མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོད་ཟེར་གྱིས་ཡུལ་ཤུལ་ཟིན་ཐོར་བཀོད་པ་རྣམས།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

                                              
 འོད་ཟེར་པོད་ཁུག་ལས་བསྒྱུར།    ནགས་ཤོད་སད་མི།
 
ཡུལ་ཤུལ་ནས་འབྱོར་བའི་གནས་ཚུལ།  བོད་ཀྱི་བུད་མེད་ཅིག་གི་སྐྱོ་གླུའི་ནང་།“༼ང་ཚོས་འབྲོག་པའི་འཚོ་བ་བཞག་སྟེ། རྡོ་བ་དང་ཤིང་ལས་བསྐྲུན་པའི་ཁང་པར་གནས་སྡོད་བྱེད་པའི་སྐབས།  ང་ཚོས་འདི་ལྟ་བུའི་མཐའ་འབྲས་ཤིག་ཡོང་གི་རེད་བསམ་བསམ་མེད།  ཡུད་ཙམ་ཞིག་ལ་ང་ཚོའི་ཕ་ཡུལ་འདི་དུར་ས་ཞིག་ཏུ་ཆགས་སོང་།  དུས་འདིར།  ང་ཚོས་ཕ་མེས་ཡང་མེས་ནས་འཚོ་སྡོད་བྱ་སའི་སྦྲ་ནག་གྲུ་བཞི་དེ་ཇི་ལྟར་དྲན་མི་སྲིད།༽  ”
 
ཡུལ་ཤུལ་ནས་འབྱོར་བའི་གནས་ཚུལ།  ཚེས་ ༢༠ ཉིན་བླ་གྲྭ་དག་ཕྱིེར་བསྐྲད་སོང་། སྲིད་གཞུང་གི་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་གནོད་ཐེབས་ས་ཁུལ་དུ་རོགས་སྐྱོབ་བྱེད་བཞིན་པའི་དགེ་འདུན་པ་རྣམས་རང་ས་ན་ཕྱིར་ལོག་བྱ་དགོས་པར་བཤད།  ད་དུང་ནན་པོའི་སྒོ་ནས་བཤད་དོན། “ཁྱོད་ཚོས་ག་རེ་ཡིན་ན་བྱས་སོང་།  ཧ་ཅང་གིས་ཐལ་དྲགས་པ་རེད།  ད་མྱུར་མགྱོགས་ཀྱིས་སོ་སོའི་ས་གནས་སུ་ཕྱིར་ལོག་རྒྱུགས། དེ་མིན་ན། རྙོག་གྲ་ཡོང་གི་རེད་ཟེར།  ལས་བྱེད་པ་ཞིག་གིས་དགེ་འདུན་པ་ཚོར་བརྗོད་དོན།  ད་ལྟ་བདེ་སྲུང་གི་དམག་དཔུང་སྐྱེ་རྒུ་རུ་འཛོམས་ཚར་འདུག་ཟེར། 
 
ཡུལ་ཤུལ་ནས་འབྱོར་བའི་གནས་ཚུལ།   ཚེས  ༢༠  ཉིན་དགེ་འདུན་པ་ཕྱིར་བསྐྲད་སོང་།  སྲིད་གཞུང་གིས་འཇིགས་སྣང་བསྐུལ་བ་ལ་བརྟེན་ནས།   ད་ཆ།  གནོད་ཕོག་ས་ཁུལ་ཆེས་ཐོག་མར་འབྱོར་མཁན་གྱི་དཀར་མཛེས་ས་ཁུལ་སེར་ཤུལ་རྫོང་སེར་ཤུལ་དགོན་པའི་དགེ་འདུན་པ་བརྒྱ་ཕྲག་འགའ་ཤས་གནོད་ཐེབས་ས་ཆ་ནས་ཁ་མ་བྲལ་རང་བྲལ་ཆགས་ཡོད་པས།   ཕྱིར་ལོག་བྱ་རྒྱུའི་མགོ་རྩོམ་བཞིན་འདུག
 
ཡུལ་ཤུལ་ནས་འབྱོར་བའི་གནས་ཚུལ།   དགེ་འདུན་པའི་མུག་སྐྱོབ།  དཀར་མཛེས་ས་ཁུལ་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ནས་དངུལ་དམར་སྒོར་ཁྲི  ༣༨༠  ཁུར་ནས།   ཚེས  ༡༩  ཉིན་བོད་རྒྱ་ཧུའུ་རིགས་སོགས་ཀྱི་དབྱེ་བཀར་མེད་པར། མི་ཤི་ཁྱིམ་སྐྱོན་བྱུང་བའི་དུད་ཚང་དུ།  འདས་པོ་རེེར་སྒོར་ ༢༠༠  དང་། ཁང་པ་ཞིག་རལ་སོང་བ་དག་ལ་སྒོར  ༢༠༠   བཅས་ཆ་བགོས་བྱས་ནས་ཤུལ་ལུས་ཚོའི་ལག་པར་བསྟབས་འདུག་ལ།  དགོན་པ་གཞན་དག་ཚོས་ཀྱང་དེ་ལྟར་བྱེད་ཀྱི་ཡོད་པ་རེད་འདུག
 
ཡུལ་ཤུལ་ནས་འབྱོར་བའི་གནས་ཚུལ། དགེ་འདུན་པའི་མུག་སྐྱོབ། ཉིན་འདི་འགའི་རིང་ལ། སེར་ཤུལ་དགོན་དང་། གསེར་རྟ་ལྔ་རིག་ནང་བསྟན་སྤོབ་གླིང་སོགས་ཀྱི་དགོན་ཁག་གཞན་ནས་མི་དམངས་སྡོད་ཁུལ་དུ་ཐབ་ཀ་བཅས་ནས་རྩམ་ཐུག་བསྐོལ་བ་དང་། གེགས་ཕོག་མི་དམངས་ཚོར་བཟའ་བཅའ་སྣ་ཚོགས་ཀྱང་ཆ་བགོས་བྱས་ནས་སྦྱིན་གཏོང་བྱས་འདུག 
 
ཡུལ་ཤུལ་ནས་འབྱོར་བའི་གནས་ཚུལ། གཞུང་ཕྱོགས་ཀྱི་དྲིལ་བསྒྲགས་ཡོང་རྫོགས་ནང་དུ་དམག་གི་རོགས་སྐྱོབ་དང་།པར་རིས། གནས་ཚུལ་རྐྱང་ཡིན་པ་ལས།  དགེ་འདུན་པ་ཚོས་མི་སྲོག་སྐྱོབ་པའི་གནས་ཚུལ་གཡོལ་གྱི་ཡོད་པ་འདི་ཅི་རེད། འདི་སྐོར་གནོད་ཐེབས་མི་དམངས་ནང་མ་རངས་པའི་བསམ་འཆར་གླེང་གིན་ཡོད་པ་རེད།  དགེ་འདུན་པ་ཚོས་ད་དུང་བཤད་རྒྱུར། ལུང་དགུའི་ས་འགུལ་གྱི་གནས་ཚུལ་སྤེལ་གཏོང་བྱེད་པའི་སྐབས་སུ་ཕྱི་ཕྱོགས་ཀྱི་དང་བླངས་རོགས་སྐྱོབ་པའི་སྐོར་དྲིལ་བསྒྲགས་བྱས་པ་རེད། ཡིན་ནའང་།  ཡུལ་ཤུལ་གྱི་ས་ཡོམ་སྐབས་དང་བླངས་གྲྭ་པ་ཚོར་སྣང་མེད་གཏོང་དགོས་པའི་རྒྱུ་རྐྱེན་ཅི་ཞིག་རེད། ཅིའི་ཕྱིར་དུ་ང་ཚོ་གླེང་གི་མེད་པ་རེད་ཟེར།
 
ཡུལ་ཤུལ་ནས་འབྱོར་བའི་གནས་ཚུལ། ཕྱོགས་སོ་སོ་ནས་རོགས་སྐྱོབ་ཅ་དངོས་སྐྱེ་རྒུ་མདོར་འབྱོར་ཡོད་ན་ཡང་།གནོད་ཐེབས་མི་དམངས་ཀྱི་ལག་པར་སླེབས་རྒྱུར་ནུས་པ་ཐོན་མེད་ལ། ཧ་ཅང་གི་ཟང་ཟིང་ཆགས་ཡོད་པ་རེད། ཕྱོགས་གཅིག་ན།  གུར་དང་བཟའ་བཅའ་རི་ལྟར་སྤུངས་ཡོད་པ་དང་། ཕྱོགས་གཞན་ཞིག་ན། གནོད་ཕོག་མི་དམངས་འཁྱག་ལྟོགས་གིས་མནར་བཞིན་ཡོད་འདུག
 
ཡུལ་ཤུལ་ནས་འབྱོར་བའི་གནས་ཚུལ།   གནོད་ཐེབས་མི་དམངས་ཚོས  ༸  སྐྱབས་མགོན་ཏཱ་ལའི་བླ་མ་རེ་སྒུག་བྱས་ནས་ཡོད་པ་རེད།  ད་ཆ།  གནོད་ཕོག་ས་ཁུལ་དུ  ༸  གོང་ས་མཆོག་གནོད་ཐེབས་ས་གནས་ལ་ཕེབས་ནས།  ས་འགུལ་གྱི་གནོད་པ་ཐེབས་པའི་མི་དམངས་ཚོར་སེམས་གསོ་དང་སྨོན་ལམ་འཚོག་རྒྱུ་རེད་ཅེས་པའི་སྐད་ཆ་འདི་གང་སར་འཁྱམ་བཞིན་ཡོད་པ་རེད། ཚེས་ ༡༩  ཉིན་ཡུལ་ཤུལ་ནམ་མཁའ་ནས་འཕུར་བའི་གནམ་གྲུ་དེའི་ནང་ནས་ ༸  གོང་ས་མཆོག་གིས་གནོད་འཚེ་ཕོག་པའི་མི་དམངས་ཚོར་ཐུགས་སྨོན་དང་།  བྱིན་རླབས་གནང་གི་ཡོད་པར་ངོས་འཛིན་ཡང་བྱས་འདུག  
 
ཡུལ་ཤུལ་ནས་འབྱོར་བའི་གནས་ཚུལ།  ཚེས་ ༡༧  ཉིན། དགེ་འདུན་པ་སྟོང་ཚོ་བརྒལ་བ་ཞིག་གིས་ཆོས་ལུགས་ཀྱི་བྱེད་སྒོ་དང་སྦྲགས་ཏེ། རྐྱེན་ལམ་དུ་ཤོར་བའི་མི  ༢༠༠༠  ལྷག་གི་ཕུང་པོ་ཞུགས་འབུལ་བྱས་རྗེས། ཉིན་འདི་ཚོའི་རིང་སྔ་མའི་ཞུགས་འབུལ་བྱས་ཤུལ་ན། རྟག་པར་འདས་པོ་བརྒྱ་ཕྲག་གི་ཕུང་པོ་མེར་བསྲེགས་བྱ་བཞིན་ཡོད་འདུགཡང་། ཤུལ་ལུས་ནང་མི་འགའ་རེས་ཕུང་པོ་དགོན་ཁག་གཞན་དུ་དབོར་ནས་ཞུགས་འབུལ་ཞུ་བཞིན་ཡོད་པ་རེད། སྲོག་ཉེན་ལས་ཐར་བའི་མི་མང་ཆེ་བ་ནི།  ཐོག་དང་པོར་ས་གནས་ལ་འབྱོར་མཁམ་གྱི་དགེ་འདུན་པས་བསྐྱབས་གནང་བ་རྣམས་ཡིན་འདུག
 
ཡུལ་ཤུལ་ནས་འབྱོར་བའི་གནས་ཚུལ། ས་འགུལ་འདིའི་ནང་འཆི་སྐྱོན་བྱུང་མཁན་ཕལ་མོ་ཆེ་བོད་མི་ཡིན་པ་ཕུད། ད་དུང་། ཡུལ་ཤུལ་དུ་ཡོང་འབབ་གསོག་མཁམ་གྱི་རྒྱ་མི་དང་། ཧུའུ་རིགས་སོགས་ཡོད་འདུག  ཁོང་ཚོ་མང་ཆེ་བ་ནི་ཁང་པ་ཐབས་ཆག་གི་ནང་དུ་ཟ་ཁང་གཉེར་མཁན་དང་། ཚོང་ཁང་བཟུང་མཁན་སོགས་རེད་ལ་ས་འགུལ་ནང་ཤི་རྨས་ཧ་ཅང་ཚབས་ཆེན་ཕོག་ཡོད་པ་རེད། སྲིད་གཞུང་གིས་ཁོང་ཚོ་གནས་སྤོས་མི་དམངས་ཀྱི་ཁོངས་སུ་བཞག་ནས། ད་ལྟའི་ཆར་རྐྱེན་ལམ་ཤོར་བའི་གྲངས་ཀའི་ནང་ཐེ་མེད་པ་རེད་ཟེར།

 

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༦ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 7

  1. ནགས་མེ། says:
    ལོ་ 16 སྔོན།

    འཇིགས་ཞུམ་ཀུན་བྲལ་གྱི་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱི་ཟིན་བྲིས་དང་འདྲ་བའི་གནས་ཚུལ་ཚ་པོ་དང་ནུས་པ་དངོས་ཡོད་ཐོན་ཐུབ་པ་ནི། གཞུང་སྒེར་སུའི་དྲ་རྒྱ་ལ་ཡང་མཐོང་རྒྱུ་མེད།

    Reply
  2. བྱམས་པ་རྒྱལ་མཚན says:
    ལོ་ 16 སྔོན།

    གནད་འགག་ལ་ཐུག་དུས་དགེ་འདུན་པ་འདི་ཚོར་དམིགས་བསལ་སེམས་ཤུགས་དང་ནུས་པ་ཞིག་ཡོད་པ་འདི་ང་ཚོའི་སེམས་ནས་ནམ་ཡང་མ་བརྗེད་པར་བྱས་ཏེ་ག་དུས་ཡིན་ནའང་སྐད་ཆ་བཤད་ཉེས་མི་བཤད་པར་རྒྱུ་མཚན་དང་གནས་ལུགས་བགྲངས་རྒྱུ་ནི་གལ་ཆེན་ཡིན་པ་འདི་སེམས་ལ་འཛིན་དགོས་པ་ཤེས་སོང་ངམ།

    Reply
  3. ལུང་རྟོགས། says:
    ལོ་ 16 སྔོན།

    དགེ་འདུན་པས་མི་མང་པོ་སྲོག་སྐྱོབ་པ་དེ་ཧ་ཅང་གི་ཐལ་དྲགས་པ་རེད་ཟེར་བ་ཡིན་ནམ། དེ་ལས་གཞན་ཅི་ཞིག་ཐལ་དྲགས་པ་ཡིན། རྒྱ་འདྲེ་འདི་ཚོས་འགྱེལ་ཐོག་རྡོག་རྫིས་བཏང་གི་འདུགས། མཐའ་གཅིག་ཏུ་ངོ་བརྒོལ་ཡོད།
    རང་གཞུང་གི་ཐོག་ལ་མཆུ་ཚེར་མ་ལས་རྣོ་བ་དེ་ཚོ་ཤི་སོང་བ་རེད་དམ།

    Reply
  4. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    ཡུལ་ཤུལ་མི་མང་གི་སེམས་ཐག་ཉེ་ས་དང་བློ་སྟེན་ས་ཚང་མ་དགེ་འདུན་པ་ཚོ་ལས་རྒྱ་རྒན་རོགས་སྐྱོང་བ་དེ་ཚོ་མིན་པ་ཤེས་ནས་དེ་ལྟར་བྱེད་ན་ད་ལྟ་ཁོ་ཚོས་ལས་ཀ་ཏོག་ཙམ་བྱེད་ཁུལ་བྱས་པ་དེ་ཡི་མི་མང་ལ་ངོམ་རྒྱུ་མེད་པ་མ་ཟད།ད་དུང་མུ་འཐུད་ནས་གྲྭ་བ་འདི་ཚོ་བཞག་ན་ང་ཚོས་རྒྱལ་ཁ་ནམ་ཡང་ཐུབ་མི་སྲིད་སྙམ་ནས་དགེ་འདུན་པ་ཚོ་དང་མི་མང་ཁ་བྲལ་དུ་བཏང་བ་དང་།དགེ་འདུན་པ་ཚོ་ལ་དམག་ཡོང་གི་ཡོད་པའི་འཇིགས་སྐུལ་ཡང་བཏང་བ་རེད།ངོ་མ་དེ་ནི་རྒྱ་གཞུང་གི་བོད་མི་སེམས་འགུལ་ཐེབས་རྒྱུ་ཕར་ཙམ་བཞག་ད་དུང་དགེ་མདུན་པ་ཚོ་དང་མི་མང་ཁ་བྲལ་དུ་བཏང་བའི་ཉེ་བ་ཆེན་པོ་བསགས་ཚར་བ་རེད།སོང་ཙང་ཁོ་ཚོས་རྒྱ་དར་ཕྱེད་ཙམ་མ་ཟད།ཆ་ཚང་ཕབ་ན་ཡང་བོད་མི་ཡི་སེམས་པ་སླུ་མི་ཐུབ།
    དེ་ཡི་ག་ལ་ཚད་ཁོ་ཚོས་གྲྭ་བ་འདི་ཚོ་ལོག་སོང་ན་གཞུང་གི་ས་གནས་དེ་ལ་རོགས་དངུལ་དང་རོགས་སྐྱོང་མི་སྣ་ཏོག་ཙམ་བཏང་བའི་འགྲོ་སོང་ལས་ལྷག་པར་ཞིག་ས་གནས་མི་མང་གི་རྒྱུ་དངོས་རྐུ་འཁྱེར་བྱེད་དགོས་བསམ་གྱི་ཡོད་པ་ཐག་ཆད།

    Reply
  5. གཡུ་སྒྲ། says:
    ལོ་ 16 སྔོན།

    ད་རྒྱ་རོ་ཚང་གིས་འདུག་ག་ཟིག་མི་འཇུག་གི ཕ་ཤི་ཁྱིམ་སྟོང་ཡོང་བའི་སྐབས་སུ་ད་དུང་ང་ཚོ་རྩེད་སྐྱེད་བྱེད་ཀི། ཨཱ་་ཧ་ཨོ་་་་་་་

    Reply
  6. གནམ་ལྕགས། says:
    ལོ་ 16 སྔོན།

    འོད་ཟེར་གྱི་རྩོམ་ཡིག་འདིས་སེམས་འགུལ་ཐེབས་སུ་བཅུག་སོང་། དངོས་གནས་བཤད་ན་དེ་འདྲ་རེད། གྲྭ་བས་རོགས་སྐྱོར་བྱེད་ཀྱིན་པའི་རྣམ་པ་མཚོ་སྔོན་བརྙན་འཕྲིན་མ་གཏོགས་གཞན་གང་དུ་ཡང་སྟོན་གྱི་མི་འདུག་ལ། བཤད་ཀྱིན་ཡང་མི་འདུག ད་དུང་མང་ཚོགས་ཀྱི་དཀའ་ངལ་དངོས་ག་འདྲ་ཡིན་མིན་མི་སྟོན་པར་དམག་མི་ཚོས་བང་བསྒྲིགས་ནས་རོགས་སྐྱོར་བྱེད་དུ་འགྲོ་བ་དང་དམག་གི་རླངས་འཁོར་ཆེན་པོ་འགའ་ཡང་དང་བསྐྱར་དུ་སྟོན་གྱི་འདུག ད་དུང་མདང་དགོང་མཚོ་སྔོན་བརྙན་འཕྲིན་ནས་གྲྭ་བ་ཞིག་ལ་བཅར་འདྲི་བྱེད་ཀྱིན་པ་དེས་ཀྱང་གསུང་སོང་ངཱ་། ད་དགྱ་ནག་ཟེར་བ་འདིས་ང་ཚོ་ལ་ཡག་པོ་ཞིག་བྱེད་ཀྱིན་མེད་པ་ནི་ཁ་ཡོད་ལག་ཡོད་རེད། དེའི་སྟབས་ཀྱིས་ང་ཚོའི་མི་རིགས་ཀྱིས་མགོ་བོ་ཡར་ལ་ཁྱོགས། སེམས་རྒྱ་ཆེ་རུ་སྐྱེད་ཅིག ཤ་རུས་གདུང་རྒྱུད་གཅིག་པའི་གངས་ཅན་པ།

    Reply
  7. ཁ་བའི་འོད་མདངས། says:
    ལོ་ 16 སྔོན།

    དངོས་ཡོད་གནས་ཚུལ་རྒྱུས་ལོན་བྱས་པ་དག་འདི་ལྟར་སྤེལ་བ་ལ་དགའ་བསུ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese