མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} བརྒྱ་དང་བཅུ་བཞི།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


རྡ་ས་མེག་ལོར་དུ་མཚོན་ན་ལོ་སར་རྗེས་སུ་དངོས་ནས་ཟིང་ཟིང་ཧ་ཅང་ཆེན་པོ་ཡོད་པ་རེད། རྒྱུ་མཚན་ནི་ལོ་སར་རྗེས་སུ་༧གོང་ས་མཆོག་གི་གསུང་ཆོས་དང་སྨོན་ལམ་ཚོགས་ཀྱི་ཡོད་སྟབས། ཕྱོགས་གང་ས་ནས་ཕེབས་པའི་གྲྭ་བཙུན་དང་དད་ལྡན་མི་དམངས་འདུས་པའི་སྐབས་སུ་འཁེལ་ཡོད་པ་རེད་ལ། ཟ་ཁང་དང་ཚོང་ཁང་དེ་ཚོས་ཆེས་མི་ཁོམ་པའི་དུས་ཚོད་ཡིན་ལ། དམིགས་བསལ་གྱིས་བོད་ཀྱི་ཟ་ཁང་དག་གཏན་ནས་མི་ཁོམ་པའི་དུས་ཚོད་དང་ཚོང་ཡག་ཤོས་ཀྱི་སྐབས་དང་འཁེལ་ཡོད་པ་རེད།

བློ་བཟང་གིས། གྲོགས་པོའི་ཟ་ཁང་ནང་ནས་རང་གི་གང་ཐུབ་ཐུབ་ཀྱི་ལས་ཀ་བྱེད་བཞིན་ཡོད་ལ། ལས་ཡུན་རིང་བ་དང་ལས་ཀ་ལྕི་སྟབས། ཟ་མ་ཡང་མང་བོ་ཟ་མ་ཐུབ་པར་མཐའ་མར་དབུགས་ཀྱི་དཀའ་ངལ་ཞིག་འཕྲད་ཀྱི་ཚོར་སྣང་ཞིག་ཁོ་རང་ལ་སྐྱེ་བ་རེད། དེ་དུས་ཁོས་རང་གི་གྲོགས་པོ་ཞིག་གི་ལས་སྐྱུར་ངལ་གསོ་བྱས་ཡོད་པ་དེ་ཁོ་རང་གི་ཚབ་དུ་སྐད་བཏང་ནས། ཁོ་རང་དུས་རྒྱུན་བསྡོད་སའི་གྲོགས་པོ་བཟའ་མི་གཉིས་ཀྱི་ནང་དུ་ངལ་གསོ་བྱེད་དུ་སོང་བ་རེད། དགོང་མོ་དེར། གྲོགས་པོ་བཟའ་མི་གཉིས་ལ་རང་གི་དབུགས་ལ་དཀའ་ངལ་ཕྲན་པུ་ཞིག་འདུག སང་ཉིན་ལས་ཀར་འགྲོ་རྒྱུ་མིན། ངལ་གསོ་ཡིན།

གྲོགས་པོའི་རྒན་མོ་དེས། དེ་འདྲ་བྱས་ནས་ཉལ་བསྡད་པ་ཡིན་ན་གཏན་ནས་འགྲིག་གི་མ་རེད། སང་ཞོགས་གཅིན་པ་བརྟག་དཔྱད་བྱེད་དུ་སོང་བ་ཡིན་ན་ཡག་པོ་ཡོད་ངེས་ཡིན། ཡིན་གཅིག་མིན་གཅིག་སོང་། ང་རང་ལས་ཀར་འགྲོ་དུས་སུ་ཁྱེད་རང་ཡར་བླངས་ཆོག དེ་ནས་གཅིན་པ་ཁུར་ནས་བརྟག་དཔྱད་བྱེད་དུ་སོང་།

ཕྱིར་ཉིན་ཞོགས་པ་སྔ་བོ་ཁོ་མོ་ལས་ཀར་འགྲོ་བའི་སྐབས་སུ་བློ་བཟང་གཉིད་ལས་བླངས་ཀྱང་། བློ་བཟང་ཕྱིར་གཉིད་དུ་གཡུར་བ་དང་གྲོགས་པོ་ཡང་གཉིད་ལ་དགའ་བ་ཞིག་ཡིན་སྟབས། ཁོ་གཉིས་ཀ་ཁོ་མོ་ཕྱིར་ཉིན་གུང་ཁ་ལག་ཟ་རུ་ཡོང་རེག་བར་དུ་གཉིད་ལ་ཤོར་བ་རེད།

ཁོ་མོ་ཉིན་གུང་ཕྱིར་ནང་དུ་སླེབས་དུས། བློ་བཟང་དང་ཁོ་མོའི་རྒན་པོ་གཉིས་ད་དུང་ཉལ་ནས་ཡོད་པ་མཐོང་མ་ཐག བློ་བཟང་ཡར་ལོངས། ད་དངོས་ནས་ཉལ་འདུག་རན་མ་རེད། རྒན་པོ་ཁྱེད་གཉིས་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་སོང་ཟེར་ནས་ཨུ་ཚུགས་བརྒྱབ་དེ་ཡར་ལ་བླངས་པ་རེད།

བློ་བཟང་ཡར་ལ་ག་ལེར་བླངས་དུས། མགོ་ནང་དུ་སེར་འཐོམ་འཐོམ་ཞིག་ཤར་བ་དང་ཁོས་རང་གི་གྲོགས་པོ་ལ་ང་མགོ་གཡོམ་འཁོར་གྱི་འདུག ཁྱེད་རང་གིས་བལྟས་ན་ག་རེ་རེད་དྲན་གྱི་འདུག ངས་རང་གི་དབུགས་ཀྱི་མ་འདང་བར་བསམ་གྱི་ཡོད་ཀྱང་། དེ་གཅིག་བུ་ཡིན་ས་རེད་ཀོ ད་ནི་ཁྱེད་རང་ག་ལེར་སྔོན་དུ་སོང་ནས་སྒང་ནས་གླ་བྱེད་རླངས་འཁོར་ཞིག་རེག་གི་ཨེ་འདུག་ལྟ་རོགས། ང་རང་ག་ལེར་སྐེས་འཛེགས་བརྒྱུད་དེ་ངལ་གསོ་ཞོར་དུ་འོང་།

བློ་བཟང་གིས་སྐེས་འཛེགས་རིང་མོ་དེ་ཡི་མགོ་ལ་སླེབས་རེག་བར་དུ་ངལ་གསོ་ཉི་ཤུ་ལྷག་བརྒྱབ་པ་རེད། སྤྱིར་ན་ལོ་ལོན་ལོ་གྱ་བཅུ་ཅན་ནད་ཚ་མེད་མཁན་ཞིག་ཡིན་ན། སྐེས་འཛེགས་དེ་ནས་ངལ་གསོ་བྱེད་དགོས་པ་ཞིག་མིན་ན་ཡང་བློ་བཟང་གིས་ངལ་གསོ་ཉི་ཤུ་ལྷག་བྱེད་དགོས་བྱུང་དུས་སུ། བློ་བཟང་གིས་རང་གི་སེམས་ལ་ད་ནི་དངོས་ནས་ཤི་བའི་དུས་སུ་སླེབས་ཡོད་པ་འདྲ་སྙམ་ཞོར་རྡོ་སྟེགས་དེ་ནས་ངལ་གསོ་བཞིན་སྐབས་སུ། གྲོགས་པོ་དེས་ངའི་ལག་དུ་གླ་བྱེད་རླངས་འཁོར་ཨེ་རེག་མ་བལྟས། ཁྱེད་རང་གི་ལས་ཀ་བྱེད་སའི་གྲོགས་པོ་དེ་ཡི་ཕུ་བོའི་སྤག་སྤག་བཏང་ནས་ཡོང་འདུག་པ་འཕྲད་སོང་།

བདེ་ལེགས་སྨན་ཁང་གི་ཉལ་ཁྲིའི་སྟེང་ན་བློ་བཟང་ལ་གནམ་ཁབ་ཞིག་བརྒྱབ་ཡོད་པ་དང་ཉེ་འཁོར་དུ་ཁོ་རང་གི་གྲོགས་པོ་བཟའ་མི་གཉིས་དང་། ཁོ་རང་གི་གྲོགས་པོ་རྙིང་ཤོས་དེ་ཡང་སླེབས་ཡོད་པ་མ་ཟད། ཁོང་ཚོས་སུ་ཞིག་གི་ཁྲག་བློ་བཟང་གི་ཁྲག་དང་འཚམ་པོ་ཡོད་མེད་བཤད་ཀྱིན་པའི་སྒང་དུ་བློ་བཟང་གི་གཟུགས་པོ་ན་དྲོད་ཟེར་བ་མེ་སྟག་ཙམ་ཞིག་མ་གཏོགས་མེད་པའི་སྣང་བ་དང་བཅས་དེ། ཉལ་ཁྲིའི་སྟེང་ནས་གྲང་ཤ་ཟ་བཞིན་པའི་ངང་ཚུལ་དེ་འཁྲིས་ཀྱི་ཉལ་ཁྲིའི་སྟེང་གི་བོད་པའི་ཕོ་གསར་མོ་གསར་དེ་གཉིས་ཀྱིས། ཇོ་ལགས། ཁྱེད་རང་གྲང་གི་ཡོད་ས་རེད། ངེད་གཉིས་ཀྱི་ཉལ་ཆས་འདི་ཡང་ཁྱེད་རང་གི་གོན་རོགས་ཟེར་བ་དེར་བློ་བཟང་གིས་མགོ་གཡུགས་བྱེད་པ་ལས། མི་ངོ་ཡག་པོ་ཞིག་མི་ཟིན་པར་གྱུར་བ་རེད།

སྨན་པས་བརྟག་དཔྱད་བྱས་པ་བརྒྱུད། བློ་བཟང་གི་གྲོགས་པོ་ཁོང་ཚོ་སུས་ཁྲག་ཡིན་ཡང་འཚམ་པོ་མེད་པར་བཤད་པ་དང་། དོ་ནུབ་ཁྲག་རྒྱག་མ་ཐུབ་པ་ཡིན་ན། ཁོ་རང་གི་ཚེ་སྲོག་ལ་ང་ཚོའི་འགན་ལེན་བྱེད་ཐུབ་ཀྱི་མེད། ཁྱེད་རང་ཚོ་ལ་ངོ་ཤེས་དེ་འདྲ་སྐད་གཏོང་རྒྱུ་ཡོད་ན་གཏོང་། དེ་མིན་ང་ཚོ་ལ་ཐབས་ཤེས་མི་འདུག ད་དུང་། རྒྱ་གར་གཞུང་གི་སྨན་ཁང་དུ་ཁྲག་ཉོས་དེ་རྒྱག་རྒྱུ་ཡོད་རབས་འདུག ཁྱེད་ཚོ་དེ་རུ་སོང་ན་འགྲིག་གི་རེད།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༢ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༣ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༥ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 1

  1. chokey says:
    ལོ་ 16 སྔོན།

    དྲ་གྲོགས་ཡོངས་ནས་འདི་གཟིགས་རྗེས་བརྒྱ་མཆོད་རེ་བཞག་རོགས།

    http://picasaweb.google.com.au/aenpokyabgon/AllKyegu2010EarthquakePhotos?feat=directlink#

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese