མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེམས་སྐྱོ་བའི་མིག་ཆུ། ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ།

༄༅། །མཐོ་མཐོ་བརྒྱ་བྱིན་བཞུགས་པའི་ཁང་བཟང་དང༌། །
དམའ་དམའ་ན་རག་དམྱལ་བའི་ལྕགས་མཁར་ཡན། །
གསལ་གསལ་སེམས་ཀྱི་མཐོང་སྣང་མི་གཅིག་ཀྱང༌། །
འཇིག་འཇིག་རང་མཚང་སྟོན་ལ་ཁྱད་པར་ཅི། །

ཤིག་ཤིག་གཡོ་བའི་ས་ཡི་སྲིན་པོ་དེས། །
ལམ་ལམ་མིག་ལ་འཆར་བའི་ཁང་ནོར་དང༌།།
དམར་དམར་སྙིང་ལ་བཅགས་པའི་སྤུན་ཟླ་བཅས། །
ཆལ་ཆལ་ཟོས་པ་འདི་ཀོ་ཤིན་ཏུ་སྐྱོ།།

ལྷང་ལྷང་སྡུག་པའི་ཆོ་ངེ་འབར་བའི་ཁྲོད། །
སྐྲག་སྐྲག་ས་སྟེང་ཐོན་པའི་དམྱལ་བ་འདི། །
ཆེ་ཆེ་ཡིད་ཀྱི་ཁྱོན་དུ་ཤོང་དཀའ་ན། །
ཆུང་ཆུང་དབང་པོའི་ཡུལ་དུ་ཇི་ལྟར་བཟོད། །

ཆིལ་ ཆིལ་ཆར་བཞིན་འབབ་པའི་བེམ་རོ་དང༌། །
ཆོམ་ཆོམ་ཐོག་བཞིན་ལྷུང་བའི་ཁང་པ་གཉིས། །
ཆེམ་ཆེམ་གློག་ལྟར་མྱུར་བའི་བང་འགྲན་ཏེ། །
འཕྱུར་འཕྱུར་ཁྲག་དང་ཐལ་བས་གནམ་ས་བཀང༌། །

སྐྱོ་སྐྱོ་བདག་པོས་བོར་བའི་སྒོ་ཁྱི་དང༌། །
བྱམས་བྱམས་ཕ་མ་བརླག་པའི་དྭ་ཕྲུག་དང༌། །
གཅེས་གཅེས་བུ་ཚ་གྲོངས་པའི་རྒན་རྒོན་དང༌། །
མཛའ་མཛའ་སྙིང་སྡུག་བྲལ་བའི་གྲོགས་མེད་མང༌། །

ཡོད་ཡོད་ཐམས་ཅད་ཤི་བའི་ནང་མི་ཞིག །
རྒྱང་རྒྱང་ས་མཐའ་འདི་ན་གཅིག་པུར་ལུས། །
དུང་དུང་ཡིད་ཀྱི་གདུང་བ་ཐལ་ དྲགས་པས། །
ཆད་ཆད་ངུ་བའི་འཕྲོ་ལ་གད་མོ་ཤོར། །

ཧུ་ཧུ་ཁྲི་ཕྲག་སྟོང་གི་ སྐྱེ་བོ་རྣམས། །
རིག་རིག་བཞིན་དུ་སྲོག་གི་རྒྱུ་བ་བཅོམ། །
མྱུར་མྱུར་ ཡུད་ཙམ་ཞིག་གི་འཇིགས་པ་དེས། །
ཡང་ཡང་བསྐལ་བརྒྱར་གདུང་བའི་རྨ་སྲོལ་གཏོད། །

ཀྱེ་ཀྱེ་གངས་ཅན་མགོན་པོ་སྤྱན་རས་གཟིགས། །
དཀར་དཀར་གངས་ཀྱི་ལྷུན་པོ་ལྟ་བུའི་སྐུ། །
བརྩེ་བརྩེ་ཡེ་ཤེས་སྤྱན་གྱིས་ཆེར་གཟིགས་ཏེ། །
དམན་དམན་བོད་འབངས་འདི་དག་བསྐྱབ་ཏུ་གསོལ། །

གསོན་གསོན་ཚེ་འདིའི་བྱ་བ་འཕྲོར་བཞག་སྟེ། །
འུར་འུར་བར་དོའི་འཕྲང་ལ་འཚང་གྱུར་ཀྱང༌། །
ཚེ་ཚེ་ཕྱི་མར་ཕན་པའི་གྲབས་མེད་པོ། །
མཁྱེན་མཁྱེན་ཐུགས་རྗེའི་ནུས་པས་བསྐྱབ་ཏུ་གསོལ། །

རིང་རིང་སྙིང་དུ་ཕངས་པའི་མཛའ་བཤེས་རྣམས། །
འཕྲལ་འཕྲལ་བདུད་ཀྱི་ཕྱགས་མས་དེད་ཤུལ་དུ༌། །
ཅེར་ཅེར་འཕྲེང་བའི་མིག་གིས་ལྟ་བཞིན་པ། །
ཤུ་ཤུ་ལྷག་ལུས་ འདི་དག་བསྐྱབ་ཏུ་གསོལ། །

ཤ་རུས་ཐ་དད་མེད་པའི་རིགས་རྒྱུད་ལས། །
ལས་དང་དམ་ཚིག་གཅིག་པའི་བོད་འབངས་རྣམས། །
གངས་ལྗོངས་ཆོས་ཀྱི་ཞིང་སར་ ལྷན་འཛོམས་ཏེ། །
གཞིས་བྱེས་རེ་བ་ཡོངས་སུ་རྫོགས་པར་སྨོན། །

སྐྱེ་རྒུ་མདོར་ས་ཡོམ་གོད་ཆག་བྱུང་བ་ན་སྨོན་པའོ།།
༢༠༡༠ ལོའི་ཕྱི་ ༥ པའི་ཚེས་ ༡ ཉིན།

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༨ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 60

  1. རག་ཤུལ་བསྟན་འཛིན། says:
    ལོ་ 15 སྔོན།

    སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་སྙན་རྩོམ་འདི་གངས་ཕྲུག་ངས་ཐེངས་དང་པོ་མཇའ་རྒྱུ་བྱུང་བ་དགའ་སྤྲོ་ཤུན་ཏུ་ཆེ།

    Reply
  2. ལྡན་མ་ཐུབ་བསྟན་དངོས་གྲུབ། says:
    ལོ་ 15 སྔོན།

    བཞི་གཅིག་བཞི་ཡི་འཐོར་ཞིག་ཁྲོད་ན་ཚེ་སྲོག་ཤོར་བའི་ཕུང་པོ་འབུམ་ཁྲག།
    ངུ་སྒྲ་སྟོང་གིས་མདུན་ནས་བསུས་ཤིང་སྨོན་དུང་གིས་རྒྱབ་ནས་བཅོལ་བཞིན།།
    སྲེག་བྱེད་ཕུང་པོའི་ངོ་བོར་སྒྱུར་ཚེ་འོད་རླབ་དམར་པོས་འཇིག་རྟེན་ཁྱབ་ཅིང་།།
    ཤུལ་ལུས་བོད་མི་ས་ཡ་དྲུག་གི་རྣམ་ཤེས་གསོན་པོ་ཡོངས་རྫོགས་སྲེག་སོང་།།

    Reply
  3. karma dorje says:
    ལོ་ 15 སྔོན།

    མཁྱེན་ནོ། མཁྱེན་ནོ། ཀརྨ་པ་མཁྱེན་ནོ།
    ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཁྱེན་ནོ།

    མཁྱེན་ནོ། མཁྱེན་ནོ། ཀརྨ་པ་མཁྱེན་ནོ།
    ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཁྱེན་ནོ།

    མཁྱེན་ནོ། མཁྱེན་ནོ། ཀརྨ་པ་མཁྱེན་ནོ།
    ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཁྱེན་ནོ།

    Reply
  4. བྲ་རྡོར says:
    ལོ་ 15 སྔོན།

    རྒྱལ་དབང་ཀརྨ་བའི་རྩོམ་བྲིས་བ་ཡག་པོ་རེད།སེམསཅན་སུ་ཞིག་ཡིན་ཡང་རང་གི་བསགས་པའི་ཉེས་པ་རྣམས་རང་གི་འདག་ཐུབ་བྱེད་དགོས་པ་ཞིག་ཡིན་པ་རེད།འགྲོ་བའི་སྡུག་བསྔལ་ཕྱག་གི་མི་སེལ།ཉིད་ཀྱི་རྟོག་པ་གཞན་ལ་འཕོ་མིན་དེ་ཞེས་གསུང་བ་ལ་ལྟས་ན།སྐྱབས་དང་སྐྱོབས་མཁན་ནི་རང་ཉིད་ལས་གཞན་སུ་ཡོད།

    Reply
  5. རོ་བདག says:
    ལོ་ 15 སྔོན།

    རིན་པོ་ཆེ་སྙན་རྩོམ་ཡག་པོ་བྲིས་འདུག ངོ་མ་མིང་དོན་མཚུང་གི ད་དུང་མུ་འཐུད་ནས་འདི་འདྲའི་སྙན་རྩོམ་ལ་ཡང་ཡང་མཇལ་ཐུབ་པའི་སྨོན་འདུན་ཞུ།།

    Reply
  6. karma dorje says:
    ལོ་ 15 སྔོན།

    ༧ཕྲིན་ལས་རྡོ་རྗེའི་ཚིག་གི་བསྟོད་པ་དང་སྨོན་ཚིག །

    ཕྲིན་ལས་ཐམས་ཅད་གཅིག་འདུས་གསུང་། །
    ལས་ཀྱིས་བོད་མིའི་མགོན་སྐུར་ཤར། །
    རྡོ་རྗེ་ཕ་ལམ་ལྟ་བུའི་ཐུགས་། །
    རྗེ་བོ་བཞིན་དུ་བོད་རིགས་སྐྱོང་། །

    ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས། །
    ལས་འབྲེལ་ཐམས་ཅད་དཀར་པོའི་རྒྱུ། །
    རྡོ་རྗེའི་སྐུ་གསུང་ཐུགས་གསུམ་པོ། །
    ༧རྗེ་བཙུན་ཀུན་དང་ཀུན་མཚུངས་ཤོག །

    ༧ཕྲིན་ལས་རྡོ་རྗེ་ཡུན་བརྟན་ཤོག །

    Reply
  7. འཁྲུངས་སྐར། says:
    ལོ་ 15 སྔོན།

    སྙན་སྙན་ཀརྨ་པ་ཡི་བཀའ་རྩོམ་དེ།
    ཟབ་ཟབ་བྱམས་སེམས་གཞི་བཞུགས་སྤུན་ཟླ་ལ།
    ཏག་ཏག་གཟིགས་བཞིན་ཡོད་པར་མངོན་གི་འདུག
    ངུ་ངུ་མ་བྱེད་ཤུལ་ལུས་སྤུན་གྲོགས་ཚོ།

    ཀརྨ་ལས་ལ་འགྲེལ་ན་བོད་པའི་ལས།
    ཀརྨ་པ་ལ་འགྲེལ་ན་བླ་མའི་མཚན།
    ཀརྨ་པ་ཡི་སྙན་རྩོམ་མཇལ་དུས་སུ།
    ཀརྨ་པ་ཡི་བོད་ལས་བྱེད་པར་མངོན།།

    གོང་ལ་མི་བཞུགས་མང་ཚོགས་གྲལ་ལ་ཕེབས།
    སྨད་ལ་མི་བསྡོད་རྒྱ་མིའི་འོག་ནས་ཐར།
    བར་ན་མི་བཞུགས་དེང་དུས་སློབ་ལ་བརྩོན།
    གང་ལ་ཕེབས་ཀྱང་མཛད་འཕྲིན་རྒྱས་ངེས་ཡིན།

    བསྟོད་པ་མ་ཡིན་སྒེར་དོན་ཅི་ཡང་མེད།
    འོན་ཏེ་འོ་ཚང་བོད་པའི་སྐྱེས་ཆེན་ཡིན།

    Reply
  8. བྱམས་རྒྱལ། says:
    ལོ་ 15 སྔོན།

    ༧རྒྱལ་དབང་ཀརྨ་པ་མཆོག་གི་རྩོམ་རྩལ་ལ་ངོ་མཚར་ཆེའོ་། །བོད་མི་རིགས་ཀྱི་དཀའ་སྡུག་ལ་མཉམ་མྱོང་གི་་ཆོད་སེམས་བརྟན་པོ་ཡོད་པའི་ཚོར་བ་བྱུང་།

    Reply
  9. སློང་མོ་བ། says:
    ལོ་ 15 སྔོན།

    ཀརྨ་ཞེས་བཅོས་རོགས

    Reply
  10. སློང་མོ་བ། says:
    ལོ་ 15 སྔོན།

    རྒྱལ་བ་རྐ་མ་པ་མཆོག་སྐུ་ཚེ་བརྒྱ་ཕྲག་བརྟན་ཅིང་མཛད་འཕྲིན་མཁའ་མཉམ་རྒྱས་པ་ཤོག

    Reply
  11. མགར་རྟོགས་སད says:
    ལོ་ 15 སྔོན།

    བརྩེ་དུང་དྲོན་མོ་དྲི་བཞོན་རླུང་ལ་སྐུར། སྐྱོ་གདུང་མཆི་མའི་བྲང་ཁོག་ལན་བརྒྱར་བརླན། སྙིང་རྗེའི་མེད་པའི་ས་ཆེན་སྲིན་པོ་འདིས།ཉེས་མེད་གཉོམ་ཆུང་སྡུག་ལ་སྦྱར་འདི་སྐྱོ།

    Reply
  12. ཤིང་རྟ། says:
    ལོ་ 15 སྔོན།

    དཔལ་༸རྒྱལ་དབང་ཀརྨ་པ་མཁྱེན་ནོ།

    ཡེ་ཤེས་དབྱིངས་ནས་བརྩེ་བས་རབ་གཟིགས་ཏེ།།
    བཟོད་དཀའི་སྡུག་བསྔལ་འདི་འདྲ་མ་མྱོང་གོང་།།
    འབྱུང་འགྱུར་མ་འོངས་ལུང་བསྟན་གནང་དུ་གསོལ།།
    སྐྱབས་དང་དཔུང་གཉེན་རྒྱུན་ཏུ་མཛད་དུ་གསོལ།།

    Reply
  13. དཔལྡན་རྡོ་རྗེ། says:
    ལོ་ 15 སྔོན།

    ༧དཔལ་རྒྱལ་དབང་ཀརྨ་པ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བསྟན་པ་ཤོག ཁྱེད་ཀྱིས་ལྗགས་རྩོམ་གནང་བའི་སྙན་ངག་ནི་གཞན་གྱི་སྙན་ངག་དང་མི་འདྲ་བའི་དམིགས་གསལ་ཁྱད་ཆོས་འདུག དེ་དང་འདྲ་བའི་སྙན་རྩོམ་ཡང་ཡང་མཇལ་བའི་རེ་སྨོན་ཞུ་བཞིན་ཡོད།

    Reply
  14. གངས་རི་བ་བློ་གཏེར་རིག་མཛོད།་ says:
    ལོ་ 15 སྔོན།

    མགོན་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཡི།།
    ཐུགས་ཚད་མེད་ཕམ་པའི་སྤྱན་ཆབ་དང།།
    ལྷན་གཅིག་ཏུ་འདྲེས་པའི་སྨོན་ལམ་འདིས།།
    ཕན་བདེ་བས་ས་གཞི་གང་བར་ཤོག།

    Reply
  15. གངས་བུ། says:
    ལོ་ 15 སྔོན།

    འདི་འདྲའི་གསུང་རྩོམ་གནང་བར་ཐུགས་རྗེ་ཆེ།

    Reply
  16. རིག་པའི་མེ་དཔུང་། says:
    ལོ་ 15 སྔོན།

    སྙན་སྙན་སང་སེང་རང་བྱུང་ངག་གི་དཔལ། །
    དབ་དུབ་མེད་པ་སེམས་པའི་རྒྱན་དུ་བསྩལ། །
    ལང་ལོང་འཁོལ་བའི་མྱ་ངན་དུ་ཁའི་ཚོགས། །
    ཕྱི་ཕྱིར་སྐྲོད་པ་དོན་གྱི་བརྗོད་པ་ལེགས། །

    ཡ་ཡོ་བྲལ་བ་གཏན་ཚིགས་རིགས་པའི་རྒྱ། །
    ཀྱ་ཀྱུའི་འཇིག་རྟེན་སྲིད་ལ་འཕངས་པ་འདིས། །
    ཅ་ཅོ་སྒྲོག་པའི་དེང་རབས་རྩོམ་པའི་ཚོགས། །
    མེད་མུག་ཕུགས་ལ་གཏད་པར་མ་གྱུར་གྲང་། །

    Reply
  17. བཀྲ་ཤིས། says:
    ལོ་ 15 སྔོན།

    བཀའ་རྒྱུད་བསྟན་པའི་སྲོལ་འཛིན་དཔལ་རྒྱལ་བ་ཀ་རྨ་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་སྐུ་ཚེ་ཡུན་རིང་བརྟེན་ཅིང་མཛད་འཕྲིན་ཕྱོགས་བཅུར་ཁྱབ་པའི་སྨོན་འདུན་ཞུ།

    Reply
  18. ཉི་འབུམ། says:
    ལོ་ 15 སྔོན།

    མ་བཅོས་གཏམ་གྱི་དུང་བ་དྲོད་མོ་འདིས།།
    ལྷད་མེད་སེམས་ཀྱི་གསང་བ་ཕྲ་མོའི་གཤིས།།
    སྨྱུག་རྩེར་བསྐྱོན་པས་ཡངས་པའི་འཇིག་རྟེན་གྱི།།
    རེ་སྨོན་ཁྲི་མ་འབུམ་གྱི་མགོ་བོ་བསླངས།།

    རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དང་སྨོན་ལམ་རྣམས་གེགས་མེད་ལྷུན་འགྲུབ་ཡོང་བའི་སྨོན་འདུན་ཞུ།།

    Reply
  19. ནད་པ says:
    ལོ་ 15 སྔོན།

    གཟིགས་གཟིགས་ཐུགས་རྗེས་གཟིགས་ཤིག་སྤྱན་རས་གཟིགས།།
    མགོན་མགོན་སྐྱབས་མགོན་མཛོད་ཅིག་འོད་དཔག་མེད།།
    དཔག་དཔག་ཚེ་དཔག་མེད་ཀྱིས་ཚེ་སྤྱིན་སྩོལ།།
    གསོལ་གསོལ་བོད་འབངས་ཡོངས་ཀྱིས་གསོལ་བ་འདེབས།།

    མེད་མེད་མཐའ་མེད་འཁོར་བའི་རྒྱ་མཚོ་ལས།།
    གྲོལ་གྲོལ་དེད་དཔོན་མཛོད་ཅིག་སྤྱན་རས་གཟིགས།།
    འཐིབས་འཐིབས་ཏིག་མུག་མུན་པས་འཐིབས་ཙ་ན་།།
    གསལ་གསལ་སྒྲོན་མེ་སྤོར་ཅིག་འོད་དཔག་མེད།།

    འབར་འབར་ཞེ་སྡང་མེ་ལྟར་འབར་དུས་འདིར།།
    ཞི་ཞི་ཆུ་བསིལ་སྩོལ་ཅིག་ཚེ་དག་མེད།།
    འཁྲུགས་འཁྲུགས་འདོད་ཆགས་ཆུ་ལྟར་འཁྲུགས་ཙ་ན།།
    ལུགས་ལུགས་གནད་ལུགས་རྟོགས་མཛོད་སྤྱན་རས་གཟིགས།།

    བསྡམས་བསྡམས་སེར་སྣའི་མདུད་པས་བསྡམས་དུས་འདིར།།
    གཏོང་གཏོང་གཉེར་པ་མཛོད་ཅིག་འོད་དཔག་མེད།།
    ལུས་ལུས་སྒྱུ་ལུས་འབྱུང་བཞིས་ཟིན་ཙ་ན།།
    སྨིན་སྨིན་སྒྱུ་ལུས་སྨིན་ཅིག་ཚེ་དཔག་མེད།།

    སྐྲག་སྐྲག་འཆི་ཁར་འཇིགས་སྐྲག་སྐྱེ་ཙ་ན།།
    གསོ་གསོ་སེམས་གསོ་མཛོད་ཅིག་སྤྱན་རས་གཟིགས།།
    འཁྱམས་འཁྱམས་བར་བདོའི་འཕྲང་ལ་འཁྱམས་དུས་དེར།།
    གཉེན་གཉེན་དམ་པ་མཛོད་ཅིག་འོད་དཔག་མེད།།

    མང་མང་དཀྱིལ་ནས་གཅིག་པུར་འགྲོ་ཙ་ན།།
    དག་དག་ཞིང་དུ་བསྐྱེལ་ཅིག་ཚེ་དཔག་མེད།།
    སྡུག་སྡུག་ལས་ཀྱི་སྡུག་བསྔལ་བྱུང་དུས་འདིར།།
    གྲོལ་གྲོལ་དེད་དཔོན་མཛོད་ཅིག་སྤྱན་རས་གཟིགས།།

    ངེས་ངེས་སྐྱེ་མཐའ་འཆི་བ་ངེས་པར་འོང་།།
    བསྟན་བསྟན་ལུང་བསྟན་མཛོད་ཅིག་འོད་དཔག་མེད།།
    འཕེལ་འཕེལ་ཚེ་དང་ཡེ་ཤེས་བསོད་ནམས་སོགས།།
    མྱུར་མྱུར་རབ་ཏུ་འཕེལ་མཛོད་ཚེ་དཔག་མེད།།

    དད་དད་བསྟན་འཛིན་རྒྱ་མཚོར་རབ་ཏུ་དད།།
    དྲན་དྲན་བོད་འབངས་ཀུན་གྱིས་སྙིང་ནས་དྲན།།
    ལྷང་ལྷང་ཡི་དྲུག་མ་ཎིས་དབྱངས་རྟ་ལེན།།
    སྐྱོ་སྐྱོ་གདུང་སེམས་དྲག་པོས་གསོལ་བ་འདེབས།།

    དཔལ་དཔལ་རྒྱལ་བ་ཀརྨའི་སྨོན་ལམ་འདི།།
    མཁྱེན་མཁྱེན་གངས་ཅན་མགོན་པོས་མ་དོར་མཛོད།།
    དྭངས་དྭངས་བདག་གི་ལྷག་བསམ་དྭངས་མོ་འདིས།།
    དཀར་དཀར་གངས་ཅན་དབུ་འཕངས་དགུང་འཐོར་ཤོག།

    འདས་འདས་ཚེ་ལས་འདས་པའི་སྐྱེ་འགྲོ་དང་།།
    གསོན་གསོན་འགྲོ་བ་དྲུག་གི་སེམས་ཅན་རྣམས།།
    དགེ་དགེ་ཚོགས་གཉིས་མཐུ་ལས་སྐུ་གཉིས་འཐོབ།།
    སྟོང་སྟོང་ཁམས་གསུམ་འཁོར་བ་སྟོང་གྱུར་ཅིག།

    Reply
  20. རྒྱང་རིང་ནས། says:
    ལོ་ 15 སྔོན།

    དཔལ་རྒྱལ་བ་རྐམ་པ་མཆོག་གི་སྙན་རྩོམ་མཐོང་ཐེབས་དང་པོ་ཡིན
    སེམས་མགུན་ཐེན་པ་ཞིག་བྲིས་འདུག ཡིན་ཡང་ང་ཚོའི་རྒྱལ་ཁག་དང་ང་ཚའི་རང་དབང་གི་ཆེན་དུ་བཀའ་སློབ་དང་རྩོམ་འབྲི་བ་ཞིག་ད་དུང་མཇལ་མ་སོང་བས
    ང་ཚོ་སྒུག་ཡུན་རིང་ཏུ་རིང་གིན་འདུག

    Reply
  21. གཤེད་མ། says:
    ལོ་ 15 སྔོན།

    སྤུན་ཟླའི་ཚེ་སྲོག་མདེའུ་ཁར་ཆུང་།།
    ཚབ་ཆེའི་གོད་ཆག་དེ་ལས་ལྕི།།
    གཞན་དབང་ལུགས་མེད་གཉའ་ནོན་ལྕི།།
    ཡིན་ཡང་རེ་དམིགས་མགོན་ཁྱོད་ཉིད།།

    དཔལ༸རྒྱལ་བ་ཀརྨ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་
    བཞེད་དགོངས་མཐའ་དག་གེགས་མེད་མྱུར་འགྲུབ་ཡོང་བའི་རེ་སྨོན་ཞུ།

    Reply
  22. རྒྱལ་ཐང་ཡོན་ཏན says:
    ལོ་ 15 སྔོན།

    དགོངས་ལོ་ཤིན་ཏུ་ཕྲ་ཡང་བོད་མི་རིགས་ལ་དུང་བའི་བྱམས་སེམས་ཅན་གྱི་དམ་པ་འདི་དག་ནི་ངེད་སྒང་པ་བོད་ཀྱི་དི་ཕྱི་གཉིས་ཀྱི་སྐྱབས་གནས་དངོས་ཡིན། གང་ཉིད་ཀྱི་སྐུ་ཚེ་བརྟན་ཅིང་གསང་གསུམ་གྱི་མཛད་འཕྲིན་མཁའ་ཁྱབ་འགྲོ་བ་ཡོངས་ཀྱི་གསོལ་དུ་འགྱུར་ཅིག

    Reply
  23. རུ་གསར་ཚང་། says:
    ལོ་ 15 སྔོན།

    དམིགས་མེད་བརྩེ་ཆེན་ཀློང་ནས་རྗེས་ཆགས་འོད།།
    བསིལ་ལྡན་ལྗོངས་སུ་འཆེད་པའི་དབྱར་སྐྱེའི་རྔས།།
    འབྱུང་དགྲའི་གནོད་པས་གཙེས་པའི་ཉམ་ཐག་འབངས།།
    དབྱུག་དབྱུང་གདུང་བ་མཐའ་དག་རྨེག་མེད་བྱས།།

    དཔལ་རྒྱལ་བ་ཀརྨ་པ་མཆོག་སྐུ་ཚེ་ཡུན་དུ་བརྟན་ཅིང་མཛའ་འཕྲིན་མཁའ་ལྟར་རྒྱས་པའི་སྨོན་འདུན་ཞུ།

    Reply
  24. བདེ་ཆེན་ལྷུན་གྲུབ། says:
    ལོ་ 15 སྔོན།

    རྒྱལ་བ་ཀརྨ་པ་མཆོག་གིས་ད་རིང་འདི་འདྲའི་སྙན་རྩོམ་གྱི་གོ་སྐབས་གནང་བར་བདག་གི་སེམས་ཁོངས་སུ་སྨྲ་མི་ཤེས་པའི་སྤྲོ་བ་བསྟས། འོན་ཀྱང་ཉི་ཟླ་མགྲོན་བདག་ཟེར་བ་ཞིག་གིས་ཕྲག་དོག་གིས་མི་རིགས་ནང་ཁུལ་དུ་ཕར་དཀྲུག་མདའ་དཀྲུག་ཤིག་བྱེད་ཐུབ་ན་བསམ་པ་ལས། མི་རིགས་ལ་ཕུག་བསམ་མེད་པ་ཁོ་རང་གི་ཡི་གེ་ལ་བལྟས་ན་མངོན་གསལ་རེད། བོད་དོན་སྐོར་ད་ལོ་དང་། སང་ལོ། འདས་མ་འོངས་ད་ལྟ་དུས་གསུམ་གང་དུ་གསུང་ཀྱང་བོད་དོན་རེད་ར ང་རེད། སྔ་ཕྱི་ལ་ཁྱད་པར་གང་ཡང་མེད་པར་སྙམ། དེ་འདྲའི་ཁྱོད་རང་ལ་འཇོན་ཐང་ལྷག་བསམ་ཡོད་ན་བོད་རང་བཙན་ད་ལྟ་དང་། མ་འོངས་པ་ག་དུས་ལེན་ཐུབ་ནའང་ང་རང་གིས་དགའ་བསུ་ཞུ་ཆོག སྔ་ཕྱི་གང་ཡང་མི་འདུག

    Reply
  25. གཡང་ལགས། says:
    ལོ་ 15 སྔོན།

    མགོ་ནག་བོད་པར་སྐྱེས་པས་ཆུང་་བསམ་པ་ཟིན་ཙམ་ནས་ནང་ཆོས་ལ་དད་པ་སྐྱེས་སོང་། བླ་ཆེན་སྤྲུལ་སྐུ་དག་ལ་ནི་དག་སྣང་དང་དད་པ། སྐྱབས་དང་མཁྱེན་པ་བྱེད་ཀྱི་ཡོད། ཁོད་མི་སྙོམས་པའི་བཙན་བྱོལ་ལམ་བུའི་ཐོག་ཏུ་སླེབས་ཀྱང་དགའ་ས་དང་མོས་ས་ལ་འགྱུར་བ་འགྲོ་ཡི་མི་འདུག་ལ། ད་དུང་ཕ་ཡུལ་དང་འགྱངས་བཞིན་འགྱངས་བཞིན་སྦྲ་ནག་དང་རྩམ་པ་ལ་དུང་བ་ཆེ་རུ་འགྲོ་བ་དང་། མགོ་ཐོག་གི་བླ་མ་དང་རང་རིགས་ཀྱི་རིག་གནས་སོགས་ལ་ཡང་དེ་ལྟར་རེད། རྒྱུ་མཚན་དེ་དག་གིས་ཁོམ་པ་རེ་བྱུང་ཚེ་དྲ་ཐོག་ན་ཡོང་བ་དང་། བོད་དང་འབྲེལ་བའི་གནས་ཚུལ་ཁག་ལ་མིག་ཉུལ་རྒྱག་པ། ད་དུང་བླ་ཆེན་མི་ཆེན་དག་ཀྱང་གང་ཞིག་གནང་གི་ཡོད་འགྲོ་བསམ་བཞིན་འཚོལ་གྱི་ཡོད། བར་སྐབས་ཤིག་ལ་རྒྱལ་བ་ཀརྨ་པ་རྒྱ་མི་ཐེ་ཝན་བ་ཞིག་གི་ས་ནས་རི་མོ་སྦྱོང་གི་ཡོད་པའི་སྐོར་བལྟ་རྒྱུ་འདུག སྐབས་དེ་དུས་ང་ལ་སེམས་ཁྲལ་ཁ་ཤས་བྱུང་། རྒྱ་མི་དེ་ཚོའི་ནང་གསང་ཉུལ་མེད་འགྲོ། རི་མོ་སྦྱངས་ནས་ཕན་གང་ཡོད། དེ་ནི་དུས་བཟང་འཕྲོ་བརླག་དང་རིག་པ་འཆལ་རོགས་རེད། དེ་ལས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དག་ལས་དབང་ལུང་མན་ངག་ཞུ་དགོས་པ་དང་། ནང་ཆོས་ལ་བརྡར་ཤ་དཔྱོད་དགོས་པ། ལྷག་པར་མ་འོངས་དགོས་མཁོ་ཆེ་བར་བསམས་ནས་འཆད་རྩོད་རྩོམ་གསུམ་ལས་འཆད་ཀྱི་སྒྱུ་རྩལ་ཐད་ལ་སྦྱངས་པ་མང་ཙམ་གནང་ན་ཕན་ཐོགས་ཆེན་པོ་ག་འདྲ་མེད་འགྲོ་བསམ་པ་ཞིག་བྱུང་། གོང་ས་མཆོག་གི་བཀའ་མོལ་གསུང་སྟངས་དང་། སྐད་ཆའི་སྒྱུ་རྩལ་དེ་དག་ཧང་སངས་དགོས་པ་ཞིག་འདུག སྐད་ཆ་མགོ་ཡོད་པ། མཇུག་ཡོད་པ། འབྲེལ་ཆགས་པ། འགལ་བ་མེད་པ། གནད་ལ་འཁེལ་བ། ཚོད་ཟིན་པ། སྣེ་འཇོག་པ། ཉན་སྤྲོ་བ། སེམས་ལ་འབབ་པ། དུམ་དུམ་མིན་པ། ད་དུང་སྐུ་ལུས་ཀྱི་རྣམ་འགྱུར་སྟོན་སྟངས། འགྲོ་བའི་མིག་ལ་མཛེས་པ། ང་རྒྱལ་མེད་པ། མཐོན་པོར་གནས་ཀྱང་དམའ་ས་འཛིན་ཤེས་པ། གཡས་གཡོན་གྱི་འཁོར་ལ་ཡང་ཞེ་ས་གུས་ཞབས་བྱེད་ཤེས་པ་སོགས་བོད་པའི་བླ་མ་ཞིག་གིས་བོད་པ་ཙམ་མ་ཡིན་པར་ཕྱི་རོལ་གྱི་འགྲོ་བ་མང་པོ་ཞིག་གདུལ་བྱར་བཟུང་ནས་བོད་ཀྱི་བསྟན་པ་ཆབ་སྲིད་ལ་སྲི་ཞུ་འབུལ་དགོས་དགོངས་ན་གོང་གསལ་གྱི་གནད་དོན་དེ་དག་གལ་ཆེན་པོ་རེད་འདུག་སྙམ། གཞན་ཡང་དེ་རིང་རྒྱལ་བ་ཀརྨ་པའི་སྙན་ངག་མཇལ་བས་རང་སེམས་སུ་ཤོང་དཀའ་བའི་ཚད་དུ་སླེབས་སོང་། གོང་དུ་མཆན་ཞིག་གི་ནང་བཀོད་པ་བཞིན་དངོས་གནས་བོད་ཀྱི་སྐུ་ན་གཞོན་པའི་བླ་ཆེན་དག་གི་ནང་དུ་སྙན་ངག་འདི་ཙམ་འཇོན་མཁན་ཨེ་ཡོད་ན་བསམ་པ་ཞིག་འདུག སེམས་དགའ་སོང་། སྐྱིད་སོང་། ལག་ཐལ་མོ་སྦྱར་ཡོད། མུ་མཐུད་སློབ་གཉེར་ལ་འཐུས་ཤོར་མི་འགྲོ་བ་ཞིག་གནང་རོགས་ཞུ་རྒྱུ་ནི་བོད་འབངས་ཐ་མལ་བ་ཞིག་གི་རེ་བ་ཡིན་ནོ།

    Reply
  26. མགོ་རུལ། says:
    ལོ་ 15 སྔོན།

    ཀརྨ་པའི་རྩོམ་རྩལ་ཡར་རྒྱས་ཕྱིན་འདུག མུ་མཐུད་དེ་འབད་པ་གནང་རོགས། སྒྲ་རྒྱན་འབྲི་སྟངས་འདི་རིགས་འབྲི་ཤེས་ན་སྙན་པོ་ཞེ་དྲགས་ཡོད། ད་དུང་དགེ་ཆོས་ནང་བཞིན་ལྷོད་ཤ་ཐོན་པའི་སྙན་ངག་འབྲི་བ་ལ་རང་དབང་འབྱོར་བའི་སྨོན་ལམ་འདེབས། དགེ་ལུགས་ཕྱོགས་སུ་ཡོངས་འཛིན་ཁྲི་བྱང་བླ་སློབ་དང་། རྙིང་ཕྱོགས་ནས་བྱ་བྲལ་རིན་པོ་ཆེ་དང་འཁྲུལ་ཞིག་རིན་པོ་ཆེ། བཀའ་བརྒྱུད་ཕྱོགས་ནས་ཆོས་རྒྱམ་དྲུང་པ། ས་སྐྱའི་ཕྱོགས་ནས་སྡེ་གཞུང་ལུང་རིགས་སྤྲུལ་སྐུ་ཡང་མཁན་པོ་ཨ་པད་སོགས་རྒན་རབས་པའི་ཁྲོད་དུ་སྙན་ངག་མཁན་གང་འཚམ་ཞིག་བྱུང་བ་རེད། ད་ལྟའི་སྤྲུལ་སྐུ་གསར་བའི་རིགས་ཀྱི་ཁྲོད་དུ་སྙན་ངག་ཕར་ཟད་བརྡ་སྤྲོད་པར་རང་རྐྱ་ཐུབ་པ་ཞིག་ཀྱང་བྱུང་ཡོད་མེད་ཐེ་ཚོམ་གྱི་གནས་སུ་ཆེ། ཆོས་བརྒྱུད་གཞན་པའི་སྤྲུལ་སྐུ་ཆེན་པོར་གྲགས་པ་དག་གིས་ཀྱང་ཀརྨ་པར་སློབ་སྦྱོང་བྱེད་དགོས་པར་མཐོང་གི་འདུག

    Reply
  27. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    སྤྲུལ་སྐུའི་མིང་ཅན་མང་པོ་ལ་ཆོས་དང་རིག་གནས་ཀྱི་ཡོན་ཏན་མེད་པར་མ་ཟད་བོད་བསྟན་སྲིད་ཀྱི་གནས་སྟངས་ལ་སེམས་ཚོར་ཅི་ཡང་མེད་པའི་མུན་སྟོང་དུ་གྱུར་བའི་སྐབས་འདིར། བོད་པའི་རིག་གནས་ཀྱི་བྲོ་བ་ཡོད་པའི་རྒྱལ་དབང་ཀརྨ་པ་མཆོག་གི་རྩོམ་ཡིག་འདི་མཐོང་བས་རང་སེམས་ལ་སྤོབས་པ་རྒྱས་སོང་།
    རྒྱལ་དབང་ཀརྨ་པ་མཆོག་ཉིད་བསྟན་འགྲོའི་མགོན་དུ་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཆོས་བཞིན་འགྲུབ་པ་དང་། རླབས་ཆེན་གཞན་ཕན་ཀྱི་མཛད་ཕྲིན་འཛམ་གླིང་ཀུན་ནས་ཀུན་ཏུ་འཕེལ་ཞིང་རྒྱས་གྱུར་ཅིག
    གོ་སྐབས་འདི་བརྒྱུད་དེ་ཆོས་རྗེ་རྒྱལ་དབང་ཀརྨ་པ་རིན་པོ་ཆེས་གཙོས་པའི་བསྟན་འཛིན་སྐྱེས་ཆེན་རྣམས་ལ། ངས་ལྷག་བསམ་རྣམ་དག་གི་རེ་བསྐུལ་ཁ་ཤས་ཞུས་ན།
    ༡༽ ཚད་བཀག་མེད་པར་མུ་འཐུད་དེ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་རིས་མེད་བླ་མ་ཚད་ལྡན་རྣམས་ཀྱི་མདུན་ནས་དབང་ལུང་ཁྲིད་གསུམ་ཟབ་མོ་ཐོབ་ཐབས་གནང་དགོས།
    ༢༽ སྐུ་གོང་མ་ནང་བཞིན་མདོ་རྒྱུད་མན་ངག་རྣམས་ལ་ཐོས་བསམ་སྒོམ་པར་བྱེད་དགོས་ཞིང་། ཁྱད་པར་བྱང་སེམས་ལ་བློ་སྦྱོང་དང་། ཡང་སྒོས་ཡི་དམ་ཀྱི་ཉམས་ལེན་དང་ཕྱག་རྫོགས་ཀྱི་མན་ངག་ལ་གཞུང་ནས་གསུང་བའི་ཉམས་རྟོགས་ཀྱི་རྟགས་རྣམས་མ་ཐོན་བར་བསྙེན་སྒྲུབ་ལ་བཞུགས་ཐབས་གནང་དགོས།
    ༣༽ མནའ་བོའི་བོད་ཀྱི་བཅུ་ཕྲག་རིག་གནས་ལ་སློབ་སྦྱོང་ལེགས་པར་བྱེད་དགོས་པ་གཞིར་བཞག དེང་རབས་ཀྱི་རང་བྱུང་ཚན་རིག སྤྱི་ཚོགས་ཚན་རིག སྐྱེ་དངོས་ཚན་རིག སེམས་ཁམས་ཚན་རིག ཚད་བསྡུར་ཚན་རིག་སོགས་ལ་སློབ་སྦྱོང་གང་འཚམས་ཞིག་བྱེད་དགོས་ཏེ། དེང་སང་མི་མང་པོས་ཚན་རིག་ལ་རྨོངས་དད་བྱེད་བཞིན་ཡོད་པར་མ་ཟད་དགེ་བཤེས་དང་སྤྲུལ་སྐུའི་མིང་ཁྱེར་མཁན་གྱི་ཆེ་རློམ་པ་འགའ་རེས་ཀྱང་། གཞན་ཟེར་གཡོམ་བརྒྱུགས་ཀྱིས་སངས་རྒྱས་ཀྱི་ཆོས་ལས་ཚན་རིག་བདེན་པ་ཆེ་སྙམ་པའི་ལོག་རྟོག་གི་སྨྲེང་ངག་འདོན་གྱིན་འདུག་པས་གཟབ་དགོས།
    ༤༽ དེང་སང་བོད་ཀྱི་མཁན་སྤྲུལ་ཆོས་ཤེས་མཁན་ཅུང་ཟད་ཡོད་པ་ཐམས་ཅད་ཕྱི་རྒྱལ་ལ་ཕེབསཅིང་བཞུགས་ནས། མ་བསྐུལ་དང་ལེན་ཀྱིས་ཕྱི་རྒྱལ་མི་སྐྱ་ཕོ་མོ་ཐམས་ཅད་ལ། དགའ་ཚོར་ཆེན་པོས་བཀའ་ཆོས་གང་ཟབ་གསུང་བ་དང་འབྲེལ། ཆོས་ཞུ་བ་ཚོ་ལ་ཁ་དགའ་ངོ་ཡག་གིས་གུས་བཀུར་ཆེན་པོར་བྱེད་བཞིན་ཡོད་ན་ཡང་། བྱམས་བརྩེ་ཅན་གྱི་མཁན་སྤྲུལ་འདི་ཚོས། བོད་དང་རྒྱ་བལ་འབྲུག་གསུམ་ལ་ཡོད་པའི་བོད་རིགས་མི་སྐྱ་ཕོ་མོ་ཚོ་ལ། ཕྱག་དབང་ཙམ་གནང་བའམ་མྐབས་རེ་ཚེ་དབང་ཙམ་བསྐུར་བ་ལས་དགའ་ཚོར་ཆེན་པོས་བཀའ་ཆོས་གང་ཟབ་གནང་མཁན་ཕལ་ཆེར་མེད་པར་བརྟེན། དེང་སང་བོད་རིགས་མི་སྐྱ་ཕོ་མོ་མང་ཆེ་བས་སངས་རྒྱས་ཆོས་ལ་རྨོངས་དད་ཡོད་ལ་མེད་ལ་ཁད་ཙམ་ལས། མཆོག་གསུམ་ལ་རྒྱུ་མཚན་ཤེས་པའི་དད་པ་ཡང་དག་ཡོད་མཁན་ཤིན་ཏུ་དཀོན་པས། བོད་ཀྱི་མི་རབས་རྗེས་མ་རྣམས་ཆོས་མེད་ཀླ་ཀློའི་མི་རིགས་ཞིག་ཏུ་འགྱུར་ཉེན་ཆེན་པོར་འདུག།
    སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་དང་བསྟན་འཛིན་སྐྱེས་མཆོག་རྣམས་ཀྱི་བཀའ་དྲིན་ལས་དེང་སྐབས་འཛམ་གླིང་ཡུལ་ཁམས་ཀུན་ཏུ་བོད་ཀྱི་ནང་ཆོས་ལ་སློབ་སྦྱོང་བྱེད་མཁན་དང་ཉམས་ལེན་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་བོད་ཕྱི་ནང་གི་བོད་མི་མང་པོ་ཞིག་ཆོས་མེད་སྨྲ་བར་འགྱུར་མཁན་ཇེ་མང་ལ་འགྲོ་བཞིན་འདུག བོད་མི་བརྒྱ་ཆ་བརྒྱད་ཅུ་ལྷག་གིས་ཆོས་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མ་རགས་པས། བོད་མི་ནང་ཆོས་ཀྱི་རིན་ཐང་དངོས་གནས་་ཤེས་མཁན་ཕལ་ཆེར་མེད་ལ་བོད་ཀྱི་གྲྭ་བ་ཆོས་བཤད་ཕོད་མཁན་ཕལ་ཆེར་མེད་ལྟ་བུ་རེད། དཔེར་ན། བལ་ཡུལ་དུ་བོད་ཀྱི་ཁྱིམ་ཚང་གཅིག་ལ་སྤྲུལ་སྐུ་གསུམ་ལྷག་འཁྲུངས་ོ་དང། སྤྲུལ་སྐུ་དེ་ཚོས་རྒྱལ་ཁབ་དུ་མར་ཆོས་ཚོགས་བཙུགས་པས། མི་མང་པོ་ཞིག་ནང་ཆོས་ལ་དོ་སྣང་བྱེད་ཐུབ་པ་བྱུང་ཡོད་ཀྱང་། སྐྱོ་དགོས་པ་ཞིག་ལ་ཁོ་ཚོའི་ཕ་མ་རྒན་ཁོག་གཉིས་མ་ཡིན་པའི། ནང་མི་སྤུན་མཆེད་ཚང་མ་ཆོས་ལ་དད་པ་མེད་པར་མ་ཟད་བོད་ཞེན་ཙམ་ཡང་མི་འདུག གནས་སྟངས་ཐབས་སྡུག་འདི་འདྲ་འབྱུང་བའི་རྒྱུ་མཚན་ནི། བོད་ཀྱི་བླ་མ་ཚོས་ཕྱི་རྒྱལ་ཀྱི་མི་ལ་ཆོས་བཤད་པ་ལས། རང་རིགས་བོད་མི་ལ་ཆོས་མི་བཤད་པའི་གོམས་སྲོལ་ངན་པ་དང་། བོད་མི་ཕ་མ་ཚོས་བོད་ཀྱི་རིག་གཞུང་ལས་ཕྱི་རྒྱལ་རིག་གཞུང་ཡ་མཚན་ཆེ་སྙམ་པའི་རྨོངས་དད་ཤུགས་ཆེ་ཡོད་པའི་རྐྱེན་ཀྱིས་རེད།
    དེར་བརྟེན་གལ་ཏེ་བོད་ཀྱི་མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ལ་བྱམས་སྙིང་རྗེ་རེ་ཡོད་ན། ངེས་པར་དུ་ཐུགས་བརྩེ་བས་ཆོས་ཀྱི་ཤེས་ཡོན་མེད་པའི་བོད་མི་སྐྱ་ཕོ་མོ་ཐམས་ཅད་ལ། ཟབ་མོའི་བཀའ་ཆོས་གང་མང་གནང་ནས་ཆོས་དང་མི་ཚེ་ཕན་ཚུན་གྲོགས་སུ་འགྱུར་བ་ཞིག་བྱས་ཏེ། ཆོས་ཀྱི་རིན་ཐང་ཤེས་ཞིང་མི་ཚེའི དོན་སྙིང་རྙེད་པའི་ཆོས་ལྡན་མི་རིགས་ཞིག་འཛམ་གླིང་ཞི་བདེའི་རྒྱན་དུ་ཡུན་རིང་དུ་གནས་ཐུབ་པར་བྱེད་དགོས།
    བོད་ཀྱི་སྐྱབས་མགོན་མཁན་སྤྲུལ་རྣམས་ཀྱིས་བོད་མི་སྐྱབས་མེད་རྣམས་ལ་ཉུང་མཐའ་ཡང་གཟའ་འཁོར་རེའི་གཟའ་ཉི་མའི་ཆུ་ཚོད་བཅུ་བ་ནས་བཅུ་གཉིས་བར་བཀའ་ཆོས་ཐེངས་རེ་གནང་རོགས་ཞུ་རྒྱུ་དང་། གལ་ཏེ་བཀའ་ཆོས་གནང་མཁན་མ་རྙེད་པའམ་སྐབས་རེ་ངེས་པར་དུ་སྐྱབས་མགོན་རྒྱལ་བ་རིན་པོ་ཆེའི་འོད་སྡེར་ལ་བལྟ་ཉན་བྱེད་དགོས།
    ༥༽ ཁྱད་པར་དགོན་བདག་བླ་མ་ཚོ་ནི། དུས་ཚོད་མང་ཆེ་བ་ཕྱི་རྒྱལ་ཀྱི་སྦྱིན་བདག་ཚོའི་ཆེད་དུ་ངོམ་ཆོས་ཀྱི་མཛད་རིམ་སྣ་ཚོགས་ལ་བྲེལ་ནས་སྒོར་མོ་བཙལ་དགོས་པས། རང་གི་གྲྭ་བ་ཚོ་ལ་ཆོས་བཤད་རིན་མེད་པའམ་བཤད་ཁོམ་མེད་ལ། གྲྭ་བ་ཚོས་ཀྱང་དཔོན་ཉམས་དོད་པའི་དགོན་བདག་བླ་མ་རྣམས་ནི་སྦྱིན་བདག་སྐུ་ངོ་ཀྱི་འདུ་ཤེས་ཙམ་ལས་བླ་སློབ་ཀྱི་འབྲེལ་བ་ངོ་མ་ཞིག་བྱེད་མྱོང་མེད་པའི་སྐྱོན་ཀྱིས། དགོན་པའི་ནང་གི་གྲྭ་བ་མང་ཆེ་བས་ཞོགས་ཚོགས་དགུང་ཚོགས་ལྟ་བུའི་རྒྱུན་འདོན་གྱི་ལྟ་སྒོམ་སྤྱོད་པའི་གོ་དོན་དང་དགོས་པ་རྒྱུ་མཚན་གང་ཡིན་མི་ཤེས་པ་དང་། ཐ་ན་ས་ོསོའི་ཁ་འདོན་ཀྱི་ཚིག་དོན་ཙམ་ཡང་ཚུལ་བཞིན་ཤེས་མཁན་དཀོན་པོ་གྱུར་ཡོད།
    ཆོས་མི་ཤེས་པའི་བླ་གྲྭ་མང་པོ་ཞིག་དགོན་པའི་ནང་དུ་ཡུན་རིང་བྲེལ་ཟིང་གིས་མི་ཚེ་བསྐྱལ་ནས་བསྡད་ཀྱང་། ཉོན་མོངས་མར་འགྲིབ་དང་དངོས་གྲུབ་ཡར་འཕེལ་ནི་ཕལ་ཆེར་མེད་པས། ཆོས་ཀྱི་སློབ་སྦྱོང་མ་ཐོབ་པའི་ཉམ་ཆུང་གྲྭ་བ་མང་པོ་རིམ་པས་སྐྱ་སར་བབ་ནས། བོད་ཀྱི་ནང་ཆོས་ནི་ཕྱི་རྫིག་ནང་སྡུག་གི་ཆོ་ག་ཕྱག་ལེན་དང་། རྟགས་གསལ་སྐམ་པོ་ཙམ་རེད་འདུག་སྙམ་པའི་ལོག་ལྟ་སྐྱེས་ནས། བོད་ཀྱི་ནང་ཆོས་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་དང་བྱུང་བཞིན་ཡོད་ན། ཤེས་ལྡན་དགོན་བདག་བླ་སྤྲུལ་ཡོངས་ནས་ཆོས་ཀྱི་སློབ་སྦྱོང་ནམ་ཡང་མི་ཐོབ་པའི་ཉམ་ཆུང་དགོན་པའི་གྲྭ་བ་རྣམས་ལ་བྱམས་དང་སྙིང་རྗེ་ཆེན་པོས་་དམིགས་བསལ་ཀྱིས་བཀའ་ཆོས་གང་མང་གནང་ཐུབ་པ་བྱེད་དགོས་སོ།

    Reply
  28. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་འདི་ལྟར་ལྗགས་རྩོམ་བསྩལ་བ་ཐུགས་རྗེ་ཆེ། འདི་ལྟར་དོ་ར་འདིར་ཡང་ཡང་ཕེབས་པར་མཛོད། ཁྱེད་འདི་ལྟར་ཕེབས་པས། ངེད་ཅག་དགའ་སྤྲོ་སྐྱེས་ཡོད།

    Reply
  29. བཙད་པོ། says:
    ལོ་ 15 སྔོན།

    ༧རྒྱལ་དབང་ཀརྨ་པ་མཆོག་གི་ཐུགས་ཀྱི་བུམ་བཟང་ལས་འཁྲུངས་པའི་ལྗགས་རྩོམ་མཇལ་བ་ཤིན་ཏུ་སྤྲོ་བ་བརྟས། ཕྲན་རང་ཉིད་སྙན་རྩོམ་མི་ཤེས་ཀྱང་། བརྗོད་བྱ་རྗོད་བྱེད་ཀྱིས་ཡིད་སེམས་དབང་མེད་དུ་འགུག་ནུས་པ་འདུག སྐུ་ཉིད་བོད་རིགས་སྤྱི་དང་ལྷག་པར་དེང་རབས་གཞོན་སྐྱེས་མང་པོ་ཞིག་གི་རེ་བ་དང་ཡིད་ཆེས་ཤིན་ཏུ་ཆེན་པོ་འདུག
    རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་རང་མི་རིགས་ཀྱི་སྐད་ཡིག་རིགས་གཞུང་ལ་ཕྱག་རྗེས་རླབས་པོ་ཆེ་འཇོག་གནང་བའི་རེ་བ་ཤིན་ཏུ་ནས་ཆེ།

    Reply
  30. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    མཁྱེན་ནོ་མཁྱེན་ནོ་ཀརྨ་པ་མཁྱེན་ནོ། །

    ཡིད་སྐྱོ་བའི་གོད་ཆག་ཕ་ཡུལ་ལ་ཕོག་ཅིང་།
    མིག་མཆི་མ་ཟགས་པ་ཆུ་ཕྲན་དང་འདྲེས་སོང་།
    གནས་བར་དོ་འཕྲང་གི་ཉམ་ཆུང་གི་སྤྲུན་ཟླར།
    ཐུགས་བརྩེ་བའི་སྐྱེལ་མ་སྐུ་ཉིད་ཀྱིས་གནང་རོགས།

    ཉིན་བདུན་གྲངས་གཉིས་གསུམ་མཛུབ་རྩེ་ནས་འདས་ཀྱང་།
    ཡིད་གདུང་བའི་ན་ཟུག་ནམ་ཞིག་ལ་འཇགས་སམ།
    བཟོད་བཏུབ་ཏུ་མེད་པའི་མྱ་ངན་གྱི་ཁུར་འདི།
    མ་སེམས་ཅན་གཞན་ལ་མི་འབྱུང་བར་མཁྱེན་ནོ།

    ཀརྨ་པ་མཆོག་གི་ལྗགས་རྩོམ་མཐོང་རྗེས་ཡིད་ལ་དགའ་སྐྱོ་ཟུང་གི་ཚོར་བ་གནོན་མ་ཐུབ་པ་ཞིག་བྱུང་བས་ཤར་མར་བྲིས་པ་དགེ་གྱུར་ཅིག

    Reply
  31. མགོ་རུལ། says:
    ལོ་ 15 སྔོན།

    སྐབས་འདི་དང་འབྲེལ་བ་དེ་ཙམ་མེད་པ་ཞིག་སྟེ། བོད་པའི་གཞས་པ་གྲགས་ཅན་བཀྲས་ཆུང་ལགས་ནས་གཙོ་ཁྲིད་བྱས་པའི་བོད་པའི་ལོ་རྒྱུས་སྟེང་གི་བོད་རིགས་བྱིས་པའི་གླུ་གཞས་ཆེད་བསྒྲིགས་འོད་སྡེར་སེམས་གཞས་ཞེས་པ་དེ་མི་འགྱངས་པར་བྱང་ཨ་རིའི་བོད་རིགས་འདུས་སྡོད་ས་ཁུལ་གྱིས་གཙོས་པའི་སྤྱི་ཚོགས་སྟེང་འགྲེམ་སྤེལ་དང་སྐོར་སྐྱོད་བྱེད་རྒྱུ་རེད། གནས་ཚུལ་གསལ་བོ་གཤམ་གྱི་དྲ་རྒྱ་ལས་ཤེས་ཐུབ།
    http://www.semshae.org

    Reply
  32. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    གངས་རི་སྐྱབས་ལགས་ཁྱེད་ཀྱིས་གསུང་རྩོམ་འདི་དྲྭ་རྒྱ་འདིརhttp://yushul414.blogspot.com/བཀོད་ན་མི་འགྲིག་པ་མེད་སྙམ།

    Reply
  33. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    རྒྱལ་དབང་མཆོག་གིས་ཕུལ་དུ་བྱུང་བའི་ཕྱག་རྩོམ་གནང་བར་ཐུགས་རྗེ་ཆེ།
    སྐུ་ཉིད་ཀྱི་རྣམ་དཔྱོད་དང་ཐུགས་བསྐྱེད་མཆོག་ཏུ་རྒྱལ་བར་གྱུར་ཅིག

    Reply
  34. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    སྐྱབས་སུ་མཆི་སྙན་ངག་ཞེ་དྲག་སྙན་པོ་འབྲི་འདུག་ཐུགས་རྗེ་ཆེ།

    Reply
  35. karma dorje says:
    ལོ་ 15 སྔོན།

    སེམས་ སྐྱོ་བའི་ མིག་ ཆུ།

    སེམས་པ་སྨོན་ལམ་བརྒྱབ་ལོངས་དང་། །
    སྐྱོ་བའི་ཁ་འཆེམས་བཞག་ལོངས་མེད། །
    མིག་སྔར་གཤིན་རྗེ་མཐོང་བཞིན་དུ། །
    ཆུ་ཚོད་སྐར་ཆར་འདས་ཚད་གྲོལ། །

    སེམས་པ་སྐྱེ་རྒུའི་མདོ་རུ་ཕྱོགས། །
    སྐྱོ་བའི་རྨས་དང་ཤུལ་གསོན་ཚོར། །
    མིག་ཆུ་ཕྱིས་དང་སེམས་གསོ་ཕྱིར། །
    ཆུ་དྭངས་བྱིན་ངག་ཆབ་རྒྱུན་བྲན། །

    དཔལ་རྒྱལ་བ་ཀརྨ་པ་མཁྱེན་ནོ། །

    Reply
  36. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    ཀརྨ་པ་མཆོག་གི་བོད་དོན་ལ་ཚིག་ཁ་ཤས་གསུང་བ་ད་ལོ་རེད།བོད་ཀྱི་བདེ་མཐའ་སེལ་ཕྱིར་དུ་ཐབས་ཤེས་གང་འདྲ་བཅིངས་ཡོད་ལ།

    Reply
  37. ལུང་རྟོགས། says:
    ལོ་ 15 སྔོན།

    རྩོམ་ཡིག་འདི་འདྲ་པོ་ནི་རྩོམ་པ་པོ་ང་ཡིན་ཟེར་མཁན་ཚོས་ཀྱང་བྲིས་པ་མཐོང་དཀོན་པོ་རེད། ཀརྨ་པ་མཆོག་ལ་སེམས་གཏིང་ནས་གུས་མདུད་ཞུ།

    Reply
  38. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    ཀུན་ལ་སྙོམས་མཛད་བྱམས་དང་བརྩེ་བའི་ཕྱུག།
    ཀུན་ཀྱང་མངའ་མཛད་རིག་པའི་དབང་པོ་མཆོག།
    ཀུན་ལས་རྣམ་པར་རྒྱལ་བའི་ཏུགས་སྨོན་གྱིས།།
    ཀུན་ཀྱང་བཟང་པོའི་ལམ་དུ་འགོད་པར་ཤོག།

    དགུང་གྲངས་རྒན་པོའི་འཁར་བར་མ་བརྟེན་ཀྱང་།།
    ཏུགས་བསྐྱེད་བླ་མེད་ས་ཆེན་ཁྱོན་ལས་བརྒལ།།
    དུས་སྙིགས་འདི་རུ་མགོ་ནག་བོད་པ་ལ།།
    སྐྱེས་ཆེན་ཁྱོད་འདྲ་བྱོན་པ་ཨེ་མ་རྨད།།

    Reply
  39. དབྱར་ཁབ་ཀུན་བཟང། says:
    ལོ་ 15 སྔོན།

    སྙན་རྩོམ་འདི་ནི། ངོ་མ་སྐོམ་པ་ལ་ཆུ་ལྟར་ཡིད་གདུང་གི་མཚོ་མོ་འཁྱོམས་པ་ཞིག་རེད། ཁོང་གི་གཏིང་ཟབ་པའི་ཐུགས་ཚོར་དང་གཞི་གཅིག་ཏུ་འདྲེས་ཤིང་། བརྗོད་བྱེད་ཀྱི་ཉམས་འགྱུར་རེ་རེ་ནས་ཆུ་ལ་ཆུ་བཞག་པ་ལྟ་བུའི་ཕུལ་དུ་བྱུང་བའི་ཚིག་སྦྱོར་གྱིས་གུས་པའི་ཡིད་ཀྱི་གཏན་པ་དབང་མེད་འཕྲོག ཐུགས་རྗེ་ཆེ། ཀརྨ་པ་མཁྱེན་ནོ།

    Reply
  40. གངས་རི་སྐྱབས། says:
    ལོ་ 15 སྔོན།

    དཔལ་རྒྱལ་བ་ཀརྨ་པ་མཆོག་གི་གསུང་རྩོམ་འདི་གཤམ་གྱི་དྲ་བར་བརྒྱུད་འགོད་བྱ་འདུན་ཆེ་བས་བཀའ་འཁྲོལ་ལྷུག་པར་བསྩོལ་གནང་ཡོང་བར་མཁྱེན་མཁྱེན་ཞུ་ལགས། http://yushul414.blogspot.com/

    Reply
  41. གངས་རི་སྐྱབས། says:
    ལོ་ 15 སྔོན།

    དཔལ་རྒྱལ་བ་ཀརྨ་པ་མཆོག་གི་གསུང་རྩོམ་འདི་གཤམ་གྱི་དྲ་བར་བརྒྱུད་བྱ་འདུན་ཆེ་བས་བཀའ་འཁྲོལ་ལྷུག་པར་བསྩོལ་གནང་ཡོང་བར་མཁྱེན་མཁྱེན་ཞུ་ལགས། http://yushul414.blogspot.com/

    Reply
  42. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    ཀརྨ་རིན་པོ་ཆེ་མཆོག་གི་ལྗགས་རྩོམ་ཡག་པོ་བྲིས་འདུག
    མཁྱེན་ཡོན་ལ་འགྲན་ཟླ་བྲལ་བ་དང་། བོད་མི་རིགས་ཀྱི་རེ་བ་རྒྱག་ས་ཡིན་པ་བཞིན་མ་འོངས་པར་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་ཡར་ངོའི་ཟླ་བཞིན་འཕེལ་ནས། བོད་གངས་ཅན་ལྗོངས་སུ་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་སྐྲུན་ཐུབ་པའི་སྐྱེས་ཆེན་དམ་པ་ཞིག་ཏུ་འགྱུར་བའི་ཡིད་ཆེས་ཡོད།

    Reply
  43. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྒྱལ་བ་ཀརྨ་པ་མཆོག་གི་རྩོམ་ཡིག་གི་ཐོག་ནས་བོད་མི་རིགས་ལ་ཤ་ཞེ་ཡོད་པར་གསལ་བསྟན་བྱས་འདུག

    ཀརྨ་པ་མཆོག་འདི་དགྲ་བོ་ཁ་གཏད་ལངས་མཁན་གྱི་ཕོ་རྒོད་གངས་སེང་འདྲ་ཞིག་ཡོང་བ་ཤོག་ཞེས་སྨོན་ལམ་འདེབས་ཀྱི་ཡིན།

    Reply
  44. སྟོབས ། says:
    ལོ་ 15 སྔོན།

    ཀརྨ་པ་ཨོ་རྒྱན་འཕྲིན་ལས་མཆོག་གི་ཕྱག་རྩོམ་ཐོག་ཏུ་ཕེབས་པར་སྙིང་ཁུང་རུས་པའི་གཏིང་ནས་དགའ་གུས་ཞུའོ །

    ང་ཚོ་སྐྱོ་སྡུག་གིས་ན་བུན་འཐིབ་སྟེངས་རེ་ལ་བོད་མི་རྣམས་ཀྱིས་རེ་བ་ཁྲི་ཕྲག་གི་གླུང་ན་སྐྱེ་མཆོག་ཁྱེད་གཙོས་༧་གོང་ས་རྒྱལ་བ་པན་ཆེན་སོགས་ལ་འབོད་ཀྱིན་ཡོད ། འདི་ནི་འུ་ཅག་བོད་མིའི་ལུགས་སྲོལ་ཙམ་མིན་པར་ཞེ་དག་པས་རེ་བ་གཏད་ཡོད ། དད་པས་གཙེས་པའི་སྐྱབས་འཇུག་དང་ཡིད་ཆེས་ཁེངས་པའི་རེ་སྨོན་དེ་དག་སྤྱན་གྱི་གཟིགས་ཤིང་ཕྱག་གི་རེག་མྱོང་ན་ཆོལ་གསུམ་བོད་མི་གཅིག་གྱུར་བྱེད་རྒྱུ་དེ་ལ་ཕེབས་དགོས ། བོད་མིའི་གནའ་སྲོལ་གྱིས་གོ་ས་རྩོད་རེས་བྱེད་པའི་བསམ་བློའི་ལྟ་བ་དེ་རྒྱང་རིང་ནས་དོར་དགོས །

    Reply
  45. lobsang says:
    ལོ་ 15 སྔོན།

    དཔལ་རྒྱལ་བ་ཀརྨ་པ་མཁྱེན་ནོ་

    Reply
  46. གནམ་ལྕགས། says:
    ལོ་ 15 སྔོན།

    དཔལ་རྒྱལ་བ་ཀརྨ་བ་མཆོག་གི་སྙན་ངག་འདི་ཁོང་གི་སྙན་ངག་ཀློག་ཐེངས་གཉིས་པ་དེ་ཡིན། སྔོན་མ་ཞིག་ལ་《ང་ཕམ་མྱོང་ལ། ངུས་མ་མྱོང་།》ཞེས་པའི་སྙན་ངག་དེ་ཕ་ཡུལ་ཚགས་ཤོག་ཡིན་ནམ་གང་ཞིག་ནས་མཐོང་མྱོང་། ཁོང་གི་སྐུ་ཡོན་གྱི་དཔལ་རབ་ཏུ་འབར་བའི་སྨོན་ལམ་དང་བཅས།

    Reply
  47. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    ང་རང་སྒེར་གྱི་བསམ་ཚུལ་ལྟར་ན། ༧དཔལ་རྒྱལ་བ་ཀརྨ་མཆོག་ནི་དུས་དང་རྣམ་པ་ཀུན་ཏུ་མི་མང་དང་མཉམ་དུ་འགྲེང་ནས་ཡོད་པའི་ངེས་དོན་གྱི་བླ་ཆེན་ཞིག་རེད་སྙམ།

    Reply
  48. མུག་ཕྲུག། says:
    ལོ་ 15 སྔོན།

    རྒྱལ་དབང་མཆོག་གི་རྩོམ་ཡིག་མཇལ་བ་ཐོག་མ་ཡིན
    རྗེས་མ་མུ་མཐུད་དུ་མཇལ་ཐུབ་པའི་སྨོན་ལམ །

    Reply
  49. ནགས་མེ། says:
    ལོ་ 15 སྔོན།

    རྒྱལ་བ་ཀརྨ་པ་གང་ཉིད་ཀྱི་ཐུགས་གཤིས་དང་སྐུ་ཡོན། གཏོང་ཕོད་དང་ལྷག་བསམ་བཅས་ལ་དུས་རྟག་ཏུ་བླ་མེད་ཀྱི་བརྩི་བཀུར་ཡོད། ཁྱེད་ཀྱི་ཐུགས་བཞེད་མཐའ་དང་གེགས་མེད་མྱུར་དུ་འགྲུབ་པར་ཤོག ། བོད་རྒྱལ་ལོ།།

    Reply
  50. ཕུན་ཚོགས ། says:
    ལོ་ 15 སྔོན།

    ཀརྨ་པ་མཆོག་རྩོམ་ཡིག་མཇལ་བ་ཐོག་མ་ཡིན།ཐུགས་འདོད་བཞིན་འགྲུབ་པར་ཤོག་

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese