མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྐད་དང་བོད་ཡིག་མ་ཤེས་ན་བོད་མིན།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

ངས་སྔ་མོ་ཞིག་ནས་འདི་འདྲ་བསམ་མྱོང་ལ། བསམ་མྱོང་བ་དེ་ཡང་གྲོགས་པོ་མི་ཉུང་བ་ཞིག་ལ་ཡང་བཤད་པ་ཡིན། ཁོང་ཚོས་ཀྱང་ང་རང་ལ་དེ་འདྲ་བཤད་ན་འགྲིག་གི་ཡོད་རྒྱུ་མ་རེད་ཟེར་ནས་རྒྱུ་མཚན་གང་མང་ཞིག་གསུངས་ཀྱི་འདུག རེད་དེ། ང་རང་ལ་ང་རང་གི་རྒྱུ་མཚན་ཞིག་ཡོད་པས། ངས་དེ་རིང་འདི་ནས་མཐའ་གཅིག་དུ་རང་གི་བསམ་ཚུལ་དངོས་དེ་གླེང་རྒྱུ་ཡིན།

བོད་སྐད་མི་ཤེས་པ་དང་བོད་ཡིག་མི་ཤེས་པའི་མི་དེ་ནི་བོད་པ་མིན་ཟེར་རྒྱུ་ཡིན། དེས་ན་བོད་སྐད་ཤེས་པའི་མི་རིགས་གཞན་དག་རེ་ཟུང་ཡོད་པ་དེ་དག་ལ་གང་རེད་ཟེར་ནས་བཤད་རྒྱུ་ཡིན་ན། དེ་ན་ཆུང་དུས་གཞན་གྱིས་ས་ནས་བསླབ་པ་མིན་པར་རང་གི་ཕ་མའི་དྲུང་དུ་འཇར་ནས་འོང་བའི་བོད་སྐད་ཤེས་མཁན་དེ་མིན་པས་དེ་ལ་བོད་པ་མི་ཟེར་བ་ཡིན། བོད་སྐད་དེ་ནི་ཁོང་ཚོས་རང་གི་སྤྲོ་སྣང་དང་གཞན་ཕྱོགས་ཤེས་འདོད་ཁོ་ནས་སྤྱངས་པ་ཞིག་ལས། གཤིས་ལ་འཇག་པ་ཞིག་གཏན་མིན། བོད་ཡིག་ཡང་དེ་མཚུངས་བཞིན་ཡིན།

དེས་ན་བོད་མིས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན་བོད་པ་མིན་ཟེར་གྱི་འདུག་དོན་གང་ཡིན་ཟེར་ན། དེ་ནི་མི་རིགས་བོད་ལ་སྐྱེ་བའི་སྟབས་ཀྱི་ཡིན། མི་རིགས་སུ་ཞིག་ཡིན་ཡང་། རང་གི་སྐད་དང་ཡི་གེ་ཐོག་མར་ཤེས་དགོས་པ་དེ་ནི་མི་རིགས་དེ་ཉིད་ཆགས་པའི་ཆ་རྐྱེན་དང་བོ་དེ་ཡིན། དེ་ཡིན་དུས་མི་རིགས་སུ་ཞིག་གི་ཁུངས་སུ་སྐྱེ་བ་ཡིན་ན། མི་རིགས་དེ་ཡི་སྐད་དང་ཡི་གེ་མ་ཤེས་པ་ཡིན་ན། མི་རིགས་དེ་ལ་མི་གཏོགས་པ་ཡིན་ཟེར་གྱི་ཡོད།

ད་ནི་གསལ་བོ་བྱས་དེ་ཞུས་པ་ཡིན། ངས་བཤད་འདོད་པ་ནི། བོད་པ་ཞིག་ཆགས་དགོས་པ་ཡིན་ན། ཕ་མ་བོད་མི་ཡིན་པ་ཙམ་གྱིས་གཏན་ནས་མི་ཡོང་། བུ་ཕྲུག་གིས་བོད་སྐད་བཤད་ཤེས་པ་དང་བོད་སྐད་ཤེས་དགོས་ཀྱི་ཡོད། དེ་འདྲ་ཞིག་མ་ཆགས་པ་ཡིན་ན། དེ་ནི་བོད་པ་མིན་ཟེར་གྱི་ཡོད། ད་ནི་ང་ཚོ་གངས་ཅན་བོད་པ་ཚང་ལ་ཕ་མ་བོད་པ་ཡིན་པའི་ཕྲུ་གུ་བོད་པ་མ་ཡིན་པ་ཆེས་མང་བོ་ཞིག་འཚར་ལོངས་བྱུང་ནས་འོང་གི་ཡོད། དེ་ནི་བོད་ཡུལ་ནས་རྒྱ་ཡུལ། འཛམ་གླིང་གི་ཡུལ་གྲུ་གང་སར་བོད་མི་གནས་བསྡོད་བྱེད་ཡུལ་གྱི་ཡུལ་གྲུ་གང་སར་ཡོད། བོད་སྐད་བཤད་མི་ཤེས་པ་དང་། བོད་ཡིག་མི་ཤེས་པ། བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན། གཏན་ནས་བོད་པ་ཆགས་ཐབས་མེད། སྐད་ཡིག་གཞན་གྱི་སྟེང་གི་རྩོམ་པ་པོ་དེ་དག་བོད་སྐད་དང་བོད་ཡིག་མི་ཤེས་པ་དེ་དག་བོད་མིའི་རྩོམ་པ་པོ་གཏན་ནས་མིན། དེ་ནི་སྐད་ཡིག་གང་གི་སྟེང་ནས་རྩོམ་ཡིག་སྤེལ་བ་དང་སྐད་ཆ་གང་ཞིག་བཤད་ཀྱི་ཡོད་ན་དེ་ཡི་ཁུངས་ཀྱི་རྩོམ་པ་པོ་ལས་བོད་མིའི་རྩོམ་པ་པོ་མིན།

འདི་ནི་ང་རང་གི་བསམ་ཚུལ་ཡིན་པ་ལས། མི་གཞན་སུ་ཞིག་ལ་འཕོག་ཐུག་དང་བསམ་ཚུལ་མ་མཐུན་པ་གང་བྱུང་བ་ཡིན་ན། ཐད་ཀར་ང་རང་ལ་སྐྱོན་བརྗོད་བྱས་ན་འགན་ཡོངས་རྫོགས་ང་རང་ལ་ཡོད་པ་ཡིན་ལ། བསམ་ཚུལ་གསུང་མཁན་ཡོད་ན། ཐད་ཀར་དུ་གསུང་དང་། རང་གིས་གང་ཐུབ་ཀྱིས་ལན་འདེབས་རྒྱུ་ཡིན།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ༢༠༢༥།༥།༡༣  སྲིད་སྐྱོང་མཆོག་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་།

ཆུ་ཚོད་ ༡ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩

མཆན། 18

  1. nyanthing says:
    ལོ་ 15 སྔོན།

    བོད་སྐད་དང་བོད་ཡིག་མ་ཤེས་ན་བོད་མི་མ་ཡིན་པར་འགྱུར་ན་ཧ་ཅང་ཐལ་ཏེ།
    གདངས་ནུབ་སྐྱེས་མ་ཐག་པའི་བོད་ཕྲུག་རྣམས་བོད་མི་མ་ཡིན་པར་འགྱུར་བའི་ཕྱིར།།

    Reply
  2. songtsengompo says:
    ལོ་ 15 སྔོན།

    བོད་ཡིག་དང་བོད་སྐད་མི་ཤེས་པའི་སྣ་འདྲེན་པ་ དེ་ཚོ་བཙན་བྱོལ་བའི་དགེ་རྒན་དང་ཁྱིམ་ཚང་གི་ཕ་མ་ཚོ་ཡིན་པ་འདྲ་ འདི་ནས་ཚོག་པ་དང་སྐྱིད་སྡུག་ཁག་གིས་ཐུག་སྤྲོ་དང་ཆང་སའི་སྐབས་སུ་རྒྱ་གར་གི་གཞས་དང་རོལ་དབྱངས་ཤ་སྟགས་ལས་བོད་པའི་ཞབས་བྲོ་དང་གཞས་གི་གོ་སྐབས་ཤུན་ཏུ་ནས་ཀྱང་བཀོན་

    Reply
  3. yonten_4@yahoo.co.in says:
    ལོ་ 15 སྔོན།

    མཁྱེན་ཡངས་བོད་ཤ་ཁྲག་རུས་གསུམ་ལགས། ངས་ཁྱེད་ཀྱི་རྩོམ་བྱང་དེ་མཐོང་མ་ཐག་ཁྱེད་ཀྱི་རྩོམ་ཡིག་དེར་བལྟ་འདོད་ཀྱི་འདུན་པ་ཆེན་པོ་ཞིག་སྐྱེས་སོང་། དེར་བརྟེན་ངས་རྩོམ་ཡིག་དེ་བཀླགས་པ་ཡིན། ཉིད་ཀྱི་རྩོམ་ཡིག་དེ་ཀློག་པའི་བརྒྱུད་རིམ་ཁྲོད་རང་རིགས་རྣམས་ཀྱི་ཁྲོད་རིགས་ཞེན་གྱི་སྐྱེོ་བོ་ཁྱེད་འདྲ་བོ་མང་ཙམ་ཡོད་ན་ཅི་མ་རུང་སྙམ་པའི་ཚོར་བ་ཞིག་ཀྱང་བསྟེར་བྱུང་། དེ་ནི་ངས་ཁྱེད་ཀྱི་བརྩོམ་ཡིག་དེ་ཐེངས་དང་པོ་ཀློག་པའི་སྐབས་ཀྱི་ཚོར་འདུ་དེ་རེད། དེ་རྗེས་ངས་རྩོམ་ཡིག་དེ་སླར་ཡང་ཐེངས་གཅིག་བཀླགས་པ་ཡིན། སྐབས་དེར་ང་ལ་མྱོང་ཚོར་མི་འདྲ་བ་ཞིག་བྱུང་། དེ་ཡང་ཁྱེད་ཀྱིས་གནད་དོན་དེའི་ཐད་ཕྱོགས་ཡོངས་ལ་དགོངས་པ་དེ་ཙམ་མ་བཞེས་པར་སེམས་ཚོར་དྲག་པོའི་སྒོ་ནས་བྲིས་པའི་མྱོང་ཚོར་ཞིག་ཕྲན་ལ་སྦྱིན་བྱུང་། འོན་ཀྱང་མྱོང་ཚོར་ནི་མྱོང་ཚོར་རང་ཡིན་སྟབས་མཐའ་གཅིག་ཏུ་དེ་ལྟར་ཡིན་པའི་ངེས་པ་མེད། དེས་ན་གལ་ཏེ་ཕྲན་གྱིས་གོ་ནོར་ཐེབས་ཡོད་ན་དགོངས་འགལ་མེད་པ་ཞུ། གཤམ་དུ་གུས་པས་རང་ཉིད་ཀྱིས་སྐུ་ཉིད་ཀྱིས་གསུངས་པའི་གནད་དོན་དེ་དང་འབྲེལ་བའི་སྐོར་ལ་མདོ་ཙམ་བརྗོད་འདོད་པར་འདོད། གུས་པའི་བསམ་པར། ང་ཚོས་བོད་སྐད་དང་བོད་ཡིག་མ་ཤེས་ན་བོད་པ་ཡིན་མིན་གྱི་གནད་དོན་དེར་ལག་པ་མ་འཆང་གོང་ནས་གང་འདྲ་ཞིག་ལ་མི་རིགས་གཅིག་པ་ཟེར་མིན་གྱི་གནད་དོན་དེར་བསམ་གཞིགས་བྱེད་དགོས་པར་སེམས། ང་ཚོས་མི་རིགས་གཅིག་པ་ཞེས་པའི་གོ་དོན་དེ་གསལ་རྟོགས་ཐུབ་ཚེ་གཞི་ནས་གོང་གི་སྐུ་ཉིད་ཀྱིས་གསུངས་པའི་གནད་དོན་དེར་བརྩོད་གླེང་བྱས་ན་གནད་དོན་དེར་ངོས་འཛིན་བྱེད་སྟངས་རང་བཞིན་གྱིས་ལས་སླ་རུ་འགྲོ་ངེས་ཡིན། གུས་པའི་རྨོངས་ཚོད་ལ་མི་རིགས་གཅིག་པ་ཟེར་བ་ནི་ཐུན་མོང་གི་རིགས་རྒྱུད་དང་། ལོ་རྒྱུས། སྐད་ཡིག རིགས་གཞུང་། ཡུལ་སྲོལ་སོགས་ཡོད་མཁན་ཞིག་ལ་གོ་དགོས་སྙམ།དེ་ལྟར་ཡིན་ཚེ་བོད་སྐད་དང་བོད་རིགས་མི་ཤེས་མཁན་དེ་དག་ཀྱང་བོད་རིགས་ཡིན་པར་ཁས་ལེན་དགོས་པར་སེམས། གང་ཡིན་ཟེར་ན་ཁོང་ཚོའི་ལུས་སྟེང་དུ་མིའུ་གདུང་དྲུག་དང་བཙན་པོའི་ཁྲག་རྒྱུན་འདྲེས་ཡོད་པ་རེད། དེ་ནི་ང་ཚོས་ངེས་པར་དུ་ཁས་ལེན་བྱེད་དགོས་པའི་དོན་དངོས་ཤིག་ཡིན། དེ་ཡང་དཔེ་མཚོན་ཞིག་བཀོད་ནས་བརྗོད་ན། གལ་སྲིད་སྐུ་ཉིད་ཀྱི་བུས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན་ཁྱེད་ཀྱིས་རང་ཉིད་ཀྱི་བུ་དེ་རང་ཉིད་ཀྱི་བུ་ཡིན་པར་ཁས་ལེན་གྱི་མིན་ནམ། གང་ཡིན་ཟེར་ན་ཁྱེད་རང་ལྷད་མེད་པའི་བོད་རིགས་གཙང་མ་ཞིག་རེད། འོན་ཀྱང་ཁྱེད་ཀྱི་གསུང་སྟངས་ལ་གཞིགས་ན་ཁྱེད་ཀྱི་བུ་དེ་ཁྱེད་ཀྱི་བུ་ཡིན་པར་ཁས་ལེན་ཐབས་མེད་པ་རེད། གང་ཡིན་ཟེར་ན་བུ་དེས་བོད་སྐད་དང་བོད་ཡིག་མ་ཤེས་པས་བོད་པ་མིན་པའི་ཕྱིར། ཁྱེད་རང་ངོས་ནས་བརྗོད་ན་དེ་ནི་ནམ་ཡང་དང་ལེན་བྱེད་འདོད་མེད་པའི་དོན་དངོས་ཤིག་རེད། གང་ཡིན་ཟེར་ན་ཁྱེད་དང་བུ་གཉིས་དབར་ཁྲག་རྒྱུད་ཀྱི་འབྲེལ་བ་ཡོད་ལ་ཕ་བུའི་བརྩེ་སེམས་ཀྱང་ཡོད་པ་རེད། འོན་ཀྱང་བོད་ཀྱི་སྐད་ཡིག་མི་ཤེས་མཁན་རྣམས་བོད་པ་ཆ་ཚང་བ་ཞིག་རེད་ཟེར་ན་གཏན་ནས་མ་རེད། མཐར་གཏུགས་ནས་བཤད་ན།རིགས་གཞུང་ཞེས་པ་དེ་བསམ་བློའི་ཁྱེར་བཟོའི་ཐོག་ནས་བཞག་ན་མི་འགྲིག་པ་གང་ཡང་མེད་པར་སེམས། མི་རིགས་རང་ག་བ་ཞིག་ལ་ཐུན་མོང་གི་བསམ་བློའི་ཁྱེར་སྟངས་ཤིག་ཡོད་པ་རེད། ཐུན་མོང་གི་བསམ་བློའི་ཁྱེར་སྟངས་དེ་མི་རིགས་དེའི་སྐད་དང་རིགས་གཞུང་གི་རྒྱབ་བརྟེན་ལ་བརྟེན་ནས་གྲུབ་པ་རེད།བོད་སྐད་དང་བོད་ཡིག་མི་ཤེས་ཀྱི་བོད་རིགས་རྣམས་དང་ང་ཚོའི་དབར་བསམ་བློའི་ཁྱེར་ཕྱོགས་ཐད་ཁྱད་པར་ཆེན་པོ་ཡོད་པ་རེད། འོན་ཀྱང་བོད་ཀྱི་སྐད་ཡིག་མི་ཤེས་མཁན་གྱི་སྤུན་ཟླའི་ཟུངས་ཁྲག་རྣམས་དང་ང་ཚོོའི་ཟུངས་ཁྲག་འདྲེས་ཡོད་པ་དེ་དོན་དངོས་རེད། རྒྱུ་མཚན་དེ་ལ་བརྟེན་ནས་སྤུན་ཟླ་དེ་རིགས་མི་ཉུང་བ་ཞིག་གིས་རང་ཉིད་ཀྱིས་བོད་ཀྱི་སྐད་ཡིག་མི་ཤེས་ཀྱང་རང་ཉིད་ཀྱི་ཁྲག་རྩའི་ནང་བོད་རིགས་ཀྱི་ཁྲག་རྒྱུན་བཞུར་གྱི་ཡོད་པ་ངོས་འཛིན་གསལ་པོ་བྱས་ཏེ་སྐྱོ་གར་གྱི་གཙེས་པའི་ང་ཚོའི་མི་རིགས་འདིའི་ཆེད་རང་ཉིད་ཀྱི་ནུས་ཚོད་ལ་དཔག་པའི་ལེགས་སྐྱེས་འབུལ་བཞིནཡོད་པ་རེད། དེ་ནི་བདག་གིས་བོད་ཀྱི་སྐད་ཡིག་མི་ཤེས་མཁན་གྱི་བོད་རིགས་དེ་རིགས་བོད་པ་ཡིན་པ་གང་ཞིག་ལ་བོད་པ་ཆ་ཚང་བ་ཞིག་མ་རེད་ཞེས་བརྗོད་པའི་སྒྲུབ་བྱེད་ངོ་མ་དེ་ཡིན། མཐར་བདག་གིས་སྐུ་ཉིད་ཀྱི་དགོངས་པར་གོ་ནོར་ཐེབས་ཡོད་ན་དགོངས་སེལ་ཡོད་པ་ཞུ།

    Reply
  4. tlungtok says:
    ལོ་ 15 སྔོན།

    དེང་སྐབ་བོད་སྐད་བོད་ཡིག་མི་ཤེས་པའི་བོད་ཕྲུག་མང་དག་ཞིག་ཡོང་བཞིན་པ་འདི་ནི་ཕ་མ་དང་དགེ་རྒན་དེ་ཚོ་ལ་རག་ལས་འདུག དེས་ན་ཕ་མ་དང་དགེ་རྒེན་དེ་ཚོས་གཟབ་གཟབ་མནང་རྒྱུ་ཤིན་ཏུ་གལ་ཆེ་བར་སེམས།

    Reply
  5. sha tak ri sim says:
    ལོ་ 15 སྔོན།

    བྱ་གཞུང་གངས་རིའི་གླིང་བུ་ལགས། ཉིད་ཀྱི་གསལ་བརྡ་དེ་མཐོང་སོང་། བཀའ་དྲིན་ཆེ།

    Reply
  6. okjamyang says:
    ལོ་ 15 སྔོན།

    མྱ་ངན་གྱི་གསལ་བརྡ
    ཉིན་ཤས་གོང་མཚོ་སྔོན་ཡུལ་ཤུལ་ལ་མ་བསམ་བློ་ཡུལ་ལས་འདས་བའི་རང་བྱུང་གི་གནོད་པ་ཚབས་ཆེན་བྱུང་ཏེ། རང་རིགས་སྤུན་ཟླ་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང་ཁྲི་ཕྲག་ཁ་ཤས་ལ་རྨས་སྐྱོན་གྱི་གོད་ཆག་ཡ་ང་བ་བྱུང་བའི་ཉམ་ཐག་རང་རིགས་སྤུན་ཟླ་དག་གི་སྙིང་གི་ཟུག་གཟེར་དང་སེམས་ཀྱི་སྐྱོ་སྡུག་ལ་སྐྱེ་བོ་སུ་ཀྱང་བློ་ཡུལ་དུ་མི་་བཤོང་བ་དང་བཟོད་དཀའ་བ་ཞིག་རེད། དེ་བས་ངེད་ཡི་གེ་བ་དང་ཟིན་བྲིས་བ་ཡོངས་ཀྱིས་རང་བྱུང་གི་འཇིགས་པའི་ཁྲོད་དུ་ཚེ་སྲོག་ཤོར་བ་དང་རྨས་སྐྱོན་ཕོག་པའི་མི་དམངས་སྤུན་ཟླ་རྣམས་ལ་སེམས་སེམས་པའི་གཏིང་ནས་སྙིང་གློ་བའི་གསེང་ནས་མྱ་ངན་ཞུ་རྒྱུ་དང་། དེ་དང་ལྷན་དུ་བདག་གི་༼མགོ་བཏུད་དེ་མྱ་ངན་ཞུ་༽ཞེས་ལེ་ཚན་ཞིག་བཀོད་སྒྲིག་བྱས་ཏེ་ཟིན་བྲིས་དང་རྩོམ་ཡིག་སྣ་ཚོགས་ཀྱི་ལམ་ནས་ཉམ་ཐག་པའི་འདས་གསོན་ཕོ་མོ་དང་ཤུལ་ལུས་རྨས་མ་རྣམས་ལ་སེམས་གསོ་དང་མྱ་ངན་ཞུ་རྒྱུ་ཡིན་པས། མཁྱེན་ལྡན་གྱི་སྙུག་ཐོགས་པ་དང་ཟིན་བྲིས་བ་ཡོངས་ཀྱི་ཐུགས་འཇགས་འཚལ།
    རྩོམ་ཡིག་སྐུར་ཡུལ་གྱི་ཁ་བྱང་thapkhe18@yahoo.co.in
    ཁ་པར་ཨང་་་་9035228265
    རྩོམ་ཡིག་བཀོད་ཡུལ
    དུས་བབ་ཟིན་བྲིས་ཀྱི་ནང་ཚན་༼མགོ་བོ་བཏུད་དེ་མྱ་ངན་ཞུ༽ཞེས་བའི་ཟིན་བྲིས་ཡིན
    ཟིན་བྲིས་སུ་བཀོད་པའི་རྩོམ་ཡིག་རྣམས་འདེམས་གསེས་བྱས་སྟེ༼་མགོ་བོ་བཏུད་དེ་མྱ་ངན་ཞུ་༽ཞེས་བའི་དཔེ་དེབ་ཞིག་མི་རིང་བར་འདོན་འཆར་ཡོད། དཔེ་དེབ་ཀྱི་ཡོངས་འབབ་རྣམས་སྐྱེ་དགུའི་ཡུལ་ཤུལ་ལ་ཞབས་འདེབས་འབུལ་རྒྱུ་ཡིན།
    གཙོ་སྒྲིག་པ་
    བྱ་གཞུང་བྱམས་པ།
    བྱ་གཞུང་གངས་རིའི་གླིང་བུ།
    གཙང་གནས་རྒྱམ།
    རྒན་རབས་པ་ལ་་་་་་བྱ་གཞུང་གངས་རིའི་གླིང་བུ་ནས

    Reply
  7. sha tak ri sim says:
    ལོ་ 15 སྔོན།

    ཇིང་སྲས་མིག་གསུམ་པ་ལགས། ཕ་མ་དག་ལ་དངོས་ནས་འགན་འཁུར་ཆེན་པོ་ཡོད་པ་དེ་ནི་དངོས་ནས་བདེན་པ་ཡིན། ཕ་མ་དེ་རིགས་ཀྱི་ནད་ཚ་དེ་ཡང་རང་བཞིན་གྱིས་སླེབས་པ་ཞིག་མིན། རང་སྐད་དང་རང་གི་ཡི་གེ་ལ་དོན་སྣང་མི་ཡོང་བའི་ནད་ཚ་དེ་ཡི་འབྱུང་གནས་ལ་ད་ལྟ་ང་ཚོ་དངོས་སུ་ནག་ཐོག་ཚ་འདེད་བྱེད་དགོས་ཀྱི་ཡོད་པ་རེད། དེ་ཡིན་དུས་བདག་གིས་ཆེད་དུ་བོད་ཀྱི་སྐད་དང་བོད་ཀྱི་ཡི་གེ་མི་ཤེས་པའི་སྐྱེ་བ་བོད་ལ་སྐྱེ་བའི་མི་དེ་དག་ནི་བོད་མི་ཡིན་པར་ངེས་འཛིན་བྱེད་ཐུབ་ཀྱི་མི་འདུག་ཟེར་ནས་ཞུ་བཞིན་ཡོད་ལགས། ང་ཚོའི་རང་གི་མི་རིགས་འདི་ཉིད་ལ་ཤ་ཚ་ཡོད་པ་དང་ལར་ཞེན་ཡོད་པ་བདེན་པ་ཡིན་ན། ཐོག་མར་རང་གི་སྐད་དང་ཡི་གེ་མ་ཤེས་པར་ལར་ཞེན་སྲུང་སྐྱོབས་བྱེད་སྟངས་ཤིག་མེད། དཔལ་འབྱོར་དར་རྒྱས་ཀྱི་སྐོར་ཁོ་ནའི་འགྲིག་གི་ཡོད་པར་འདོད་མཁན་དག་ལ། མི་རིགས་ཟེར་བ་དེ་ཡོད་མེད་ལ་བསམ་བློ་ཞེ་དྲགས་གཏོང་འདོད་མེད་པའི་ནད་ངན་ཞིག་བྱུང་ཡོད་པ་རེད། དེ་ཡིན་དུས་དེ་ཡི་རིགས་ཀྱིས་རང་གི་སྐད་ཡིག་གི་གོང་ཚད་ནི་རང་གི་ཁྱིམ་དང་བཟའ་མི་ལས་ཀྱང་གོང་ཆེན་པོ་ཡིན་པ་ཤེས་ཀྱི་མེད་པ་རེད།

    Reply
  8. free sopu says:
    ལོ་ 15 སྔོན།

    ང་ཡང་བོད་ཞེས་པའི་མི་རིགས་འདི་ལ་དགའ་མཁན་ཞིག་ཡིན་པ་དང་།
    ནང་དགོས་སུ་སོ་སོས་མཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་ལ་གཅེས་སྐྱོང་བྱེད་མཁན་ཞིག་ཡིན་པས་ཆ་ནས་ངས་ཁྱོད་ལ་རྒྱབ་སྐྱོར་དང་ཡི་རང་ཞུ་བཞིན་ཡོད། ཡིནའང་བོད་སྐད་དང་བོད་ཡིག་མ་ཤེས་ན་བོད་མི་མིན་ཞེས་བཤད་ན་ཅུང་ཐལ་དྲག་འདུག་བསམ་བྱུང་། གང་ཡིན་ཞེ་ན། དེ་ཚོ་ཁོ་རང་ཚོ་ལས་དེས་ཕ་མ་ལ་སྐྱོན་འདུག་བསམ་གི། ཁ་ཤས་ཤིག་ཆུང་དུས་ནས་རྒྱའི་སློབ་གྲྭར་བཏང་རྒྱ་སྐད་བསླབ་དེ་བཞིན་ཁ་ཤས་ཤིག་ལ་དབྱིན་ཡིག་རྒྱ་གར་ཡི་གེ་བསླབ་སྐད་འདྲེས་མ་བཤད་ཡོང་དུས་ཕྲུ་གུ་ལ་རང་བཞིན་གྱི་བག་ཆགས་ཆགས་འདུག་བསམ་བྱུང་ལགས།

    Reply
  9. sha tak ri sim says:
    ལོ་ 15 སྔོན།

    བཟོད་པ་ལྷ་རྩེ་ལགས། ཉིད་ཀྱིས་བསམ་ཚུལ་གསུངས་པ་དེར་ཐུགས་རྗེ་ཆེ། དངོས་ནས་འདྲ་བོ་ཞིག་འདུག བོད་མིའི་རིགས་སུ་སྐྱེ་བའི་བོད་སྐད་དང་བོད་ཡིག་མི་ཤེས་པའི་རིགས་དེ་ལ་ཕྱི་རྒྱལ་བོད་མིའི་རོགས་ཚོགས་ཞེས་བཏགས་ན་དངོས་ནས་འཚམ་པོ་འདུག དེ་མིན་པའི་བོད་སྐད་དང་བོད་ཡིག་མ་ཤེས་ན་བོད་མིན་ཟེར་བ་དེར་ངས་དུས་ཡུན་རིང་བོར་བསམ་བློ་བཏང་བ་ཞིག་ཡིན་ལགས།

    Reply
  10. sha tak ri sim says:
    ལོ་ 15 སྔོན།

    གངས་རི་སྐྱབས་ལགས། ཉིད་ཀྱིས་རེ་སྐུལ་དང་ལེན་ལོས་བྱེད་ལགས།

    Reply
  11. losang sopa (s) says:
    ལོ་ 15 སྔོན།

    བོད། ཤ་ཁྲག་རུས་གསུམ་ལགས་ང་ཁྱེད་ཀྱི་ཟིན་བྲིས་ནང་འཆམ་འཆམ་ལ་གཅིག་ཡོང་བས་བོད་སྐད་དང་བོད་ཡིག་མ་ཤེས་ན་བོད་མི་མ་རེད་ཟེར་བའི་དཔྱད་རྩོམ་མམ་བསམ་ཚུལ་དེར་ཅུང་འགརཆེ་བའི་རྣམ་པ་ཞིག་མཐོང༌། དེ་ན་བོད་སྐད་དང་བོད་ཡིག་གང་ཡང་མི་ཤེས་པའི་རང་རིགས་ཚ་བོ་ཚ་མོ་བོད་དོན་ཐོག་ལ་ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་བཞིན་པ་རྣམས་ཕྱི་རྒྱལ་གྱི་རོགས་ཚོགས་མི་སྣ་ཞིག་ཏུ་འགྲེལ་བརྗོད་བྱས་ན་ག་ལ་འགྲིག་སྙམ། དེའི་ཕྱིར་བོད་སྐད་དང་བོད་ཡིག་མི་ཤེས་པ་བོད་ཀྱི་རིགས་ཞེན་མེད་ན་བོད་པ་མིན་གསུང་ན་ཧ་ཅང་ལེགས་སྙམ་པ་ད་དུང་དཔྱད་པ་འཚལ།

    Reply
  12. gangrikyab says:
    ལོ་ 15 སྔོན།

    གྲོགས་པོ་ཚོ་གཤམ་དུ་དྲ་བྱང་ཐོག་རྡེག་ནོན་གྱིས་སོ་སོའི་རྩོམ་ཡིག་གི་མཇུག་ཏུ་མ་ཎི་གསོག་སྒམ་བཞག་ཡོད་པའི་ནང་མ་ཎི་རེ་གསོག་རྒྱུ་དང་། དེ་ནས་མུ་བཞིན་གཞན་གྱི་མྱ་ངན་རྩོམ་ཡིག་བཀླགས་ན་དེ་དག་གི་མཇུག་ཏུའང་མ་ཎི་གསོག་སྒམ་ཡོད་པས་དེར་ཡང་མ་ཎིའི་ཞལ་འདེབས་གནང་རྒྱུ་ཐུགས་འཇགས་འཚལ།
    http://yushul414.blogspot.com/2010/04/blog-post_18.html

    Reply
  13. sha tak ri sim says:
    ལོ་ 15 སྔོན།

    ཇིང་སྲས་མིག་གསུམ་པ་ལགས། བོད་ལྭ་གྱོན་མིན་དེ་ནི་དེ་འདྲའི་གལ་ཆེན་པོ་ཞིག་ཆགས་མི་འདུག ཡིན་ཡང་། དེ་ནི་གྱོན་གོས་ཀྱི་ཐད་ནས་བཤད་པ་ཡིན་ན་བོད་པའི་བོད་ལྭ་གྱོན་རྒྱུ་དེ་ནི་དངོས་ནས་དགེ་མཚན་ལྡན་པ་ཞིག་རེད་ལགས། ཉིད་ལ་བདག་གི་བསམ་ཚུལ་འདིའི་ཐད་དུ་བསམ་ཚུལ་ཐད་ཀར་དུ་གསུང་རྒྱུ་འདྲ་མེད་དམ་ལགས།

    Reply
  14. sha tak ri sim says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས། ཉིད་ཀྱིས་གནད་འགག་ཞིག་གསུངས་འདུག རེད་དེ། ཉིད་ནས་ཐད་ཀར་རང་གི་བསམ་ཚུལ་གང་ཡོད་པ་དེ་གསུང་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག་ལགས།

    Reply
  15. sha tak ri sim says:
    ལོ་ 15 སྔོན།

    གནམ་ལྕགས་ལགས། ངས་འདིའི་སྐོར་ལ་བསམ་བློ་མང་བོ་ཞིག་བཏང་བ་ཡིན། དེ་ཡི་སྟབས་ཀྱིས་བདག་གིས་སེམས་ཐག་གཅོད་པོའི་སྒོ་ནས་དེ་ལྟར་བཤད་པ་ཡིན། ཉིད་ལ་དེ་ཡི་སྐོར་ལ་བསམ་ཚུལ་མི་མཐུན་པ་གང་ཡོད་ན་གསུང་ན་དགའ་བསུ་ཡོད་ལགས།

    Reply
  16. free sopu says:
    ལོ་ 15 སྔོན།

    འོ་ན། བོད་ལྭ་མ་གྱོན་ན།

    Reply
  17. chokri nyima says:
    ལོ་ 15 སྔོན།

    བོད་སྐད་མི་ཤེས་པའི་བོད་པ།
    སྐྱབས་འགྲོ་མི་ཤེས་པའི་ནང་པ།
    ཆབ་སྲིད་མི་ཤེས་པའི་སྤྱི་འཐུས།
    འདིར་གསུམ་སྡུག་གི་གཞི་རྩ་རེད།

    བོད་ཡིག་འདི་བཙན་བྱོལ་གཞུང་གི་གཞུང་ཡིག་ཡིན་ནམ། གཞུང་གི་ལས་ཁུངས་རྣམས་ཀྱི་ནང་དུ་བོད་ཡིག་གི་སྙན་ཞུ་ཙམ་ཡང་འགྲོ་སར་མི་འདུག་ཟེར་བ་འདི་ཚོ་བདེན་པར་ཡིན་ནམ།

    Reply
  18. kkalsang says:
    ལོ་ 15 སྔོན།

    བོད་སྐད་དང་བོད་ཡིག་མི་ཤེས་པའི་བོད་པ་དེ་བོད་མ་རེད་ཟེར་ཁག་པོ་རེད། དེ་བས་བོད་པའི་དྲི་མ་མི་བྲོ་བའི་བོད་ཅེས་བཤད་ན་འགྲིག དེའི་རིགས་དུས་གཏན་ནས་བགར་མི་ཉན། དེའི་སྐོར་ལ་བསམ་བློ་ཡག་པོ་ཞིག་གཏོང་དགོས་ཀྱི་འདུག གྲོགས་པོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese