མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་སྟོད་ཆུ་བཞི་སྒང་དྲུག་གི་ཚོགས་ཆེན།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྟོད་མི་མང་གི་ངོས་ནས་ལྷག་བསམ་རྣམ་དག་གིས་སྤྱི་དོན་སྒྲུབ་མཁན་ཞིག་དང་། ཤེས་འཇོན་ལྡན་པའི་བཀའ་ཁྲི་དང་སྤྱི་འཐུས་ཡོང་རྒྱུར་བགྲོ་གླེང་དང་གྲོས་བསྡུར་གནང་གི་ཡིན་ཟེར།

ཕྱི་ཚེས་ ༢༥ དང་རེས་གཟའ་ཉི་མའི་ཉིན་མདོ་སྟོད་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༣༨ དེ་ངྷ་ས་མེག་གྷན་ཡོངས་གླིང་སློབ་གྲྭའི་ཉེ་ཁུལ་དུ་འཚོགས་ཡོད། དེར་མདོ་སྟོད་ཆུ་བཞི་སྒང་དྲུག་གི་ས་གནས་ཁག་ ༡༧ ཙམ་གྱི་སྐུ་ཚབ་འཐུས་མི་རྣམས་ཚོགས་ཞུགས་གནང་ཡོད་ཅིང་། ཚོགས་འདུའི་སྐུ་མགྲོན་གཙོ་བོར་ལི་ཐང་ཨ་འབྲུག་ཚང་གི་ལྕམ་སྐུ་ཆོས་སྐྱིད་ལགས་ཕེབས་ཡོད་འདུག

ཉིན་དེར་སྐུ་མགྲོན་གཙོ་བོ་ལྕམ་སྐུ་ཆོས་སྐྱིད་ལགས་ཀྱིས་གསུང་བཤད་གནང་དོན། ད་ལྟའི་ཆར་གལ་ཆེ་ཤོས་བཀའ་བློན་ཁྲི་པ་དང་བོད་མི་མང་སྤྱི་འཐུས་གདམ་རྒྱུར་དུས་ཡུན་རིང་བོ་མེད། དེའི་སྐབས་ཚང་མས་ཐུགས་སྣང་ཆེན་པོ་གནང་རྒྱུ་དང་། དངོས་གནས་དྲང་གནས་སྤྱི་འཐུས་སྤུས་དག་པོ་སླེབས་རྒྱུར་གྲ་སྒྲིག་གནང་དགོས་ཀྱི་འདུག་ཅེས་གསུངས།

ཁོང་གིས་ད་དུང་། འདིའི་སྔོན་ང་ཚོའི་སྤྱི་འཐུས་དེ་ཚོས་གང་འདྲ་གནང་མིན་བཙན་བྱོལ་ཙམ་མ་ཟད་བོད་ནང་ལོགས་སུའང་ཁྱབ་བསྡད་ཡོད། སྤྱིར་བཏང་ང་ལ་དེ་རིང་ཞུ་འདོད་མེད་ནའང་། རང་ཉིད་མདོ་སྟོད་མི་མང་ཞིག་ཡིན་པའི་ཆ་ནས་ཞུས་ན། སྐབས་དེར་༧གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་ནས་མཛད་འཕྲིན་ཧ་ལས་པ་བསྐྱངས་གནང་མཛད་སྐབས། གྲོས་ཚོགས་ཀྱི་ཚོགས་འདུའི་སྟེང་ཁོང་ལ་དབུ་འོག་དཔུང་གདེགས་གནང་སྟེ་ཁོང་ཚུར་ཕེབས་དུས་དངོས་གནས་དྲང་གནས་ཐུགས་དགྱེས་དགོས་པ་ཞིག་བྱེད་དགོས་ནའང་། སྐབས་དེར་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་དབུ་ཁྲིད་པའི་མདོ་སྟོད་སྤྱི་འཐུས་ཚང་མ་མར་ཐོན་གནང་སོང་། རང་ཉིད་མདོ་སྟོད་ཡིན་པའི་ཆ་ནས་དཔེ་མི་སྲིད་པའི་བློ་ཕམ་བྱུང་།

༧གོང་ས་མཆོག་གི་མཛད་འཕྲིན་དེ་ཙམ་ཞིག་རྒྱས་བཞིན་པ་དང་བོད་ནང་དུ་ཛ་དྲག་གི་གནས་སྟངས་དེ་ལྟ་བུ་ཞིག་ཏུ་ཐུག་ཡོད་སྟབས། ནམ་རྒྱུན་གྲོས་ཚོགས་ནང་བོད་མི་མང་ཟེར་ནས་ཁ་རུ་འཁྱེར་གྱིན་ཡོད་ནའང་། དོན་ཐོག་ཏུ་བབ་དུས་གང་འདྲ་གནང་མིན་ཚང་མས་མཁྱེན་གསལ་ལྟར་རེད། ཧ་ཅང་གི་བློ་ཕམ་བྱུང་ཞེས་གསུངས་ཡོད།

མཇུག་ཏུ་ཁོང་གིས། སྐབས་རྗེས་མའི་བཀའ་སྤྱི་གཉིས་གདམ་སྐབས་མི་མང་ཚང་མས་གཟབ་གཟབ་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད།

དེ་བཞིན་ཉིན་དེར་ནང་གསེས་དོན་ཚན་ལྔ་ཅན་གྱི་ཚོགས་འདུ་ངོ་སྤྲོད་ཀྱི་ཡིག་ཆ་ཞིག་གི་ནང་གསེས་དོན་ཚན་གཉིས་པའི་ནང་བཀོད་དོན། འདི་ལོ་ནི་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་དང་སྐབས་ ༡༤ པའི་བཀའ་བློན་ཁྲི་པ་འོས་བསྡུ་ཞུ་རྒྱུའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། བོད་འབངས་རྣམས་ལ་འཛམ་གླིང་ཐོག་གི་རྒྱལ་ཁབ་སྲིད་གཞུང་སུ་ལའང་སྔར་བྱུང་མྱོང་མེད་པའི་དམངས་གཙོའི་ཐོབ་ཐང་ཡོད་པ་འདི་ནི། ༧གོང་ས་མཆོག་གི་ཐུགས་རྗེ་ཁོ་ན་ལས་བྱུང་བ་དང་། དེའང་སྔ་དེང་གི་འཛམ་གླིང་སྤྱི་སྲོལ་དང་འཚམས་པའི་ཁྲིམས་ལུགས་དང་བཅའ་ཁྲིམས་ཐོག་ནས་དམངས་གཙོའི་མཚན་ཉིད་ཡོངས་སུ་ཚང་བ་ཞིག་གཏན་འབེབས་ཟིན་ཡོད།

སྲིད་བྱུས་གཏན་འབེབས་ཟིན་པའི་རྗེས་སུ་རག་ལས་སའི་རྒྱུ་རྐྱེན་གཙོ་བོ་ཁྲིམས་བཟོ་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམ་པ་དང་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པར་ཐུག་ཡོད། རང་ཅག་བོད་མི་བཙན་བྱོལ་བ་རྣམས་ལ་མཚོན་ན། འཛམ་གླིང་འདིའི་ཐོག་གི་རྒྱལ་ཁབ་དང་སྲིད་གཞུང་སུ་ལའང་མེད་པའི་མང་གཙོའི་ཁེ་དབང་འཕྲོག་རྩོད་མ་དགོས་པར་༧གོང་ས་མཆོག་གིས་གསོལ་སྩལ་གནང་ཡོད།

དེ་ཡང་འགན་དབང་གཉིས་ཀ་མི་མང་ལ་ཡོད་པ་ཡིན་སྟབས་འོས་ཤོག་དེ་མི་སུ་འདྲ་ཞིག་ལ་ལྡུག་མིན་གྱི་ཐོབ་ཐང་དང་དབང་ཆ་ལོ་ན་སོན་པའི་བོད་མི་ཚང་མར་ཡོད་ལ། འོས་ཤོག་ལྡུག་སའི་གང་ཟག་དེས་སྤྱི་དོན་ལྷག་བསམ་རྣམ་དག་བྱེད་མཁན་ཞིག་ཡིན་པར་འོས་ཤོག་ཕུལ་མཁན་གྱི་གང་ཟག་སོ་སོས་འགན་ལེན་ཐུབ་པ་ཞིག་དང་། འོས་ཤོག་འབུལ་སའི་གང་ཟག་དེས་འོས་ཆོས་དང་ལྡན་པའི་སྤྱི་དོན་ཐད་ལྷག་བསམ་རྣམ་དག་གནང་གི་ཡོད་མེད་ལ་བལྟ་ཞིབ་དང་། བསམ་འཆར་འབུལ་རྒྱུའི་འགན་དབང་གཉིས་ཀ་མི་མང་གིས་ལོངས་སུ་སྤྱོད་ཆོག་པ་ཞིག་ཡིན།

འོན་ཀྱང་། རང་ཅག་བཙན་བྱོལ་བོད་མི་རྣམས་ཀྱིས་མགོན་པོ་མཆོག་གིས་བསྩལ་བའི་དམངས་གཙོའི་ཐོབ་ཐང་གི་འགན་དབང་ཇི་བཞིན་ལག་བསྟར་མ་ཐུབ་པའི་དབང་གིས། ད་བར་སྤྱི་འཐུས་ཚད་ལྡན་འོས་འདེམས་ཞུ་མ་ཐུབ་པར་བརྟེན། སྐབས་སོ་སོའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་ཐེངས་མང་ཆེ་བའི་ནང་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་རྩིས་མེད། ཡང་ན་འགྲེལ་བཤད་གཞན་ཞིག་བརྒྱབ་སྟེ་རང་དོན་ཕྱོགས་ལྷུང་དང་འགན་མིན་ཞེན་འཛིན། ཐ་ན་དཔུང་སྒྲིག་གིས་མི་གཞན་ལ་འཇིགས་སྐུལ་དང་གནོན་ཤུགས་སྤྲད་དེ། གཞན་གྱི་དྲང་ཚུགས་དང་ལྷག་བསམ་བཅས་ལ་རྡུང་རྡེག་ཚབས་ཆེན་བཏང་ཡོད། ཅེས་སོགས་གསལ་ཡོད།

དེར་བརྟེན་ཐེངས་འདིའི་ཚོགས་ཆེན་སྟེང་མདོ་སྟོད་མི་མང་གི་ངོས་ནས་ལྷག་བསམ་རྣམ་དག་གིས་སྤྱི་དོན་སྒྲུབ་མཁན་ཞིག་དང་། ཤེས་འཇོན་ལྡན་པའི་སྤྱི་འཐུས་ཤིག་ཡོང་རྒྱུར་བགྲོ་གླེང་དང་གྲོས་བསྡུར་གནང་རྒྱུ་ཡིན་འདུག་ལ། ཐེངས་འདིའི་མདོ་སྟོད་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་སྐབས་ ༣༨ པའི་ཚོགས་འདུ་འདི་ཉིད་ཕྱི་ཚེས་ ༢༥ ནས་ ༢༧ བར་ཉིན་གསུམ་རིང་འཚོགས་གཏན་འཁེལ་ཡོད་འདུག 

འབྲེལ་ཡོད་གསར་འགྱུར།

Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༨ སྔོན་ལ།
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

༧རྒྱལ་དབང་ཀརྨ་པ་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཕྱི་དྲིལ་བཀའ་བློན་མཆོག་འཇར་མན་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས།

ཆུ་ཚོད་ ༢༣ སྔོན་ལ།
བོད་ཀྱི་ན་གཞོན་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱི་ཞེས་པ་གཞུང་འབྲེལ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་སོང་།
 བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༥
Mobile App

ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱིའི་གཞུང་འབྲེལ་དབུ་འབྱེད་གནང་།

༢༠༢༥/༠༦/༢༥

མཆན། 52

  1. གངས་ཕྲུག says:
    ལོ་ 15 སྔོན།

    ཁའི་མེ་ཏོག་ལགས་ྱ་ངོས་ཀྱིས་ཉིན་ཤས་སྔོན་དུ་བཤད་པ་རྣམས་བདེན་པ་ཡིན་ྱ
    ད་ལྟའི་མདོ་སྟོད་ཆུ་སྒང་གི་མི་ཁུར་མཁན་ཚོས་བྱས་པ་དང་བྱེད་བཞིན་པ་ལ་ལྟོས་དང་ཁྱོད་ཀྱིས་རྟོགས་ངེས་རེད།་་བོད་མི་རྩ་དོན་ལ་ཕན་པའི་ལས་ཀ་གང་བྱས་ཡོད་ཁྱོད་ལ་ཤོད་རྒྱུ་ཡོད་དམ་

    Reply
  2. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    གངས་ཕྲུག།
    ཚབས་ཆེན་གྱིས་འཆར་གཏམ་འདི་དག་ལ་ལྟོས་ན་གོ་མེད་སྟོག་མེད་ཀྱིས་བུང་བུ་ཞིག་ཡིན་པ་ཆུང་བྱས་པའི་སོ་མེད་ཡར་ཆོད་དང་རྒས་སྐྲ་དཀར་མར་ཆོད་སུ་གང་གིས་ཆ་འཇོག་དང་ཡིད་སྨོན་ངོ་འཛིན་མི་བྱེད་པ་གསར་པོ་རེད།

    Reply
  3. མགར་རྟོགས་སད says:
    ལོ་ 15 སྔོན།

    གནའ་རོ་རྙིང་པ་འདི་དག་རྫོགས་ཚིག་འགོད་རོགས།གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ

    Reply
  4. མགར་རྟོགས་སད says:
    ལོ་ 15 སྔོན།

    གནའ་རོ་རྙིང་པ་འདི་དག་རྫོགས་ཚིག་འགོད་རོགས།གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ

    Reply
  5. མགར་རྟོགས་སད says:
    ལོ་ 15 སྔོན།

    གནའ་རོ་རྙིང་པ་འདི་དག་རྫོགས་ཚིག་འགོད་རོགས།གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ

    Reply
  6. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 15 སྔོན།

    སྤྱིར་ང་རང་གི་མཐོང་སྣང་ལ་ཆོལ་ཁ་ཟེར་བ་འདི་དུས་རབས་གཅིག་གི་ནང་དར་ནས་དགོས་མཁོ་བྱུང་བ་ངོས་འཛིན་བྱེད་བཞིན་ཡོད་ན་ཡང་ད་སྐབས་རང་ས་རང་བདག་མེད་པའི་གཞན་ཡུལ་དུ་དགོས་མེད་བརྩོད་བརྙོག་འདི་གལ་ཆེན་དོན་ཆེ་ལ་བརྩིས་ནས་བར་མཚམས་མེད་པར་གཅིག་གི་ལ་སྐྱོན་བརྗོད་བྱེད་རེས་དང་ལོ་རྒྱུས་བརྫུན་བཟོ་བྱེད་རེས་གནང་སྡོད་པའི་ཁ་ཕྱོགས་ལ་སྐྱོན་ཞིག་མཐོང་གི་འདུག། དེ་རིང་ཁ་སང་བཞུགས་སྒར་རྡ་རམ་སར་མིག་ཐག་ཐུང་བའི་སྲིད་དོན་པ་འགས་ཨ་འབྲུག་ཚང་གི་མཚན་སྙན་བད་སྤྱོད་ལོག་པ་བྱེད་ཏེ་སྐུ་མགྲོན་གཙོ་བོར་ལྕམ་སྐུ་ཆོས་སྐྱིད་དབུས་བཞུགས་ཐོག་མདོ་སྟོད་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཟེར་བ་ཞིག་ཚོགས་ཡོད་པ་ཐོས་དུས་ངས་དྲན་ཚོད་ལ་དེ་སྔོན་ལྕམ་སྐུ་ཆོས་སྐྱིད་ལགས་ཀྱི་བུའི་སྐུ་སྒེར་ནང་དངུལ་རབ་ཚགས་པར་སོགས་སུ་གླེང་སྐབས་ཨ་འབྲུག་༼བསྟན་༽ནས་སྐུ་སྒེར་ནང་སྒོར་༼ གསལ་པོ་མི་དྲན་༽རྐུ་མ་རྒྱབ་འདུག་ཅེས་བཤད་པ་གཉིས་ལ་ང་ཚོས་ལྟས་ན་གསལ་པོ་ཤེས་ཐུབ་པ་ཅིག་ནི་དགོས་ས་མ་མཐོང་མདོག་མདོག་དང་མི་དགོས་སར་མཚན་སྙན་བད་སྤྱོད་ལོག་པར་བྱེད་པའི་གོམ་གཤིས་འདི་རེད་།

    Reply
  7. མགར་རྟོགས་སད says:
    ལོ་ 15 སྔོན།

    སྐལ་བཟང་བསྟན་པ་དྲ་རྒྱའི་སྟེང་དུ་འཕེབས་པར་དགའ་བསུ་ཞུ

    Reply
  8. མགར་རྟོགས་སད says:
    ལོ་ 15 སྔོན།

    དྲ་གྲོགས་རྣམས་པ་དགོངས་འགལ་མེད་པ་མཁྱེན། ངའི་ཅུང་ཙམ་ནོར་སོང་།
    མ་གཞི་ངའི་ཞིབ་འཇུག་ཡག་པོ་བྱེད་མི་འདུག

    Reply
  9. གངས་ཕྲུག says:
    ལོ་ 15 སྔོན།

    ཨ་འབྲུག་ཚང་གི་ལྕམ་སྐུ་ཆོས་སྐྱིད་མདོ་མི་མང་ལ་ཕན་པའི་བསླབ་བྱ་བདུད་རྩི་
    སྨན་མཆོག་དེ་འདྲ་ཞོག་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་མ་འོང་པའི་མདོ་སྟོད་གཞོན་ཚོས་ལ་མ་ནོར་ལམ་སྟོན་གནང་རོགས་ཞུ།

    Reply
  10. གངས་ཕྲུག says:
    ལོ་ 15 སྔོན།

    ཁྱོད་ཚོས་སེམས་ཁྲལ་མ་བྱེད་ད་ལྟ་ཡོད་པའི་ཆུ་བཞི་སྒང་དྲུག་གི་མིང་ཁུར་མཁན་ཚོས་མདོ་སྟོད་ཆུ་སྒང་དངོས་མ་མ་རེད་གང་ལགས་ཞུ་ན་
    མདོ་སྟོད་ཆུ་སྒང་ཁུངས་སུ་གཏོགས་པའི་གཞོན་ནུ་ཚོས་ནམ་ཡང་ཁས་མི་ལེན་
    མདོ་ཆུ་སྒང་གི་བཞོན་ནུ་ལྷན་ཚོགས་ཞིག་ཡོང་ངེས་རེད་།་ཏ་ལྟ་ཡི་མདོ་སྟོད་ཆུ་སྒང་ཟེར་མཁན་ཚོགས་པ་དེའི་བླ་སྟོན་སུས་རེད་་ཚོགས་པ་དེའི་སྒྱུགས་ཁྱི་མི་ངན་སྤྱི་འཐུས་ཀརྨ་ཆོས་འཕེལ་སོགས་དགེ་བཤེས་རྫུན་མ་བླ་མ་རྫུན་མ་ཚོགས་གཙོ་རྫུན་མ་སོགས་ཀྱི་སྤྱོད་དེ་དག་མཐོང་སོང་མི་དེ་དག་གི་འགོ་ཁྲིད་མཁན་སུས་རེད

    Reply
  11. འབྲོག་མོ says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ་།

    Reply
  12. མགར་རྟོགས་སད says:
    ལོ་ 15 སྔོན།

    འབྲོག་མོ་ཡག་པོ་རེད། ད་ཁྱོད་རང་གི་ལམ་ནོར་མི་འདུག བུ་མོ་མཛངས་མ་ཞིག་རེད། སློབ་སྦྱོངས་ལ་འབད་པ་ཡག་པོ་གནང་རོགས།

    Reply
  13. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཧོར་བུ་ཡེ་ཤེས་ཀྱིས་གསུངས་པར་རྒྱུ་མཚན་འདུག འདིའི་ཚོགས་འདུས་ཆུ་བཞི་སྒང་དྲུག་གི་འཚོགས་འདུས་མིན་བཞིན་དུ་བཞི་ཆུ་སྒང་དྲུག་གི་འཚོགས་འདུས་ཞེས་གསར་འགྱུར་ནང་དུ་བྲིས་པ་དེར་ཡག་པོ་མ་རེད།

    སྤྱི་ཚོགས་མཐུན་ལམ་ལ་བསམ་གཞི་བྱེད་རྒྱུ་གལ་ཆེ་སྙམ། རྗེས་སུ་གཟབ་དགོས།

    Reply
  14. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    ཚྭ་སྒང་ཕོ་ཉ་ལགས།
    ཁྱོད་ཀྱི་བྲིས་པའི་ཆེད་བརྗོད་འདི་ལ་ལྟོས་ན། མདུན་བསྐྱོད་ཀྱི་གོམ་འགྲོས་དང་དཔའ་འཛང་གིས་བྱས་རྗེས་ཡོངས་ལ་འགལ་བ་མ་ཟད་ད་ལྟའི་སྤྱིར་ཚོགས་ལའམ་མི་མཐུན་པའི་དུག་ལྕེ་འཆར་བ་ཞིག་ཡིན་པ་སྨྲོས་མ་དགོས།

    Reply
  15. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    རྟོགས་སད་ལགས།四水六山是位女的吗?从没听过这个名。

    Reply
  16. འབྲོག་མོ says:
    ལོ་ 15 སྔོན།

    མགར་རྟོགས་སད་ལགས་你说的对啊。我也支持你。我们一定要向他学习。让世界人们难了解他们的所作所为。

    Reply
  17. མགར་རྟོགས་སད says:
    ལོ་ 15 སྔོན།

    四水六岗是我们藏族同胞的保护力量,在西藏人民危急的时刻,她勇于向前,不怕困难,特别是保护达赖喇嘛到印度,西藏同胞有了新的希望。我们新的一代一定要拥护她,向她学习,团结一心,在新时代创造新的世界。

    Reply
  18. སྨྲ་བརྗོད་རང་དབང། says:
    ལོ་ 15 སྔོན།

    ཤ་ཁྲག་གཅིག་པའི་བྱས་རྗེས།

    ད་ལམ་ཉེར་བའི་ཆར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་གྱི་ཡ་ང་བའི་གོད་ཆག་བྱུང་བ་བརྟེན། རང་རིགས་སྤུན་ཟླ་ཁྲི་ཕྲག་ལས་བརྒལ་བ་རྐྱེན་ལམ་དུ་འདས་གྲོངས་སུ་གྱུར། འོན་ཀྱང་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཅོ༹ས་རིས་མིན་བླ་ཆེན་རྣམ་པ་དང་ཆོས་རྒྱུད་སོ་སོ་གདན་ས་ཁག་གི་དགེ་འདུན་འདུས་མོང་ཡོངས་ནས་བསྔོ་སྨོན་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད། བོད་མི་ཅ༹མ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་སོ་སོར་གང་ཐུབ་རོགས་རིམ་རྒྱ་ཆེར་གནང་གི་ཡོད་པར་སྨོས་ཅི་དགོས། ཡིན་ན་ཡང་ཐུགས་སྐྱོ་བའི་གནས་ཚུལ་ལྟར་ན། ས་གནས་Belgiumགནས་སྡོད་རྒྱ་གར་སྡེ་ར་རྡུན་ནས་ཡིན་པ་བོད་པའི་བུ་མོ་ཆེ༹་དབང་སྒྲོལ་མ་དང་སྐྱིད་འཇོ༹མས་གཉིས་ནས་རང་སྣང་གང་ཤར་གྱི་ཤུལ་ལུས་རྒྱ་ཆེན་མི་དམངས་ཡོངས་ལ་རྩིས་མེད་རྡོག་རིལ་བཏང་སྟེ། ཁོ་མོས་བོད་མི་རིགས་ཀྱི་ལ་རྒྱ་དོར་ནས་གླུ་གར་དགོང་ཆོ༹གས་ཅིག་གོ་བསྒྲིགས་བྱས་སྟབས། ས་གནས་སྐུ་ཆ༹བ་སྐུ་ངོ་བདེ་དོན་ལགས་ཀྱི་གཅོ༹ས་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པས་ཁོ་མོ་གཉིས་ལ་གླུ་གར་དགོང་ཆོ༹གས་ཕྱིར་འཐེན་ཡོང་བའི་འབོད་བསྐུལ་བྱས་ཀྱང་ཉན་མི་འདུག།
    དེ་བརྟེན་ཤུལ་ལུས་རྒྱ་ཆེན་འབྲེལ་ཡོད་མི་མོང་ནས་གདུང་སེམས་མཉམ་བསྐྱེད་ཐོག་ཁོ་མོ་གཉིས་ལ་བསྐྱར་དུ་འབོད་བསྐུལ་བྱས་རྗེས། ཆོ༹གས་འདུ་ཐོག་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པ་དང་མི་མོང་ཁ་ཤས་ངུ་འབོད་བྱེད་དགོས་པ་བྱུང་འདུག། མཐའ་མ་ཁོ་མོ་གཉིས་འུ་ཐུག་ནས་དགོང་ཆོ༹གས་ཕྱིར་འཐེན་བྱས་འདུག་པས་ཤིན་ཏུ་ངོ་མཆ༹ར་ཆེ།།

    Reply
  19. འབྲོག་མོ says:
    ལོ་ 15 སྔོན།

    ཧ་ཧ་ཧ་་་་་་་་་་་སྨར་དྷཱི༠ཟེར་དེ་འདྲ་རེད་བས་།ཁྱེད་ཀྱི་དངོས་གནས་ཅིག་ཤེས་ཀྱི་ཡོད་པ་འདྲ་།ཤེས་པ་དེ་ནོར་འདུག་སྣིང་རྗེ་།དཔེར་ལྟར་དབྱིན་ཇི་གཏམ་དཔེ་ནང་དུ་བཤད་པ་འདྲ་little knowledge is dangerous.ཟེར་བ་ལྟར་རེད་།རྗེས་མ་དང་པོ་སོ་སོས་གོ་བ་རྟོགས་པ་བྱེད་ནས་མི་ལ་ལབ་ལོ་།ཤ་ཚ་ཡ་།ཅི་ཡང་ཤེས་ཀྱི་མེད་པ་འདྲ་།

    Reply
  20. འབྲོག་མོ says:
    ལོ་ 15 སྔོན།

    རྒྱ་ཆེ་བའི་ཀློག་པ་པོ་རྣམ་པ་ཁྱེད་རྣམ་ཀྱི་བསམ་བློ་ལེགས་པོ་ཞིག་བཏང་དང་དེང་སྐབས་བཙན་འབྱོར་བོད་ཀྱི་སྤྱི་ཚོགས་ནང་བལྟ་ས་ཡོད་པའི་ཚོགས་པ་དེ་མདོ་སྟོད་ཆུ་བཞི་སྒད་དྲུག་རེད་མི་འདུག་བས་།གནས་ལུགས་བཤད་ན་བཤད་ས་ཡོད་རྒྱུ་།འགྲེལ་བཤད་རྒྱབ་ན་རྒྱབ་ས་ཡོད་རྒྱུ་།བོད་རིགས་དཀའ་ངལ་འཕྲད་ན་རོགས་བསྐྱོར་བྱེད་མཁན་།དངོས་གནས་ཁ་གཅིག་ལྕེ་གཉིས་མུན་པ་།ངོས་དགའ་ཁོག་རྩུབ་མུན་པ་།དངོས་གནས་ལྷག་བསམ་རྣམ་དག་གི་བོད་རིགས་མི་མང་ལ་ཞབས་ཞུ་བྱེད་མཁན་གྱི་ཚོགས་པ་ཞིག་རེད་འདུག་།དཀའ་དྲིན་ཤིན་ཏུ་ཆེ་།རྗེས་སུ་ཡིད་རིང་ཡོད་།

    Reply
  21. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    དུས་བབས་ཚང་གིས་སེམས་ངན་ཞིག་བཅིངས་ནས་གསར་འགྱུར་དེ་སྤེལ་བ་ཡིན་པ་འདྲ་མ་གཏོགས་ཤེས་ཡོན་ཡོད་ཟེར་མཁན་ཚོགས་པ་ཞིག་གི་མ་གོ་མཤེས་པ་ནི་ཡིན་རྒྱུ་མ་རེད།སྔར་རབ་གསལ་ལགས་ཁོང་ཚོ་ཡོད་པའི་སྐབས་སུ་དེ་འདྲའི་ལས་བྱས་མ་མྱོང་།ཡིན་ནའང་ད་ལྟ་དུས་བབས་ཚང་གི་ལུང་རིག་རྒྱལ་ལ་ཞུ་རྒྱུ་རྗེས་སུ་ཐུགས་བསམ་ལེགས་པོ་བཞེང་ནས་གསར་འགྱུར་སྤེལ་རོགས།ཁྱོད་ཆུ་ངོགས་གཏམ་རྒྱུད་ནང་གི་ཀོའོ་ཆིག་གིས་ལབ་པ་ནང་བཞིན་སྤྱང་ཀི་ཤི་དང་འཕར་བ་ཤི་ང་ལ་ཁྱད་པ་མེད་ཟེར་མཁན་དེ་འདྲ་ནི་ཡིན་རྒྱུ་མ་རེད།
    ད་དུང་མགར་རྟོགས་སད་ཟེར་བ་ཞིག་གིས་བུ་མོ་འབྲོག་མོ་ལ་རྒྱ་ཀོང་ཁྲོད་ལྟར་སྡུག་ར་བཏང་ས་བལྟས་ན་ཁོ་ལ་དྲངས་བདེན་དང་མེད་པ་འདྲ།

    Reply
  22. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    འབྲོག་མོ་རང་རེད་རྐྱང་མི་ཤེས་པའི་བོུ་གླེན་པ་ཞིག་རེད་འདུག་མ་གཏོགས་དངོས་ཡོད་ཀྱི་གནས་ཚུལ་གསལ་བཤད་དེ་ཚོ་དགོས་ངེས་རེད།

    Reply
  23. འབྲོག་མོ says:
    ལོ་ 15 སྔོན།

    སྐུ་ཞབས་མགར་རྟོགས་སད་ལགས་།ཁྱེད་ཀྱིས་མ་ཤེས་ཤེས་མདོག་རག་འེ་གསེར་མདོག་མ་བྱེད་ལོ་།ཉིན་ཞིག་བོད་རྒྱལ་ཁབ་ཆེན་པོ་འདི་མགོ་སྟེང་རློག་ཚར་དུས་ཧ་གོ་ཡི་རེད་།དེ་རག་ཆུ་མ་ཤོར་གང་ནས་ཆུ་ར་དང་རྐུ་མ་ཤོར་གང་ནས་ཟབ་ནན་བྱེད་རྒྱུ་གལ་ཆེན་པོ་རེད་མོ།ད་ལྟ་ནས་སྤྱི་ཚོགས་ནང་ཧ་གོ་བཅུག་རྒྱུ་གལ་ཆེན་པོ་རེད་།ཁྱེད་ལམ་ནོར་དུ་མ་འགྲོ་བའི་རེ་བ་ཡོད་།བསམ་ལོ་ཡག་པོ་བཏང་།

    Reply
  24. getse ngodup from .be says:
    ལོ་ 15 སྔོན།

                        རོགས་སྐྱོར་གནང་བ།

    ༄༄།། ད་ལམ་ཉག་ཕྲ་བའི་དུས་སྐབས་འདིར་རང་བྱུང་ཁོར་ཡུག་ལ་ས་ཡོམ་གྱི་གནོད་འཆེ༹་འོག།  འཇ༹མ་གླིང་ཕྱོགས་གང་ས་དང་ལྷག་པར་དུ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་སྐྱེ་རྒུ་གྲོང་སྡེ་དང། རོང་པོ་  སྐར་མདའ་  འབྲོག་མདའ་   ཁྲུན་འདུ་   ནང་ཆེན་བཅས།   ས་ཕྱོགས་གང་ས་ལ་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད་པར་བརྟེན།      དཔལ་ལྡན་དགོན་ར་ཉག་ཕུན་ཆོ༹གས་ཐེག་ཆེན་གླིང་གི་ཁྲི་པ་སྐྱབས་རྗེ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག།   ས་ཡོམ་གྱི་རྐྱེན་ངན་བྱུང་བ་གསོན་མ་ཐག་མྱུར་དུ་ Taiwan ནས་མཁའ་ལམ་རྒྱུད་ཟིར་ལིང་ལ་ཕེབས།   དེ་ནས་ཁོང་གི་ཐབས་ཤེས་རྒྱུད་དམིགས་གསལ་སྨན་པ་ཁ་ཤས་ཁྲིད་ནས་ཡུལ་ཤུལ་ས་ཁུལ་དུ་ཕེབས་འདུག་པ་མ་ཆ༹ད།   ར་ཉག་དགོན་པའི་དགེ་འདུན་པ་ ༡༧༠ དང་ལྷན་དུ་མི་རྒྱུ་གཉིས་གི་ཐོག་རོགས་རིམ་རྒྱ་ཆེར་གནང་འདུག།   ལྷག་པར་དུ་ར་ཉག་དགོན་པའི་དགེ་འདུན་པ་ཆོ༹འི་ས་འོག་ནས་བོད་རིགས་ཉིས་བརྒྱ་ལྷག་གི་ཆེ༹་སྲོག་སྐྱོབ་གནང་ཡིན་པ་རེད།   སྤྱིར་གནས་ཆུ༹ལ་གོ་དོན་ལྟར་ན།   ཁམས་མགྱོགས་རིན་པོ་ཆེ་དགོན་པ་གསར་པ་ཧ་ཅང་གི་ལེགས་གྲུབ་བྱུང་ཡོད་ཀྱང་ཡིན་ན་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད།     འོན་ཀྱང་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་སྤུན་ཟླ་ཤུལ་ལུས་རྒྱ་ཆེར་མི་དམངས་ཡོངས་ཀྱི་ཆེད་དུ་དམིགས་སྟེ།   ད་ལྟ་བར་དུ་འགྲོ་སོང་གཏོང་ཆོ༹ད་བྱས་ན།  གྲོ་འབྲས་རྒྱ་མ་༡༢༠༠༠   ཅ༹མ་པ་རྒྱ་མ་༡༥༠༠   མར་རྒྱ་མ་༡༠༠༠  ཐུག་པ་ཤོག་སྒམ་༡༠༠༠    ཉལ་ཆས་༣༠༠༠   གྱོན་ཆས་༢༥༠༠  རས་གུར་༡༠༠  དེ་མིན་ཟས་རིགས་འདྲ་མིནདང་   ཉམ་ཐག་དབུལ་པོ་ཁྱིམ་ཆ༹ང་རེ་ལ་སྒོར་༣༠༠  གནང་ཡོད།    བསྡོམས་པས་རྒྱ་སྒོར་ཁྲི་ ༢༡༥ ལྷག་གཏོང་ཟིན་ཀྱང་ད་དུང་ཡོང་མི་མཐུད་ནས་གནང་རྩིས་ཡིན་འདུག།     དེ་ཡང་མ་ཆ༹ད་རིན་པོ་ཆེ་ཁོང་གིས་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་ནས་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་ནང་གི་ཆོ༹གས་པ་ཁག་སོ་སོ་ལ་རོགས་རིམ་འབོད་བསྐུལ་གནང་འཆར་ཡིན་འདུག་པ་མ་ཆ༹ད་ཁོང་གིས་གསར་འཇུ༹གས་གནང་བ་སྨོན་ལམ་ཆོ༹གས་ཆུང་རྒྱུད།        ཆེ༹་འདས་ཡོངས་ཀྱི་ཆེད་དུ་ཉིན་ལྟར་སྐྱབས་གནས་འཕགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བ་སྨོན་ལམ་དང་མི་དམངས་བརྒྱ་ཕྲག་དུ་མ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འབུམ་ཆོ༹གས་ཆོ༹གས་ཀྱི་ཡོད་རེད་ཟེར།  གོང་གི་གནས་ཆུ༹ལ་དེ་དག་ས་གནས་དགོན་པའི་གྲ་བློ་བཟང་གི་གསུང་པ་ལྟར་བྲིས་ཡིན།  སྤྱིར་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཆུ༹ལ་སྤེལ་བ་ལྟར་ན།    རང་ཡུལ་གངས་ཅན་ལྗོངས་ནས་ཆོལ་ཁ་སོ་སོ་དགོན་སྡེ་ཁག་དང་བླ་ཆེན་རྣམ་པ་གཅོ༹ས་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་རོགས་རིམ་རྒྱ་ཆེར་གནང་ཡོད་པ་མ་ཆ༹ད།   ཕྱི་རྒྱལ་ཡུལ་གྲུ་ཁག་སོ་སོ་དང་  སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་བླ་ཆེན་རྣམ་པ་དང་དགོན་སྡེ་ཡོངས་ཀྱི་རོགས་རིམ་གནང་ཡོད་པས་འདིར་མ་བྲིས་སོ།།

    Reply
  25. མགར་རྟོགས་སད says:
    ལོ་ 15 སྔོན།

    སྤོ་འབོར་སྒང་གི་ཉེ་འདབས་ན།བླ་སློབ་དམ་ཚིག་འགྱུར་མེད་ཞིག
    རྡོ་བརྐོས་རི་མོའི་རིགས་སུ་མཐུན།མདོ་ཁམས་ལི་ཐང་ཕྱུག་མོ་ཡིན།
    ས་ཡ་དྲུག་གི་སྤྱི་དོན་དེ།སྒེར་དོན་ལྟ་བུའི་ཕྲག་ཏུ་ཁུར།གཅེས་སྲོག་ཕངས་མེད་སྦྱིནམཁན་དེ།མདོ་ཁམས་ཆུ་བཞི་སྒང་དྲུག་ཡིན།གཞི་བྱེས་གཉིས་ཀྱི་རེ་བཅོལ་མཆོག གོང་ས་ཏཱ་ལའི་བླ་མ་ཡིའི།ཉེན་ཁའི་དུས་ཀྱི་སྲུང་མ་དེ།
    ཨ་འབྲུག་མགོན་པོ་བཀྲ་ཤིས་ཡིན།

    Reply
  26. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    ལི་ཐང་པ་ཡུས་མོ་ཨ་འབྲུག་ཚང་གི་རྨོ་རྒན་ཆོས་སྐྱིད་ཟེར་བ་ཁོང་མདོ་སྟོད་སྤྱི་འཐུས་ཀྱི་བྱེད་སྟངས་མཐོང་དུས་བློ་ཕམ་རབས་སོགས་མང་པོ་བཤད་འདུག་ཁྱེད་ལྷག་བསམ་རྣམ་དག་ཡིན་ན་ཕུར་པ་སྟོབས་རྒྱལ་ཁྱེད་ཚོ་དབུ་ཁྲིད་པའི་ཆུ་སྒང་དེ་བོད་གཞུང་དང་མདོ་སྟོད་མི་མང་སུ་གང་གི་ངོས་ལེན་མེད་བཞིན་དུ་ད་དུང་དེར་ཐམ་དགོས་པས་རྒྱུ་མཚན་ཅི་ཡིན། རྨོ་རྒན་ཡུག་མོ་ཁྱོད་མགྱོགས་མྱུར་འཆི་རོགས་བྱས་ན་ང་ཚོ་མདོ་སྟོད་མི་མང་གི་བླ་ཚོང་མཁན་གཅིག་མེད་པ་གྱུར་པ་རེད་དེ་ལྟར་སེམས་ཤུགས་ཡོད་ན་ཁྱེད་དུ་མདོ་སྟོད་མི་མང་ནང་ཁུལ་དཀྲུགས་བྱེད་ཀྱི་ཚོགས་པ་འདིར་ཐམ་དགོས་པའི་རྒྱུ་མཚན་ཅི་ཡོད།

    Reply
  27. ཚྭ་སྒང་ཕོ་ཉ། says:
    ལོ་ 15 སྔོན།

    མདོ་སྟོད་ཡུ་ཤུལ་ས་ཁུལ་ལ་ས་ཡོམ་རྒྱབ་ནས་མི་རྒྱུ་གཉིས་ཀ་ལ་གྱུང་གུད་ཆེན་པོ་བཟོས་པའི་དུས་འདིར་མདོ་སྟོད་ཆུ་བཞི་སྒང་དྲུག་ཟེར་བས་ཚོགས་པ་གསར་རྙིང་གཉིས་ཀ་མཐོང་རྒྱུ་ཐོས་རྒྱུ་གང་ཡང་མི་འདུག་དངོས་གནས་བློོ་ཕམ་དགོས་པ་ཞིག་རེད། དངོས་གནས་མདོ་སྟོད་མི་དམངས་ལ་ཕན་ཐོག་བྱེད་མཁན་གྱི་ཚོགས་པ་གཅིག་ཡིན་མིན་གསལ་པོ་ཆག་སོང་། གུས་པ་རྒྱ་གར་ལ་འབྱོར་ནས་ལོ་ངོ་བཅུ་ཙམ་སོང་བའི་དུས་ཡུན་རིང་ཆུ་བཞི་སྒང་དྲུག་ཟེར་བའི་ཚོགས་པའི་མིང་ཐོག་ནས་བོད་སྤྱི་པའི་རྩ་དོན་གྱི་ཆེད་དུ་ལས་འགུལ་ཞིག་སྤེལ་བ་མཐོང་མྱོང་མེད་ལ་ཐོས་མྱོང་ཡང་དེ་བའི་མེད།
    དེ་ལས་ལྡོག་སྟེ་ཆུ་སྒང་གསར་རྙིང་གཉིས་ཟེར་བའི་མིང་ཞིག་གི་འོག་ནས་ནང་ཁུལ་ལ་ཟུར་ཟ་དང་ཕུང་སྐྲུག་བྱེད་ཆེད། གསར་རྙིང་གཉིས་ཀས་རིང་མེད་ཐོག་དཔེ་དེབ་སྟོང་ཕྲག་ཁ་ཤས་བོད་པའི་སྤྱི་ཚོགས་ཐོག་བཀྲམ་གྱི་ཡོད་པ་མིག་གི་དངོས་སུ་མཐོང་བྱུང་དེ་ནི་བློ་ཕམ་དགོས་པ་ཞིག་རེད། ཁྱོད་ཚོ་ལ་རིང་མེད་ཐོག་སྤྱོད་རྒྱུའི་དཔལ་འབྱོར་དེ་འདྲ་ཡོད་ན་ད་ཡུལ་ཤུལ་ས་ཁུལ་ལ་རོགས་སྐྱོར་བྱོས་དང་། ད་དུང་ངས་ཐོས་པ་ཞིག་ནི་ས་ཆ་ག་གེ་མོ་ཞིག་ལ་
    ཆུ་བཞི་སྒང་དྲུག་ག་གེ་མོ་ཞིག་གི་ཐུགས་སྤྲོ་གཏང་ཀྱི་རབ་དེ་རེད།
    དེ་ཡིད་སྐྱོ་དགོས་པའི་གནས་ཞིག་རེད། ཆུ་སྒང་གི་སྒྲིགས་མཛུགས་འདི་ཐུགས་སྤྲོ་ཡི་ཆེད་དུ་གཙུག་པ་ཞིག་ཡིན་ནམ། ཡང་ན་བོད་མི་རིགས་ཀྱི་ཆེད་དུ་གཙུག་པ་ཡིན། ང་མདོ་སྟོད་ཀྱི་མི་ཞིག་ཡིན་པས་ཆ་ནས་ངོས་ལེན་རྩ་བ་ནས་མེད། དུས་ཚོད་ཀྱི་རྐྱེན་པས་དེ་ཙམ་ཡིན།

    Reply
  28. མགར་རྟོགས་སད says:
    ལོ་ 15 སྔོན།

    ཤོབ་ཁྲམ་གཡོ་རྒྱུའི་གྲུབ་པའི་ཕུང་པོ་ཡིས། མངལ་ལས་བྱུང་བའི་གསང་བ་རྐང་གཅིག་མ། བྱེས་པའི་སྣང་བ་གཡེང་སའི་རྩེད་རྭ་ཞིག རྒན་པོའི་ཨུ་ཚུགས་བྱེད་སའི་ལོ་ཟླ་ཞིག

    Reply
  29. མགར་རྟོགས་སད says:
    ལོ་ 15 སྔོན།

    ཁ་བའི་མེ་ཏོག་ལ་བཀྲིས་ཞུ།

    Reply
  30. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    གཞུང་ལམ་གཅིག་ཏུ་བསྐྱོད་བཞིན་པའི་རང་བཙན་ཐབ་རྩོད་པ་དང་བློ་སེམས་མཐུན་པའི་གྲོགས་པོ་རྣམས་ལ། ཆེད་ཞུ་རྒྱུ་ནི་ཨ་མཐུན་ཐུན་ཁ་བསྡུས་པ་ལས་མི་ཐུན་གྱོད་ཁར་དོར་ན་མི་ལེགས།

    Reply
  31. མགར་རྟོགས་སད says:
    ལོ་ 15 སྔོན།

    ཤེས་རྒྱ་ཆུང་ཞིང་མཐོང་རྒྱ་དོག་པའི་འབྲོག་མོ་འང་ཁྱི་མོ།
    རྙོག་གཏམ་མང་ན་ཉེན་ཁ་ཡོད།ཁྱོད་རང་ངའི་ཧ་གོ་ད་ཚོད་་འཛིན་ན་ཡག་པོ་རེད།
    བསམ་བློ་སྔོན་ནས་བཏང་ན་མཁས་པ་ཡིན།འགྱོད་པ་རྗེས་ནས་སྐྱེས་བླུན་པོ་ཡིན།
    གོ་སོང་ཨ།

    Reply
  32. འབྲོག་མོ says:
    ལོ་ 15 སྔོན།

    ཕ་རོ་ཟ་རྒྱུ་ཨམ་འབྲུག་སོང་རྨོ་།བོད་ཀྱི་ཡུལ་མི་ལས་འགན་མ་འགྲུབ་ནས་བོད་པའི་སྤྱི་ཚོགས་ནང་ནས་ཕུད་ཚར་བའི་མི་ངན་དེ་ཚོས་སྐུ་མགྲོན་ལ་འགྲོ་ཁ་བྱེད་ནས་ད་དང་ཁོ་ཚོས་བཀའ་བློན་ཁྲི་བ་དང་སྤྱི་མཐུས་མ་འོངས་པ་སྤོས་དག་པོ་ཞིག་དགོས་ཀྱི་འདུག་ཟེར་བ་ལ་།ཁྱེད་རང་ཚོ་བོད་ཀྱི་ཡུལ་མི་ནས་གང་བྱེད་ནས་ཕུད་བཞག་པ་རེད་།ད་དུང་ཧམ་པ་བཤད་ཁ་བྱས་།མ་བཞི་མི་ངན་དེ་ཚོས་བོད་ནང་གནས་ཚུལ་ཚབ་ཆེན་གང་བྱུང་ན་ཁོ་ཚོས་སྤྱི་ཚོགས་ནང་གཉོག་སྒྲ་ཅང་ཅང་བཟོའི་འདུག་ག་།དེ་དང་ལོས་ཡིན་་ཕུར་བ་སྟོབས་རྒྱས་རྒྱ་མི་སོ་བ་དངོས་གནས་དེ་རེ་ད་་།འོ་ཁོ་ཤུ་ཤུ་དེ་དངོས་གནས་ཡིན་པ་འདྲ་།

    Reply
  33. བཤད་སྒྲུབ says:
    ལོ་ 15 སྔོན།

    བོད་གཞིས་བྱེས་གཉིས་སྐྱེད་སྡུག་གཉམ་མྱོང་ཐོག་ཡུལ་ཤུའི་མི་མང་ལ་སེམས་གསོ་བྱེད་བའི་དུས་སྐབས་འདི་ལ་དགོས་མེད་གཞུང་དང་མི་མང་གཉིས་ནས་ངོས་ལན་མེད་པའི་སྐབས་ཚོར་རིགས་ལུགས་པ་འགས་མདོ་སྟོད་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༣༨་པ་ཟེར་བ་ཞིག་ཚོགས་པ་དང་དུས་བབ་ཚང་ནས་གནས་སྟངས་དེ་དང་གནས་ལུགས་དེ་དག་གསལ་པོ་མཁྱིན་བཞིན་དུ་དགོས་མེད་བརྩོད་རྙོག་བཟོ་བའི་ཚིག་འདི་འདྲ་ཞིག་ཏེ་༼མདོ་སྟོད་ཆུ་བཞི་སྒང་དྲུག་གི་ཚོགས་ཆེན།༽ ཅེས་འབོད་པ་འདི་ཧགལས་དགོས་པའི་གནས་སྟངས་ཅིག་རེད། རྩོམ་སྒྲིག་པ་རང་ཉིད་བོད་མི་ཞིག་ཡིན་པའི་ལ་རྒྱ་དང་ཆོལ་གསུམ་གཅིག་སྒྲིག་གི་འོས་འགན་མ་ཁྱེར་བ་རང་སྣང་གང་ཤར་ཁམས་པ་མི་མང་དང་བོད་རིགས་སྤྱི་ལ་དོ་ཁུལ་མེད་རྟག་ཞིག་མིན་ན་། གནས་སྟངས་འདི་མགོ་ནས་འཇུག་བར་རྒྱུ་མཚན ་ལྡན་པའི་འཆན་བུ་གཅིག་བཞག་དང་ང་ཚོ་ཏེ་ཁམས་པའི་ཟིན་པ་དག་གི་རེ་རེ་བཞིན་འཆན་ཐོག་འཆན ་དང་ཁྲིམས་ཐོག་ཁྲིམས་ལ་འགྲོ་བའི་ལམ་ཁ་སྟོན་ཆོག།

    Reply
  34. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཚོགས་པ་རེ་ནས་འགན་བཞེས་ཏེ་བཀའ་བློན་དང་སྤྱི་མཐུས་སྤུས་དག་པོ་ཞིག་ཡོང་བའི་འབད་བརྩོན་གནང་བ་ནི་ཡག་པོ་རེད་ལ་ཚོགས་པ་ཙམ་མ་ཟད་བོད་མི་ངོ་རེ་མི་རེ་འགན་རེ་ཡོད་པ་མངོན་གསལ་རེད། མ་ཟད་ད་ཡོད་བཙན་བྱོལ་མི་མང་གི་སྤྱི་མཐུས་ཀྱི་ཚད་ཇི་ཡོད་འཛམ་གླིང་མི་མང་ཡོངས་ཀྱི་ཤེས་གསལ་རེད་ཟེར་ན་ཅུང་ཐལ་ཆ་ཆེ་སྙམ། ཚོགས་པ་རེ་ནས་ཚོགས་འདུ་ཉིན་གསུམ་བཞི་རེ་ཚོགས་ནས་ཐག་གཅོད་ཐུབ་པ་ཞིག་མ་ཡིན་ལའང་དེ་བས་ཀྱང་ནད་གཞི་རྙིང་ལོངས་ཡས་ཀྱི་རྒྱུ་དང་ཆོལ་རིགས་སྤེལ་བ་ལྟ་བུ་ཞིག་མངོན་གྱི་འདུག དེ་ལས་ཐབས་ལམ་གཞན་ཞིག་ལ་ད་ཆ་བཀའ་བློན་ཁྲི་བའི་དྲྭ་རྒྱ་ནང་བཀའ་བློན་འོས་དམིགས་བཅོ་བརྒྱད་སྟོན་འདུག་དེ་ལས་མང་བ་ང་ཚོའི་སྤྱི་ཚོགས་ནང་ཡོད་སྲིད་པས་དེ་དག་ལ་རེ་བ་ཞུས་ནས་རང་རང་གི་མ་འོངས་སྤྱི་ཚོགས་ནང་ལས་དོན་གང་ཞིག་སྒྲུབ་ཐུབ་མིན་དང་བོད་དོན་ཆེད་ལངས་ཕྱོགས་འཛིན་ཚུལ། བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་གང་ཡོད། བཙན་བྱོལ་སྤྱི་ཚོགས་འཛིན་སྐྱོང་བྱ་རྒྱུ་ཐབས་ལམ་སོགས་འོས་དམིགས་ངོ་མས་རྒྱུད་ལམ་ཁག་ནས་རྒྱུད་བསྒྲགས་བྱ་རྒྱུའི་རེ་བ་སྟོན་དགོས། དེ་ལྟར་བྱུང་ན་མི་མང་ནས་ཀྱང་བཀའ་བློན་འོས་ཤོག་སུ་ལ་འཕེན་ན་མཚམས་མིན་འདེང་ཚོད་ཞིག་བྱ་ཐུབ་སྙམ།
    དྲྭ་གྲོགས་རྣམས་ནས་མཚན་བུ་བྲིས་དུས་ཟབ། བོད་པ་ཚང་ལ་རྙོག་འདྲ་མང་གི་དགོངས་བཞེས་རོགས།

    Reply
  35. སྨར་ཁམས་བུ། says:
    ལོ་ 15 སྔོན།

    མི་ཁ་ཤས་ཀྱི་ཚོགས་པ་ཆུང་ཆུང་ཞིག་ཙུགས་སྟེ་དེ་དག་ལ་མདོ་སྟོད་སྤྱི་མིང་སྦྱར་ན་ལེགས་པོ་ཞིག་མཐོང་གི་འདུག་གམ། མི་མང་དང་རང་གཞུངགི་་ངོ་ལེན་མེད་བ་ཤེས་ཤེས་ཐོག་ད་དུང་ལྐུགས་པ་དབུས་ཙུགས་བརྒྱབ་ཀྱི་ཡིན་ནམ་།
    སྤྱི་ཁྱེད་ཀྱི་བོད་ནང་ས་འགུལ་གྱིས་དཀའ་ངལ་ཁྲལ་བས་ཐོག་ལས་འགུལ་སྤེལ་བ་སྔགས་བརྗོད་ཡོད། འོན་ཀྱང་གོང་གི་དྲི་བ་གཉིས་ལ་ལན་ཞིག་འདེབས་བའི་རེ་བ་ཡོད།

    Reply
  36. བཀྲ་ཤིས། ། says:
    ལོ་ 15 སྔོན།

    ད་རེས་ཀྱི་འཚོགས་འདུ་དེ་ཆུ་སྒང་རྫུན་མའམ་ཆུ་སྒང་གསར་བ་ཟེར་བ་དེ་རེད། སྤྱིར་བཏང་བཤད་ན་མདོ་སྟོད་ཆུ་བཞི་སྒང་དྲུག་གི་དཔའ་བོ་དཔའ་མོ་རྣམ་པའི་སྙིང་སྟོབས་དང་དཔའ་ཤེད་ལ་བརྟེན་ནས་༸རྒྱལ་བ་རིན་པོ་ཆེ་སྐྱབས་བཅོལ་ལ་ཕེབས་ཐུབ་ཙམ་བྱུང་བ་རེད། དེ་བཞིན་ཆོས་ལུགས་རིས་མེད་ཀྱི་བླ་སྤྲུལ་སྐྱེས་ཆེན་རྣམས་དང་བོད་ཁྲི་ཕྲག་དགུ་ལ་ཉེ་བ་རྒྱ་གར་ནང་སྐྱབས་བཅོལ་ལ་ཡོང་ཐུབ་པར་བརྟེན། བོད་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དེ་མདོ་སྟོད་ཆུ་བཞི་སྒང་དྲུག་གི་དཔའ་བོ་དཔའ་མོ་ཚོས་བྱས་རྗེས་ཁོ་ན་རེད། ད་དྷ་རམ་ས་ན་གྲོད་ཁོག་བརྒྱག་པའི་མི་རེ་ཟུང་གིས་ཆུང་སྒང་གསར་བ་ཟེར་བ་བཙུགས་ཏེ་ནམ་རྒྱུན་ཁམས་རིགས་ནང་ཁུལ་ལ་གཏོར་བཤིག་རྒྱག་གིན་ཡོད་པ་དེ་ཚོས་བསམ་བློ་ཡག་པོ་གཏོང་དགོས་པའི་དུས་སུ་བབ་ཡོད།

    Reply
  37. ཨ་ཟླ་བ། says:
    ལོ་ 15 སྔོན།

    མདོ་སྟོད་ཆུ་སྒང་གཅིག་མ་གཏོགས་གཉིས་གཏན་ནས་ཡོད་མིོ་སྲིད།འོན་ཀྱང་དངུལ་དངོས་ཀྱི་སྨྱོན་ཆུ་འཐུངམཁན་འགས་འདི་ལྟར་བྱས་པ་རེད།བོད་གཞུང་ཁྲིམས་ནང་བསྐྱལ་ད་དུང་མིང་འདི་དཡི་ཚོགས་འདུ་འཚོགས་པའི་ངོ་གདོང་བསྟན་ཤེས་སམ།ངོ་མ་ཁྱི་རྒན་ཁྱུ་གཅིག་རང་རེད།

    Reply
  38. Trinle G. says:
    ལོ་ 15 སྔོན།

    སྤྱིར་གཏང་སྤྱི་འཐུས་ཞེས་པ་རྒྱལ་ཁབ་ཀྱི་མི་མང་ཡོངས་ཀྱི་མགྲིན་ཚབ་དང་མང་གཙོའི་ངོ་བོའི་གཞུང་ཞིག་ཡིན་ཕྱིན་སྤྱི་འཐུས་ཀྱི་བཀའ་བརྩི་རྒྱུ་གཞུང་གི་གལ་ཆེའི་ཕྱག་ལས་ཤིག་ཆག་ཡོད་པ་དང་། སྤྱི་འཐུས་སོ་སོ་ཡང་མི་མང་གི་འཐུས་མིའམ་མགྲིན་ཚབ་ཤིག་ལ་སོང་ཙང་དངོས་སུ་མི་མང་གི་ཚོར་བ་བདེ་སྡུག་ཇི་མྱོང་དང་རེ་འདུན་ཇི་ཡོད་མཁྱེན་པ་གནང་ནས་བློན་ཆེན་ལྷན་ཚོགས་ལ་སྙན་གསེང་ཞུས་ཏེ་དེ་དོན་མ་སྒྲུབ་བར་ཇི་ལྟར་འབད་རྩོན་དགོས་ཀྱི་ཕྱིར་ཤིག་མི་གནང་རྒྱུ་བཅས་དགོས་ངེས་ཆེ་ཡང་། ད་ལྟའི་རང་རེ་སྤྱི་འཐུས་མང་ཆེ་བ་ནི་མི་མང་གི་བདེ་དོན་སྒྲུབ་རྒྱུའི་ཚབ་ཏུ་བཀའ་བློན་ཆོ་དང་གནད་ཡོད་མི་དྲག་རྣམས་ཀྱི་རྒྱུག་ཁྱི་ཤ་སྟག་གནང་བ་ལ་བརྟེན་མི་མང་གི་སྤྱི་འཐུས་ལ་ཡིད་ཆེས་རླག་རྒྱུ་ཉག་གཅིག་ཡིན། སྤྱི་འཐུས་ནང་གི་སྒེར་གྱི་གོ་སྐབས་དང་ལམ་གྲོན་སོགས་ཀྱི་ཐད་ངོ་ཚ་མེད་པའི་རྩད་ཡང་ཡང་བརྒྱབ་རྒྱུ་དང་། སྤྱི་ཚོགས་ཀྱི་ནང་སོ་སོ་སྤྱི་འཐུས་ཡིན་པའི་རྫིག་གཏམ་བཤད་ནས་བདེན་པ་རྫུན་མ་དང་རྫུན་མ་བདེན་པ་བཟོ་རྒྱུའི་བཀྲོག་གཏམ་དང་དཀྲུག་ཤིང་རྒྱུན་མི་ཆད་པ་རང་རེའི་སྤྱི་ཚོགས་ནང་ཡོང་བཞིན་པ་འདི་ནི་ཤིན་ཏུ་བློ་ཕམ་ཆེ་བ་ཞིག་ཡིན། མ་འོང་པར་ཚང་མས་ཐུགས་བསམ་ལེགས་བཞེས་ཀྱིས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཀྱི་སྤྱི་འཐུས་ལྟ་བུ་ཞིག་འཛུགས་བསྐྲུན་ཐུབ་པའི་རེ་བ་དང་སྨོན་ལམ་བྱ་རྒྱུ་ལས་གཞན་ཐབས་ཤེས་གང་མི་འདུག

    Reply
  39. བློ་དཔལ། says:
    ལོ་ 15 སྔོན།

    ཕ་ཡུལ་ན་ཡོད་པའི་སྤུན་ཟླ་ཚང་མ་མ་དྲེས་བསམ་པ་གཅིག་མཐུན་དང་གཅིག་ཕན་གཅིག་གྲོགས་སྐྱིད་སྡུག་མཉམ་མྱོང་གནང་དུས། ཁྱེད་་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཀྱི་མང་ཅན་ཚོའི་སྤུན་ཟླ་ཁྲི་དྲག་འདས་གྲོངས་སུ་སོང་བ་མྱ་ངན་སྐར་མ་གཅིག་ཡང་མི་བྱེད་པར་དུས་ཚོད་ཛ་དྲག་ཅན་གྱི་སྐབས་ཛ་དྲག་མེད་པའི་ལས་དོན་དག་ཁ་གཡར་དོན་ཅི་ཡིན། ཡང་ན་ཁྱེད་་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་བོད་ཁ་བ་ཅན་ལ་འགྲེལ་བ་མེད་པ་ཡིན་ནམ? ཡང་ན་ཁྱེད་་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་སྐྱེ་རྒུའི་སྤུ་ཟླ་རྣམ་ལ་ཤ་ཚ་དང་གདོང་སེམས་མཉམ་སྐྱེད་མེད་དམ?

    Reply
  40. ཨ་བཀྲ་ཤིས། says:
    ལོ་ 15 སྔོན།

    ལས་ཀ་ཡག་པོ་བྱས་ན་༼ ལོ་རྒྱུས་ལ་དཀར་ཐིག་ ༽ དང་། ལས་ཀ་ངན་པ་བྱས་ན་ ༼ ལོ་རྒྱུས་ལ་ནག་ཐིག་རེད། ༽ ང་ལ་འདི་མ་གཏོགས་སེམས་ལ་ཤར་རྒྱུ་ཅི་ཡང་མི་འདུག

    Reply
  41. ཨ་བཀྲ་ཤིས། says:
    ལོ་ 15 སྔོན།

    ངས་བལྟས་ན་བོད་མིའི་གནད་དོན་འདི་བཀའ་ཁྲི་དང་སྤྱི་འཐུས་རེད་བསམ་གྱི་མི་འདུག
    ཁྱིམ་ཚང་ཞིག་ལ་མཚོན་ན་ཨ་ཕ་ཨ་མ་མཁོ་མཁོ་རེད། དེ་བཤད་མ་དགོས་པ་རེད། གཙོ་བོ་བུ་ཕྲུག་དེ་ཚོ་ག་རེ་བྱས་ཏེ་སྐྱོང་དགོས་མིན་གལ་ཆེན་པོ་རེད། ནམ་རྒྱུན་བཀའ་ཁྲི་དང་སྤྱི་འཐུས་གླེང་སློང་བྱས་ཏེ་འདི་མ་གཏོགས་ལས་འགུལ་མེད་སོང་བ་རེད་དམ། རྐུབ་སྟེགས་ཀྱི་གནད་དོན་འདི་ནང་ཁུལ་གྱི་གནད་དོན་རེད། འདིའི་སྐོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་ཐག་གཅོད་བྱ་ངེས་རེད། མ་འབྱོན་པ་ཐམས་ཅད་བཀའ་ཁྲི་དང་སྤྱི་འཐུས་ཚོའི་མགོ་ལ་གཡུག དེ་ན་མང་ཚོགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  42. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    WHICH མདོ་སྟོད་ཆུ་བཞི་སྒང་དྲུག་?

    Reply
  43. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    རང་གི་ཕ་ཡུལ་བལྟས་བལྟས་རིག་རིག་ལ་ས་འོག་ལ་ནུབ་འགྲོ་བ་དེ་མི་གླེང་བར་ད་དུང་བཀའ་སྤྱིའི་སྐུབ་བཀྱག་གི་ན་ཚ་དེ་གླེང་གིན་འདུག འདི་ཚོའི་སྙིང་ལ་རྒྱ་འདྲེ་འདྲ་ཞུགས་པ་མིན་ནམ།

    Reply
  44. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ཆུ་སྒང་གིས་ན་ན་ཚ་ཚ་ཅི་ཞིག་འཚོགས་པ་ཡིན་ནམ། བཀའ་ཁྲི་ཟེར་བ་དེ་ཚོ་སུ་ཞིག་སླེབས་ན་སུ་ཞིག་སླེབས། ཁ་མཁས་པ་ཞིག་སླེབས་ཡོང་བ་ཐག་ཆོད་ཚར་བ་རེད། མི་ཤེས་རྒྱུ་ཅི་ཡོད། དེ་ལ་བགྲོ་གླེང་བྱེད་ནས་ག་རེ་ཕན་ཐོགས། དེ་ལས་ཆུ་སྒང་གི་རྒད་པོ་ཚོའི་ཕ་ཡུལ་ངོ་མ་ན་མི་ས་རྡོའི་འོག་ན་མནན་ཡོད་པ་དེ་ཚོའི་སྐོར་ནས་ཅིག་བཤད་ཁུལ་བྱས་ན་ལོས་དགའ། ད་རྡ་རམ་ས་ལའི་ས་ཚོགས་རྡོ་ཚོགས་དེ་ཚོས་བཀའ་ཁྲིའི་སྐུབ་བཀྱག་རྩོད་མགོ་ཚུགས་སོང་། འདི་ཚོས་ནང་རྩོད་བྱ་རྒྱུ་མ་གཏོགས་ཅི་འཇོན།

    Reply
  45. མགར་རྟོགས་སད says:
    ལོ་ 15 སྔོན།

    བཟང་ལན་ངན་མཇལ།ཇ་ལན་ཆུ་མཇལ་བྱེད་མཁན་གྱིས་ཀླད་མེད་ཚོ།ཨ་འབྲུག་ཚང་གི་ཁྱིམ་རྒྱུད་འདི་བོད་བསྟན་པ་ཆབ་སྲིད་ཀྱི་སྲོག་ཤིང་ཡིན་ཞེས་བཤད་ན་མི་ཆོག་རྒྱུ་མེད།འདས་ཟིན་པས་ལོ་རྒྱུས་ལ་ཕྱིར་མིག་ཞིག་བལྟོས་དང་།

    Reply
  46. འཁྱམས་པོ། says:
    ལོ་ 15 སྔོན།

    ཕུར་བ་དཔོན་གྱི་རྒྱུག་ཁྱི་རྣམས་རོ་ལངས་རྒྱག་གི་འདུག་སྙིང་རྗེ།
    མདོ་སྟོད་ཆུ་སྒང་གི་ཚོགས་གཙོ་ཚོགས་གཞོན་མེད་པའི་ཆུ་སྒང་ཟེར་བ་འདི་རྩ་བ་ཉིད་ནས་ངོས་ལེན་མེད། ཨ་འབྲུག་ཆོས་སྐྱིད་ཟེར་བའི་རྨོ་ཏོ་མོ་རང་ད་ཚོད་གཟུང་ན་དགའ་འོང། བྱིའུ་ཕྲུག་ཤི་མ་སྲོན། གསོད་ན་སྡིག་པ་ཆེ་ས། མ་གསོད་ཁོང་ཁྲོ་དཀྲུག་ས་ཞེས་པ་ལྟར་ད་མོ་རང་གི་ཚོད་བཟུང་ན་དགའ། སྤྱི་ཟུར་ཞིག་ཡིན་པའི་ཆ་ནས་མདོ་སྟོད་མི་མང་མཐུན་འབྲེལ་ཞིག་ཡོང་བར་འབེད་རྒྱུ་ཕར་ཤོག དཀྲུག་ཤིང་དབྱེ་འབྱེད་ཤ་སྟག་བྱས་ནས་ད་ཤི་རྒྱུའི་དུས་སླེབས་ཡོད་རེད། ད་དུང་འདི་འདྲ་ཞིག་བྱེད་པ་དེ་དཔེ་རེད།
    སོ་སོའི་བུ་ཕྲུག་གི་སྔ་ས་ཕུད་ནས་སྡ་སྟང་བོད་ཁྱིམ་རྒན་གསོས་ཁང་སྡོད་ཡོད་རེད། ད་ཚོད་མ་གཟུང་ན་བོད་པའི་སྤྱི་ཚོགས་ནང་ཕུད་འོང་། མི་འདི་ཚོའི་རིགས་དེས་ད་ལྟ་བར་དུ་༸རྒྱལ་བ་རིན་པོ་ཆེ་དང་མདོ་སྟོད་མི་མང་གི་མིང་ཁྱེར་ནས་ལྐོག་ཟ་དང་མདོ་སྟོད་ནང་དཀྲུག་ཤིང་ཤ་སྟག་རྒྱབ་ཡོད་པས་ངོས་ལེན་རྩ་བ་ཉིད་ནས་མེད། མདོ་སྟོད་མི་མང་ཡོངས་ལ་ཞུ་རྒྱུར་ད་མི་འདི་ཚོའི་མགོ་སྐོར་འོག་མ་ཚུད་པ་བྱས་ནས་བོད་གཞུང་གི་ངོས་ལེན་ཡོད་པའི་མདོ་སྟོད་ཆུ་བཞི་སྒང་དྲུག་གི་བཀའ་གསུང་དྭང་ལེན་བྱེད་རོགས་ཐུགས་རྗེས་གཟིགས།།

    Reply
  47. བློ་བཟང་། says:
    ལོ་ 15 སྔོན།

    སྐྱེ་རྒུ་མདོ་ས་ཡོམ་རྒྱབ་སྟེ་མི་ཕྱུགས་མང་པོར་ཤི་སྐྱོན་བྱུང་ཡོད། དེར་ཆུ་བཞི་སྒང་དྲུག་ཚོགས་པས་སྣང་མེད་དུ་བཏང་བར་ཧ་ཅང་གི་བློ་ཕམ་ཡོད།

    Reply
  48. འཚོལ་ཞིབ says:
    ལོ་ 15 སྔོན།

    ཨ་འབྲུག་ཆོས་སྐྱིད་སྙིང་བརྗེ། ཧ་གོ་མི་འདུག ཕྱིར་དོན་འགྲོ་མདོ་སྟོད་སྤྱི་འཐུས་གཅིག་པུར་མ་རེད་ལ། མདོ་སྟོད་སྤྱི་འཐུས་ཚང་མ་ཡང་མ་རེད། དེ་ལས་ཁྱེད་རང་གི་བུའི་སྐྱེད་དམན་དེ་ལ་སྦྱོང་བསྡར་ཡག་པོ་གཏོང་དགོས་ས་རེད། སྙིང་རྗེས་གང་ཡང་ཤེས་མཁན་ཞིག་རེད་མི་འདུག

    Reply
  49. འཚོལ་ཞིབ says:
    ལོ་ 15 སྔོན།

    མདོ་སྟོད་ཆུ་སྒང་འཛིན་ལྷན་ཚོགས་དེ་ཕྱི་ཟླ་གསུམ་པར་ལྡི་ལི་འཚོགས་ཚར་ས་རེད། ད་ཡང་བསྐྱར་འགན་འཛིན་ལྷན་ཚོགས་འདི་ག་རི་ཆེད་དུ་ཡིན་ནམ། ཡིན་ནའང་ཆུ་བཞི་སྒང་དྲུག་ལ་གཞུང་གི་ངོ་ལེན་ཡོདཔ་གཅིག་དང་མེད་པ་གཅིག་གཉིས་ཡོད་པས། གཅིག་བྱས་ན་གཞན་དེ་ཡིན་སྲིད་པ་རེད།

    Reply
  50. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    གལ་ཆེན་ཡིན་པ་ད་ཚང་མས་མཁྱེན་མཁྱེན་པ་རེད། ཡིན་ནའང་ད་ཐབས་ཤེས་འདྲ་མེད་ན་བཤད་རྐྱང་བཤད་བསྡད་ནས་མི་ཕན་ཐེ།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese