མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར། ཆབ་བྲག་ལྷ་མོ་སྐྱབས།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp

    གུས་པས་དེ་སྔ་གྲོས་ཚོགས་ཁག་ནང་ལ་དཔལ་ལྡན་བཀའ་ཤག་ལ་ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་འགའ་ཞིག་ཕུལ་མྱོང་ལ་དེ་དག་ལ་དེ་བཞིན་གྱི་ཞལ་བཞེས་རེ་ཡང་གནང་མྱོང་མོད། ད་བར་ཕྱག་ལེན་གནང་བ་ཅང་མ་མཐོང་བས་དེ་དོན་འཚོག་འཆར་གྲོས་ཚོགས་ནང་གསལ་བཤད་ཅིག་གནང་སྐྱོང་ཡོང་བ་དང་ཆབས་ཅིག དེ་རིང་འདི་ལྟར་དྲ་ངོས་སུ་ཐུགས་སྣང་གཞེན་སྐུལ་དོན་ཚན་གསུམ་ཞིག་འབུལ་དོན་ནི་ཚང་མས་ཐུགས་སྣང་ཆེ་རུ་འགྲོ་བའི་གཞེན་སྐུལ་ཞིག་ཏུ་འགྱུར་རེ་ཆེ་སྙམ་པའོ།

གཅིག

    གཞུང་སྒེར་ཚང་མས་གཞིས་ལུས་མི་དམངས་ཞེས་རྟག་པར་ཤོད་ཀྱིན་ཡོད། ང་ཚོའི་ལག་ན་ཡོད་པའི་གཞིས་ལུས་མི་དམངས་ཀྱི་ཐུགས་རེ་སྐོང་ཐབས་ཆེས་ལེགས་ཤོས་གཅིག་ནི། བོད་ནས་གསར་དུ་འབྱོར་དང་འབྱོར་བཞིན་པའི་ཕྲུ་གུ་རྣམས་ལ་བདག་སྐྱོང་མ་འགྱོད་པ་ཞིག་གནང་དགོས་རྒྱུ་དེ་ཡིན།
   
འདིའི་ཐད་ནས་དཔལ་ལྡན་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་ངེས་པར་ཡར་རྒྱས་གཏོང་རྒྱུ་འདང་མེད་པ་ཞིག་ནི་གསོག་སྒར་རམ་ཤེས་རབ་དགའ་ཚལ་སློབ་གླིང་ཡིན། འདིའི་ནང་ཆེད་ལས་ལག་ཤེས་ཚད་མཐོ་རིགས་ལས་གཞན། བོད་ཡིག་དང། དབྱིན་ཡིག རྒྱ་ཡིག ཧིན་ཡིག་བཅས་ཀྱི་སྐད་ཡིག་ཆེད་སྦྱོང་གི་མཐོ་རིམ་འཛིན་གྲྭ་བར་འགྲོ་ས་ཡོད་པ། སྐད་རིགས་གཉིས་སམ་གསུམ་གྱི་ལོ་ཙཱ་བའང་གསོ་སྐྱོང་ཐུབ་པ་བཅས་ཀྱི་དམིགས་ཡུལ་དང་ལྡན་པའི་འཆར་གཞི་འཐེན་འོས།

གཉིས།

    ཞོགས་དུང་ལ་སོགས་པའི་བོད་ནང་གི་རྩོམ་པ་པོ་མི་ཉུང་བ་ཞིག་གི་བརྩམས་ཆོས་ཕུལ་བྱུང་རྣམས་ཀྱང་མུ་མཐུད་དེ་བསྐྱར་དཔར་དང། སྐད་རིགས་གཞན་ལ་བསྒྱུར་ནས་འགྲེམས་སྤེལ་དང་ཚོང་སྒྱུར་གྱིས། དེ་དག་གི་ཡོང་འབབ་ཀྱང་ཕྱིར་རྩོམ་འབྲི་བ་ཚོར་ཐོབ་ཐབས་ཤིག་བྱས་ན། དེ་ཡང་སྤྱི་སྒེར་གཉིས་ཕན་གྱི་ལས་དོན་ཞིག་རེད། ལས་ཀ་འདིའང་དཔལ་ལྡན་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་འཁུར་འགན་བཞེས་འོས།

གསུམ།

    བོད་ནང་གི་སྤུན་ཟླ་མི་ཉུང་བ་ཞིག་གིས་བོད་ཀྱི་ཆེད་དུ་རྩོམ་འབྲི་སོགས་ཀྱི་ཕྱག་ལས་གནང་ནས་མཐར་ལ་ལ་བཙོན་ཁང་དུ་བཅུག་པ་དང། ལ་ལ་ལས་གནས་ནས་ཕུད་པ་བཅས་ཀྱིས་རང་ཉིད་དམ་ཁྱིམ་ཚང་གི་འཚོ་བར་ཡང་དཀའ་ངལ་བྱུང་དང་འབྱུང་བཞིན་པ་དང་འབྱུང་རྒྱུ་ཡིན་པ་བཅས་ལ་མུ་བསྲིངས་ཏེ་དོན་ཕན་ལྡན་པའི་འཚོ་སྣོན་གྱི་རོགས་རམ་ཞིག་ཐབས་ཤེས་བྱ་རྒྱུ་འདི་ཧ་ཅང་གལ་ཆེ་བས། དཔལ་ལྡན་རང་གཞུང་དཔལ་འབྱོར་ལས་ཁུངས་དང་ཚོགས་སྡེ་ཁག ཚོང་པ་སོགས་ནས་མཉམ་འབྲེལ་གྱིས་མ་དངུལ་འབོར་ཆེ་ཙམ་ཞིག་བསྡུ་རུབ་དང་ལྷན་དུ་འཆར་གཞི་དང་གོ་རིམ་ཡོད་པ། ཐབས་བཀོད་བཟང་བ་བཅས་ཀྱི་ལམ་ནས་ཁོ་ཚོར་དུས་ཐོག་ཆར་བ་ཞིག་འབེབས་པ་བཅས་ཀྱི་ཐུགས་སྣང་གཞེན་སྐུལ་དུ།

ཕ་མ་བཟང་པོའི་ཁྱིམ་གྱི་བྱིས་པ་སྐྱིད། ག་དགོས་འདི་དགོས་ཁ་ལན་སློག་ཀྱང་ཆོག
དེ་བཞིན་སྲིད་གཞུང་བཟང་པོའི་མི་དམངས་སྐྱིད། བདེ་སྡུག་རེ་བ་ཅི་ཡང་ཞུ་ས་ཡོད།

སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་ཕུལ། ༢༠༡༠།༥།༣།

མཆན། 40

  1. བྱམས་རྒྱལ། says:
    ལོ་ 13 སྔོན།

    ༼ཁྱེད་ལ་གནས་ཚུལ་མཁོ་ན་དུས་བབ་དྲ་ཐོག་ལ་ཕེབས་རོགས། ཁྱེད་ལ་བསམ་ཚུལ་ཡོད་ན་དུས་བབ་དྲ་ཐོག་ནས་གསུང་རོགས། བོད་ཀྱི་དུས་བབ་ནི་ཁྱེད་ཀྱི་དུས་བབ་ཡིན།༽ ཞེས་གསར་འགོད་པས་དྲ་རྒྱ་མདུན་ངོས་སུ་བཀོད་པ་ལྟར་ བོད་ཀྱི་དུས་བབ་ནི་ཕྱི་ནང་གི་བོད་མི་རིགས་ཡོངས་ཀྱི་ལོངས་སྤྱོད་དུ་ཁོ་བོས་ངོས་འཛིན་ཞུ་བཞིན་ཡོད་།
    བོད་ཀྱི་དུས་བབ་དང་ བོད་མི་རིགས་གཉིས་སུས་ཀྱང་ ཁ་བྲལ་གཏོང་ཐབས་ཡོད་མ་རེད་བསམ་གྱི་འདུག་། སྤེན་པ་ཆུང་བདག་ལ་ ལན་ཞིག་ འབྲི་དགོས་བསམ་ཀྱང་ ཡང་ཆོལ་ཁ་མིངདེ་ཚོ་འབྲི་དགོས་དུས་ འཚེར་སྣང་ཆེན་པོ་ཡོངགི་འདུག་།
    བྱས་ཙང་དེ་རིང་འདི་གར་བཞག་ཆོག་པ་ཞུ་རྒྱུ་ཡིན་།

    Reply
  2. མི་ཉག་སྐལ་བཟང་། says:
    ལོ་ 13 སྔོན།

    སྤེན་པ་ཆུང་བདག་ལགས། བོད་ཀྱི་དུས་བབ་ནི་རྒན་ལྷ་མོ་སྐྱབས་ལགས་ཀྱིས་ཉོ་སོང་བ་ཡང་མ་རེད། མི་ཉག་སྐལ་བཟང་གིས་བཙོང་པ་ཡང་མ་རེད། ལུང་རིགས་རྒྱལ་ཁོ་ནར་བདག་བ་ཡང་མ་རེད། ཁྱོད་རང་གི་དཀའ་ལས་རྒྱག་པའི་འབྲས་བུ་ཡང་མ་རེད། ཁྱོད་ལྟ་བུའི་མི་ར་འདྲ་པོ་ལུག་འདྲ་པོ། གླང་གོག་འདྲ་པོ་དང་བོང་བུ་འདྲ་པོ་ཚོར་དུས་དེ་རིང་ནས་བཟུང་སྨྲ་བརྗོད་ཀྱི་རང་དབང་དང་ཞེན་ཁོག་སྐམ་པོ་ལས་ཐར་བར་འདོད་པའི་ལམ་སྟོན་བྱ་ངེས་ཡིན།

    Reply
  3. ཏྲེའོ། སྐལ་བཟང་། says:
    ལོ་ 13 སྔོན།

    ང་ཏྲེ་ཧོར་ནང་ཚནང་ནས་ཏྲེའོ་ཞེས་པའི་ས་ཆ་ནས་ཡིན་རྒྱུ་མཚན་དེའི་ཕྱིར་ནའོ

    Reply
  4. ཏྲེའོ། སྐལ་བཟང་། says:
    ལོ་ 13 སྔོན།

    ཨ་རིག་ལགས་ལམ་སྟོན་གནང་བར་ཐུགས་རྗེ་ཆེ་འོན་གྱང་ང་ཏྲེ་ཧོར་ནང་ཚན་ནས་ཏྲེའོ་ཞེས་པའི་ས་ཆ་ཞིག་ནས་རྒྱུ་མཚན་གྱི་དབང་དུ་བྱས་ནས་ཏྲེའོ་བྲིས་པ་ཡིན།

    Reply
  5. ཨ་རིག་དགེ་མཐོང་། says:
    ལོ་ 13 སྔོན།

    ཏྲེའོ་ལབ་ནི་་མ་རེད། ཏྲེ་ཧོར་ཞེས་ཕྲིས་ལོ། སྐལ་བཟང་མིང་ཅན་ལ་སྨྲས་པ།

    Reply
  6. ཨ་རིག་དགེ་མཐོང་། says:
    ལོ་ 13 སྔོན།

    ལྷ་མོ་ཟེར་བའི་དྲ་འབུ་འདི་ལ་ཉོབ་སོང་། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཇད་་་་་་་་་་་་་་་་་་་་་་་་ངཧ

    Reply
  7. འཁྲུངས་སྐར། says:
    ལོ་ 13 སྔོན།

    དྲ་གྲོགས་སྤེན་པ་ཆུང་བདག་ལགས། ཁྱེད་བར་འདུམ་ཡིན་ན་བཀའ་མོལ་གསུང་བཏང་འདི་བཞིན་མིན། ངའི་བལྟས་ན་ཁྱོད་ནི་ཨ་མདོ་ཡི་མི་ཡིན་མདོག་བྱེད་མཁན་ཁམས་པ་ལ་ནང་གཏམ་བཤད་མདོག་བྱེད་མཁན། དོན་དངོས་གཙང་ཕྲུག་ཞབས་བྲོ་མཁས་པ་ཞིག་ཡིན་པ་ངའི་ཤེས།
    དེས་ན་དུས་བབ་ནང་བོད་ཀྱི་དུས་བབ་ནི་ཁྱེད་ཀྱི་དུས་བབ་ཡིན་ཞིག་བྲིས་པ་དེ་གང་ལ་བཞག དེ་བཞིན་བོད་ཀྱི་དུས་བབ་ཞིག་མིང་མ་བཏགས་ན་ཆོལ་གསུམ་བོད་མི་ཚང་མ་ཡོང་ནས་བྲིས་དོན་མིན། ཁྱེད་ཀྱི་གསུང་པ་ལྟར་བྱེད་ན་འོ་ན་བཀའ་ཤག་ཁམས་པའི་རེད་དམ། ཁམས་པའི་བླ་རྒན་ཟམ་གདོང་གིས་ལོ་བཅུ་ཟིན་ཡོད། བློ་ཟུར་བོ་གནས་ནས་གསུང་རོགས་ཞུ། དེ་ཡང་རེ་བསྐུལ་ཡིན་མ་རྟོགས་གཞན་གང་ཡང་མིན། བྱུང་ན་རྩོམ་ཡིག་དང་རྒྱལ་རབས་སོགས་ཆེས་དགོས་མཁོ་ཆེ་བའི་རིགས་རྣམས་རེ་གཉིས་བྲིས་ན་དགེ་མཚན་ཆེ་བ་མཐོང་། དེ་མིན་མ་ཡིན་ཡིན་མདོག་བྱ་མི་ཉན།
    བློ་མཐུན་་ལགས།།

    Reply
  8. ཏྲེའོ། སྐལ་བཟང་། says:
    ལོ་ 13 སྔོན།

    ངས་མི་ཚེ་ནང་ཆོལ་ཁའི་བར་ལ་ཕྱོགས་རིས་ཀྱི་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་དམ་བཅའ་ཡིན། གལ་སྲིད་བཤད་ཐུབ་པའི་ནུས་པ་ཞིག་ལྡན་སྲིད་ན་རྒྱ་ཀུང་ཁྲན་དང་བོད་མི་རིགས་ཀྱི་དོན་འདི་གླེང་རྒྱུ་ཡིན། བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ནས་བོད་མི་ཡོད་དོ་ཅོག་སྐྱིད་སྡུག་གཅིག་དང་ལས་དབང་གཅིག་གི་འོག་ཏུ་འཚོ་དགོས་པ་འདི་སྔོན་མའི་ལས་དང་སྨོན་ལམ་ཞིག་ལ་ངོས་འཛིན་བཞིན་ཡོད།
    བོད་ནས་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོས་བྲིས་པའི་འབོད་ཚིག་
    (“བོད་མིའི་སྐྱིད་སྡུག་མཉམ་མྱོང་”)
    ཞེས་པའི་རླབས་ཆེན་གྱི་འབོད་སྒྲ་དང་སྙིང་སྟོབས་དང་མི་རིགས་ཀྱི་ལ་རྒྱ་སོགས་ཡིད་ལ་དྲན་ཐེངས་རེ་ལ་རང་གི་མི་རིགས་དོན་དུ་ཕན་པའི་སྲི་ཞུ་མ་ནུས་ཀྱང་ཅོལ་ཆུང་གི་ལས་ཆོལ་ཁའི་ཕྱོགས་རིས་སོགས་མི་ཕྱེད་པར་ཡང་དང་ཡང་དུ་ཁས་བླངས་ཞིང་དམ་བཅས་པ་ཡིན།། གྲོགས་པོ་ཚོ་སེམས་ནང་གི་སྐད་ཆ་ཡིན།

    Reply
  9. སྤེན་པ་ཆུང་བདག says:
    ལོ་ 13 སྔོན།

    ང་ནི་ནམ་རྒྱུན་ནས་དུས་བབ་དྲྭ་ཚིགས་དང་། ཟིན་བྲིས་ལ་གཅེར་འདུག་མཁན་ཞིག་ཡིན།
    དེས་ན་ངས་རྒྱུན་དུ་མཐོང་བའི་གནས་ཚུལ་དག་ཐད་ཀར་བཤད་འདོད་འདུག

    དེ་ཡང་
    མི་ཉག་སྐལ་བཟང་ཟེར་བ་སོགས་ཀྱིས་དུས་བབ་དྲྭ་བདག་གིས་ཆོལ་ཁའི་ཕྱོགས་རིས་གནང་ནས། ཨ་མདོ་བ་མིན་པ་དག་ལ་དུས་བབ་ནང་གི་ཟིན་བྲིས་ཀྱི་ས་མིག་སྤྲད་ཀྱིན་མི་འདུག་ཟེར་བ་དང་།

    ཡང་ཁ་ཤས་ཀྱིས་ངའི་རྩོམ་མདུན་ངོས་ཀྱི་བསམ་ཚུལ་ཞེས་པའི་ནང་འགོད་རོགས་ཞུས་ཡོད་ཀྱང་། ང་ཨ་མདོ་བ་མིན་སྟབས་བཀོད་མ་སོང་ཟེར་བ་དང་།

    ལྷ་མོ་སྐྱབས་སོགས་ཀྱིས་མདུན་ངོས་བསམ་ཚུལ་ཞེས་པའི་ས་མིག་ཉོ་ཟིན་པ་རེད། དེ་ནི་ཨ་མདོ་བ་ཡིན་པས་རེད་ཟེར་བ་དང་།

    ཡང་ངའི་མཆན་ནག་གསུབ་བཏོང་ཟིན་འདུག དེ་ནི་ངས་ཨ་མདོའི་མི་གང་དང་དུས་བབ་ཀྱི་སྐྱོན་འཚང་བྲུས་པས་རེད་ཟེར་བ་སོགས་སྣ་ཚོགས་པའི་རྒོལ་གཏམ་སྨྲས་སོང་།

    ཁྱེད་ཚོས་ངེས་པར་དུ་ཤེས་་དགོས་པ་ནི་འདི་རེད།
    དུས་བབ་དྲྭ་བདག་ལུང་རིག་ལགས་ཀྱིས་(གསལ་བསྒྲགས་འདི་ངེས་པར་དུ་ཀློག་རོགས་)ཞེས་པའི་གསལ་བསྒྲགས་ཀྱི་མཆན་དུ་༼ རྣམ་པ་ཚོར་ཛ་དྲག་དང་སྦས་སྐོང་གི་བསམ་ཚུལ་དེ་འདྲ་ཕྱི་ལ་འདོན་སའི་གོ་སྐབས་ཡོད་ཡོད་པ་རེད། ཡིན་ཡང་། བོད་ཀྱི་དུས་བབ་འདི་སྔོན་མ་འཛུགས་མཁན་ཚོ་ནས་ད་བར་དུ་དམིགས་ཡུལ་ངེས་ཅན་ཞིག་གི་སྟེང་དུ་བལྟས་པ་རེད། ༽ཅེས་པ་འདིའི་གོ་བརྡ་འཕྲོད་དགོས།

    བོད་ཀྱི་དཔེར། སྐེ་བཅད་སར་ཞགས་པ་ཉོ། ཟེར་བ་དེ་མ་བྱས་ན་འགྲིག་ག
    དུས་བབ་དྲྭ་ཚིགས་ནས་གལ་སྲིད་ཆོལ་ཁའི་འཐེན་ཁྱེར་དང་། མི་ངོ་དབྱེ་འགྱེད་ཀྱི་ལས་ཀ་གནང་བཞིན་འདུག་ན།
    ཁྱོད་རང་སུས་གནས་འདིར་སྐད་གཏོང་སོང་།

    ཁྱོད་ཚོ་རང་རང་ལ་ཆོལ་ཁོངས་དང་། ལྟ་བ་མཐུན་མཁན་རེ་ཡོད་ངེས་པས་དེ་སོང་ན་འགྲིག་པ་ཡིན།
    བོད་ཡིག་དང་། དྲྭ་ཚིགས་རྣམས་བོད་ཀྱི་དུས་བབ་ཚང་གིས་ཉོས་ཡོད་པ་མ་རེད་ལ།
    ཁྱེད་རང་གི་ཐོབ་ཁུངས་དེ་ལ་སྐལ་བ་ཆད་ཡོད་པ་མ་རེད།

    དེ་ནས་ཁྱོད་ཁམས་པ་ཡིན་ན་ཁམས་པའི་དྲྭ་ཚིགས་དང་། དབུས་གཙང་ཡིན་ན་དབུས་གཙང་གི་དྲྭ་ཚིགས་རང་རང་ནང་སོང་ལ་འགྲིག་གིན་ཡོད།

    དེ་མིན་པ་ཁྱོད་ཀྱིས་ཕྱོགས་རིས་བྱས་བྱུང་ཟེར་ན། ཕྱོགས་རིས་བྱེད་མི་དགོས་པ་དང་མི་ཆོག་པའི་རྒྱུ་མཚན་ཅི་ཡོད།
    ཁོང་ཚོས་གལ་སྲིད་རང་རང་གི་སྣང་བ་འགྲོ་ས་དང་།
    ལུང་པ་གཅིག་པ་དག་ལས་གཞན་པ་བཀོད་ཀྱིན་མེད་ན། ཁོ་རང་གི་འདོད་པ་རེད། ཁོ་རང་གི་དབང་ཚད་རེད།

    དྲྭ་ཚིགས་འདི་བོད་གཞུང་གིས་བཙུགས་པ་མ་རེད་ལ། ཆོལ་ཁ་སོ་སོའི་ཁོངས་ནས་མ་དངུལ་བསྡུས་ཏེ་འགོ་བཙུགས་ཡོད་པ་མ་རེད་ལོ།
    སྡུག་པོ་རང་གི་བཟོས་ནས་སྐད་ངན་མི་ལ་མ་རྒྱག

    མི་ལ་ཁ་གཏོང་བ་ལ། རང་གིས་སྲ་ཐག་ཐག་བཟོ་དགོས་པ་རེད།

    འདི་ནི་དུས་བབ་དྲྭ་བའི་བར་འདུམ་གྱི་གཏམ། ཁ་གསལ་པོ་ཞིག་ཡིན།

    Reply
  10. འཁྲུངས་སྐར། says:
    ལོ་ 13 སྔོན།

    རྒན་ལྷ་མོ་ལགས་གང་བྱུང་བྱུང་ལ་ལན་གནང་མི་དགོས། དེ་ཚོ་གང་ཡིན་སུ་ཡི་ཤེས། དེ་ལས་སྙན་རྩོམ་ཞིམ་པོ་རེ་གཉིས་གཉེར་པ་བསྣམས་ནས་ཕེབས་ཡོང་རོགས་ཡ།

    Reply
  11. བློ་བཟང་བསྟན་འཛིན། says:
    ལོ་ 13 སྔོན།

    ཧོར་གཙང་འཇིགས་མེད་དང་ལྷ་མོ་སྐྱབས་གཉིས་ནི། རྣམས་དཔྱོད་ལྡན་པའི་གཞོན་སྐྱེས་ཤེས་ཡོན་ཅན་གཉིས་རེད། ལྷག་པར་ཁོང་གཉིས་ཀྱི་རྣམ་དཔྱོད་ཀྱི་རིག་རྩལ་ནི་སྙན་ངག་གི་ཕྱོགས་ལ་མངོན་གྱི་འདུག གུས་པས་ནམ་ཡང་རྗེས་སུ་ཡིད་རང་དང་། བསྔགས་བརྗོད་ཞུ་གི་ཡོད། ཁྱོད་གཉིས་ཀྱིས་སྤྱི་ཚོགས་སྐོར་དང་། སྲིད་དོན་སྐོར་ལ་བྲིས་པའི་རྩོམ་ཡིག་འདི་དག་ལས། ཁྱེད་གཉིས་ཀྱི་རྣམ་དཔྱོད་དྲི་ཙམ་ཡང་མངོན་གྱི་མི་འདུག་ལ། གཟུར་གནས་ཀློག་པ་པོ་ཞིག་ལ་བློ་བསྐྱེད་ཅུང་ཙམ་ཡང་སྟེར་མི་ཐུབ། ད་དུང་ཡང་འགའ་ཞིག་བསྔགས་བརྗོད་ཚད་མེད་བྱེད་པ་ནི། དྲང་པོ་བཤད་ན་ཟིན་བྲིས་པ་དེ་དག་གི་མི་གཤིས་དེ་གཏམ་དྲིས་ནས་མི་ཤོད་སྒུག་ནས་ཤོད་ཞེས་པ་ལྟར་རོབ་ཙམ་ཟིག་ཧ་གོ་ཐལ་ཞུ་ཡས་ཡིན།

    Reply
  12. ཟ་ལེ་རྒྱལ། says:
    ལོ་ 13 སྔོན།

    ལྷ་མོ་ལགས།
    ངས་རང་ཚོད་ཀྱི་སྐད་ཆ་རེ་བཤད་དེ་བསྡད་ན་ལེགས་པ་དེ་བདེན་པ་རེད། ཅི་ཡང་མི་ཤེས་ན་འདི་མོ་རེད། ངས་ཚིག་འཕྲེང་གཅིག་བྲིས་བ་དེའང་ཁྱོད་ཀྱིས་སྐྱོན་དུ་མཐོང་བ་བདེན་པ་ཡིན་རྒྱུ་རེད། ང་ལའང་རེ་བ་གཅིག་ཞུ་རྒྱུ་ཡོད། ཨ་མདོ་དང་ཁམས་པ་ཞེས་བའི་མིང་ཚིག་འདི་དག་དྲུད་མ་ཡོང་རོགས། འདི་ན་དེ་ལས་འཕྲོས་བའི་སྐད་ཆ་ཅི་ཡང་མེད། ཐུགས་རྗེ་ཆེ།

    Reply
  13. Dhamchoe @Tommy Thokme says:
    ལོ་ 13 སྔོན།

    I have remembered When we were in Sara school,མི་ཉག་སྐལ་བཟང་ was a kind person.In contrast,I have found མི་ཉག་སྐལ་བཟང་ has become a person who like to sarcastic.Look this:”འདིར་ན་ཡང་ལྷ་མོ་ཟེར་བ་ཞིག་འདུག དགེན་ལྷ་མོ་སྐྱབས་དང་ལྷ་མོ་གཉིས་མི་གཅིག་རེད་དམ་གང་འདྲ་རེད། ས་ར་ན་ཡོད་དུས་ང་ཚོས་དགེན་ལྷ་མོ་ཞེས་འབོད་སྲོལ་ཡོད། གང་ལྟར་འདིར་ལྷ་མོ་འབོད་པ་ཡང་དགེན་ལྷ་མོ་སྐྱབས་ལ་གོ་བ་ཨེ་ཡིན། ཁྱད་མཚར་བ་ལ་ཨང་། ”

    This is just not nice to say and very rude.It has shown his poor lower IQ and EQ. I hope you མི་ཉག་སྐལ་བཟང་ to improve yourself. Thank you!

    Reply
  14. བསྟན་འཛིན་ཚེ་འཚོ། says:
    ལོ་ 13 སྔོན།

    ངོ་མ་ཡིན་ཁྱེད་ཚོ་ཚང་མའི་ཇི་ཡང་བརྗོད་ཀྱི་མི་འདུག ཁྱེད་ཚོ་ཚང་མས་བརྗོད་བཞིན་པ་དེ་ང་ཀློག་པ་པོ་ལ་གཅིག་ཀྱང་མཁོ་བ་མི་འདུག སྐུ་མཁྱེན། བོད་ཡིག་འདི་ལྟང་སྣུམ་ཟད་མར་མེ་བཞིན་ཆགས་ཡོད་དུས་ཁྱོད་ཚོས་དེའི་སྒང་ལ་རླུང་གཡུག་ཏུ་མ་འཇུག་རོགས། སྐུ་མཁྱེན་ཁྱེད་རྣམ་པས་དྲ་བའི་ནང་ལ་བོད་ཡིག་མ་བྲིས་ལ་ཤིན་ཏུ་ལེགས། བོད་ཡིག་གི་སྲོག་རྔ་དེ་ད་དུང་ཅུང་ལྷག་ས་རེད། རྒྱུ་མཚན་ནི་ཁྱེད་ཅག་གི་རྙོག་གཏམ་དེས་བོད་ཡིག་སྦྱོང་བཞིན་པའི་ང་ལྟ་བུ་དག་ལ་ཤན་སྡུག་ཅག་ཞིག་ཐེབས་ཉེན་ཆེ་ཕྱིར་ལབ་པ་ཡིན།

    Reply
  15. ལྷ་མོ། says:
    ལོ་ 13 སྔོན།

    བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཟེར་བའི་ནང་འཁོད་པར་བཤད་པའི་ཡེ་རྡོར་གྱིས་རྩོམ་ཡིག་ནང་བརྗོད་དོན། སྨྱུག་འཛིན་པར་ཕངས་སེམས་སྐྱེ་བ་ཞིག་ནི་ཏཱ་ལའི་ཆེད་དུ་རྒྱུ་མཚན་གསེད་བཀྲོལ་བྱེད་པའི་མི་ནི་ཧ་ཅང་ཉུང་བ་དེ་རེད། ཅེས་བྲིས་འདུག རི་སྐྱེས་ཁ་བ་འཚོ་ཟ་ལེ་རྒྱལ་ལགས། དགེ་བཤེས་སྨོན་ལམ་མཐར་ཕྱིན་གསེད་བཀྲོལ་གཅིག་བྱས་པ་དེ་སྤྱི་མིའི་སྐད་ཆ་མ་རེད་བཤད་པ་རེད། དེས་ན་རྒྱ་ནག་གཞུང་ལ་ལན་འདེབས་རེ་བྱེད་རོགས། ཡང་ན་གསེད་བཀྲོལ་རྩོམ་ཡིག་འདི་ཨ་མདོ་བ་མ་ཡིན་པས་བདག་པོ་རྒྱག་རིན་མི་འདུག་ཟེར་གྱི་ཡོད་དམ། དེ་འདྲ་ཡིན་ན་རྒྱལ་བ་རིན་པོ་ཆེ་ཨ་མདོ་བ་འཁྲུལ་མེད་ཡིན་པས་ཨ་མདོ་བ་ཚོས་བདག་སྤྲོད་ཀྱིས་ལན་རྒྱོབ་ཤོག ལན་གང་འདྲ་རྒྱག་གི་འདུག་ལྟ་འདོད་འདུག

    Reply
  16. ལྷ་མོ། says:
    ལོ་ 13 སྔོན།

    ༦ རི་སྐྱེས་ཁ་བ་འཚོ་ཟ་ལེ་རྒྱལ་ལགས། ཁྱོད་རང་གིས་སྒྲུང་རྩོམ་རེ་སྤེལ་ནས་ཕ་རན་སིར་བསྡད་ན་མཛེས་པོ་འདུག དེས་ཁྱོད་རང་རླུང་རྟ་ཡར་དར་ཡོང་གི་རེད་ལ། ཁྱོད་རང་གི་འཇོན་ཚོད་ཀྱི་ལས་ཀ་ཡང་དེ་རང་རེད། བཙན་བྱོལ་ནང་ཁྱོད་རང་གི་སྒྲུང་རྩོམ་ལ་ངོས་འཛིན་ཡང་ཐོབ་ཀི་རེད། སྐབས་རེ་ཚིགས་བཅད་ཁ་རྒྱག་རེ་ཤོད། དེས་ཁྱོད་རང་སྣང་བ་སྐྱིད་པོ་བཟི་གི་རེད། བཟོ་བཅོས་ཀྱིས་བསྐྱར་འགོད་བྱས།

    Reply
  17. ལྷ་མོ། says:
    ལོ་ 13 སྔོན།

    སྨོན་ལམ་མཐར་ཕྱིན་གྱི་ཟིན་བྲིས་དེ་ལྷག་བསམ་ཞིག་གི་མཚོན་རྟགས་ཙམ་རེད། དྲང་མོར་བཤད་ན་བོད་བཙན་བྱོལ་བའི་སྤྱི་འཐུས་ཤིག་གི་མིང་ཐོག་ནས་བྲིས་བའི་ནུས་བ་དེ་མི་འདུག དེ་ན་ང་ཚོས་ཀྱང་མི་སྒེར་བ་ཞིག་གི་བསམ་ཚུལ་ལྟར་ཁོ་རང་གི་ཟིན་བྲིས་སུ་བཞག་ན་འོས་བར་མཐོང་།
    ༡ ཟ་ལེ་རྒྱལ་རི་སྐྱེས་ཁ་བ་འཚོ་ལགས། འོ་ན་ལྷ་མོ་སྐྱབས་ཀྱིས་སྐད་ཆ་ཚབས་ཆེན་ཞིག་ཟེར་བའི་བསམ་ཚུལ་དེ་ཚོར་སྤྱི་མི་ཞིག་གི་དྲི་མ་འདུག་དང་མི་འདུག
    ༢ ལྷ་མོ་སྐྱབས་ཀྱིས་སྤེལ་བའི་གཏམ་འདི་ཚོ་རང་ཉིད་ཀྱིས་ཨུ་ཚུགས་དང་ནག་ཚོང་གི་སྐོར་མང་པོ་འདུག འདི་ཚོ་ལྷག་བསམ་གྱི་མཚོན་རྟགས་རེད་དམ་སྤྱི་མིའི་མཚོན་རྟགས་རེད། འདི་ཚོ་སྤྱི་འཐུས་ཤིག་གི་མིང་ཐོག་ནས་བྲིས་པའི་ནུས་པ་དང་ལྡན་པའི་སྐོར་དེ་ཚོ་ཡིན་ནམ།
    ༣ དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་རྒྱ་ནག་གཞུང་གི་རྒྱུག་ཁྱི་ཚོར་ལན་འདེབས་གནང་བ་དེ་ལྷ་མོ་སྐྱབས་ཀྱིས་བརྗོད་བཞིན་པ་ཚོ་ལས་སྐྱོ་བ་རེད་དམ།
    ༤ ཁ་ནང་ལ་སྐོར་ནས་དབུ་མ་དང་རང་བཙན་ལྟ་བ་འཁྱེར་མཁན་ཚོའི་བར་ལ་འགལ་བ་འཕངས་ན་སྤྱི་འཐུས་ཤིག་གི་མིང་ཐོག་ནས་བྲིས་པའི་ནུས་པ་ཚང་བ་ཡིན་ནམ།
    ༥ ཁ་རྒྱ་ནག་ལ་སྐོར་ནས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་བཞིན་པར་ལན་འདེབས་བྱེད་བཞིན་པ་དེ་ཁྱོད་རང་གིས་མ་འཇོན་པའི་ལས་ཀ་ཞིག་མ་རེད་དམ།
    ༦ རི་སྐྱེས་ཁ་བ་འཚོ་ཟ་ལེ་རྒྱལ་ལགས། ཁྱོད་རང་གིས་སྒྲུང་རྩོམ་རེ་སྤེལ་ནས་ཕ་རན་སིར་བསྡད་ན་མཛེས་པོ་མི་འདུག དེས་ཁྱོད་རང་རླུང་རྟ་ཡར་དར་ཡོང་གི་རེད་ལ། ཁྱོད་རང་གི་འཇོན་ཚོད་ཀྱི་ལས་ཀ་ཡང་དེ་རང་རེད། བཙན་བྱོལ་ནང་ཁྱོད་རང་གི་སྒྲུང་རྩོམ་ལ་ངོས་འཛིན་ཡང་ཐོབ་ཀི་རེད། སྐབས་རེ་ཚིགས་བཅད་ཁ་རྒྱག་རེ་ཤོད། དེས་ཁྱོད་རང་སྣང་བ་སྐྱིད་པོ་བཟི་གི་རེད།

    Reply
  18. བཀྲ་ཤིས། ། says:
    ལོ་ 13 སྔོན།

    ཞོགས་དུང་གི་རྩོམ་ཡིག་ལ་བརྩམ་ཆོས་མ་ཟེར་རོགས། ཆོས་མ་ཡིན་པ་ལ་ཆོས་ཀྱི་མིང་ཐོག་ནི་མ་རེད། ཞོགས་གི་རྩོམ་དེབ་བམ་རྩོམ་ཡིག དེ་བཞིན་གསུང་རྩོམ་སོགས་ཚིག་མང་པོ་ཡོད་བཞིན་དུ་འདི་ལ་བརྩམ་ཆོས་ཟེར་དགོས་དོན་གང་ཡིན་ནམ།

    Reply
  19. མི་ཉག་སྐལ་བཟང་། says:
    ལོ་ 13 སྔོན།

    འདིར་ན་ཡང་ལྷ་མོ་ཟེར་བ་ཞིག་འདུག དགེན་ལྷ་མོ་སྐྱབས་དང་ལྷ་མོ་གཉིས་མི་གཅིག་རེད་དམ་གང་འདྲ་རེད། ས་ར་ན་ཡོད་དུས་ང་ཚོས་དགེན་ལྷ་མོ་ཞེས་འབོད་སྲོལ་ཡོད། གང་ལྟར་འདིར་ལྷ་མོ་འབོད་པ་ཡང་དགེན་ལྷ་མོ་སྐྱབས་ལ་གོ་བ་ཨེ་ཡིན། ཁྱད་མཚར་བ་ལ་ཨང་།

    Reply
  20. མི་ཉག་སྐལ་བཟང་། says:
    ལོ་ 13 སྔོན།

    ཚང་ཞིག་ཡིན་མིན་གང་ལྟར་ཡང་དུས་བབ་ཚང་ལ་སྐྱོན་བརྗོད་འགྲོ་ས་རྩ་བ་ནས་མེད་པ་ཐག་གི་ཆོད་པ་ཡིན། སྔོན་ཆད་ནས་དུས་ད་ལྟ་བར་ངའི་བསམ་ཚུལ་དང་ངའི་མཆན་བྲིས་པ་མང་པོ་ཞིག་མིག་གིས་མཐོང་གིན་མཐོང་གིན་བསུ་འགྲོ་བ་དེ་དག་གིས་ངའི་སེམས་ལ་ན་ཟུག་ད་དུང་ལྡན་ཡོད།

    Reply
  21. ཟ་ལེ་རྒྱལ། says:
    ལོ་ 13 སྔོན།

    སྨོན་ལམ་མཐར་ཕྱིན་གྱི་ཟིན་བྲིས་དེ་ལྷག་བསམ་ཞིག་གི་མཚོན་རྟགས་ཙམ་རེད། དྲང་མོར་བཤད་ན་བོད་བཙན་བྱོལ་བའི་སྤྱི་འཐུས་ཤིག་གི་མིང་ཐོག་ནས་བྲིས་བའི་ནུས་བ་དེ་མི་འདུག དེ་ན་ང་ཚོས་ཀྱང་མི་སྒེར་བ་ཞིག་གི་བསམ་ཚུལ་ལྟར་ཁོ་རང་གི་ཟིན་བྲིས་སུ་བཞག་ན་འོས་བར་མཐོང་།

    Reply
  22. མི་ཉག་སྐལ་བཟང་། says:
    ལོ་ 13 སྔོན།

    དྲ་གྲོགས་ཚོ། འདིར་་་་་་་་་དགེ་བཤེས་སྨོན་ལམ་མཐར་ཕྱིན། ཟེར་བའི་བསམ་ཚུལ་འདི་གང་འདྲའི་གལ་ཆེན་པོ་མི་འདུག་གམ། ཡིན་ནའང་དུས་བབ་ཚང་གིས་བོད་ཀྱི་དུས་བབ་ཀྱི་མདུན་ངོས་བསམ་ཚུལ་སྡེ་ཚན་དུ་བཀོད་མི་འདུག་་་་་་་་དུས་བབ་ཚང་ནི་བྱ་ཚང་ཆུང་ཆུང་བཞིན་མ་གཏོགས་ཚང་ཆེན་པོ་ཞིག་གཏན་ནས་མ་རེད་ཅེས་བརྗོད་འདོད་པ་ཡིན། ཕན་ཐོགས་དང་རྙེད་སོན་ཏིལ་འབྲུ་ཙམ་ཡང་མེད་པའི་ཕྱོགས་རིས་དང་ཕྱོགས་ལྷུང་སྐམ་པོས་ད་ལྟ་ད་དུང་ཡང་གཉིད་ལ་སད་མི་འདུག དྲང་པོ་བཤད་ན་མི་མི་དེགའ།། དབྱུག་པ་འཁྱེར་ན་ཁྱི་མི་དགའ།།

    Reply
  23. ཤ་འཇམ་སྐྱིད། says:
    ལོ་ 13 སྔོན།

    མི་ཉག་སྐལ་བཟང་ལགས།
    སྙན་ངག་དགེ་རྒན་གྱི་མདུན་ནས་སྙན་ངག་ཅི་ཙམ་སྦྱངས་ཡོད། སྟོན་དང་བལྟ་འདོད་འདུག།

    Reply
  24. ཤ་འཇམ་སྐྱིད། says:
    ལོ་ 13 སྔོན།

    ལྷ་མོ་ལོ་ལོ། ཨ་ཡེ་ཚོའི་ནང་ལ་ཕྲག་དོག་བྱས་བ་ཡིན་མོད། སྐད་ཆ་ཆུང་ཆུང་ཆེན་པོར་མ་བཟོ། འདི་མོ་འདི་བྱས་ནས་ང་ཚོའི་མཐོང་ཆགས་པ་རེད།

    Reply
  25. མི་ཉག་སྐལ་བཟང་། says:
    ལོ་ 13 སྔོན།

    དྲ་གྲོགས་ཚོ། ངའི་སྙན་ངག་དགེ་རྒན་ལ་ཆབ་སྲིད་ཀྱི་ཞྭ་མོ་ནག་པོ་མ་གཡོག་ན་དགའ།

    Reply
  26. ལྷ་མོ། says:
    ལོ་ 13 སྔོན།

    ཏཱ་ལའི་བླ་མ་དང་རྒྱ་ནག་གཞུང་གཉིས་སུ་ཞིག་གིས་སྐྱོ་གར་འཁྲབ་བཞིན་ཡོད་དམ། ༡༽ དགེ་བཤེས་སྨོན་ལམ་མཐར་ཕྱིན། ཟེར་བའི་བསམ་ཚུལ་འདི་གང་འདྲའི་གལ་ཆེན་པོ་མི་འདུག་གམ། ཡིན་ནའང་དུས་བབ་ཚང་གིས་བོད་ཀྱི་དུས་བབ་ཀྱི་མདུན་ངོས་བསམ་ཚུལ་སྡེ་ཚན་དུ་བཀོད་མི་འདུག རྒྱུ་མཚན་གང་ཡིན་ནམ། ནམ་རྒྱུན་དུས་བབ་ཟིན་བྲིས་ནས་ཟིན་བྲིས་གལ་ཆེ་ཁག་བསམ་ཚུལ་སྡེ་ཚན་དུ་འགོད་ཀྱི་འདུག ཡིན་ནའང་ད་ལན་མ་བཀོད་པ་དེ་ཡུལ་ཤུལ་མི་མང་ལ་བདག་སྤྲོད་བྱས་པ་དང་། ༸གོང་ས་མཆོག་གི་དགོངས་གཞི་གསལ་སྟོན། རྒྱ་ནག་གཞུང་གི་ངན་འཚང་ཐེར་འདོན་བྱས་པས་ཡིན་ནམ། ཡང་ན་རང་གི་དགའ་ཕྱོགས་ཆབ་བྲག་ལྷ་མོ་སྐྱབས་ལྟ་བུ་མ་ཡིན་པས་རེད།

    Reply
  27. ཚྭ་སྒང་ཕོ་ཉ། says:
    ལོ་ 13 སྔོན།

    སྨར་དྷཱིཿཟེར།
    ཁྱེད་ཀྱིས་ཁོ་པས་བསམ་ཚུལ་ལ་ལེགས་ཉེས་གང་ཡང་མ་བཤད་པར།
    སྤྱི་འཐུས་ཀྱི་འོས་ཤོག་ཀྱང་སླེབས་ལ་ཉེ་འདུག་དེ་དང་སྟབས་སྟུན་སྲིད་དོན་པ་ཚོས་སྤྱི་ཚོགས་ལ་དཔྱིད་བརྗོད་ཞེ་དྲག་སྤེལ་གྱི་འདུག་ཟེར་ནས་ཕྱིན་ན་ཡག་པོ་མི་འདུག་་་་་་་་་་ཁོ་རེ།

    Reply
  28. དབྱངས་བུ། says:
    ལོ་ 13 སྔོན།

    ཐུགས་སྣང་གཞེན་བསྐུལ་ནང་སྐྱབས་བཅོལ་བོད་མི་ཕྱི་རྒྱལ་ལ་གཏོང་རྒྱུ་མི་འཁོད་པ་རེད་དམ། ཡང་ན་དེ་སྔའི་དྲ་ཐོག་རྩོམ་ཡིག་ནང་བཀོད་པ་ནོར་བ་རེད། ཡང་ན་ཁང་གསར་རྡོ་རྗེ་ལགས་ཀྱི་དགོངས་འཆར་སྣང་མེད་དུ་བཏང་བ་རེད།

    Reply
  29. བཟོད་པ་ལྷ་རྩེ། says:
    ལོ་ 13 སྔོན།

    རྩོམ་པ་པོའི་རྩོམ་ཡིག་བྲིས་ནས་ལས་གནས་ཤོར་བ་རྣམས་ལ་བཙན་བྱོལ་གཞུང་ནས་བལྟ་བ་ཡིན་ན་མ་སྒྲིགས་པ་མེད་ཀྱང་དེ་ལས་ཐབས་སྐྱོ་བ་གྲྭ་བཙུན་དང་ཤེས་ཡོན་མེད་པའི་མི་མང་མང་པོ་ཞིག་བོད་དོན་ཆེད་གནར་གཅོད་ཕོག་ཏེ་དབང་པོ་སྐྱོན་ཅན་དུ་གྱུར་བ་ནས་སྤྱི་ཚོགས་སྟེང་འཚོ་གནས་མི་ཐུབ་པ་འཚོ་གོས་རང་གི་གཉེན་ཉེ་ལ་རེ་ནས་སྡད་པ་མང་པོ་ཡོད་པས་དེ་དག་ལ་ཚོར་ཤེས་ཅིག་ཀྱང་མེད་པ་འདི་ལ་བལྟས་ན་དྲངས་ཚུལ་གྱི་རྣམ་པ་མ་མཐོང།

    Reply
  30. norbu says:
    ལོ་ 13 སྔོན།

    ཆབ་བྲང་ཚང་གི་གྲོས་འཆར་འདི་གསུམ་གནད་འགག་ཆེན་པོ་རེད་ འདིའི་རིགས་གཞུང་ངོས་ནས་ལས་དགོས་པ་ཞིག་ཡིན་ལ་ ལས་ཐུབ་པ་ཞིག་ཀྱང་ཡིན་པས་ གྲོས་གཞི་གྲོས་འཆར་ཟེར་ནས་མི་འཇོག་པར་ད་ལྟ་རང་དུ་འགོ་རྩོམ་དགོས་ཀྱི་འདུག་

    Reply
  31. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    ནུབ་ཕྱོགས་པའི་དུས་ཚོད་ནི་དངུལ་ཡིན་པས་ལག་པས་ལས་ཀ་བྱེད་བཞིན་དུ་རྐང་པས་ཁྱོད་ལ་ལན་ཞིག་བྲིས་ཡིན་་་་་ཧཧཧཧཧཧཧཧཧ

    Reply
  32. ཤ་འཇམ་སྐྱིད། says:
    ལོ་ 13 སྔོན།

    ཇོ་རི་ཉི་མ་ལགས། ཁྱོད་ཀྱིས་ཡི་གེ་འདི་དག་ལག་པས་བྲིས་སམ་རྐང་པས་བྲིས། ཕྲུ་གུ་མ་རབས་ཤིག་གིས་གཏེགས་མའི་ཐོག་ལ་རྐང་བ་སྤོས་བཞག་པ་འདྲ་བོ་འདུག།

    Reply
  33. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    ཤ་འཇམ་སྐྱིད་མཆོག་ཁྱེད་འདི་འདྲ་བཤད་པ་དེར་སུའི་ཆེད་དུ་ཡིན་ཨ་་་་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧ་་་་་་སྙིང་རྗེ་ཁྱོ

    Reply
  34. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    ཤ་འཇམ་སྐྱིད་མཆོག་ཁྱེད་འདྲ་བཤད་པ་དེར་སུའི་ཆེད་དུ་ཡིན་ཨ་་་་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧ་་་་་་སྙིང་རྗེ་ཁྱོད

    Reply
  35. ཤ་འཇམ་སྐྱིད། says:
    ལོ་ 13 སྔོན།

    ཇོ་རི་ཉི་མའི་ཡི་གེ་འདི་དག་མཐོང་ན་ཁོང་གི་ཀླད་རྩ་དང་སྙིང་རྩ། ལག་རྩ་བཅས་ལ་སྐྱོན་ཤོར་ནས་ཉལ་སའི་ནང་ལ་གཅིན་སྐྱག་ཤོར་ནས་བསྡད་ལོས་ཡོད་འདོད་ཀི

    Reply
  36. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    ཕ་མ་བཟང་པོའི་ཁྱིམ་གྱི་བུ་ཕྲུག་སྡུག
    ཕོ་ལོ་ཚེ་ཕྱེད་སོང་འགན་ཁུར་མེད།
    བཀའ་སྤྱི་བསམ་མེད་འོག་གི་ཉམ་ཐག་སྡུག
    འཚོ་བའི་མདུན་ལམ་ཡག་ས་བཀག་འགོག་ཡོད།

    Reply
  37. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    ཕ་བཟང་པོའི་ཁྱིམ་གྱི་བུ་ཕྲུག་སྡུག
    ཕོ་ལོ་ཚེ་ཕྱེད་སོང་འགན་ཁུར་མེད།
    བཀའ་སྤྱི་བསམ་མེད་འོག་གི་ཉམ་ཐག་སྡུག
    འཚོ་བའི་མདུན་ལམ་ཡག་ས་བཀག་འགོག་ཡོད།

    Reply
  38. karma dorje says:
    ལོ་ 13 སྔོན།

    དོན་ཚན་དང་པོ་བཙན་བྱོལ་བོད་གཞུང་གིས་ལས་སླ་པོའི་ཐོག་ནས་བྱེད་ཐུབ་དགོས་སྙམ། དོན་ཚན་གཉིས་པ་དང་གསུམ་པ་ནི། གཞུང་འབྲེལ་མིན་པའི་ཚོགས་པ་དང་། སྐྱིད་སྡུག སྒེར་པ་སོགས་ཀྱིས་སྒྲུབ་དགོས་པ་ལས། གཞུང་གི་བྱེད་མི་བདེ་ཡིན་ཡིན་པ་ནི། རྒྱ་མིས་བོད་ནང་བཙན་བྱོལ་གཞུང་གིས་ངན་སྐུལ་གྱི་ཉེས་འཛུགས་བྱེད་བགྱིད་ཡོད་ཙང་རེད། འདི་ནི་ང་རང་གི་བློ་འཆར་དྭོགས་པ་ཙམ་ཞུས་པ་ཡིན།

    Reply
  39. རིག་པའི་མེ་དཔུང་། says:
    ལོ་ 13 སྔོན།

    རྒྱབ་སྐྱོར་ཡོད། འོན་ཀྱང་ད་ལྟ་རྡ་རམ་ས་ལའི་ཁོར་ཡུག་དང་། ལྷག་པར་དུ་གངས་སྐྱིད་ཀྱི་ཁོར་ཡུག་ལ་བལྟས་ན། གཅེས་སེམས་དང་། ལ་རྒྱ། ཧུར་བརྩོན། སྙིང་སྟོབས་ཟེར་བ་ཞིག་གཏན་མེད་འདྲ་བས། རེ་སྟོང་ཡིན་སྲིད།

    Reply
  40. སྨར་དྷཱིཿཟེར། says:
    ལོ་ 13 སྔོན།

    གང་ཤེས་ད་ཅི་ཡང་ཤེས་མ་སོང་་དངོས་ཉིད་ཡིན་སྲིད་དོན་གྱི་ཁྲབ་སྟོན་ཞིག་ཡིན།
    སྤྱི་འཐུས་ཀྱི་འོས་ཤོག་ཀྱང་སླེབས་ལ་ཉེ་འདུག་དེ་དང་སྟབས་སྟུན་སྲིད་དོན་པ་ཚོས་སྤྱི་ཚོགས་ལ་དཔྱིད་བརྗོད་ཞེ་དྲག་སྤེལ་གྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist