མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སའི་སྐད་འབོད་གསར་ཤོས།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

བསམ་འགྲུབ་རྒྱ་མཚོ་ལགས་ཀྱིས་ཁ་སང་ལྷ་ལྡན་གཙུག་ལག་ཁང་གི་མདུན་ཐང་དུ་ངོ་རྒོལ་སྐད་འབོད་བྱས་མཐར་རྒྱ་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་འདུག

ངྷ་སར་གནས་བཞུགས་བློ་བཟང་ཐོས་བསམ་དང་བསྟན་པ་དར་རྒྱས་གཉིས་ཀྱིས་འདི་གའི་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  ཁ་སང་ཕྱི་ཚེས་ ༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ དང་སྐར་མ་ ༢༠ ཡས་མས་སུ་རང་ལོ་ ༢༨ ཡིན་ཞིང་། ཕ་ཡུལ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་ནས་ཡིན་པའི་བསམ་འགྲུབ་རྒྱ་མཚོས་ལྷ་སའི་ལྷ་ལྡན་གཙུག་ལག་ཁང་གི་མདུན་ཐང་དུ་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མྱུར་ཏུ་གློད་གྲོལ་གཏོང་དགོས། རྒྱ་ནག་གིས་ཐེངས་འདིའི་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་བྱུང་ཡུལ་ནས་བོད་མི་མང་པོ་ཞིག་ཕྱིར་ཕུད་བཏང་བ་དེ་དག་ལ་ས་གནས་ས་ཐོག་ཏུ་ངོ་བསྐྱོད་ཀྱིས་རོགས་སྐྱོར་བྱེད་དུ་འཇུག་དགོས་ཞེས་དུས་ཡུན་སྐར་མ་ ༥ རིང་ངོ་རྒོལ་སྐད་འབོད་བྱས་མཐར་ཉེན་རྟོག་མི་སྣ་བདུན་ལྷག་འབྱོར་ཏེ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག་ཅེས་བརྗོད་བྱུང་ལ། གནས་ཚུལ་འགྲེལ་བརྗོད་པས་མུ་མཐུད་ངོ་སྤྲོད་གནང་དོན། སྤྱིར་ཁོས་པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་འཁྲུངས་སྐར་གྱི་ཉིན་མོ་དང་སྟབས་བསྟུན་ཏེ་ངོ་རྒོལ་སྐད་འབོད་བྱ་འཆར་ཡོད་ཚུལ་འདུག་མོད། རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་ལེགས་འགྲུབ་བྱུང་ཐུབ་མེད་ནའང་།  ཁ་སང་སྐད་འབོད་ཀྱི་སྐབས་སུ་ཁོས་བོད་ཀྱི་རྒྱལ་དར་ཆེན་པོ་ཞིག་རྒྱབ་ལ་གོན་ཡོད་པ་དང་། རྒྱལ་དར་ཞིག་ལག་ཏུ་འཕྱར་ཏེ་སྐད་འབོད་བྱས་ཏེ་འཛིན་བཟུང་བྱས་འདུག་ལ། ད་ལྟའི་ཆར་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གོ་རྒྱུ་མི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།

བསམ་འགྲུབ་རྒྱ་མཚོ་ལགས་ནི། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་སྡེ་བ་ནས་སྐྱེས་ཤིང། ཕྱིས་སུ་མདའ་བཞི་རྫོང་ཞབས་དྲུང་སྒར་ཐོག་དགོན་དུ་ལོ་ ༤ རིང་སློབ་གཉེར་གནང་རྗེས། ༢༠༠༧ ལོའི་ཕྱི་ཟླ་ ༡༡ པའི་ནང་བཙན་བྱོལ་ཏུ་འབྱོར་ཏེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ལོ་ ༡  མ་ཟིན་ཙམ་དུ་སློབ་གཉེར་གནང་འདུག་ལ། ༢༠༠༩ ལོའི་ཕྱི་ཟླ་ ༣ པའི་ནང་ཕྱིར་རང་ཡུལ་ཏུ་ལོག་སྐབས་རྒྱ་གཞུང་གིས་རྒྱ་གར་ནང་གནས་སྡོད་བྱས་པ་དང་༧གོང་ས་མཆོག་གི་བཀའ་སློབ་ཀྱི་དཔེ་ཆ་བོད་ནང་ཁུར་ཡོང་བའི་ཉེས་མིང་འོག་ཟླ་ ༧ རིང་གྲྭ་བཞི་བཙོན་དུ་དུས་བཀག་བཙོན་འཇུག་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༨ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 15

  1. དུག་ཚེར། says:
    ལོ་ 16 སྔོན།

    བདེན་དོན་ཞེས་བཅོས

    Reply
  2. དུག་ཚེར། says:
    ལོ་ 16 སྔོན།

    དངོས་གནས་སྤོབས་པ་ཆེན་པོ་རེད། འདི་ལྟ་བུས་མི་བུ་རེ་རེས་ཀྱང་བོད་ཀྱི་བདེན་ལ་ཁག་ཁུར་བྱས་ཡོད་པར་མཚོན་གི

    Reply
  3. མགོ་རུལ། says:
    ལོ་ 16 སྔོན།

    སྐབས་འདི་དང་འབྲེལ་བ་དེ་ཙམ་མེད་པ་ཞིག་སྟེ། བོད་པའི་གཞས་པ་གྲགས་ཅན་བཀྲས་ཆུང་ལགས་ནས་གཙོ་ཁྲིད་བྱས་པའི་བོད་པའི་ལོ་རྒྱུས་སྟེང་གི་བོད་རིགས་བྱིས་པའི་གླུ་གཞས་ཆེད་བསྒྲིགས་འོད་སྡེར་སེམས་གཞས་ཞེས་པ་དེ་མི་འགྱངས་པར་བྱང་ཨ་རིའི་བོད་རིགས་འདུས་སྡོད་ས་ཁུལ་གྱིས་གཙོས་པའི་སྤྱི་ཚོགས་སྟེང་འགྲེམ་སྤེལ་དང་སྐོར་སྐྱོད་བྱེད་རྒྱུ་རེད། གནས་ཚུལ་གསལ་བོ་གཤམ་གྱི་དྲ་རྒྱ་ལས་ཤེས་ཐུབ།
    http://www.semshae.org

    Reply
  4. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ཕྱུར་བའི་ཞེས་བཅོས་རོགས། དགོང་པ་མ་འཛོམས།

    Reply
  5. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    དཔའ་བོ་བསམ་འགྲུབ་རྒྱ་མཚོ་ལགས། དངོས་གནས་དཔའ་བོ་མིང་དོན་མཚུངས་པ་ཞིག་རང་རེད་ཁྱོད་ཀྱི་ཡ་ཆུང་སྙིང་ཁོང་ནས་འགོག་མེད་དུ་ཕྱུར་རེ་བ་དང་རྨིལ་ལམ་ཡོད་ཆད་མྱུར་སྒྲུབ་པའི་སྨོན་འདུན་ཞུ༎ དཀའ་སྡུག་བཟོད་སྲན་བསྐྱེད་དེ་རང་གི་སེམས་ནང་གི་དམ་བཅའ་ནམ་ཡང་ལྷོད་མ་འཇུག ཁྱེད་རྒྱབ་ཏུ་གངས་སེངྒི་རུ་དར་བསྒྲིགས་ནས་ཡོད། དཔའ་བོ་ལགས༎ ༎

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    དཔའ་བོ་ཟེར་བ་རེད། རང་དབང་དང་དྲང་བདེན་གྱི་ཆེད་དུ་སྲོག་འདོར་མཁན་ཚང་མར་སྙིང་ནས་རྗེས་སུ་ཡི་རངས་ཡོད། ཏུགས་རྗེ་ཆེ་དཔའ་བོ་བསམ་འགྲུབ་རྒྱ་མཚོ་ལགས། ཁྱོད་ཀྱི་དོན་མྱུར་འགྲུབ་ཡོང་བར་ཤོག

    Reply
  7. ལུང་རྟོགས། says:
    ལོ་ 16 སྔོན།

    བུ་དཔའ་བོ་ཟེར་ན་ཁྱོད་འདྲ་དགོས། སེམས་གཏིང་ནས་སྨོན་མདུན་ཁྱོད་ལ་ཞུ། ནང་ཕུ་ནུའི་སྟེང་གི་དཔའ་རྒོད་ཚོ། བུ་དཔའ་བོ་མ་རེད་ཞབས་འདྲེན་རེད།

    Reply
  8. བཙན་པོ། says:
    ལོ་ 16 སྔོན།

    ཟླ་ཤས་རྗེས་ནས་ག་་ཅིག་ཟིག་ནས་ཡོང་ནས་ཨོ་སུ་ཌི་ལི་ཡར་ཆབ་སྲིད་བཙོན་མ་ཡིན་ཟེར་ནས་ཐོ་རྒྱག་གི་བསླེབས་མི་ཡོང་ངམ། གོང་གི་དེའི་གཅིག་ཡང་དེ་འདྲ་འདུག་ག་ ཧ་ཧ་ཧ་།

    Reply
  9. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅ྲ ལྷ་སའི་སྐད་འབོད་གསར་ཤོས་མ་རེད། ལྷ་སར་སྐད་འབོད་གསར་ཤོས་བྱས་པ་རེད་ཧ་ཧ་ཧ་
    བསམ་འགྲུབ་རྒྱ་མཚོའི་བསམ་པ་ལྷུན་གྱི་འགྲུབ་བར་ཤོག

    Reply
  10. ཆུ་ཤུར་མིག་དམར་ says:
    ལོ་ 16 སྔོན།

    རྒྱལ་གཅེས་དཔའ་བོ་བསམ་འགྲུབ་ལགས་ཁྱེད་ལ་ཉེས་རྡུང་ཚབ་ཆེན་མི་ཕོག་པའི་སྨོན་ལམ་ཐག་རིང་གི་ཡུལ་ནས་འདེབས་བཞིན་ཡོད
    ཐབས་ཤེས་གཞན་གང་ཡང་མི་འདུག

    Reply
  11. ཕུན་ཚོགས ། says:
    ལོ་ 16 སྔོན།

    བསམ་འགྲུབ་རྒྱ་མཚོ་ལགས་བཀའ་དྲིན་ཆེ།ཡིན་ཡང་ཁྱོད་ཀྱིས་ལྷ་ས་དེ་ལྷ་ས་ཞིག་མིན་པ་སྔ་མོ་ནས་ཤེས་ཚར་ན་འགྲིག་ཨང་།

    Reply
  12. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 16 སྔོན།

    ཁྱེད་ཀྱི་སྙིང་སྟོབས་ང་ཡི་རྣ་ཁར་ལྷུང་དུས་རེ་བའི་སྤྲོ་བ་འཕེལ་ན་ཡང་།ཁྱེད་སྤྱང་ཀི་ཡི་ལག་ཏུ་ཐེབས་པའི་སྐྱོ་གར་གྱིས་ང་ནི་སྨྱོན་ལ་ཁད་དུ་བསྐྱལ།

    Reply
  13. བྱམས་རྒྱལ། says:
    ལོ་ 16 སྔོན།

    ཉེས་བརྡུང་རེག་པའི་མ་ཚད་སྲོག་ལའང་ཉེན་ཁ་སླེབ་ཚར་།
    བུ་སྙིང་སྟོབས་ཅན་འདི་འདྲ་ཡོད་པའང་ངོ་མཚར་ཆེ་།
    དམར་ཡག་སྟག་གི་རིགས་རྒྱུད་མངོན་སུམ་དུ་འདུག་།
    གུང་ཁྲན་ཏང་སྐྱིད་པོ་མི་འཇོག་སེམས་ཐག་རེད་

    Reply
  14. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 16 སྔོན།

    ད་སྙིང་རྗེ་ཉེས་བརྡུང་ཚད་མེད་ཞིག་རེག་པ་ལ་ཐེ་ཚོམ་མེད།

    Reply
  15. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 16 སྔོན།

    དཔའ་བོ་བསམ་འགྲུབ་རྒྱ་མཚོ་ལགས། ཁྱེད་ཀྱི་དྲང་བདེན་ཀྱི་འབོད་སྒྲ་ནི་སེམས་ནང་གི་འབོད་སྒྲ་ངོ་མ་ཞིག་རེད། ཁྱེད་ཀྱིས་གཏམ་བརྗོད་རང་དབང་བེད་སྤྱོད་བྱས་པ་ཙམ་་ལས་ཁྲིམས་འགལ་གྱི་བྱ་བ་གང་ཡང་བྱས་མི་འདུག་པས།
    རྒྱ་གཞུང་གིས་ཁྱེད་ཀྱི་ལུས་སྲོག་ལ་གནོད་འཚེ་ཅི་ཡང་བྱེད་མི་འོས་ཀྱང་། ད་ཕན་རྒྱ་གཞུང་གིས་ཁྲིམས་འགལ་གྱིས་ཉེས་མེད་བོད་མི་བསད་ཚར་བ་རྣམས་ཀྱི་མིང་ཐོ་འདི་དག་ལ་ལྟོས་དང་། http://tibet.net/tb/atpd/pubs/bodmekyiduk/death%20list.pdf
    སྔོན་ཆད་རི་པིན་གྱིས་རྒྱ་མི་དམར་བསད་བྱས་པ་བཞིན་རྒྱ་དམར་གཞུང་ནི་དངོས་གནས་སྨྱོ་ཡོད་པར་རྟོགས་ཐུབ། དེ་བས་རྒྱ་ནག་དང་འགལ་བའི་ཚོགས་པ་ཐམས་ཅད་མཐུན་སྒྲིལ་ཆིག་སྒྲིལ་་བྱས་ནས་མངོན་ལྐོག་གཉིས་ནས་ཐབས་མཁས་ཀྱིས་བྱ་འགུལ་སྤེལ་དགོས་པའི་དུས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese