མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡེ་ཤེས་མཚོ་མོས་རང་གི་ཨ་ཕ་གླེང་བ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཞོགས་དུང་གི་བུ་མོ་ཡེ་ཤེས་མཚོ་མོ་ལགས་ཀྱིས་ཕྱི་ཚེས་ ༢༩ ཉིན་ཨེ་ཤ་ཡའི་གསར་འགོད་པ་དཔལ་ལྡན་རྒྱལ་དང་མཉམ་དུ་ཁོང་གི་ཨ་ཕའི་ད་ལྟའི་གནས་སྟངས་དང་། ནང་མིའི་སེསམ་ཁྲལ་དང་རེ་བ་སོགས་གླེང་ཡོད་པ་རེད།

དཔལ་ལྡན་རྒྱལ། ཁྱོད་ཀྱི་ཨ་ཕ་དེང་སྐབས་གང་དུ་ཡོད་མེད་གོ་ཡོད་མེད་ཤེས་ཡོད་དམ།
ཡེ་ཤེས་མཚོ་མོ། ཨ་ཕ་དེང་སྐབས་ཟི་ལིང་གྲོང་ཁྱེར་གྱི་བཀག་སྐྱིལ་ཁང་དང་པོ་རུ་འདུག་ཅེས་བཤད་འདུག

དཔལ་ལྡན་རྒྱལ། ཁྱོད་ཚོར་ལྟ་རུ་འཇུག་གམ།
ཡེ་ཤེས་མཚོ་མོ། ལྟ་གི་མི་འཇུག་གི། ཟ་མ་ཡང་བསྐྱལ་གི་མི་འཇུག་གི

དཔལ་ལྡན་རྒྱལ། ཁོ་རང་ཕྱི་ཚེས་ ༢༣ ཉིན་འཛིན་དུས་ཡི་གེ་ཞིག་སྤྲད་པ་རེད་ཟེར་གི། ཡི་གེ་དེའི་ནང་དུ་ཅི་ཞིག་བཀོད་འདུག
ཡེ་ཤེས་མཚོ་མོ། ཡི་གེ་དེའི་ནང་དུ་གཞན་པ་ཅང་བྲིས་མི་འདུག བརྡ་སྦྱོར་དེའི་སྟེང་ན་ཨ་ཕ་འཛིན་དོན་གྱི་ཉེས་པ་ཟེར་ན་འདྲ། ཁོ་ཚོས་འཛིན་དགོས་པའི་རྒྱུ་མཚན་གཙོ་བོ་ནི་རྒྱལ་ཁབ་ཁ་བྲལ་བྱེད་པའི་ཀུན་སློང་འདུག་ཅེས་བྲིས་འདུག

དཔལ་ལྡན་རྒྱལ། ཁྲིད་ནས་འགྲོ་དུས་ཁོ་ཚོས་ཁྱོད་ཚོར་དམིགས་བསལ་ཅང་བཤད་སོང་ངམ།
ཡེ་ཤེས་མཚོ་མོ། ཅི་གང་ཟེར་གི་མི་འདུག ཁྲིད་ནས་འགྲོ་དུས་ཨ་ཕའི་ལག་གི་སྒོར་མོ་དང་། དངུལ་ཁང་གི་བྱང་བུ། ཐོབ་ཐང་ལག་ཁྱེར་དེ་ཚང་མ་བླངས་སོང་། གཞན་པ་ཅི་ཡང་མི་ཟེར་གི།

དཔལ་ལྡན་རྒྱལ། ཁྱེད་རང་གི་ངོས་ནས་སེམས་ཁུར་གཙོ་བོ་ཅི་ཞིག་བྱེད་གིན་ཡོད།
ཡེ་ཤེས་མཚོ་མོ། ང་ཚོས་ཨ་ཕ་མགྱོགས་པོར་གློད་ཡོང་ན་འདོད་གི།

དཔལ་ལྡན་རྒྱལ། ཁྱོའི་ཨ་ཕས་རྩོམ་ཡིག་བྲིས་པར་བརྟེན་རྒྱ་ནག་གཞུང་གིས་བཟུང་སོང་ན། ཁྱོའི་སེམས་ལ་ཅི་ཞིག་དྲན་གི།
ཡེ་ཤེས་མཚོ་མོ། ང་ལ་མཚོན་ནའང་རེད། ཨ་མ་མཚོན་ནའང་རེད། ཨ་མས་ཡི་གེ་ཤེས་གི་མ་རེད། ང་ལ་མཚོན་ན་དཔེ་ཆར་ཏོག་ཙམ་བལྟས་ཡོད་པ་རེད། ཨ་ཕའི་དཔེ་ཆ་ལའང་གང་འཚམ་བལྟས་ཡོད་པ་རེད། བལྟས་ཡོང་ན་འཛིན་བཟུང་བྱེད་དགོས་པའི་ཚད་ལ་ཐོན་མེད་པ་འདྲ་ཞིག་འདུག སྨྲ་བརྗོད་རང་དབང་ཞེས་ཁོ་ཚོས་ཀྱང་བཤད་གི་ཡོད་པ་རེད། ཡིན་ནའང་། དཔེ་ཆ་ཞིག་བྲིས་ཡོང་དུས་འདི་ལྟར་འཛིན་བཟུང་བྱེད་དགོས་པའི་ཚད་ལ་ཐོན་མི་འདུག ངས་བསམ་ན་དེ་འདྲ་ཞིག་རེད།

དཔལ་ལྡན་རྒྱལ། རྒྱ་ནག་གི་རྩ་ཁྲིམས་ནང་དུའང་སྨྲ་བརྗོད་རང་དབང་ཡོད། སོ་སོའི་བསམ་ཚུལ་བཏོན་ན་ཆོག་གི་ཡོད་ཅེས་བཤད་ཡོད་པ་རེད། རྩ་ཁྲིམས་དང་མ་མཐུན་པའི་ལས་ཀ་གཅིག་ཀྱང་བྱས་མི་འདུག བཟུང་ཚར་དུས་ཁྱོའི་ངོས་ནས་ཨ་ཕ་གློད་གྲོལ་གཏོང་བའི་ཐབས་ཤེས་འདྲ་འཐེན་གི་ཡོད་དམ།
ཡེ་ཤེས་མཚོ་མོ། ལས་ཀ་བྱེད་གི་ཡོད། ཡོད་ཀྱང་ང་ལ་མཚོན་ན་དེའི་བསམ་བློ་ཡོད་པ་མ་གཏོགས། དེ་ཇི་ལྟར་ལག་བསྟར་བྱེད་དགོས་པའི་སྐོར་མི་ཤེས་གི། སྐད་ཆ་མང་པོ་ཞིག་དང་བྱ་བ་མང་པོ་ཞིག་ལས་ཉན་དང་མི་ཉན་ཡང་མི་ཤེས་གི། ད་དེ་འདྲ་བོ་ཞིག་གི་ཚད་རེད།

དཔལ་ལྡན་རྒྱལ། ཨ་ཕ་བཀག་རྗེས་ཀྱི་ཁ་སང་ཁས་ཉིན་ཁྱོད་ཚོ་ལྟ་རུ་སོང་ངམ།
ཡེ་ཤེས་མཚོ་མོ། སོང་བ་ཡིན། དེ་རིང་ནི་ཉིན་བདུན་པ་དེ་རེད། ང་ཚོ་ཉི་མ་རྟག་པར་སོང་བ་ཡིན། ཉིན་མ་རྟག་པར་སོང་རུང་ང་ཚོར་ངོ་ཐུག་གི་འཇུག་ནི་མ་རེད་དེ། ཐ་ན་ཟ་མ་ཡང་བསྐྱལ་མི་འཇུག་གི། ཁོ་ཚོའི་རྒྱལ་སྒོའི་ཁ་ན་ཚོང་ཁང་ཆུང་ཆུང་ཞིག་འདུག གཞན་པ་ཚོར་ཚོང་ཁང་དེའི་ནང་ནས་ཟ་རྒྱུ་འཐུང་རྒྱུ་ཉོས་ནས་འཁྱེར་གི་འཇུག་གི་འདུག ང་ཚོར་དེ་ཡང་བྱེད་དུ་མི་འཇུག་གི།

དཔལ་ལྡན་རྒྱལ། ཁྱོད་ཚོ་དེར་སོང་སྐབས་ཅི་ཟེར་གི།
ཡེ་ཤེས་མཚོ་མོ། ཕར་སོང་དུས། ཚོང་ཁང་ནང་གི་མི་དེས་མགོ་ཐོག་དེར་ནང་ན་མི་འདི་འདྲ་ཞིག་མི་འདུག་ཟེར་གི། ནང་ན་བཀག་བཞག་པའི་མི་དེ་དག་གི་བཟའ་ཚང་དང་ཁྱིམ་མི་ཚོ་ཡོང་ན་ཚོང་ཁང་དེའི་ནང་ནས་ཅ་ལག་འདྲ་ཉོས་ཏེ་དེ་ནས་ཕར་བརྒྱུད་སྤྲོད་བྱེད་གི་འདུག དེར་བརྟེན་ནང་ན་མི་འདི་འདྲ་ཞིག་མི་འདུག་ཟེར་གི། དེའི་རྗེས་ནས་ཨ་མ་ངེད་གཉིས་ཀྱིས་ཨ་ཕའི་དོན་དག་འདི་མགོ་ནས་མཇུག་བར་ཐག་གཅོད་བྱེད་མཁན་གྱི་སྤྱི་བདེ་མི་སྣ་གཉིས་ཡོད་པ་དེ་གཉིས་ལ་ཁ་པར་བཏང་ནས་དྲིས་སྐབས། དེ་གཉིས་ཀྱིས་གསལ་བོ་དག་པོ་བྱས་ནས་ཨ་ཕ་ནང་ན་ཡོད་ཟེར་གི། དེའི་རྗེས་ནས་གཞེས་ཉིན་ཨ་མ་ངེད་གཉིས་རྒྱལ་སྒོ་ཁར་སོང་སྟེ་སྒུག་ནས་བསྡད་དུས་དེ་ཚོས་ནང་ནས་ཨ་ཕར་ཁ་དྲིས་བཏང་ནས་ཡོང་གི་འདུག ཨ་ཕར་འདྲི་གཅོད་བྱས་ནས་ཡོང་གི་འདུག ཁོ་རང་གི་ལག་ན་ཡི་གེ་ཞིག་འདུག ཡི་གེ་དེའི་སྟེང་ལ་ངས་ཞིབ་ལྟ་བྱས་སྐབས་ཨ་ཕས་མཛུབ་ཐེལ་མནན་བཞག་པ་དངོས་སུ་མཐོང་བྱུང་། དེའི་ནང་དུ་ཨ་ཕ་བཀག་སྐྱིལ་བྱེད་པའི་ཉི་མ་ཇེ་རིང་ལ་གཏོང་རྒྱུའི་ཡི་གེ་དེ་འདུག

དཔལ་ལྡན་རྒྱལ། བཀག་སྐྱིལ་གྱི་ཉི་མ་ཅི་ཙམ་ཇེ་རིང་ལ་བཏང་འདུག
ཡེ་ཤེས་མཚོ་མོ། ཉི་མ་ག་ཚོད་ཇེ་རིང་དུ་བཏང་བའི་སྐོར་མཐོང་མ་སོང་། བཀག་སྐྱིལ་གྱི་ཉི་མ་ཇེ་རིང་ལ་བཏང་བའི་རྒྱ་ཡིག་དེ་ངས་མཐོང་སོང་། ཡི་གེའི་ཏག་ཏག་དེར་བཀག་སྐྱིལ་གྱི་ཉི་མ་ཇེ་རིང་དུ་གཏོང་བ་ཞེས་པ་དེ་ངས་མཐོང་སོང་། དེའི་སྟེང་ནས་ངས་ཨ་ཕ་དེའི་ནང་ན་ཡོད་པ་གང་འདྲ་བྱས་ནས་ཐག་ཆོད་གི་འདུག་ཅེ་ན། ཡི་གེ་དེའི་མཇུག་ན་ཨ་ཕའི་མཛུབ་ཐེལ་ཡོད་པ་དེས་ཐོག་ནས་ཤེས་གི་འདུག དེའི་ནང་ན་ཡོད་པ་གསལ་བོ་དག་པོ་རེད།

དཔལ་ལྡན་རྒྱལ། དེ་ག་དུས་རེད།
ཡེ་ཤེས་མཚོ་མོ། ཕྱི་ཚེས་ ༢༥ ཡི་ཉིན་མོ་རེད།

དཔལ་ལྡན་རྒྱལ། ཨ་ཕ་འཛིན་དུས་ཁྱོད་ལ་སྤྲད་པ་དེ་འཛིན་བཟུང་གི་བརྡ་སྦྱོར་རེད་དམ། བཀག་ཉར་གྱི་བརྡ་སྦྱོར་རེད།
ཡེ་ཤེས་མཚོ་མོ། བཀག་ཉར་གྱི་ཡི་གེ་རེད།

དཔལ་ལྡན་རྒྱལ། ༢༥ ཉིན་ཁྱོད་ཚོས་མཐོང་བ་རེད། དེའི་རྗེས་ནས་ཕྱིན་སྐབས་ཚོང་ཁང་བདག་པོ་དེས་མི་དེ་འདྲ་ཞིག་མི་འདུག་ཟེར་གི་ཡོད་པ་རེད།
ཡེ་ཤེས་མཚོ་མོ། རེད། མི་འདུག་ཟེར་གི ཟ་མ་སྟེར་གི་མི་འཇུག་གི། མི་ནི་ནང་ན་འདུག ཚོང་ཁང་ནང་གི་མི་དེ་ཚོས་གསལ་བོ་དག་པོ་ཞིག་ཤེས་གི་མི་འདུག ནང་གི་མིས་ཅི་ཞིག་བཤད་ཀྱིན་པའི་སྐོར་ཁོ་ཚོར་བཤད་རྒྱུའི་དབང་ཆ་ཡང་མེད་པ་འདྲ། ཨ་ཕ་ད་སྔ་དེ་རུ་ཡོད་པ་གསལ་བོ་དག་པོ་རེད།

དཔལ་ལྡན་རྒྱལ། ནང་གི་མི་དེ་ཚོས་དེར་ཡོད་ཟེར་གི་ཡོད་པ་མ་གཏོགས། ཕྱི་ཚེས་ ༢༥ ཡི་རྗེས་ནས་དེར་ཡོད་མེད་ཁྱེད་ཚོས་ཀྱང་ཤེས་གི་ཡོད་པ་མ་རེད།
ཡེ་ཤེས་མཚོ་མོ། རེད་རེད།

དཔལ་ལྡན་རྒྱལ། རྒྱན་རིང་པོར་བཀག་བསྡད་པ་ཡིན་ན། ཁྱོས་ཨ་ཕའི་ཕྱོགས་ལ་སེམས་ཁུར་ཆེ་ཤོས་ཅི་ཞིག་བྱེད་གི་ཡོད།
ཡེ་ཤེས་མཚོ་མོ།  ཡུན་རིང་པོར་བཀག་བསྡད་པ་ཡིན། ཨ་ཕ་འཚམས་པོ་བདེ་མོ་ཡིན་མིན་དང་། ང་ཚོ་ཚང་མར་འབྲེལ་གཏུགས་ཀྱང་བྱེད་གི་མི་འཇུག་གི། ཁོང་ལ་ན་གི་འདྲ་ཨེ་ཡོད། དེའི་ཕྱོགས་ནས་ཁོང་ཚོས་གཅར་རྡུང་འདྲ་བྱེད་གི་ཨེ་ཡོད། ཁོང་གི་བདེ་ཐང་གི་ཐད་ལ་ང་ཚོ་ཚང་མར་ཧ་ལས་པའི་སེམས་ཁུར་ཆེ་གི། དེའི་ཕན་ནས་ང་ཚོའི་རེ་བ་ཡིན་ན། ཨ་ཕ་གང་མགྱོགས་མགྱོགས་སྒོ་ལ་ཡོང་ཐུབ་རྒྱུ་དེ་ཡིན།

དཔལ་ལྡན་རྒྱལ། སྤྱིར་བཏང་ཨ་ཕའི་འཕྲོད་བསྟེན་ཡག་པོ་ཡོད་དམ།
ཡེ་ཤེས་མཚོ་མོ། ཨ་ཕའི་གཟུགས་པོ་ཡག་པོ་ཡོད། མི་བདེ་རྒྱུ་འདྲ་གཅིག་ཀྱང་མེད། དཔེ་ཆར་མང་པོ་བལྟས་པའི་དབང་གིས་མིག་དེ་ཙམ་བཟང་རྒྱུ་མེད། མིག་དབང་གི་ཚད་གཞི་དེ་ ༣༠༠ ཙམ་ཡིན། དེའི་ཕན་ནས་ཁོང་གི་སྐེ་ཚིགས་ཀྱི་རུས་པ་ཅུང་གཅུས་བསྡད་ཡོད་ཀྱང་དེ་ཡང་མཚམས་མེར་མི་བདེ་བ་ཙམ་མ་གཏོགས་ན་རྒྱུ་འདྲ་མེད། ཁོང་ཉལ་དུས་སྔས་མགོ་འཇོག་གི་མ་རེད། སྔས་མགོ་མ་བཞག་པར་ཉལ་བ་ཡིན་ན་དེ་བདེ་བསྡད་ཡོད་པ་རེད། བདེ་ཐང་གི་ཕྱོགས་ནས་ན་རྒྱུ་ཟུག་རྒྱུ་འདྲ་མེད།

དཔལ་ལྡན་རྒྱལ། ཕྱི་ཕྱོགས་ནའང་དེའི་སྐོར་ལ་དོ་སྣང་དང་སེམས་ཁྲལ་བྱེད་མཁན་མང་པོ་འདུག ཁྱོའི་ཨ་ཕའི་ཕྱོགས་ནས་ཁྱོད་ལ་རྒྱལ་སྤྱིའི་སྒང་ལ་འབོད་སྐུལ་ཞུ་རྒྱུ་འདྲ་ཡོད་དམ།
ཡེ་ཤེས་མཚོ་མོ། འབོད་སྐུལ་ཞུ་རྒྱུ་བཤད་ན། ངོ་མས་བཤད་ན་ཨ་ཕས་དཔེ་ཆ་དེ་འདྲ་ཞིག་བྲིས་ཀྱང་། སྤྱིར་སྨྲ་བརྗོད་རང་དབང་གི་ཐོག་ནས་བཤད་ན་འཛིན་དགོས་པའི་ཚད་མ་རེད་འདོད། དཔེ་ཆ་དེ་བྲིས་པའི་དབང་གིས་བཀག་སྐྱིལ་བྱས་པ་དེ་ངེད་ཁྱིམ་ཚང་དང་བཟའ་ཚང་གི་ངོས་ནས་བཤད་ན་གྱོང་གུད་ཧ་ཅང་ཆེ་བའི་ཚད་ལ་ོན་བསྡད་ཡོད་པ་རེད། ངའི་ཨ་མ་དང་། ངའི་སྲིང་མོ། ང་བཅས་ངེད་གསུམ་པོ་ཧ་ཅང་ཧ་ཅང་གིས་དཀའ་དུས་ཀྱི་ཚད་ལ་ཐོན་བསྡད་ཡོད་པ་རེད། དེ་ཡིན་དུས་མི་སུ་དང་སུ་ཡིན་རུང་རང་རང་གིས་བཤད་འདོད་པའི་སྐད་ཆ་རེ་ཡོད་ནི་རེད། དེ་བཤད་རྒྱུའི་དབང་ཆ་ང་ཚོར་ཡང་ཡོད་ན་འགྲིག་གི། དེ་ཡིན་དུས་དཔེ་ཆ་དེའི་ནང་དོན་གྱི་ཐད་ལ་བལྟས་ཡོང་བ་ཡིན་ནའང་འདི་ལྟར་བཀག་སྐྱིལ་བྱེད་དགོས་པའི་ཚད་ལ་ཐོན་མེད་པ་འདྲ་བོ་ཞིག་བསམ་གི། དེའི་ཕྱོགས་ནས་ངེད་ཚོའི་རེ་བ་ཡིན་ན་ཨ་ཕ་གང་མགྱོགས་མགྱོགས་སྒོ་ལ་ཡོང་ཐུབ་ན་བསམ་གི་ཡོད།

སྒྲ་ལ་ཉན་ན་ ཡེ་ཤེས་མཚོ་མོས་རང་གི་ཨ་ཕ་གླེང་བ་ འདི་ཡིན། འདིར་ཡིག་ཐོག་ལ་ཕབ་བཤུ་བྱེད་མཁན་བོད་ཀྱི་དུས་བབ་གསར་ཁང་ཡིན།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༤ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦

མཆན། 14

  1. སྦྲ་ནག་གྲུ་བཞི says:
    ལོ་ 16 སྔོན།

    ངོ་མ་ཡིད་སྐྱོ་དགོས་པ་ཞིག་རེད

    Reply
  2. སྦྲ་ནག་པ་རོལ་དབྱངས། says:
    ལོ་ 16 སྔོན།

    སྐུ་ཞབས་ཞོགས་དུང་གི་བུ་མོ་འདིས་སྐད་ཆ་སྙིང་རྗེ་བོ་ཞིག་བཤད་ཡོད་ཀི

    Reply
  3. བསིལ་རླུང says:
    ལོ་ 16 སྔོན།

    བོད་ཀྱི་བུ་རྒོད་སྐུ་ཞབས་ཞོགས་དུང་མཆོག་གི་བུ་མོ་ཡེ་ཤེས་མཚོ་མོ་ཡང་ཕ་ཤུལ་བུ་འཛིན་གྱི་
    མཁས་མཛངས་མ་ཞིག་དང་། ལྷག་པར་དུ་ད་བར་བོད་རང་གི་སྐད་དང་ཡི་གེ་སོགས་ལ་གྲོགས་དང་འཁོར་ཡུག་གི་ལྷད་སོགས་
    མ་ཤོར་བར་འདི་འདྲའི་བོད་ཀྱི་བུ་མོ་གཙང་མ་ཞིག་ཏུ་གྱུར་བ་ནི་ཁོང་གི་སྙིང་སྟོབས་དང་། བོད་མི་རིགས་ལ་བཞག་པའི་བྱས་རྗེས་རེད་ཡ་

    Reply
  4. འབྲོང་བུ་ཟླ་བ། says:
    ལོ་ 16 སྔོན།

    འདི་ནས་ངས་དྲ་གྲོགས་ཚོར་ཞོགས་དུང་ནི་རིགས་ཞེན་ཆེ་ཞིང་མིག་རྒྱང་རིང་བའི་མི་རིགས་དཔའ་པོ་ཞིག་ཡིན་པའི་རྒྱུ་མཚན་ཞིག་བགྲང་ན་འདོད། ང་རང་ཆུང་ཆུང་ཡིན་དུས་ཁོང་གི་མཚན་ཙམ་གོ་མྱོང་ཡོད། ཁོང་གིས་ཟི་ལིང་ན་ལས་ཀ་བྱེད་བཞིན་འདུག་ཟེར། འོན་ཀྱང། ཁོང་གི་བུ་མོ་ཡེ་ཤེས་མཚོ་མོ་འཚར་ལོངས་བྱེད་ས་ནི་ཕ་ཡུལ་གཅན་ཚ་རེད། ཁོ་མོ་གཅན་ཚ་རྗོང་ཆ་ཚང་སློབ་ཆུང་གཉིས་པ་༼འདི་ནི་བོད་རིགས་སློབ་ཆུང་ཡིན།༽ འགྲིམས་ཤིང། རིམ་བཞིན་གཅན་ཚ་རྫོང་མི་རིགས་སློབ་འབྲིང་མཐར་ཕྱིན་ཏེ་མཐོ་སློབ་འགྲིམས་པ་ཞིག་རེད། ༼ གཅན་ཚ་ན་བོད་ཀྱི་སྐད་ཡིག་སྦྱངས་སའི་ཁོར་ཡུག་ཡག་པོ་ཞིག་ཡོད་པ་རེད། ༽འདི་ནི་ཞོགས་དུང་ལགས་ཀྱིས་མི་རིགས་ཀྱི་སྐད་ཡིག་ལ་ཐོགས་པ་མེད་ཅིང་མི་རིགས་ཀྱི་ལ་ཞེན་ཡོད་པའི་བུ་མོ་ཞིག་བསྐྱེད་བསྲིངས་བྱེད་པར་དགོངས་པ་ཞིག་རེད། ཁོང་གི་བྱེད་ཐབས་འདི་ནི་དེང་རབས་མཁས་པར་རློམ་མཁན་དག་གིས་མིག་དཔེ་བལྟ་དགོས་པ་ཞིག་རེད།

    Reply
  5. གནས་ཚང་། says:
    ལོ་ 16 སྔོན།

    ཞོགས་དུང་ལགས་བོད་ཀྱི་རིག་གནས་ལ་ནང་བྱན་ཆུད་པའི་མཁས་པ་ཞིག་ཡིན་པའི་ཁར། སྐད་ཡིག་མིག་འབྲས་བཞིན་གཅེས་སྲུང་བྱེད་མཁན་ཞིག་ཡིན་པ་ཁོ་རང་གི་བུ་མོ་ཡེ་ཤེས་མཚོ་མོ་ལས་ཤེས་ཐུབ་ཀྱི་འདུག ཅི་འདྲའི་ཨམ་སྐད་ཡག་པོ་ཞིག་རྒྱག་གི་འདུག གྲོང་ཁྱེར་ཟི་ལིང་ནས་མཚར་ལོངས་བྱུང་མཁན་ཞིག་ལ་མཚོན་ན། བོད་སྐད་བསྐྱོན་རྒྱུ་ནི་ནམ་མཁའི་མེ་ཏོག་གི་ཚུལ་དུ་བཤད་ཀྱང་མ་ཆོག་པ་མེད་སྙམ། དེ་བས། བོད་ཀྱི་མཁས་པ་རྣམས་དང་དཔོན་པོ་ཚོར་ལྟོས་དང་སུ་ཞིག་གི་བུ་དང་བུ་མོས་བོད་སྐད་གཙང་མ་ཞིག་བསྐྱོན་ཐུབ་ཀྱི་འདུག་གམ།

    Reply
  6. འཇམ་དཔལ་རྣོན་པོ་། says:
    ལོ་ 16 སྔོན།

    ངོ་མ་མིག་ནང་ནས་མཆི་མ་ཤོར་ནི་ཟིག་རེད་ཡ།

    Reply
  7. འཇམ་དཔལ་རྣོན་པོ་། says:
    ལོ་ 16 སྔོན།

    ངོ་མ་མིག་ནས་ཤོར་ནི་ཟིག་རེད་ཡ།

    Reply
  8. karma dorje says:
    ལོ་ 16 སྔོན།

    བོད་རིགས་སྤྱི་སྐད་ཐོག་དྲིས་ནས་ཨ་མདོའི་སྐད་དུ་ལན་འདེབས་པ་ཡིན་ནམ། ཡང་ན་དྲི་བ་ལ་ཡང་ཁྱོས་དྲིས་་སྟངས་ལ་བལྟས་ན། ཨ་མདོའི་སྐད་ལུགས་སུ་དྲིས་ནས་ཨ་མདོའི་སྐད་དུ་ལན་འདེབས་པ་ཡིན་པ་འདྲ། བོད་ཀྱི་དུས་བབ་འདི་ཨ་མདོའི་ཁ་སྐད་ཀྱི་དུས་བབ་ཅིག་མི་ཆགས་པའི་རེ་བ་ཡོད། ཡེ་ཤེས་མཚོ་མོའི་ཨ་ཕ་ལགས་མྱུར་དུ་གྲོལ་བའི་སྨོན་འདུན་བཅས།

    Reply
  9. ནད་པ says:
    ལོ་ 16 སྔོན།

    བུ་མོ་ཡེ་ཤེས་མཚོ་མོས་བཤད་པ་ལྟར་མོ་རང་གི་ཕ་ཞོགས་དུང་གང་མགྱོགས་གློད་གྲོལ་འཐོབ་པའི་རེ་བ་བྱེད་བཞིན་ཡོད་པ་ལྟར་ང་ཚོས་ཀྱང་ཁོང་གི་སྐོར་ལ་སྐད་ཆ་བཤད་དུས་ཕྱོགས་གང་ས་ནས་གཟབ་གཟབ་བྱེད་དགོས།

    ཁ་དཔེ་ལྟར་་་་་རྟ་ལ་ཡང་བ་དང་སྒ་ལ་བཟོ་བ་་་་། ཞེས་པའི་དོན་ལྟར་ཁོང་གིས་བུ་མོས་གསུངས་པ་བཞིན་ཁོང་ལ་ནག་ཉེས་ཕོག་པའི་ཚད་གཞི་ལ་སླེབས་མེད་ཚུལ་ལྟར་ཕྱི་ནང་ཚང་མས་བསམ་བློ་ཡག་པོ་བཏང་ནས་གསར་འགྱུར་བརྒྱུད་ལམ་དང་། གསར་ཤོག རླུང་འཕྲིན། དྲ་ཐོག་བཅས་ཕྱོགས་གང་ས་ནས་རྒྱ་ནག་དབུས་གཞུང་ལ་དོ་ཕོག་མི་ཡོང་བ་དང་སྐུ་ཞབས་ཞོགས་དུང་རང་ཉིད་ལའང་དཀའ་ངལ་མི་འཕྲད་པའི་རེ་བ་དང་ཐབས་ཇུས་མ་ནོར་བ་ཞིག་བྱེད་དགོས།

    དེ་མིན་གང་བྱུང་མང་བྱུང་གི་སྐད་ཆ་བཤོད་པ་དང་། འུར་སྒྲོག་བྱེད་པ་སོགས་གིས་ཁོང་བཙོན་ཁང་དུ་ཡུན་རིང་བཀག་བསྐྱིལ་བྱེད་པའི་སྐད་ཆ་བྱབ་ཆུང་རིགས་བཤད་མི་ཉན།

    Reply
  10. འབྲི་འབྲོང་། says:
    ལོ་ 16 སྔོན།

    རྗེས་སུ་བུ་མོ་འདིའི་ཕའི་བྱས་རྗེས་སྐྱོང་མཁན་ཞིག་ཏུ་འགྱུར་བར་སྨོན།

    Reply
  11. གནམ་ལྕགས། says:
    ལོ་ 16 སྔོན།

    ཨ་རིག་འགྱུར་མེད་ལགས། ཁྱོད་ཀྱིས་ངའི་ཟིན་བྲིས་ལ་ཡོང་ནས་སྐད་ཆ་ཞིག་བཤད་པར་ལན་ཐུང་ངུ་ཞིག་བཞག་ཡོད། ཁྱོད་ལ་ཁོམ་པ་རེ་ཡོད་ན་སྐོར་བལྟ་རེ་བྱེད་རྒྱུ་མཁྱེན། གཞན་གོང་གི་ཡེ་ཤེས་མཚོ་མོའི་བཅར་འདྲི་ཁྱོད་ཀྱིས་ཕབ་པ་ཡིན་ན། འདིའི་ནང་གི་ཡིག་ནོར་དེ་ཚོ་བདག་པོ་རེ་བརྒྱབ་ན་ལེགས། དེ་མིན་ཡེ་ཤེས་མཚོ་མོ་ནི་མ་འོངས་པར་ཁོང་གི་ཨ་ཕའི་ཤུལ་རྗེས་སྐྱོང་མཁན་ཞིག་ཏུ་འགྱུར་བའི་རེ་བ་ཡོད།

    Reply
  12. མགར་རྟོགས་སད says:
    ལོ་ 16 སྔོན།

    ཁ་ཐག་རིང་ཡང་སེམས་པ་གཅིག་ཏུ་འདྲེས།བརྩེ་ཞན་རྨུ་ཐག་ནམ་ཡང་ལྷོད་མི་སྲིད།སྐྱིད་སྡུག་ཡག་ཉེསའགྱུར་ལྡོག་གང་གི་ཐད།ང་ཚོའི་སེམས་ཀྱི་ཚོར་བ་གཅིག་མཚུངས་ཡིན།

    Reply
  13. ལུང་རྟོགས། says:
    ལོ་ 16 སྔོན།

    རྒྱ་ནག་གཞུང་གི་བྱེད་བཏང་འདི་ཚོ་ནི་དངོས་གནས་བཟོད་སྒོམ་དཀའ་བ་ཞིག་རེད། བྱེད་བཏང་འདི་ཚོ་ལ་བལྟས་ན་མ་ཤི་བར་དུ་ངོ་བརྒོལ་བྱེད་རྒྱུ་ལས་གཞན་ཅི་ཞིག་ཡོད།

    Reply
  14. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    རྗེས་སུ་བུ་མོ་འདིའི་ཕའི་བྱས་རྗེས་སྐྱོང་མཁན་ཞིག་ཏུ་འགྱུར་བར་སྨོན།
    གང་ལྟར་ཕ་ཕའི་སྐོར་གྱི་གནད་དོན་དག་སེམས་འགུལ་ཐེབས་པ་ཞིག་བཤད་འདུག ད་གང་དྲག ཕྱི་ཕྱོགས་ཀྱི་བོད་མི་རྣམས་ཀྱང་ཁྱེད་མ་བུ་གཉིས་དང་འདྲ་བར་སེམས་སྡུག་གི་ནང་དུ་ཡོད་ལ། ཁྱེད་ཚོ་དང་ལྷན་དུ་ཡོད། ཤུགས་རྒྱོགས་ཤིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese