མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོལ་རྒྱལ་ཚོགས་པའི་ཞུ་གཏུགས་རྩིས་མེད་དུ་བཏང་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

ལོ་གཉིས་ཀྱི་སྔོན་ལ་དོལ་རྒྱལ་ཚོགས་པས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་། རྒྱ་གར་དབུས་གཞུང་དང་ཧི་མ་ཅལ་མངའ་སྡེ་བཅས་ཁྲིམས་བྱས་པ་དེ་ལྡི་ལི་མཐོ་རིམ་ཁྲིམས་ཁང་གིས་རྩིས་མེད་བཏང་བ་ཕྱིར་བསྒྲགས་བྱས་འདུག

དེ་རིང་ཞོགས་པར་བོད་གཞུང་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ལོ་གཉིས་ཀྱི་གོང་དུ་དོལ་རྒྱལ་ཚོགས་པའམ་རྡོ་རྗེ་ཤུགས་ལྡན་ལྷ་མི་སྲུང་སྐྱོབ་ཚོགས་པ་ཟེར་བས། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ཕྱོགས་ནས། དོལ་རྒྱལ་རྗེས་འབྲང་པར་བརྙས་བཅོས་དང་སྡུག་སྦྱོང་གཏོང་གི་ཡོད་པའི་ཉེས་འཛུགས་དང་ཁྲིམས་གཏུག་བྱས་པར། ལྡི་ལི་མཐོ་རིམ་ཁྲིམས་ཁང་ནས་བརྩིས་མེད་བཏང་འདུག་ཟེར།

གསར་འགྱུར་དེའི་ནང་ད་དུང་། ལྡི་ལི་མཐོ་རིམ་ཁྲིམས་ཁང་གི་ཁྲིམས་དཔོན་ཨེ་ས་མུ་ར་ལི་དྷར་ (Justice S.Muralidhar) ལགས་ཀྱིས་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༥ ཉིན་བཏང་བའི་བཀོད་ཁྱབ་ནང༌། དོལ་རྒྱལ་རྗེས་འབྲངས་པའི་སྙན་ཞུ་དང་བདེ་སྙན་ནང་འཁོད། ཁོང་ཚོར་བརྙས་བཅོས་དང་སྡུག་སྦྱོང་གཏོང་ལུགས་ཟེར་བ་དེ་ཁུངས་སྐྱེལ་ཁ་གསལ་མེད་པ་ཞིག་རེད་ཅེས་རྩིས་མེད་བཏང་བ་དང༌། ཡང་སྙན་ཞུའི་ནང་གནས་ཚུལ་གླེང་བ་རྣམས་སྤྱི་མང་ཁྲིམས་ཀྱི་ངོ་བོའི་ནང་མི་ཚུད་པས་རྩ་ཁྲིམས་དོན་ཚན་ ༢༢༦ འོག་དག་བཤེར་བྱེད་མི་ཐུབ་ཅེས་དང༌། རྩོད་ལན་པས་ཡར་ལན་ཕུལ་བའི་ཞུ་ཡིག་ནང་རྡོ་རྗེ་ཤུགས་ལྡན་ཉམས་ལེན་གནང་དང་མ་གནང་དོ་བདག་དགེ་འདུན་པ་སོ་སོའི་འདོད་མོས་རེད། ཅེས་འཁོད་ཡོད་པ་དེ་ལུང་དྲངས་ནས་རྡོ་རྗེ་ཤུགས་ལྡན་ཉམས་ལེན་པ་ཚོར་གནོད་འཚེ་བྱས་པའི་གནས་ཚུལ་གཅིག་ཀྱང་གསལ་མི་འདུག་ཅེས་ལུང་འདྲེན་གནང་།

ལྷག་པར་དུ་ཁྲིམས་དཔོན་ཨེ་ས་མུ་ར་ལི་དྷར་ལགས་ཀྱིས་ཆོས་དང་འབྲེལ་བའི་གནས་ཚུལ་དང་ཆོས་འབྲེལ་བྱེད་སྟངས་སྐོར་ཚོ་ཁག་ནང་ཁུལ་མི་མཐུན་པའི་གནས་ཚུལ་རིགས་མཐོ་རིམ་ཁྲིམས་ཁང་གི་ཁྱབ་ཚད་ལས་བརྒལ་བས། འདི་ནས་ཁྲིམས་ཞིབ་བྱེད་མི་ཐུབ་ཅེས་མ་འོངས་པར་ཞུ་གཏུགས་འདིའི་རིགས་ཁྲིམས་ཁང་ནང་ཡོང་གཞི་མེད་པ་བཟོས་ཡོད་པ་རེད་ཅེས་གསལ་ཡོད།

ཞུ་གཏུགས་དེ་ནི་ལོ་གཉིས་ཀྱི་གོང་དང་གཞིས་ལུས་བོད་མི་ཚོས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་རྗེས་ཀྱི་ཟླ་གཉིས་ཀྱི་རྗེས་ཏེ། ༢༠༠༨ ལོའི་ཕྱི་ཟླ་ ༥ ཟླ་མགོར་བྱས་པ་རེད། དོལ་རྒྱལ་ཚོགས་པས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག རྒྱ་གར་དབུས་དང་ཧི་མ་ཅལ་མངའ་སྡེ་བཅས་རྒྱ་གར་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱས་ཏེ། ཁོང་ཚོར་བརྙས་བཅོས་བྱེད་ཀྱིན་ཡོད་སྐོར་བརྗོད་ཡོད།

སྐབས་དེར་ངྷ་སར་རྟེན་གཞི་བྱས་པའི་ཆོལ་ཁ་གསུམ་གྱི་རྒྱུན་ལས་དང་ཆོལ་གསུམ་ཆིག་སྒྲིལ། དབུ་མའི་ལམ། རྒྱལ་ཡོངས་ཆབ་སྲིད་སྲིད་བཙོན་གྲོལ། ཚོང་ཁང་སྐྱིད་སྡུག མངའ་རིས་སྤྱི་འཐུན། དང་ཟུར་སྐྱིད་སྡུག ངྷ་ས་བོད་མིའི་གསོལ་མགྲོན་སོགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། གོང་གསལ་ཚོགས་སྡེ་ཁག་གིས་དོལ་རྒྱལ་ཚོགས་པའི་ཁྲིམས་གཏུག་གི་བྱ་འགུལ་དེར་མཐའ་གཅིག་ཏུ་ངོ་རྒོལ་དང་སྐྱོན་བརྗོད་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

མཆན། 24

  1. གོང་དཀར་ངག་རྣམ། says:
    ལོ་ 17 སྔོན།

    peyakpo re.
    THANK YOU INDIA,

    Reply
  2. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 17 སྔོན།

    དགེ་ལུགས་ཚང་གི་ འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཟུར་ལུང་རིགས་རྣམ་རྒྱལ་དོལ་ཚོགས་ནང་སྐྱར་ལོགས་བྱེད་པ་རེད་ད་ ཁྱེད་ཚང་ལ་ད་དུང་གང་བཤད་རྒྱུ་ཡོད་ སྔར་རྒྱལ་ཡོངས་དགེ་ལུགས་ཚོགས་ཆེན་ཐོགས་ གཏམ་བཤད་གཅི་གི་ནང་ ༼ད་ལྟའི་བསྐབས་སུ་ང་ཚོ་ཤུགས་ལྡན་སྤངས་དགོས་ནི་རེད་གང་ཡིན་ཟེར་ན་ ༧་གོང་ས་མཆོག་གི་བཀའ་རེད་ དུས་ནམ་ཞིག་ཚད་ཡོད་ནི་མ་རེད་ཟེར་༽ ཚིག་དེ་ལ་འགྲེལ་བཤད་གཅིག་བྱེད་རོག་གནང་དང་

    Reply
  3. བཀྲ་ཤིས། says:
    ལོ་ 17 སྔོན།

    རྒྱབ་སྐྱོར་བྱེད་མི་འོས་པ་ཞིག་ལ་རྒྱབ་སྐྱོར་མ་བྱས་པ་དེ་ཡག་པོ་རེད།

    Reply
  4. བློ་གྲོས་རྒྱལ་པོ། says:
    ལོ་ 17 སྔོན།

    བསམ་སྦྱོར་ངན་པའི་ཚོགས་པ་མ་ལུས་པ། མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག

    Reply
  5. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 17 སྔོན།

    ཉེ་ཆར་སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་པ་བྱུང་སྟེ་མི་མང་བོར་འཆི་རྨས་དང་། རྒྱུ་ནོར་ལོངས་སྤྱོད་ལ་གོད་ཆག་ཚབས་ཆེན་ཐེབས་པ་དེ་ནི། བོད་ཀྱི་ལོ་རྒྱུས་ཁྲོད་ཧ་ཅང་ཡིད་སྐྱོ་བའི་གནས་ཚུལ་ཞིག་དང་། བོད་མི་ཚང་མར་སེམས་འཚབ་ཆེན་པོ་ཆགས་ཡོད། འོད་ཀྱང་དགའ་འོས་པ་ཞིག་ལ་རྒྱ་གར་དབུས་གཞུང་དང་ཧི་མ་ཅལ་མངའ་སྡེ་བཅས་ཁྲིམས་བྱས་པ་དེ་ལྡི་ལི་མཐོ་རིམ་ཁྲིམས་ཁང་གིས་རྩིས་མེད་བཏང་བ་ཕྱིར་བསྒྲགས་བྱས་འདུག ་་་་་་དོལ་རྒྱལ་ཚོགས་པའམ་རྡོ་རྗེ་ཤུགས་ལྡན་འདྲེ་གང་ལྟར་འདི་ཡིས་ཚོགས་པ་ནི་ས་ཡོམ་གྱི་ཁྲོད་དུ་ཤི་བ་དང་གཅིག་མཚུངས་ཡིན་་་་་་་་་འདི་ནི་བོད་མི་ཚོ་དགའ་འོས་པིའི་གནས་ཚུལ་ཆེན་པོ་ཞིག་ཡིན་ལ་དར་དུང་་་་ ལྡི་ལི་མཐོ་རིམ་ཁྲིམས་ཁང་གི་ཁྲིམས་དཔོན་ཨེ་ས་མུ་ར་ལི་དྷར་ (Justice S.Muralidhar) ལགས་བོད་མི་ཡོང་ཀྱིས་ཐུགས་རྗེ་ཆེན་གྲང་མེད་ཞུ་ཞུ་ཞུ་་་

    Reply
  6. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 17 སྔོན།

    ཉེ་ཆར་སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་པ་བྱུང་སྟེ་མི་མང་བོར་འཆི་རྨས་དང་། རྒྱུ་ནོར་ལོངས་སྤྱོད་ལ་གོད་ཆག་ཚབས་ཆེན་ཐེབས་པ་དེ་ནི། བོད་ཀྱི་ལོ་རྒྱུས་ཁྲོད་ཧ་ཅང་ཡིད་སྐྱོ་བའི་གནས་ཚུལ་ཞིག་དང་། བོད་མི་ཚང་མར་སེམས་འཚབ་ཆེན་པོ་ཆགས་ཡོད། འོད་ཀྱང་དགའ་འོས་པ་ཞིག་ལ་རྒྱ་གར་དབུས་གཞུང་དང་ཧི་མ་ཅལ་མངའ་སྡེ་བཅས་ཁྲིམས་བྱས་པ་དེ་ལྡི་ལི་མཐོ་རིམ་ཁྲིམས་ཁང་གིས་རྩིས་མེད་བཏང་བ་ཕྱིར་བསྒྲགས་བྱས་འདུག

    Reply
  7. རྨོག་རུ་བསྟན་པ། says:
    ལོ་ 17 སྔོན།

    བསམ་སྦྱོར་ངན་པའི་གདུག་རྩུབ་མ་ལུས་པ།།
    མཆོག་གསུམ་བདེན་པའི་བརྩད་ནས་གཅོད་གྱུར་ཅིག
    ཁྱོད་ཚོར་ཉིན་འདིའི་སྒྱུང་ཞིག་བཤད།
    དོལ་རྒྱལ་ཚོགས་པའི་༸གོང་ས་མཆོག་ཁྲིམས་གཏུགས་ཀྱི་ཉིན་མོ་དེར་མོན་གྷོ་འདོད་རྒྱུ་གླིང་གི་ཛ་དྲག་ཚོགས་ཆུང་གི་གོ་སྒྲིག་འོག་མྱ་ངན་གྱི་ལས་འགུལ་ཞིག་གོ་སྒྲིག་བྱས་ཡོད་པ་རེད། ཛ་དྲག་ཚོགས་ཆུང་གིས་གྲོང་སྡེ་དང་དགོན་སྡེ་ཁག་གི་མི་སུ་ཡང་ཕྱིར་མི་ཏོན་རྒྱུར་གསལ་བསྒྲགས་སྤེལ་བ་རེད། ས་གནས་བུད་མེད་ཚོགས་གཙོ་པདྨོ་ལགས་ཉིན་དེའི་ཞོགས་པའི་ཆུ་ཚོད་༨པའི་སྟེང་རླངས་འཁོར་ཞིག་ལ་བསྡད་དེ་ཁོ་མོའི་གཞིས་གྲོང་བཞི་བའི་ཁོ་མོའི་ཁྱོ་ཀའི་ནང་སོང་བ་རེད། སྟབས་མ་ལེགས་པར་གྲོང་སྡེ་བཞི་བའི་བརྒྱ་དཔོན་སོགས་ཀྱིས་འདྲི་གཅོད་དང་ཁྲིམས་འགལ་དུ་བརྩིས་ཏེ་རླངས་འཁོར་ལ་ཧིན་སྒོར་༡༥༠༠ཏམ་པའི་ཆད་པ་དང་། བུད་མེད་ཚོགས་གཙོ་དང་མོའི་ཁྱོ་ཀ་གཉིས་ཀ་གྲོང་སྡེ་ཚོགས་འདུ་སར་ཁྲིད་དེ་ཕྱག་འཚལ་བ་དང་། ༸གོང་ས་མཆོག་གི་སྐུ་པར་ལ་མཇལ་དར་སྒྲོན་འབུལ་ཞུ་བཅུག་པ་རེད། དེ་དང་ཆབས་ཅིག་བུད་མེད་ཚོགས་གཙོའི་ཉེས་པ་ཞེས་པའི་ཤོག་ལྷེབ་གཉིས་ཅན་ཞིག་གྲོང་སྡེ་ཁག་དགུར་བཀྲམས་སྟེ་སྡེ་སོ་སོའི་མ་ཎིའི་ཚོགས་ཏོག་ནས་གསལ་བསྒྲགས་བྱེད་བཅུག་པ་རེད།
    ཉིན་གཉིས་པ་དེར་ཛ་དྲག་ཚོགས་ཆུང་གིས་ཛ་དྲག་ཚོགས་འདུ་ཡོད། ཡོང་དགོས་པའི་བརྡ་ལན་འབྱོར་སོང་།་ ང་རང་རང་བདེན་ཚོགས་ཆུང་གི་ལས་དོན་ཞིག་གི་ཆེད་གྲོང་སྡེ་དགུ་བར་ཡོད། ངེད་ཀྱི་ལས་རོགས་ཤིག་བཏང་སྟེ་ང་རང་ཚོགས་འདུར་བཅར་ཏུབ་མ་སོང་། དགོང་མོ་དེར་ངེད་ཀྱི་ལས་རོགས་ལ་ཁ་པར་བཏང་སྟེ་ཛ་དྲག་ཚོགས་ཆུང་གིས་ག་རེ་ཏག་གཅོད་བྱས་སོང་ལབ་པ་ཡིན། གཞན་པ་གང་ཡང་མི་འདུག་ བུད་མེད་ཚོགས་གཙོས་ཛ་དྲག་ཚོགས་ཆུང་གི་བཀའ་དང་ལེན་མ་བྱས་པས་ཉེས་པ་རེག་འདུག མོ་རང་གི་བཟང་ཕྱོགས་ནས་ཛ་དྲག་ཚོགས་ཆུང་གི་དྲུང་ཆེ་ནས་དགོངས་པ་ཞུ་རྒྱུ་དང་། དེ་ལྟར་མ་བྱས་ཚེ་དྲུང་ཆེ་ནས་གནས་དབྱུང་གཏོང་རྒྱུར་ཚང་མས་མཚན་རྟགས་བསྡུ་རུབ་བྱས་སོང་ཟེར།

    ཕྱིས་སུ་ཛ་དྲག་ཚོགས་ཆུང་གི་སློབ་སྟོན་པ་སྤྱི་འཏུས་ཚུལ་ཁྲིམས་འོད་ཟེར་དང་།་བདེ་སྲུང་སྐུ་ངོ་སོགས་ནས་དེ་ལྟར་མི་ཡོང་བའི་འབོད་སྐུལ་ཞུས་དོན་བཞིན་གནས་ཚུལ་དེ་ཞི་འཇམ་ཆགས་པ་རེད།
    འདི་ནི་༢༠༠༨།༢༠༠༩་བར་གྱི་མོན་གྷོའི་དཔོན་པོ་ཚོས་མཚན་རྟགས་བསྡུ་རུབ་ཏེངས་བཞི་བ་དེ་རེད།

    Reply
  8. སེར་སྨད་བློ་དགའ། says:
    ལོ་ 17 སྔོན།

    ཡ་ཡ་རྙོག་དྲ་འདི་ཚོའི་རིགས་རེ་རེ་ནས་མེད་ན་ཡག་ཤོས་རེད། སྤྱི་བཏང་འཇིག་རྟེན་འདིའི་སྟེང་གཅིག་ཡིན་ན་མང་དྲག་པ་དང་། སྟོང་ཡིན་ན་ཉུང་དྲག་པའི་གནས་ཚུལ་གཉིས་ཡོད་པས། ཕྱི་མ་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

    Reply
  9. གཤེད་མ། says:
    ལོ་ 17 སྔོན།

    འཇིག་རྟེན་གནས་ལུགས་ཆོས་བདག་བདེན་མེད་ཀུན་ལ་རྨོངས་པའི་རྨོངས་བུའི་རིགས།།
    འདི་མེད་ཕྱི་མེད་སྤྱི་ཚོགས་གདོན་གྱི་མཆིལ་སྣབས་བཞིན་དུ་འདོར་བྱའི་ཚོགས།།
    སྐར་ཆ་རེའང་འགྲོགས་འདྲིས་མི་འབྱུང་མི་རབས་བདུན་བརྒྱུད་སོང་ཟིན་ནས།།
    རང་རེའི་མི་རྒྱུད་གཙང་མ་ཞིག་ཏུ་གཟོད་ནས་འབྱུང་བར་རེ་སྨོན་རྒྱག།

    Reply
  10. གཤེད་མ། says:
    ལོ་ 17 སྔོན།

    ལྟོ་གོས་གྲི་ཤིའི་ཤ་ལ་བསྟེན།།
    འཕུང་དཀྲུག་ཕུ་ནུའི་ཁྲོད་ནས་དཀྲུགས།།
    རང་ངོ་མ་ཟིན་ཟ་འདྲེའི་རིགས།།
    དཔལ་ལྡན་ལྷ་མོའི་ཞལ་དུ་སྟོབས།།
    ཁ་རཾ་ཁཱ་ཧི།

    Reply
  11. བོད་རིགས་སྤུན་ཟླ། says:
    ལོ་ 17 སྔོན།

    སྐྱེ་བུ་དམ་པ་ཆོ༹འི་ལྷ་འདྲེ་གང་ཡིན་དཔྱོད་པ་བྱེད་ངེས་ལ་ཆོ༹ད་དཔག་ནོས་སོ།
    ༹བདག་ལྟར་བུ་སྐྱེས་བུ་ཐ་མ་པ་ང་ཆོ༹འི་ཆོ༹ད་དཔག་ག་ལ་ནུས།།

    Reply
  12. karma dorje says:
    ལོ་ 17 སྔོན།

    དོལ་རྒྱལ་ཚོགས་པའི་ཞུ་གཏུགས།

    དོལ་ཡུལ་འཁྱམས་པོ་འདྲེ་རུ་སྐྱེས། ། །
    རྒྱལ་འདོད་མ་རྒྱལ་འགོང་པོར་རྒྱལ། །
    ཚོགས་པ་མི་དགོས་ཚོགས་པ་བཙུགས། །
    ཞུ་གཏུགས་མི་དགོས་ཞུ་གཏུགས་ཕམ། །

    གཟུགས་མེད་གཟུགས་ཡོད་གནོད་པ་ཞི་གྱུར་ཅིག །

    Reply
  13. ལུང་རྟོགས། says:
    ལོ་ 17 སྔོན།

    བདེན་པས་རྫུན་པ་ཕམས་བྱེད་ཅིང་།
    ཆུ་ཡིས་མེ་ནི་ཕམས་པར་བྱེད།
    ལྷ་ཡིས་འདྲེ་རྣམས་ཕམས་བྱེད་ཅིང་།
    གནས་ལུགས་ཀྱིས་ནི་བཅོས་མ་ཕམས།

    Reply
  14. བློ་བཟང་། says:
    ལོ་ 17 སྔོན།

    དུལ་རྒྱལ་ཚོགས་པ་འདི་ཉིད་རྩ་མེད་མ་བཏང་ན་ཡག་པོ་མ་བྱེད་པའི་ཐག་ཆོད། ཁོ་ཚོས་ལྷོ་ཕྱོགས་སུ་དགོན་པ་ཆེན་པོ་མང་པོ་རྒྱབ་ཀྱི་འདུག་ལྟོས་དང་། ཟམ་གདོང་བླ་མ་འདི་ཤི་ཚར་བ་འདྲ།

    Reply
  15. སྟོབས ། says:
    ལོ་ 17 སྔོན།

    དྲ་གྲོགས་གནད་དོན་འདིའི་རྐྱེན་གང་ལ་ཐུག་འདུག ཆོས་ཞེས་པའི་བརྡ་ཆད་འདི་ལས་བྱུང་བ་ཞིག་རེད་དམ མི་བུའི་སེམས་གཞི་ལས་རྩ་བ་བྱས་པ་ལས་བྱུང་བ་ཞིག་རེད
    ཡིན་ནའང་མི་དང་མིའི་སེམས་རྒྱུད་དྭངས་གཉུག་ཕྱེ་ཁྱེད་བཅོས་པས་རང་བཞིན་ཏུ་གྲུབ་པའི་ཆོས་འདི་ལས་བྱང་བ་ཞིག་མིན་པར་མྱོང་བས་བསྒྲུབ་ཐུབ ། མི་སེམས་འདེགས་བྱེད་ཆོས་དེ་བོར་ནས་དེ་ལས་ ལྡོག་སྟེ་མི་སེམས་རྩོག་པའིརང་བཞིན་ཏུ་ཁྲིད་པའི་ལྷ་མཆོད་གླུ་མཆོད་དག་གིས་བྱེད་སྒོ་ལས་བྱུང་བ་ཨེ་རེད །

    Reply
  16. ཧོར་བུ་ཡེ་ཤེས says:
    ལོ་ 17 སྔོན།

    གྲོགས་པོ་བཀྲ་ཤིས་ལགས།སོ་སོ་འདྲེ་རུ་སྐྱེ་དགོས་ན་རྗེ་གཙོང་ཁ་པའི་ཟབ་མོ་ཆོས་ཀྱི་སྐྱེ་མི་ཐུབ་མོ།ཧཧཧཧཧཧཧཧཧཧཧ

    Reply
  17. སྟོབས ། says:
    ལོ་ 17 སྔོན།

    དོལ་རྒྱལ་ཚོགས་ཞུ་གཏུགས་རྩིས་་མེད་བཏང་བ་དེ་དྲང་བདེན་ལ་རྒྱལ་ཁ་བརྙེས་པ་རེད ། ཡིན་ནའང་དོལ་རྒྱལ་ཤི་ཟིན་ཀྱང་དོལ་རྒྱལ་རྗེས་འབྲངས་པ་མང་པོ་ལྷག་ཡོད་སྟབས་ད་རུང་གཏན་ས་ཁག་ན་དཀའ་བསྔལ་མི་ཉུང་བ་ཞིག་སྤྲད་ཀྱིན་ཡོད ། རྒྱུ་མཚན་ནི་༧གང་ས་མཆོག་ལ་་ངོ་རྒོལ་བྱེད་ཞིག་མཉམ་དུ་ཁོར་ཡུག་གཅིག་ཏུ་བསྟད་ཡོད ། སྤྱིར་ཆོས་དང་ཟང་ཟིང་གི་འབྲེལ་ཐག་བཅད་ཟིན་ཀྱང་ཆོས་སྒར་གཅིག་ཏུ་བསྡད་པ་འདི་ཉ་དང་ཉོག་མ་བསྲེས་པ་ཁྱད་མི་འདུག ཆོས་ལུགས་མང་་ས་ན་རྩོད་ཉོག་མང་བ་དང་གྲུབ་མཐའ་མང་ས་ན་གསོད་རེས་གཏུབ་རེས་མང་ །

    Reply
  18. ཤེས་རབ says:
    ལོ་ 17 སྔོན།

    འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཉི་མ་ལྟར་ཁྱབ་པའི་གོང་ས་མཆོག་མཛད་འཕྲིན་ཉིན་རེ་ནས་ཉིན་རེ་རྒྱས་པའི་འགྲོ་བ་ཡོངས་ཀྱི་གོང་དུ་བསྐུར་ཅིང་ཅི་གསུངས་བཀའ་བཞིན་བསྒྲུབ་པའི་དུས་སུ་གདོན་འདྲེ་གསོ་བའི་ཚོགས་པ་དེ་སྙིང་རྗེ

    Reply
  19. མི་ཉག་སྐལ་བཟང་། says:
    ལོ་ 17 སྔོན།

    ཞུ་གཏུགས་རྩིས་མེད་དུ་བཏང་བ་དང་ཆབས་ཅིག་ཞུ་གཏུགས་བ་ཁྱུ་ཅིག་མིང་མེད་རྩ་མེད་དུ་གཏོང་དགོས་པ་རེད། གནད་དོན་འདི་དག་རིམ་བཞིན་ཐལ་བའི་རྡུལ་དུ་བརླགས་བར་སྨོན།

    Reply
  20. སྐར་མདའ། says:
    ལོ་ 17 སྔོན།

    དམ་སྲི་འབྱུང་པོའི་ཚེ་སྲོག་ཕྲ་མོ་གཤིན་རྗེ་གཤེད་ཀྱི་ཞལ་དུ་བསྟབ་ཀྱང་ད་དུང་འདྲེ་སྲིན་མིང་ལ་སྐྱབས་སུ་འཆའ།
    གང་ཡང་མ་རིག་ཅི་ཡང་མ་གོ་བླུན་པོའི་སྐྱབས་གནས་རི་བོང་ར་ཡིས་བྱ་བ་བྱེད་སྙམ་རྣམ་རྟོག་འཁྲུལ་བའི་གྲ་བ་བཙུགས།

    Reply
  21. ཆུ་ཐིགས་སྔོན་མོ། says:
    ལོ་ 17 སྔོན།

    རྨོངས་པའི་བུ་དག་སྒོར་གྱིས་བསླུས་སམ་ལས་ཀྱི་རྣམ་སྨིན་བདོ་བ་འམ།།
    ཡང་ན་དུས་ཀྱི་འདྲེ་མོས་ལྡུད་པའི་མི་བཟད་སྨྱོས་ཆུ་འཐུང་ངམ་ཅི།།
    འབྱུང་བོའི་གྲིབ་གཟུགས་ལྷ་རུ་བསྒོམས་ནས་ལྷ་ལ་རྒྱབ་ཀྱིས་ཕྱོགས་པའི་ཚོགས།།
    སྐད་ཅིག་བདེ་བའི་སྐལ་བས་སྟོངས་ཏེ་མནལ་མེད་ཡུལ་གྱི་མགྲོན་དུ་ཤོག།

    Reply
  22. གནམ་ལྕགས། says:
    ལོ་ 17 སྔོན།

    འདྲེ་དང་གདོན་གྱི་སྙིང་ཁམས་མཁྲེགས་པོ་ཁྲོ་ཡི་རྒྱ་མཚོར་གཞུས་པའི་མེ།།
    བདག་གི་རྩེ་གཅིག་བདེན་པའི་གོང་བུ་གང་དེའི་ཞལ་གསུངས་དྲོན་མོ་སྟེ།།
    འབྱུང་བོ་སྐྱབས་སུ་རེ་བའི་བདུད་ཚོགས་ཀུན་བཟོད་མ་ཡི་གར་གནས་ཀྱང་།།
    བཀྲ་མི་ཤིས་ཤིང་དོན་མི་འགྲུབ་པའི་རྟགས་དང་ལྟས་ངན་རྒྱུན་མི་ཆད།།

    Reply
  23. བཀྲ་ཤིས། ། says:
    ལོ་ 17 སྔོན།

    བོད་པའི་ཞབས་འདྲེན་འདི་ཚང་ང་ཆི་ཟི་དགོས་ནི་རེད། མ་རབ་འདི་ཚོ། སངས་རྒྱས་ཀྱི་བསྟན་པའི་ནང་་གང་གསུང་པ་དང། འཇམ་མགོན་བླ་མ་ཙོང་ཁ་ཆེན་པོའི་ལམ་རིམ་གཙོས་པའི་ཆོས་ཟམ་མོ་དེ་ཚོ་ཉམས་སུ་མི་ལེན་པར་ད་རུང་སྡུག་འདྲེ། ཤི་འདྲེ། དོལ་འདྲེ་དེ་ལ་ག་རེ་ཉམས་སུ་ལེན་ཡ་ཡོད་རེད།

    Reply
  24. ནད་པ says:
    ལོ་ 17 སྔོན།

    སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ། །འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ། །བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ། །མཆོག་གསུ་བདེན་པས་རྩད་ནས་གཅོད་གྱུར་ཅིག །

    ཕྱག་ན་པདྨོའི་བྱིན་རླབས་བདུད་རྩིའི་རྒྱུན། །བདག་སོགས་སྙིང་གི་ཟུངས་སུ་རྟག་སྨིན་ཅིང་། །བཀའ་བཞིན་སྒྲུབ་པའི་མཆོད་པས་རབ་བསྙེན་ནས། །ཀུནབཟང་མཆོད་མཆོག་རྒྱ་མཚོར་མཐར་སོན་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese