མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསྔོ་སྨོན་མཆོད་འབུལ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྫོང་སར་བཤད་གྲྭའི་མཁན་པོ་ཚེ་བཀྲ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་ངོས་ནས་བོད་ནང་གི་ས་ཡོམ་གྱིས་གནོད་འཚེ་ཕོག་པའི་མི་མང་རྣམས་ཀྱི་ཆེད་དུ་དུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཞིག་སྤེལ་བའི་དབུ་བཞུགས་ཚོགས་མགོན་དཔལ་ས་སྐྱའི་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་སྐྱབས་རྗེ་ཨ་བྷི་ཀྲི་ཏི་རིན་པོ་ཆེ་དང་། བཤད་གྲྭའི་དགེ་སློབ་ཐུན་མོང་བཅས་ནས་ཐུགས་གསོའི་འཚམས་འཕྲིན་ཀྱང་གནང་འདུག

 

ཕྱི་ཟླ་བ་བཞི་པའི་ཚེས་ ༡༦ ཉིན་ཧྲིལ་བོར་རྫོང་སར་བཤད་གྲྭའི་འདུས་སློབ་ཡོངས་ནས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ངན་སོང་སྦྱོང་བའི་ཆོ་གས་བསྔོ་སྨོན་གནང་བ་དང་། ཁྱད་པར་དུ་དགོང་དྲོའི་ཆུ་ཚོད་དྲུག་པ་ནས་དབུ་འཛུགས་ཐོག་རྫོང་སར་བཤད་གྲྭའི་མཁན་སློབ་འདུས་པ་ཡོངས་དང་སུ་ཇ་སློབ་གྲྭ་དང་དེ་མིན་ཅོན་ཏ་ར་བོད་ཕྲུག་ཁྱིམ་སྡེ། སམྦོ་ཊ་སློབ་གྲྭ་སོགས་ཀྱི་སློབ་ཕྲུག་ཁག ཉེ་འཁོར་བྷིར་དང་ཅོན་ཏ་ར་གཉིས་ཀྱི་སྡེ་དགེ་དང་ནང་ཆེན་གྱི་གཞིས་ཆགས་ཁག་གི་གཞིས་མི་བཅས་བཤད་གྲྭའི་གཙུག་ལག་ཁང་གི་མདུན་ཐང་དུ་མཉམ་འཛོམས་ཐོག བཤད་གྲྭར་ཆོས་བཞུགས་སློབ་གཉེར་མཛད་བཞིན་པའི་དཔལ་ལྡན་ས་སྐྱའི་གདུང་སྲས་སྐྱབས་རྗེ་ཨ་བྷེ་རིན་པོ་ཆེས་མཆོག་གིས་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་སྣང་གསལ་མར་མེ་སྒྲོན་གནང་མཛད་དེ། ཚང་མས་ཚད་མེད་ཡོན་ཏན་དང་རྒྱལ་བའི་ཞབས་བརྟན་གསུངས་མཐར་ངག་བསྡམས་གུས་འདུད་སྐར་མ་གཅིག་གི་རྗེས་རྫ་ཚེ་རིང་བཀྲ་ཤིས་ནས་ས་ཡོམ་གྱི་གནས་བབས་ལ་སྐོར་གྱི་སྙན་སྒྲོན་གཏམ་བཤད་ཞུས་ཤིང་། བོད་ནང་གི་གྲྭ་བཙུན་གཙོ་བོར་གྱུར་པའི་བོད་རིགས་ཡོངས་ཀྱིས་རོགས་སྐྱོར་གནང་བཞིན་པའི་སྐོར་དང་། ཁྱད་པར་དུ། རྒྱ་ནག་གིས་སྐབས་འདིའི་གོད་ཆག་བོད་མིའི་སེམས་པ་འགུག་པའི་གོ་སྐབས་སུ་བེད་སྤྱོད་བྱ་ངེས་ཡིིན་པ་དང་། དེ་བཞིན་འདས་པའི་དུས་ཀྱི་ཐེ་ཝན་གྱི་ས་ཡོམ་དང་ལུང་དགུའི་ས་ཡོམ་སོགས་ཕྱོགས་སོ་སོའི་འཐབ་ཕྱོགས་གཅིག་གྱུར་གྱི་མཐུན་ཕྱོགས་སུ་བེད་སྤྱོད་བྱས་པ་ལྟར་ང་ཚོའི་ངོས་ནས་ཀྱང་ངེས་པར་དུ་ས་ཡོམ་འདི་བོད་ཕྱི་ནང་གཉིས་དང་ཆོལ་ཁ་གསུམ་སྔར་ལས་ལྷག་པའི་གཅིག་སེམས་གཅིག་དང་གཅིག་རྒྱབ་གཅིག་ལངས་ཀྱི་ངོ་བོ་གསལ་སྟོན་བྱེད་པའི་གོ་སྐབས་སུ་བེད་སྤྱོད་དགོས་པའི་རེ་བ་བཏོན།

 

དེ་རྗེས་ཁག་སོ་སོའི་འཛིན་གྲྭ་ཁག་གི་སློབ་ཕྲུག་མང་པོས་བོད་དབྱིན་སྐད་རིགས་གཉིས་ཀྱི་ཐོག་ནས་མྱ་ངན་ཞུ་ཚིག་གི་སྙན་ངག་དང་རྩོམ་ཡིག་བཅུ་ཕྲག་ལྷག་ཅིག་གྱེར་འདོན་གནང་། དེ་ནས་མཁན་པོ་ཆོས་དབྱིངས་རྡོ་རྗེ་མཆོག་ནས་འཕགས་ཡུལ་རྫོང་སར་བཤད་གྲྭས་གནོད་འཚེ་ཕོག་པའི་འདས་གསོན་ཡོངས་ལ་ཕུལ་བའི་འཚམས་འཕྲིན་སྒྲོགས་སྦྱང་གནང་དོན། ཁྱེད་ཅག་གི་ཉེ་འཁོར་ན་ཡོད་པའི་དགེ་འདུན་པ་གཙོས་པའི་མི་མང་ཤིན་ཏུ་མང་པོ་དག་གིས་མ་བསྐུལ་དང་བླངས་ཀྱིས་ཉེན་སྐྱོབ་ཀྱི་བྱ་བ་བསྒྲུབས་ཤིང་ཆོལ་ཁ་གསུམ་དང་། གཞི་བྱེས་གཉིས་ཀྱིས་མཚོན་པའི་སྤུན་ཟླ་ཡོངས་ཐེངས་འདིའི་ཡ་ང་བའི་གོད་ཆག་ལ་ཚད་མཐོའི་གདུང་སེམས་མཚོན་པའི་ཉམས་ཞུགས་གནང་རྒྱུ་ཡིན་པའི་མངོན་རྟགས་བཟང་བོ་ཤར་བ་འདིས། ང་ཚོས་དཀའ་ངལ་གྱི་ཁྲོད་ནས་རིན་ཐང་གཞན་ཞིག་དང་འདུ་ཤེས་གཞན་ཞིག་རྙེད་མགོ་བརྩམས་པར་བརྗོད་ཆོག་ཅིང། འདིས་ནི་ང་ཚོ་རྩ་བས་འགྲོ་བ་མིའི་རིགས་ཀྱི་ཕན་ཚུན་རོགས་རེས་ཀྱི་བཟང་སྤྱོད་མཚོན་པ་ཙམ་མ་ཟད། དེ་བས་ཀྱང་སྤུན་ཟླ་གངས་ཅན་པའི་སྐྱིད་སྡུག་མཉམ་མྱོང་གི་འགྱུར་བ་མེད་པའི་སྙིང་སྟོབས་དང་རླབས་ཆེན་གྱི་རང་བཞིན་མཚོན་ཡོད། ཅེས་དང་། ཚར་བའི་ལས་ལ་བྱ་བའི་ཐབས་མེད་པའི་དྲན་ཤེས་དང་བཅས་བཟོད་བསྒོམས་ཆེན་པོ་གནང་བ་དང་ཆབ་གཅིག བླ་མ་དཀོན་མཆོག་ལ་གསོལ་བ་འདེབས་ཤིང་རང་གི་སྔོན་གསགས་ལས་ངན་སྦྱོང་བའི་ཐབས་སུ་བསམ་སྟེ་ཆོས་ཀྱི་བློ་སྦྱོང་གང་ལེགས་གནང་རྒྱུ་དང་། དེ་མིན་མྱུར་སྐྱོབ་དང་སྒར་གཞིས་གསར་འཛུགས་སོགས་ཀྱི་ལས་དོན་མཐའ་ དག་ལྷོད་གཡེངས་མེད་པར་ཕན་ཚུན་རོགས་རེས་ཀྱི་ཐོག་ནས་འབད་བརྩོན་གནང་གལ། ཞེས་བཀོད་འདུག

 

དེའི་རྗེས་དཔལ་ལྡན་ས་སྐྱའི་གདུང་སྲས་ཨ་བྷི་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་བཀའ་སློབ་འཚམས་འཕྲིན་དང་འབྲེལ་བསྔོ་སྨོན་མཚམས་སྦྱོར་གནང་ཞིང་། དེ་ཡང་སྐྱབས་རྗེ་གདུང་སྲས་མཆོག་གིས་བཀའ་སློབ་བསྩལ་དོན། སོ་སོའི་སྙིང་དང་འདྲ་བའི་ཕ་མ་བུ་རྒྱུད་མིང་སྲིང་རྣམས་འདས་གྲོང་ཤོར་བ་དང་། ཚེ་གང་ལ་བསགས་པའི་རྒྱུ་ནོར། དེ་བཞིན་འདི་ཕྱིའི་རེ་ལྟོས་འཆའ་ཡུལ་གྱི་དགོན་པ་གྲྭ་ཚང་སོགས་ཡོངས་རྫོགས་རང་བྱུང་འབྱུང་པའི་གནོད་ཚེའི་འོག་བོར་སྟོར་ཞིག་རལ་དུ་ཤོར་ནས་། ཤིན་ཏུ་ཡ་ང་ཞིང་ཉམ་ཐག་པ། ཡིད་སྐྱོ་བའི་གནས་སུ་ལྷུང་བའི་སྒ་སྐྱེ་རྒུ་མདོ་ཡི་ཡུལ་མི་ཡོངས་དང་། སྐྱེ་རྒུ་དགོན་པ་དང་། ཁྲ་འགུ་དགོན་པ་སོགས་ལ་ངོས་དང་ང་ཚོ་སྦིར་དང་ཅོང་ཏ་རའི་ས་གནས་སུ་ཡོད་པའི་གཞིས་ཆགས་ཁག་དང་། སློབ་གྲྭ་ཁག་དང་། དགོན་སྡེ་ཁག་ལ་སོགས་པ་ཡོངས་ཀྱིས་སེམས་གཏིང་ནས་གདུང་སེམས་མཉམ་བསྐྱེད་ཡོད། འཁོར་བའི་ཆོས་ཉིད་འདི་ལྟར་ཡིན་པར་ཤེས་ནས། བློ་རྒྱ་ཆེར་བསྐྱེད་ཀྱིས། སེམས་སྡུག་ཡིད་སྐྱོའི་བློ་འགྱོད་བསགས་པས་ཤི་གསོན་གང་ལ་ཕན་ཐོགས་ཡོང་གི་མེད་པར་ཤེས་པའི་ཐོག ཚེ་འདས་རྣམས་ཀྱི་ཆེད་དུ་དགེ་བསྔོ་དང་། གནོད་སྐྱོན་ཚབ་ཆེན་ཕོག་པས་གཙོས་ནད་པ་རྣམས་དྲག་བསྐྱེད་ཡོང་པའི་ཐབས་ཤེས་རིམ་གྲོ། སྨན་དཔྱད་ལག་ལེན་གང་ཐུབ་བྱེད་ཅིང་། འདི་དང་ཕྱི་མར་ཇི་དགེའི་ལས་ལ་འབད་འབུང་བྱེད་པར་གཡར་དམ་བཅའ་བའི་དུས་སྐབས་ཤིག་རེད། ཅེས་གསུངས་སོང་།

དེ་ལྟར་ལས་འགུལ་གྱི་བྱེད་སྒོ་ཁག་གྲུབ་རྗེས་ཚོགས་མང་ནས་བཟང་སྤྱོད་སྨོན་ལམ་སོགས་གསུངས་མཐར་གདུང་སེམས་ མཉམ་བསྐྱེད་མཚོན་པའི་རི་མོ་དང་འཛིན་གྲྭ་སོ་སོས་རྣམ་པ་མི་འདྲ་བའི་མྱ་ངན་ཞུ་ཚིག་དང་གདུང་སེམས་མཉམ་བསྐྱེད་ཀྱི་རི་མོ་དང་ཡེ་གེ་སྣ་ཚོགས་འཁོད་པའི་འཕྲེད་དར་བྱང་བུ་སྣ་ཚོགས་དང་མར་མེ་ཕྱག་ཏུ་བསྣམས་ཏེ་གཙུག་ལག་ཁང་ལ་མ་ཎིའི་པད་དབྱངས་དང་ཆབ་གཅིག་ག ཡས་བསྐོར་གནང་མཐར་ཡོངས་སུ་གྲུབ་པར་བྱས་འདུག

 

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༦ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༡༧ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༡༨ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

མཆན། 11

  1. getse ngodup from .be says:
    ལོ་ 16 སྔོན།

                        རོགས་སྐྱོར་གནང་བ།

    ༄༄།། ད་ལམ་ཉག་ཕྲ་བའི་དུས་སྐབས་འདིར་རང་བྱུང་ཁོར་ཡུག་ལ་ས་ཡོམ་གྱི་གནོད་འཆེ༹་འོག།  འཇ༹མ་གླིང་ཕྱོགས་གང་ས་དང་ལྷག་པར་དུ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་སྐྱེ་རྒུ་གྲོང་སྡེ་དང། རོང་པོ་  སྐར་མདའ་  འབྲོག་མདའ་   ཁྲུན་འདུ་   ནང་ཆེན་བཅས།   ས་ཕྱོགས་གང་ས་ལ་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད་པར་བརྟེན།      དཔལ་ལྡན་དགོན་ར་ཉག་ཕུན་ཆོ༹གས་ཐེག་ཆེན་གླིང་གི་ཁྲི་པ་སྐྱབས་རྗེ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག།   ས་ཡོམ་གྱི་རྐྱེན་ངན་བྱུང་བ་གསོན་མ་ཐག་མྱུར་དུ་ Taiwan ནས་མཁའ་ལམ་རྒྱུད་ཟིར་ལིང་ལ་ཕེབས།   དེ་ནས་ཁོང་གི་ཐབས་ཤེས་རྒྱུད་དམིགས་གསལ་སྨན་པ་ཁ་ཤས་ཁྲིད་ནས་ཡུལ་ཤུལ་ས་ཁུལ་དུ་ཕེབས་འདུག་པ་མ་ཆ༹ད།   ར་ཉག་དགོན་པའི་དགེ་འདུན་པ་ ༡༧༠ དང་ལྷན་དུ་མི་རྒྱུ་གཉིས་གི་ཐོག་རོགས་རིམ་རྒྱ་ཆེར་གནང་འདུག།   ལྷག་པར་དུ་ར་ཉག་དགོན་པའི་དགེ་འདུན་པ་ཆོ༹འི་ས་འོག་ནས་བོད་རིགས་ཉིས་བརྒྱ་ལྷག་གི་ཆེ༹་སྲོག་སྐྱོབ་གནང་ཡིན་པ་རེད།   སྤྱིར་གནས་ཆུ༹ལ་གོ་དོན་ལྟར་ན།   ཁམས་མགྱོགས་རིན་པོ་ཆེ་དགོན་པ་གསར་པ་ཧ་ཅང་གི་ལེགས་གྲུབ་བྱུང་ཡོད་ཀྱང་ཡིན་ན་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད།     འོན་ཀྱང་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་སྤུན་ཟླ་ཤུལ་ལུས་རྒྱ་ཆེར་མི་དམངས་ཡོངས་ཀྱི་ཆེད་དུ་དམིགས་སྟེ།   ད་ལྟ་བར་དུ་འགྲོ་སོང་གཏོང་ཆོ༹ད་བྱས་ན།  གྲོ་འབྲས་རྒྱ་མ་༡༢༠༠༠   ཅ༹མ་པ་རྒྱ་མ་༡༥༠༠   མར་རྒྱ་མ་༡༠༠༠  ཐུག་པ་ཤོག་སྒམ་༡༠༠༠    ཉལ་ཆས་༣༠༠༠   གྱོན་ཆས་༢༥༠༠  རས་གུར་༡༠༠  དེ་མིན་ཟས་རིགས་འདྲ་མིནདང་   ཉམ་ཐག་དབུལ་པོ་ཁྱིམ་ཆ༹ང་རེ་ལ་སྒོར་༣༠༠  གནང་ཡོད།    བསྡོམས་པས་རྒྱ་སྒོར་ཁྲི་ ༢༡༥ ལྷག་གཏོང་ཟིན་ཀྱང་ད་དུང་ཡོང་མི་མཐུད་ནས་གནང་རྩིས་ཡིན་འདུག།     དེ་ཡང་མ་ཆ༹ད་རིན་པོ་ཆེ་ཁོང་གིས་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་ནས་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་ནང་གི་ཆོ༹གས་པ་ཁག་སོ་སོ་ལ་རོགས་རིམ་འབོད་བསྐུལ་གནང་འཆར་ཡིན་འདུག་པ་མ་ཆ༹ད་ཁོང་གིས་གསར་འཇུ༹གས་གནང་བ་སྨོན་ལམ་ཆོ༹གས་ཆུང་རྒྱུད།        ཆེ༹་འདས་ཡོངས་ཀྱི་ཆེད་དུ་ཉིན་ལྟར་སྐྱབས་གནས་འཕགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བ་སྨོན་ལམ་དང་མི་དམངས་བརྒྱ་ཕྲག་དུ་མ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འབུམ་ཆོ༹གས་ཆོ༹གས་ཀྱི་ཡོད་རེད་ཟེར།  གོང་གི་གནས་ཆུ༹ལ་དེ་དག་ས་གནས་དགོན་པའི་གྲ་བློ་བཟང་གི་གསུང་པ་ལྟར་བྲིས་ཡིན།  སྤྱིར་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཆུ༹ལ་སྤེལ་བ་ལྟར་ན།    རང་ཡུལ་གངས་ཅན་ལྗོངས་ནས་ཆོལ་ཁ་སོ་སོ་དགོན་སྡེ་ཁག་དང་བླ་ཆེན་རྣམ་པ་གཅོ༹ས་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་རོགས་རིམ་རྒྱ་ཆེར་གནང་ཡོད་པ་མ་ཆ༹ད།   ཕྱི་རྒྱལ་ཡུལ་གྲུ་ཁག་སོ་སོ་དང་  སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་བླ་ཆེན་རྣམ་པ་དང་དགོན་སྡེ་ཡོངས་ཀྱི་རོགས་རིམ་གནང་ཡོད་པས་འདིར་མ་བྲིས་སོ།།

    Reply
  2. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    ཡང་ཟླ་ ༤ ཚེས་ ༢༤ ཉིན་རྒྱ་གཞུང་གིས་ཡུལ་ཤུལ་ས་ཡོམ་ཁྲོད་མི་ ༢༡༩༢ རྐྱེན་འདས་སུ་ཕྱིན་ཡོད་པའི་སྐོར་ཕྱིར་བསྒྲགས་བྱས་དོན།
    ཟླ་ ༤ ཚེས་ ༢༤ ཉིན་མི་དམངས་དྲ་བའི་གསར་འགོད་པས་ཡུལ་ཤུལ་ནས་གློག་འཕྲིན་སྤེལ་བ་ལྟར་ན། 《གསར་འགོད་པ་ཀྲི་ཀྲེན་ཕུའུ་ནས།》གསར་འགོད་པ་མཚོ་སྔོན་ཞིང་ཆེན་གྱི་ཡོམ་འགོག་རྒུད་སྐྱོབ་སྤྱི་ཁྱབ་བཀོད་འདོམས་ཁང་གི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཏུ་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། ཟླ་ ༤ ཚེས་ ༢༣ ཉིན་གྱི་དུས་ཚོད་ ༡༧ གྱི་བར་ཡུལ་ཤུལ་དུ་ས་ཡོམ་བྱུང་ནས་མི་ ༢༡༩༢ ཚེ་ལས་འདས་ཤིང། མི་ ༧༨ གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་རྟོགས་པ་རེད།
    ཞེས་ཟེར།
    http://tibet.people.com.cn/11443417.html

    Reply
  3. རྨ་ ཉག་ཕྲན། says:
    ལོ་ 16 སྔོན།

    ཡག་པོ་རེད་མོད། འདི་ཙམ་གྱིས་ཡིད་ཚིམ་པ་ཞིག་མ་ཡིན་ཏེ། རྒྱ་ནག་གིས་ཚེས་༢༡ཉིན་གོ་སྐབས་ཅི་ལྟར་བཟུང་འདུག་་མ་བསམ་བློ་གཏོང་རན་རེད།

    Reply
  4. དོང་སྤྲུགས། says:
    ལོ་ 16 སྔོན།

    དགེ་བཤེས་སྨོན་ལམ་མཐར་ཕྱིན་འདིས་དྲ་ངོས་གང་སར་རྒྱ་གཞུང་གི་ཨང་གྲངས་བསྐྱར་འགོད་གནང་སྟངས་ལ་ཞིབ་ན། ཁོ་བ་ཤི་རྨས་ཀྱི་གྲངས་ཚད་འཕར་བཞིན་པ་ལ་སྤྲོ་བ་ཞེ་དྲག་ཅིག་རྒྱས་མེད་དྲོ་བསམ། མ་གཞིས་ནས་སྤྱི་འཐུས་ཤིག་གི་ངོས་ནས་སྒྲུབ་འོས་པའི་ལས་འགན་དེ་མི་སྒྲུབ་པར་་་་་་་་་་་་་་་་་་་

    Reply
  5. གངས་ཅན་པ། says:
    ལོ་ 16 སྔོན།

    ཚེ་ལས་འདས་རྣམས་བདེ་འགྲོར་སྐྱེ་བ་དང་།།
    རྨས་པའི་ཡུལ་མིའི་མྱུར་དུ་སངས་དྲགས་ཀྱིས།།
    མ་འོངས་ཡུལ་ཤུལ་སྡེ་བའི་འཚོ་བ་དེ།།
    སྔར་ལས་སྐྱིད་པ་ཡོང་བའི་སྨོན་འདུན་ཞུ།།

    Reply
  6. བློ་དཔལ། says:
    ལོ་ 16 སྔོན།

    ཧ་ཅང་བཟང་

    Reply
  7. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    ཕྱི་ཚེས་ ༢༣ ཉིན་རྒྱ་གཞུང་གིས་ཕྱིར་བསྒྲགས་བྱས་པ་ལྟར་ན། ཟླ་འདིའི་ཚེས་ ༢༢ ཆུ་ཚོད་ ༡༧།༠༠ བར་ཡུལ་ཤུལ་ས་ཡོམ་ཁྲོད་མི་ ༢༡༨༧ ཚེ་ལས་འདས་པ་དང། མི་ ༨༠ གར་སོང་ཆ་མེད་དུ་གྱུར་བ། མི་ ༡༢༡༣༥ ལ་རྨས་སྐྱོན་ཕོག་པ། མི་ ༡༤༣༤ ལ་རྨས་སྐྱོན་ལྕི་མོ་ཕོག་ཡོད་སྐོར་བཅས་སྤེལ་འདུག

    Reply
  8. karma dorje says:
    ལོ་ 16 སྔོན།

    སྐྱེ་རྐུ་མདོ་པར་བསྔོ་སྨོན་མཆོད་འབུལ།

    དགེ་བ་ཐམས་ཅད་སྐྱེ་རྒུ་མདོ་རུ་བསྔོ། །
    སྨོན་ལམ་ཡོད་ཚད་སྐྱེ་རྒྱུ་མདོ་ལ་རྒྱོབས། །
    དཀོན་མཆོག་མཆོད་ཚད་སྐྱེ་རྒུ་མདོ་ཆེད་མཆོད། །
    འབུལ་འདོད་ཞལ་འདེབས་སྐྱེ་རྒུ་མདོ་ལ་འབུལ། །

    སྐྱེ་རྒུ་མདོ་བའི་ངན་ཞི་ལེགས་ཚོགས་རྒྱས་འགྱུར་ཅིག །

    Reply
  9. ཆུ་ཤུར་མིག་དམར་ says:
    ལོ་ 16 སྔོན།

    རྒྱལ་པོ་ཁྲི་སྲོང་དེའུ་མཚན་ལ་མཧཱ་གུ་རུ་ཆེན་པོའི་ལུང་བསྟན།
    རྒྱལ་པོ་ཁྱོད་ཀྱི་རྒྱལ་རྒྱུད་འདི་ནས་བཟུང་༔་སྟོད་ཀྱི་ཕྱོགས་ནས་མེ་ལོང་་བཏབ་ཡལ༔་དེ་རྗེས་བོད་ཀྱི་རྒྱལ་པོ་རེས་མོས་བྱེད༔་ཁྱད་པར་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཞིག༔་མདོ་སྡེ་བསྐལ་པ་བཟང་པོའི་མཚན་ཅན་འབྱུང་༔་གདོང་སྨེ་ཅན་གྱིས་བོད་ཀྱི་རྒྱལ་ས་འཛིན་༔་སྐྱིད་པའི་ཉི་མ་རྒྱ་མཐོང་གྲིབ་མ་ཙམ་༔་རྟ་ལུག་སྤྲེལ་གསུམ་ལོ་རྒྱ་དམག་འོང་༔་ཆུ་ཕོ་སྤྲེལ་ལ་ཡར་ལུངས་དམག་སྒར་འཆའ་༔་མཐའ་མ་བོད་འདི་རྒྱ་ཡི་འོག་ཏུ་འཇུག་༔་ཕ་སྤུན་ནང་འཁྲུག་རྟ་སྒོ་སྒང་དུ་འཁྲུགས་༔་བུམ་ཐང་ཕྱོགས་ནས་ཁྲི་ཡི་ཟུར་ཆ་གནོན་༔་རྒྱལ་སྲིད་ཆོས་ཁྲིམས་སྐྱོང་བའི་ང་སྤྲུལ་འབྱོན་༔བལ་ཡུལ་རྒྱ་རྫོང་རྣམས་སུ་འཁྲུག་པར་བྱེད་༔བོད་ལ་སྐྱིད་པའི་ཉི་མ་ཅུང་ཟད་འཆར་༔སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར་༔དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན་༔དེ་དུས་མི་ལ་བསོད་ནམས་སྙན་གྲགས་མེད་༔པདྨ་བདག་ལ་གསོལ་བ་རྒྱུན་དུ་ཐོབ་༔་ཉི་མོ་བྱུང་དུས་ཐུགས་རྗེ་ཆེན་པོ་སྒོམས་༔་སེམས་ཅན་དོན་དུ་སྙིང་པོ་མ་ནི་དྲོངས་༔་ཕ་མ་རིགས་དྲུག་དྲིན་ལན་ཁྱེར་ཏེ་འོང་༔མཚན་མོ་བྱུང་དུས་པད་འབྱུང་ང་ཉིད་སྒོམས་༔་རང་གི་དོན་དུ་བཛྲ་གུ་རུ་དྲོངས་༔སྙིགས་མའི་སེམས་ཅན་ཐམས་ཅད་ང་ཡིས་སྐྱོབ་༔་དུས་གསུམ་རྒྱུན་ཆད་མེད་པར་ང་ཡིས་གཟིགས་༔་དང་སོང་གསུམ་དུ་སྐྱེས་ཀྱང་བསླུ་རུ་འོང་༔བོད་ལ་དྲིན་ཆེར་བྱས་ཀྱང་དྲིན་མི་གོ་༔ང་ལ་རྒྱུན་དུ་གསོལ་བ་འདེབས་ནུས་ན་དུས་ཚེ་ལོ་བཅུ་པའི་ཟློག་ཐབས་ཡོད་ཞེས་གསུངས་སོ།།།།

    Reply
  10. ཆུ་ཤུར་མིག་དམར་ says:
    ལོ་ 16 སྔོན།

    ཡག་པོ་རེད།

    Reply
  11. མཚོ་ངོགས་བོད་ཕྲུག says:
    ལོ་ 16 སྔོན།

    ཕྱི་ཚེས་21་ཉིན་གྱི་ཕྱི་དྲོ་ཨའོ་སི་ཁྲོ་ལི་ཡའི་སི་ནིའི་བོད་རིགས་མཐུན་ཚོགས་ཀྱི་སྒོ་སྒྲིགས་འོག་བོད་རིགས་དང་ཕྱི་རྒྱལ་མི་རིགས་མཉམ་བཞུགས་ཐོག་ས་གནས་ཌི་ཝའི་མཚོ་འགྲམ་དུ་བོད་ནང་ས་ཡོམ་གྱི་གོད་ཆགས་བྱུང་བའི་བོད་མི་རྣམས་པའི་ཆེད་སྨོན་ལམ་གསོགས་སྒྲུབ་ཞུས་པ་དང་སྦྲགས་ཞལ་འདེབས་བསྡུ་སྒྲུབ་ཞུས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese