མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔའ་བོའི་རྗེས་དྲན་ཉིན་མོ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོའི་ཁ་གཏད་ནི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དགྲ་བོ་ཡིན་པར་མ་ཟད། བདེན་པ་དང་རང་དབང་། དམངས་གཙོ་དང་ཞི་བདེ་བཅས་ཀྱི་དགྲ་བོའང་ཡིན་ཞེས་གཞོན་ནུའི་ཚོགས་གཙོས་གསུངས་ཡོད།

ཕྱི་ཚེས་ ༢༩ ཉིན་གྱི་ཞོགས་པའི་དུས་ཚོད་ ༧༌༣༠ སྟེང་ངྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བཞུགས་སྒར་ངྷ་སའི་ཉེ་འདབས་ཀྱི་ལྷ་རྒྱལ་རིའི་མཆོད་རྟེན་མདུན་ཐང་དུ་བོད་ཀྱི་དཔའ་བོའི་ཉིན་མོ་ཐེངས་ ༡༢ པ་དེ་རྗེས་དྲན་སྲུང་གཙི་ཞུས་ཡོད་པ་དང་། ཐེངས་འདིའི་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་ལགས།  དེ་བཞིན་གཞོན་ནུའི་ཚོགས་ཟུར་ལྷ་བཟང་ཚེ་རིང་དང་སྤྱི་འཐུས་ཀརྨ་ཡེ་ཤེས་བཅས་ཕེབས་གནང་འདུག་ལ། སྐབས་དེར་ངྷ་སའི་ཉེ་འཁོར་ནས་སླེབས་པའི་བོད་མི་བརྒྱ་ལྷག་ཀྱང་ཐེངས་འདིའི་མཛད་སྒོར་མཉམ་ཞུགས་བྱས་ཡོད་པ་རེད། མཛད་སྒོ་མ་འཚོགས་གོང་སྐུ་མགྲོན་གཙོ་དབུ་བཞུགས་ཐོག་སྨོན་ལམ་གསོལ་འདེབས་གནང་ཡོད། དེའི་རྗེས་སྐུ་མགྲོན་ཚོས་རེ་རེ་བཞིན་ལྷ་རྒྱལ་རིའི་མཆོད་རྟེན་མདུན་གྱི་དཔའ་པོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱི་སྐུ་པར་ལ་མཇལ་དར་སྒྲོན་སོང་།

དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག་གིས་ཐེངས་འདིའི་དུས་དྲན་དང་འབྲེལ་གསུངས་དོན། གཞིས་བྱེས་ཁ་ཐོར་ངང་ཡུལ་གྱར་དུ་བོད་རང་བཙན་འཐབ་རྩོད་བྱེད་པའི་མི་ལོ་ ༥༡ བྱུང་རབས་ནང་། དེ་རིང་ནི་གངས་ཅན་པ་ཡོངས་ཀྱིས་སྐྱོ་སྣང་དང་སྤོབས་སེམས་ཟུང་གིས་རྗེས་དྲན་འོས་པའི་རླབས་ཆེན་གྱི་ཉིན་མོ་སྟེ། རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་བོད་རྒྱལ་ཁབ་དང་བདེན་དོན་གྱི་ཆེད་དུ་སྐུ་སྲོག་ཤོར་ནས་མི་ལོ་ ༡༢ འཁོར་བའི་ཉིན་མོ་ཡིན། ཅེས་དང་། དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ཀྱི་བདེན་དོན་དུ་ཚེ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་ཆེས་བླ་ན་མེད་པའི་མྱ་ངན་གུས་འདུད་དང་རྗེས་དྲན་ཞུ་རྒྱུ་ཡིན། ལྷག་པར་ད་ལྟ་ཡང་རྒྱ་ནག་གི་བཙོན་ཁང་ནང་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་དཔའ་བོ་དཔའ་མོ་རྣམས་ཀྱིས་གཙོས་པའི་གཞིས་ལུས་སྤུན་ཟླ་ཡོངས་ལ་སེམས་ཚོར་དྲག་པོས་གདུང་སེམས་མཉམ་སྐྱེད་དང་། ཁོང་རྣམ་པའི་རྒྱལ་ཞེན་སྙིང་སྟོབས་ལ་དགའ་སྤོབས་ཆེན་པོས་ཡི་རངས་བསྔགས་བརྗོད་ཀྱང་ཞུ་རྒྱུ་ཡིན།

ང་ཚོའི་ཁ་གཏད་ནི། བོད་རྒྱལ་ཁབ་དང་མི་རིགས་ཀྱི་དགྲ་བོ་ཡིན་པར་མ་ཟད། བདེན་པ་དང་རང་དབང་། དམངས་གཙོ་དང་ཞི་བདེ་བཅས་ཀྱི་དགྲ་བོའང་ཡིན། ང་ཚོའི་དམིགས་ཡུལ་དང་མདུན་ལམ་ནི་འཛམ་གླིང་ཐུན་མོང་གི་མདུན་ལམ་དང་བཟང་སྤྱོད་ཀྱི་འགན་ཁུར་ཡིན་པས། འཛམ་གླིང་སྤྱིའི་མདུན་ལམ་ལ་བཟང་སྤྱོད་ཀྱི་འགན་སེམས་ལྡན་པའི་གཟུར་གནས་ཡོངས་ནས་ལོ་རྒྱུས་རང་བཞིན་གྱི་བོད་རང་བཙན་སླར་གསོ་ཡོང་བར་སྔར་ལས་ལྷག་པའི་བདེན་རྒྱབ་ཡོང་བའི་འབོད་སྐུལ་དང་། ལྷག་པར་དེང་སྐབས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་བལྟ་སྐུལ་ངེས་པར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༣ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 6

  1. getse ngodup from .be says:
    ལོ་ 16 སྔོན།

                        རོགས་སྐྱོར་གནང་བ།

    ༄༄།། ད་ལམ་ཉག་ཕྲ་བའི་དུས་སྐབས་འདིར་རང་བྱུང་ཁོར་ཡུག་ལ་ས་ཡོམ་གྱི་གནོད་འཆེ༹་འོག།  འཇ༹མ་གླིང་ཕྱོགས་གང་ས་དང་ལྷག་པར་དུ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་སྐྱེ་རྒུ་གྲོང་སྡེ་དང། རོང་པོ་  སྐར་མདའ་  འབྲོག་མདའ་   ཁྲུན་འདུ་   ནང་ཆེན་བཅས།   ས་ཕྱོགས་གང་ས་ལ་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད་པར་བརྟེན།      དཔལ་ལྡན་དགོན་ར་ཉག་ཕུན་ཆོ༹གས་ཐེག་ཆེན་གླིང་གི་ཁྲི་པ་སྐྱབས་རྗེ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག།   ས་ཡོམ་གྱི་རྐྱེན་ངན་བྱུང་བ་གསོན་མ་ཐག་མྱུར་དུ་ Taiwan ནས་མཁའ་ལམ་རྒྱུད་ཟིར་ལིང་ལ་ཕེབས།   དེ་ནས་ཁོང་གི་ཐབས་ཤེས་རྒྱུད་དམིགས་གསལ་སྨན་པ་ཁ་ཤས་ཁྲིད་ནས་ཡུལ་ཤུལ་ས་ཁུལ་དུ་ཕེབས་འདུག་པ་མ་ཆ༹ད།   ར་ཉག་དགོན་པའི་དགེ་འདུན་པ་ ༡༧༠ དང་ལྷན་དུ་མི་རྒྱུ་གཉིས་གི་ཐོག་རོགས་རིམ་རྒྱ་ཆེར་གནང་འདུག།   ལྷག་པར་དུ་ར་ཉག་དགོན་པའི་དགེ་འདུན་པ་ཆོ༹འི་ས་འོག་ནས་བོད་རིགས་ཉིས་བརྒྱ་ལྷག་གི་ཆེ༹་སྲོག་སྐྱོབ་གནང་ཡིན་པ་རེད།   སྤྱིར་གནས་ཆུ༹ལ་གོ་དོན་ལྟར་ན།   ཁམས་མགྱོགས་རིན་པོ་ཆེ་དགོན་པ་གསར་པ་ཧ་ཅང་གི་ལེགས་གྲུབ་བྱུང་ཡོད་ཀྱང་ཡིན་ན་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད།     འོན་ཀྱང་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་སྤུན་ཟླ་ཤུལ་ལུས་རྒྱ་ཆེར་མི་དམངས་ཡོངས་ཀྱི་ཆེད་དུ་དམིགས་སྟེ།   ད་ལྟ་བར་དུ་འགྲོ་སོང་གཏོང་ཆོ༹ད་བྱས་ན།  གྲོ་འབྲས་རྒྱ་མ་༡༢༠༠༠   ཅ༹མ་པ་རྒྱ་མ་༡༥༠༠   མར་རྒྱ་མ་༡༠༠༠  ཐུག་པ་ཤོག་སྒམ་༡༠༠༠    ཉལ་ཆས་༣༠༠༠   གྱོན་ཆས་༢༥༠༠  རས་གུར་༡༠༠  དེ་མིན་ཟས་རིགས་འདྲ་མིནདང་   ཉམ་ཐག་དབུལ་པོ་ཁྱིམ་ཆ༹ང་རེ་ལ་སྒོར་༣༠༠  གནང་ཡོད།    བསྡོམས་པས་རྒྱ་སྒོར་ཁྲི་ ༢༡༥ ལྷག་གཏོང་ཟིན་ཀྱང་ད་དུང་ཡོང་མི་མཐུད་ནས་གནང་རྩིས་ཡིན་འདུག།     དེ་ཡང་མ་ཆ༹ད་རིན་པོ་ཆེ་ཁོང་གིས་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་ནས་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་ནང་གི་ཆོ༹གས་པ་ཁག་སོ་སོ་ལ་རོགས་རིམ་འབོད་བསྐུལ་གནང་འཆར་ཡིན་འདུག་པ་མ་ཆ༹ད་ཁོང་གིས་གསར་འཇུ༹གས་གནང་བ་སྨོན་ལམ་ཆོ༹གས་ཆུང་རྒྱུད།        ཆེ༹་འདས་ཡོངས་ཀྱི་ཆེད་དུ་ཉིན་ལྟར་སྐྱབས་གནས་འཕགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བ་སྨོན་ལམ་དང་མི་དམངས་བརྒྱ་ཕྲག་དུ་མ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འབུམ་ཆོ༹གས་ཆོ༹གས་ཀྱི་ཡོད་རེད་ཟེར།  གོང་གི་གནས་ཆུ༹ལ་དེ་དག་ས་གནས་དགོན་པའི་གྲ་བློ་བཟང་གི་གསུང་པ་ལྟར་བྲིས་ཡིན།  སྤྱིར་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཆུ༹ལ་སྤེལ་བ་ལྟར་ན།    རང་ཡུལ་གངས་ཅན་ལྗོངས་ནས་ཆོལ་ཁ་སོ་སོ་དགོན་སྡེ་ཁག་དང་བླ་ཆེན་རྣམ་པ་གཅོ༹ས་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་རོགས་རིམ་རྒྱ་ཆེར་གནང་ཡོད་པ་མ་ཆ༹ད།   ཕྱི་རྒྱལ་ཡུལ་གྲུ་ཁག་སོ་སོ་དང་  སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་བླ་ཆེན་རྣམ་པ་དང་དགོན་སྡེ་ཡོངས་ཀྱི་རོགས་རིམ་གནང་ཡོད་པས་འདིར་མ་བྲིས་སོ།།

    Reply
  2. སྟོབས ། says:
    ལོ་ 16 སྔོན།

    ཆེད་དུ་གཏན་འདྲེན་བྱས་པའི་སྐུ་འགྲོན་ཚོའི་ཁྲོད་ན་རང་བཙན་རྩོད་ལེན་བྱེད་མཁན་མ་གཏོགས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་གཅིག་ཀྱང་མེད་པ་འདི་ཡ་མཚན་ཞིག་མ་རེད་དམ ། གཞོན་ནུས་གོ་སྒྲིག་འཚོགས་འདུའི་གང་འདྲ་བསྐོངས་ཀྱང་སྐུ་འགྲོན་ལ་དབུ་མའི་ལམ་གྱིས་ཐོག་ནས་བོད་མི་རྩ་དོན་སྒྲུབ་མཁན་ཚོ་མ་ཕེབས་རེད་དམ ། གཏན་འདྲེན་མ་བྱས་པ་རེད ། འདི་ནི་ཆབ་སྲིད་ཀྱི་གནད་དོན་མ་ཤེས་པས་ཁེར་འཁོན་ལྟ་བུར་གྱུར་འདུག

    Reply
  3. གཅེན་པོ། says:
    ལོ་ 16 སྔོན།

    དཔའ་བོའི་རྗེས་དྲན་ལ་སྲུང་རྩི་དང་ད་དུང་དཔའ་བོ་མང་ཙམ་མགྱོགས་མྱུར་མི་རིགས་ཀྱི་འཐབ་རྩོད་ཐོག་ཐོན་ཐུབ་པའི་རེ་བ་ཡོད།

    Reply
  4. yak says:
    ལོ་ 16 སྔོན།

    དཔའ་བོ་ཐུབ་བསྟན་དངོས་གྲུབ་ལ་མྱ་ངན་ཞུ། ཤི་མ་གསོན་གྱི་གཞོན་ལྷན་འདི་ད་དུང་མུ་མཐུད་འདི་ལྟར་སོང་ན། ལོ་ཤས་རྗེས་གཞོན་ལྷན་ལ་རྗེས་དྲན་ཞུ་དགོས་པའི་ཉིན་མོ་ཞིག་ཆགས་པའི་ཉེན་ཁར་སླེབས་འདུག

    Reply
  5. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    གཞོན་ནུ་ཚོགས་པའི་ལས་དོན་སྒྲུབ་ཕྱོགས་སྐོར་རུ་དཀའ་ལས་ཁག་པོ་ཡོད་པར་ཚང་མའི་མཁྱེན་གསལ་རེད། ཡིན་ཡང་ང་རང་ཚོའི་བོད་ཀྱི་གཞོན་སྐྱེ་ཚོས་བོད་ནང་དུ་རང་སྲོག་བློའི་གཏོང་གི་རང་བཙན་འཐབ་རྩོད་བྱེད་བཞིན་ཡོད། བཙན་བྱོལ་བ་ཕྲུག་གུ་ཆུང་ཆུང་ཞིག་ཡིན་ནའང་ལག་ཏུ་བོད་ཀྱི་རྒྱལ་དར་དང་ཁ་ནས་free tibetཞེས་འབོད་བཞིན་དུ་རྒྱལ་ཞེན་དང་བོད་ཞེས་པའི་ཐ་སྙད་བློའི་གཏོང་གི་མེད་པར་འདི་ནི་དགའ་འོས་པ་ཞིག་རེད་སྙམ།

    ཡིན་ཡང་གནས་སྐབས་རིང་སྤྱི་ཚོགས་ནང་དུ་བོད་ཀྱི་གཞོན་ནུ་རྣམས་ཀྱི་འདོད་དོན་སྒྲུབ་ཁག་པོ་རེད། ཡིན་ནའང་ང་རང་ཚོའི་དོར་མི་རུང་བ་ནི་རང་ཉིད་བོད་མི་ཞིག་ཡིན་པར་ལས་རྒྱ་མི་ཞིག་མིན་པའི་འདུ་ཤེས་དང་རྒྱ་གོང་ཁྲ་ཏང་འདི་ང་རང་ཚོའི་ཕ་གཞི་འཕྲོག་པའི་ཇག་པ་དང་ཕ་མ་གསོད་པའི་ཤན་པ་ལག་དམར་བ་ཞིག་ཡིན་པར་དུས་ནམ་བརྗེད་མི་ཉན་སྙམ།

    དེང་སང་བོད་མི་རྒྱལ་ཞེན་པ་དང་རང་བཙན་རྩོད་འདོད་པ་རྣམས་ལ་རང་དབང་གི་ཐོག་ཏུ་རྩོད་དབང་མེད་པར་འདི་ཡང་དངོས་སུ་ཇི་གསལ་རེད། མ་ཟད་དོན་གྱི་བདག་པོ་༧གོང་ས་མཆོག་གི་བདེན་ཚིག་སྨོན་ལམ་ལ་སྤྱི་འཐུས་གྲོས་ཚོགས་ནང་དུ་འགྲེལ་བཤད་རྒྱག་དབང་མེད་པའི་གནས་སྟངས་དང་ཧམ་རྟགས་ཧམ་འགྲེལ་བྱས་ནས་མང་ཚོགས་ཀྱི་ཁེ་དབང་འཕྲོག་གི་ཡོད་པར་ང་ཚོ་ནུབ་ཕྱོགས་ཀྱི་བོད་མི་རྣམས་ཀྱིས་ཀྱང་མཐོང་གི་འདུག

    ཐུགས་རྗེ་གཟིག

    Reply
  6. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    དཔའ་བོ་ཐུབ་བསྟན་དངོས་གྲུབ་ལ་མྱ་ངན་ཞུ། ཤི་མ་གསོན་གྱི་གཞོན་ལྷན་འདི་ད་དུང་མུ་མཐུད་འདི་ལྟར་སོང་ན། ལོ་ཤས་རྗེས་གཞོན་ལྷན་ལ་རྗེས་དྲན་ཞུ་དགོས་པའི་ཉིན་མོ་ཞིག་ཆགས་པའི་ཉེན་ཁར་སླེབས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese