཞེ་ཕུག་བོད་དང་རྒྱལ་བ་རིན་པོ་ཆེ་ལ་གཏད་ནས་ཡོད་པའི་གཞིས་བཞུགས་བོད་མའི་རྣམས་ཀྱི་བསམ་པའི་རྒྱག་ཕྱེ་ཞིག་དང་། ངུ་ངག་འདི་ལྟ་བའི་ཁྲོད་ནས་མིག་ཆུ་འཕྱིད་རོགས་ཞིག་ཏུ་འགྱུར་བའི་རེ་བས་འདིར་ཕབ་བཀོད་ཞུས་པ་ཡིན། སྤུན་ཟླ་རྣམ་པ།
    ༸གོང་ས་རྒྱལ་བ་རིན་པོ་ཆེ་ནས་གསུངས་པ་ལྟར་ལུས་སེམས་གཉིས་ཀ་སྡུག་བསྔལ་གྱི་འོབས་དོང་ལྷུངས་པའི་གཞིས་བཞུགས་རྣམས་པ་ལ་བཀའ་སློབ་འདི་ཉིད་རྒྱུད་སྒྲགས་བྱེད་རོགས་ཞུ།

    Reply
  6. ཟ་ལེ་རྒྱལ། says:
    ལོ་ 13 སྔོན།

    གཞི་བདག་ཚོ། ཁྱོད་ཚོ་གསོ་ཕག་མིན།
    མི་རབས་ནས་མི་རབས་ལ་ཡོད་ཚད་ཀྱི་ཡོད་ཚད་ཁྱོད་ཚོར་མཆོད་ཅིང་བཀུར་བའི་སྐྱེ་རྒུ་མདོའི་གཞི་བདག་ཚོས་ཉེན་བརྡ་ཙམ་ཡང་མ་བཏང་བར་ངའི་མིང་སྲིང་ཚོ་ས་འོག་ཏུ་བཅུགས་ཟིན་པས་དེ་རིང་ནས་ཁྱོད་ཚོས་སྐྱག་པ་ཟོ། ཕ་མ་གཉིས་ཀས་མི་ཚེ་གང་གོར་ཁྱོད་ཚོར་ཡིད་ཆེས་དང་རེ་བ་བྱས་ཀྱང་། ཉེན་ཁའི་དུས་སུ་༼བྲོས༽་ཞེས་བའི་ཚིག་འབྲུ་ཙམ་ཡང་འདོན་མ་ནུས་བས། དེ་རིང་ནས་ཁྱོད་ཚོའི་ཁ་ནང་ལ་ཐལ་བས་རྒྱོབས། སྐྱེ་རྒུ་མདོ་ངའི་མིང་སྲིང་ཚོའི་ཤ་ཁྲག་གིས་བཀང་ཡང་ད་དུང་གྲགས་འགུལ་ཅི་ཡང་མེད་པར་གང་ཞིག་ལ་ཡུབ་ནས་ཡོད། སྐྱིད་དུས་ཀྱི་ཟ་རོགས་འཐུང་རོགས་ཁྱོད་ཚོས་སྡུག་དུས་ཀྱི་ངུ་རོགས་ཀྱང་བྱས་མེད། དེ་རིང་ནས་ཁྱོད་ཚོས་སྐྱག་པ་ཟོ།
    གསོན་པོ་མི་ཡུལ་ན་ཡོད་དུས་ཀྱི་ཟས་ཕུལ་ཟ་མཁན་ཚོ་ད་དུང་གྲགས་མེད་ཚོར་མེད་དུ་གནས་ཡོད། དེ་རིང་ནས་བཟུང་ཁྱོད་ཚོ་ཚང་མས་སྐྱག་པ་ཚོ། མི་ཡུལ་ནས་ཉེས་བརྡ་ཙམ་ཡང་མ་བཏང་བས་ཤི་བོའི་རྣམ་ཤེས་ལ་ཁྱོད་ཚོ་དེ་བས་ཀྱང་དགོས་མཁོ་མེད། དཀར་ཟས་དམར་ཟས་ཀྱིས་མཆོད་པའི་གཞི་བདག་ཚོ། དེ་རིང་ནས་མཆོད་མཁན་མེད། ཟས་ཕུལ་ཟ་མཁན་གྱི་གཞི་བདག་ཚོ། ཁྱོད་ཚོ་སྐྱེ་རྒུ་མདོའི་གསོ་ཕག་མིན། དེ་རིང་ནས་ཁྱོད་ཚོས་སྐྱག་པ་ཚོ།

    Reply
  7. བྱམས་རྒྱལ། says:
    ལོ་ 13 སྔོན།

    དྲ་གྲོགས་ཅོ་རི་ལགས་ཀྱི་ལན་ལ་ལེགས་སོ་ཡོད་ གང་ཐུབ་གཅིག་གནང་རོགས་གནང་
    གུས་ཀྱང་གཟའ་ལྷག་པ་ནམ་ཡིན་ལ་ཆུ་ཚོད་གསུམ་གྱི་ལས་འགུལ་ཞིག་སྤེལ་དགོས་བསམ་གྱི་འདུག་ཀྱང་ ལས་དོན་གང་ཞིག་སྤེལ་དགོས་ཐད་ ད་ལྟ་ཤེས་ཀྱི་མི་འདུག་
    འདི ཐོག་བསམ་མནོ་གཏོང་བཞིན་པ་ཡིན་

    Reply
  8. བཀྲ་ཤིས་དོན་གྲུབ། says:
    ལོ་ 13 སྔོན།

    ང་ཚོ་ལ་རྐྱེན་ངན་འདི་འདྲ་ཞིག་བྱུང་བར་སྡུག་བསྔལ་བཟོད་ཐབས་མེད་པ་ཞིག་ཡོད་མོད། སྡུག་བསྔལ་འདི་བརྩེ་སེམས་ཀྱི་མེ་རི་ལ་བསྒྱུར་དགོས། སྡུག་བསྔལ་འདི་མཐུན་སྒྲུལ་གྱི་ལྕགས་སྒྲོག་ལ་བསྒྱུར་དགོས། སྡུག་བསྔལ་འདི་རིགས་ཞེན་གྱི་སྲོག་རྩ་རུ་བསྒྱུར་དགོས། སྡུག་བསྔལ་འདི་རང་སྲུང་གི་ལྕགས་རི་ལ་གཏོང་དགོས།

    Reply
  9. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 13 སྔོན།

    ལས་སྨོན་བྱམས་བརྩེའི་སྲོག་གིས་འབྲེལ་བའི་བོད་རིགས་ཚོ།
    མི་ཚེ་གཅིག་ལ་སྐྱིད་སྡུག་སྣ་ཚོགས་ཡོང་སྲིད་པས། 

    སྐྱིད་དུས་ང་རྒྱལ་མ་བྱེད་བོད་ཀྱི་སྤྱི་དོན་སྒྲུབས།
    སྡུག་དུས་སེམས་ཕམ་མ་བྱེད་གཅིག་ཕན་གཅིག་རོགས་བྱོས།

    རྐྱེན་ཆག་སྒོ་བྱུང་བའི་ཛ་དྲག་དུས། སེམས་སྐྱོ་བ་ཙམ་ཀྱིས་མི་ཕན་པས།
    བློ་རིག་པའི་ཐབས་ཇུས་གྲོས་བྱས་ནས། ལས་དེ་འདྲ་མི་བྱེད་འདི་འདྲ་བྱེད།

    ཚེ་འདས་རྣམས་ལ་ཕན་པའི་ཕྱིར། སྐྱ་སེར་ཕོ་མོ་ཐམས་ཅད་ཀྱིས།
    
བདུན་ཕྲག་བདུན་ཀྱི་དུས་ཡུན་ལ། ཆོས་ལ་ཐོས་བསམ་སྒོམ་པར་མཛོད།

    གསོན་པོ་རྣམས་ལ་ཕན་པའི་ཕྱིར། སོ་སོའི་རང་ནུས་གང་ཡོད་ཀྱིས།
    
དངུལ་གྱིས་ཞབས་འདེགས་འབུལ་བའམ། ལུས་ངག་ཡིད་ཀྱིས་འབད་པར་འཚལ།

    ཤུལ་ལུས་དྭ་ཕྲུག་སྐྱབས་མེད་རྣམས། ཐབས་དང་ཇུས་ཀྱིས་མ་སྐྱབས་ན།

    བོད་ཕྲུག་རྒྱ་ལ་བསྒྱུར་ངེས་པས། ས་ཡོམ་ངན་འབྲས་ཅི་བས་སྡུག

    རྒྱ་མིའི་གཡོ་འཕྲུལ་བྱམས་ན་ཡང་། དེ་ལ་བློ་གཏད་བྱེད་མི་རུང་།
    
ཤིན་ཏུ་ཉམ་ཐག་གྱུར་ན་ཡང་། རང་དབང་རྩོད་ལེན་བརྗེད་མི་རུང་།

    Reply
  10. རྭ་རྒྱ་བློ་དབང་། says:
    ལོ་ 13 སྔོན།

    སྨྲེ་ངག

    སྐྱེ་དགུའི་ས་ཡོམ་ཁྲོད་ཀྱི་སྤུན་ཟླ་ཚོར།
    འབོད་སྒྲ་གནམ་ལ་འཁོར་བའི་གསོལ་འདེབས་ཤིག་བྱས་ཡོད། །
    མིག་ཆུ་གཤོང་ལ་བཞུར་བའི་སྡུག་བསྔལ་ཞིག་བསྐྱེད་ཡོད། །
    གཅིག་ཐོག་གཉིས་ལ་བརྩེགས་པའི་མྱ་ངན་གྱི་སྨྲེ་ངག།།
    རང་བྱུང་ཆོས་ཀྱིས་བོད་ལ་སྐྱེས་ཐོབ་ཏུ་གནང་ངམ། །

    པོ་ཏཱ་ལ་ཡི་ཐེམ་སྐས་ཁྲག་དམར་གྱིས་མ་སྐམ། །
    ཁྲི་ཤོར་རྒྱལ་མོའི་རྦ་རླབས་ཞེ་འཁོན་གྱིས་བསྐྱོམས་ཡོད། །
    རྨ་རྒྱལ་སྦོམ་རའི་དབུ་འཕང་སྡུག་རུས་ཀྱིས་འགྲེང་དུས། །
    ས་ཡོམ་བདུད་ཀྱིས་ཆོ་འཕྲུལ་ཅི་ཞིག་ལ་བསྟན་ནམ། །

    ལ་དང་ལུང་པ་སེམས་ཀྱིས་རྨུ་ཐག་གིས་བསྟད་ཡོད། །
    ཆུ་དང་གཙང་པོ་བཀྲ་ཤིས་གསེར་ཟམ་གྱིས་བསྲུང་ཡོད། །
    སྤང་དང་ནགས་ཚལ་ལྷ་ཀླུའི་ཞིང་བཀོད་ལ་བསྒོམས་ཡོད། །
    ཅིའི་ཕྱིར་ལན་མེད་འཁོན་འགྲུས་བོད་མི་ལ་བྱུང་སོང་། །

    མགོན་གྱི་དྭངས་མ་རྒྱང་རིང་ས་མཐའ་ན་བཞུགས་སྐབས། །
    ཕ་མ་བུ་ངོ་མ་འཕྲོད་གྱེས་གདུང་ལ་ལྷུང་སྐབས། །
    རིགས་ཀྱི་དཔའ་བོ་ཁྲི་མུན་དོང་རུམ་ན་ཡོད་སྐབས། །
    མི་མཛའ་འབྱུང་བའི་ཁྲོ་གཏུམ་མཆེ་གཙིགས་ཀྱིས་སླེབས་བྱུང་། །

    ཡིན་ཡང་གངས་རིའི་བུ་རབས་ཕམ་པ་ནི་མ་མཆིས། །
    ས་ཡ་བྱེ་བའི་དཀའ་སྡུག་ཕྲག་སྟེང་དུ་ལེན་ནུས། །
    རིག་གནས་གསར་བརྗེའི་མུན་དོང་སྙིང་སྟོབས་ཀྱིས་སློག་མྱོང་། །
    སླར་ཡང་མུན་པའི་གཤེད་དུ་སྤོབས་སེམས་ཀྱིས་འགྱིང་ངེས། །

    Reply
  11. ལྷུན་འགྲུབ་། says:
    ལོ་ 13 སྔོན།

    བཙན་བྱོལ་ལ་ཡོད་པའི་བླ་བྲང་རྒྱུ་ཆེན་ཁག་དང་དེ་བཞིན་དགོན་པ་ཁག་དང་ཚོགས་པ་ཁག་སོགས་ལ་ཞུ་རྒྱུ་། ད་ལྟའི་ས་ཡོམ་འདིའི་གནོད་འཚེའི་འོག་ཏུ་དཀའ་ངལ་མྱོང་བཞིན་པའི་ང་ཚོའི་མི་རིགས་ཀྱི་ཆེད་གང་མགྱོགས་ཐོག་དཔལ་འབྱོལ་གྱི་རོགས་པ་མི་ཆུང་བ་གནང་རོགས་ཞེས་རེ་འབོད་ཞུ་བཞིན་ཡོད།
    ཐུགས་རྗེ་གཟིགས།

    Reply
  12. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    དྲ་གྲོགས་བྱམས་རྒྱལ་ལགས།

    བོད་མི་རིགས་ཀྱི་ཆེད་དུ་གཞན་ལས་ཀ་མ་འཇོག་ཀྱང་བོད་ཡིག་ཡག་པོ་གཅིག་སྦྱོང་གི་ཡིན། བྱུང་ན་ས་གནས་ས་ཐོག་གི་གཞུང་འབྲེལ་ཚོགས་པ་ཁག་ལ་ལས་ཀ་བྱེད་ཀྱི་ཡིན།
    གང་ཡིན་ཡང་མདོ་ན་བོད་མི་རིགས་ཀྱི་ཆེད་དུ་ཉི་མ་རེ་ལ་ཆུ་ཚོད་གཉིས་རེ་ལས་ཀ་བྱ་རྒྱུ་ཡིན། བོད་མི་རིགས་ཀྱི་སྐད་ཆ་ཚིག་ལས་མེད་ཀྱང་བཤད་ཐུབ་པར་བྱ་རྒྱུ་ཡིན་ལགས།

    Reply
  13. བྱམས་རྒྱལ། says:
    ལོ་ 13 སྔོན།

    དྲ་གྲོགས་ཅོ་རི་ལགས།
    ཁྱེད་བོད་མི་རིགས་ཀྱི་ཆེད་དུ་ཉི་མ་རེ་ལ་ཆུ་ཚོད་གཉིས་རེ་ལས་ཀ་བྱ་རྒྱུ་ཡིན་གསུངས་པ་འདི་ལས་ཀ་གང་ཞིག་བྱ་རྩིས་ཡོད་དམ་
    ང་ལ་གཅིག་གསུངས་ན་འགྲིག་གི་རེད་པས་

    Reply
  14. བྱམས་རྒྱལ། says:
    ལོ་ 13 སྔོན།

    ཕུན་ཚོགས་ལགས་བཀའ་དྲིན་ཆེ།
    རང་བྱུང་ཁམས་ཆེན་པོ་འདི་ལ་མིག་ཅིག་ཡོད་རྒྱུ་ན་འུ་ཚང་ལ་འདི་འདྲའི་མནར་གཅོད་ཅིག་གཏོང་དགོས་དོན་མེད། ལས་རྒྱུ་འབྲས་ཟེར་བ་ཞིག་ངོ་མ་ཡོད་རྒྱུ་ན། ཅི་ཞིག་ལ་འུ་ཚོའི་ལས་དབང་འདི་རྒྱུ་འབྲས་མེད་པའི་ལས་དབང་ཞིག་ཏུ་གྱུར་དགོས་པ་རེད།ཅེས་ཙ་སུར་སྦྱིན་པས་གསུངས་པ་འདི་ཤིན་ཏུ་བདེན།

    Reply
  15. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    1.ས་མཐའི་ཅོ་རི་ངས་བོད་མི་རིགས་ཀྱི་སྐྱིད་སྡུག་འདིར་ནམ་ཤི་ནམ་རྒས་བར་དུ་དུས་ནམ་ཡང་སྣང་མེད་དུ་མི་འཇོག་ཞེས་ཤི་བའི་རྣམ་ཤེས་སྟོང་གི་མདུན་དུ་དམ་བཅའ་འབུལ།

    2.ས་མཐའི་ཅོ་རི་ངས་བོད་མི་རིགས་ཀྱི་དགྲ་བོ་ལ་ནམ་ཤི་ནམ་རྒས་བར་དུ་དུས་ནམ་ཡང་མགོ་མི་སྒུར་ཞེས་གསོན་པོ་སྤུན་གྲོགས་རྣམས་ཀྱི་མདུན་དུ་དམ་བཅའ་འབུལ།

    3.ས་མཐའི་ཅོ་རི་ངས་བོད་མི་རིགས་ཀྱི་ཆེད་དུ་ད་ནས་བཟུང་ཉི་མ་རེ་ལ་ཆུ་ཚོད་གཉིས་རེ་ལས་ཀ་བྱ་རྒྱུ་ཡིན་ཞེས་སྐྱབས་མེད་དྭགས་ཕྲུག་སྟོང་གི་མདུན་དུ་དམ་བཅའ་འབུལ།

    སྐྱིད་སྡུག་མཉམ་མྱོང་གི་རྒྱལ་ཁ་ཐོབ་པར་ཤོག
    སྤུན་གྲོགས་ནང་མཐུན་གྱི་ནུས་པ་ཐོན་པར་ཤོག
    རང་གི་ཕ་གཞི་རང་བདག་ཡོང་བར་ཤོག
    རང་གི་དཔོན་པོ་རང་མིའི་ཡིན་པར་ཤོག

    བོད་རྒྱལ་བ་ཤོག

    Reply
  16. ཁང་གསར་རྡོ་རྗེ། says:
    ལོ་ 13 སྔོན།

    རང་བྱུང་གི་ཆག་སྒོ་འདི་ནི་ང་ཚོ་འགྱེལ་ཐོག་ལ་བརྫིས་པ་དང་འདྲ་ཡང་། འདི་མཐོང་དུས་གངས་ཅན་པ་ཀུན་ལ་གཞན་ལས་ལྷག་པ་དང་ཟབ་པ། གཙེས་པ་སོགས་ཀྱི་ཚོར་བ་བྱུང་དང་མཉམ་དུ་འཕྲལ་མ་ཉིད་དུ་དེ་ཁུལ་དུ་འཕུར་ཐུབ་པའི་གཤོག་པ་ཞིག་ལྡན་ན་ཅི་མ་རུང་སྙམ་བཞིན་པ་འདིས། རང་ཅག་ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་ཡིན་པ་སླར་ཡང་གསལ་བཤད་བྱས་པ་རེད། ཆག་འཇིག་གི་འགག་འཕྲང་མང་པོ་བརྒྱུད་མྱོང་བའི་ང་ཚོ་གངས་ཅན་པ་རྣམས་རྡོག་རྩ་གཅིག་ཏུ་བསྒྲིལ་ན། དཀའ་ངལ་ཅི་འདྲ་ཞིག་ཡིན་ཡང་དེ་ལས་རྣམ་པར་རྒྱལ་མི་ཐུབ་པ་མེད།
    ད་ནི། གཤིན་པོ་ཚོིའི་དོན་དུ་དགེ་སྦྱོར་དང་གསོན་པོ་ཚོར་སེམས་གསོ། རྨས་མ་ཚོར་སྨན་བཅོས། ཁྱིམ་གཞིས་བརླགས་པ་རྣམས་གསར་འཛུགས་ཀྱི་ཆེད་དུ་བོད་མི་མི་རེ་ངོ་རེས། ཆེ་ཆུང་ལ་མ་ལྟོས་པར། ངལ་སེལ་གྱི་ཞལ་འདེབས་དང་། བསྔོ་སྨོན་དགེ་སྦྱོར་ལ་ཞེ་ཐག་པ་ནས་འབད་དགོས། བོད་གངས་ཅན་པ་རྒྱལ་གྱུར་ཅིག རྒྱལ་གྱུར་ཅིག

    (ཕུན་ཚོགས་ལགས་ཀྱིས་འདི་དག་ཕྱོགས་བསྒྲིགས་གནང་བར་ཐུགས་རྗེ་ཆེ།)

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist