མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དུས་རབས་ ༣ གྱི་བུད་མེད་ཅིག་གྲོངས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཉི་ཧོང་དུ་བགྲེས་སོང་བུད་མེད་ཅིག་རང་ལོ་ ༡༡༥ ཐོག་འདས་གྲོངས་སུ་སོང་ཡོད་འདུག་ལ། ཁོ་མོ་ནི་འཛམ་གླིང་ཐོག་ཚེ་ཐག་རིང་ཤོས་ཀྱི་བུད་མེད་དེ་ཡིན་ཟེར། 

ཕྱི་ཚེས་ ༥ ཉིན་ཧྥ་རན་སིའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གོང་ཚེས་ཉིན་འཛམ་གླིང་བགྲེས་སོང་སྨན་རིག་ཞིབ་འཇུག་ཚོགས་ཆུང་ཞིག་གིས་བརྗོད་དོན་ལྟར་ན། ཚེས་ ༢ ཉིན་འཛམ་གླིང་ཐོག་ལོ་ན་ཆེ་ཤོས་ཡིན་པའི་ཉི་ཧོང་བ་བགྲེས་སོང་བུད་མེད་ཁཱ་མ་ ཆི་ནན་ Kama Chinen མཆོག་ཉི་ཧོང་གི་ Okinawa ཨོ་ཁེ་ན་ཝ་མཚོ་གླིང་དུ་འདས་གྲོངས་སུ་སོང་རྗེས། ཧྥ་རན་སི་ནས་ཡིན་པའི་རང་ལོ་ ༡༡༤ ཅན་གྱི་བགྲེས་སོང་བུད་མེད་བྷི་ལན་ཆར་ཌི་ Blanchard མཆོག་ད་ལྟ་འཛམ་གླིང་ཐོག་ལོ་ན་རྒན་ཤོས་ཀྱི་མི་དེ་ཆགས་ཐུབ་ཡོད་འདུག་ལ། ཁོ་མོ་ནི་ཕྱི་ལོ་ ༡༨༩༦ ལོའི་ཟླ་ ༢ པའི་ཚེས་ ༡༦ ཉིན་ཧྥ་རན་སིར་སྐྱེས་ཡོད་པ་དང་།  མི་ལོ་ ༢༠ ཙམ་གྱི་རིང་ཕ་ཡུལ་གྱི་སྨན་ཁང་ཞིག་ཏུ་འཚོ་བ་བསྐྱལ་ཡོད་ནའང་། ལོ་རེའི་རང་ཉིད་ཀྱི་སྐྱེས་སྐར་ཉིན་རང་གི་ཁྱིམ་མི་དང་ལྷན་དུ་དགའ་སྟོན་ལ་རོལ་གྱི་ཡོད་འདུག

ལོ་བརྒྱ་སོན་པའི་བགྲེས་སོང་རིགས་ལ་བརྟག་དཔྱད་ཞིབ་འཇུག་ཚོགས་ཆུང་དེས། དུས་རབས་ ༣ ཙམ་གྱི་དངོས་ཡོད་གནས་ཚུལ་མཐོང་མྱོང་ཡོད་པའི་ཉི་ཧོང་གི་བགྲེས་སོང་བུད་མེད་ཁོང་ནི། ཕྱི་ལོ་ ༡༨༩༥ ལོའི་ཟླ་ ༥ པའི་ཚེས་ ༡༠ ཉིན་སྐྱེས་ཡོད་པ་དང་། ད་ལྟ་ཁོ་མོ་སྐམ་ཞིང་གཟུགས་པོ་ཆུང་དུ་སོང་ཡོད་པར་མ་ཟད། སྐྲ་ལོ་ཡང་དཀར་པོར་གྱུར་ཡོད་ཚུལ་བརྗོད་ཡོད་འདུག ཁོ་མོའི་ཚེ་མཇུག་གི་ལོ་དེ་ཨོ་ཁེ་ནེ་ཝ་ས་ཁུལ་དེའི་སྨན་ཁང་གི་རྒན་གསོ་ཁང་ཞིག་ནས་རྫོགས་ཡོད་འདུག་ལ། ཟླ་འདིའི་ཚེས་ ༢ ཉིན་འདས་གྲོངས་སུ་སོང་བའི་ཁོ་མོར་མཚོན་ན་བདུན་ཕྲག་རྗེས་མའི་ནང་དུ་ལོ་ ༡༡༥ ཡི་སྐྱེས་སྐར་ལ་རོལ་མ་ཐུབ་པ་དེ་ནི་ལས་འཕྲོ་མེད་པ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ད་ལྟ་འཛམ་གླིང་སྟེང་ལོ་ན་ ༡༠༠ ལས་བརྒལ་བའི་བགྲེས་སོང་ ༧༥ ལྷག་ཡོད་པ་དང་། ཉི་ཧོང་གི་ལོ་ན་ ༡༠༠ ལ་སོན་པའི་གྲངས་འབོར་དེ་འཛམ་གླིང་ཐོག་མང་ཤོས་དེ་ཆགས་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་རྩིས་ལྟར་ན། ཕྱི་ལོ་ ༢༠༥༠ མཚམས་སུ་ཉི་ཧོང་དུ་ལོ་ན་ ༡༠༠ ལ་སོན་པའི་གྲངས་འབོར་དེ་ཁྲི་ཚོ་ ༡༠༠ ལས་བརྒལ་བར་སྔོན་དཔག་བྱེད་བཞིན་ཡོད་འདུག

ལོ་འདིའི་ལོ་མགོར་རྒྱ་ནག་གཞུང་གིས་བསྒྲགས་པ་ལྟར་ན། ལྷ་སའི་ལྷུན་གྲུབ་རྫོང་ནས་ཡིན་པའི་ཨ་མ་ཚེ་རིང་ལགས་ནི་དགུང་ལོ་ ༡༡༩ ཡིན་ཞིང་། ཁོང་ནི་དབུས་གཙང་ཁུལ་དུ་ལོ་ན་རྒན་ཤོས་ཀྱི་བུད་མེད་དེ་ཡིན་པར་བཤད།

མཆན། 19

  1. སྨྲ་ཤེས་དོན་གོ། says:
    ལོ་ 13 སྔོན།

    བསམ་ཆུ༹ལ།
    འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་བྱུང་ཆེ༹། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་དང་བོད་འབངས་ཡོངས་ཀྱི་ཆ༹བ་གནང་ནས་གསོལ་རས་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད་ཉེ་ལམ་ཧ་ཏེ་རྒྱལ་ཁབ་ལ་རོགས་སྐྱོར་སུད་སྒོར་འབུམ་གཅིག་གནང་ཟིན་པ་རེད།

    རོགས་རམ་གནང་བ།

    ད་ལམ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་ཡ་ང་བའི་གོད་ཆག་བྱུང་མ་ཐག་ཏུ་བོད་ཕྱི་ནང་གཉིས་ཀས་བོད་མི་རྩམ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་ ཡར་དཀོན་མཆོག་ལ་མཆོད་འབུལ་དང་མར་ཤུལ་ལུས་རྣམས་ཀྱི་ཆེད་དུ་རོགས་རམ་རྒྱ་ཆེར་གནང་བ་གསར་ལམ་ཁག་ནས་རྟོགས་པ་ངེས་སོ།

    སྣང་མེད་བཏང་བ།

    འོན་ཀྱང་དེང་དུས་སྤྱི་ཆོ༹གས་ཁྲོད་མི་ཆོ༹སབཤད་པ་ལྟར་ན། ༧གོང་ས་མཆོག་གིས་ཐུགས་སྨོན་གནང་བ་ལས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་གསོལ་རས་གནང་མེད་ལུགས་དང་ མ་ཟད་བོད་འབངས་ཡོངས་ཀྱི་སྐུ་ཆ༹བ་རྡ་སའི་མཇ༹ད་གཅོ༹་རྣམ་པས་དེ་ལས་སྣང་མེད་དུ་བཏང་འདུག་ཟེར།

    རྗེས་ལུས་ཐེབས་སོང།

    ཨོ་ཧོ་ད་དུང་དེ་ཡིས་ག་པར་ཆ༹ད་ ཕ་རོལ་པོ་རྒྱ་དམར་གིས་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་ཡིན་ཟེར་ནས་མྱ་ངན་བྱས་འདུག་པ་མ་ཆ༹ད་ད་ལྟའི་འཇ༹མ་གླིང་ཡོངས་སུ་གྲགས། ང་ཆོ༹ས་མཇ༹ད་གཅོ༹་རྣམ་པས་ཅུང་ཟད་དྲན་པ་བརྗེད་རྗེས་ སླར་ཡང་ནམ་ལངས་ནས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་མྱ་ངན་བྱས་ཡིན་པར་འདྲ།།

    Reply
  2. ཆུ་ཤུར་མིག་དམར་ says:
    ལོ་ 13 སྔོན།

    དམ་ཆོས་ཐོག་མེད་ལགས་ཀྱིས་བོད་ཡིག་དང་དབྱིན་ཡིག་དཀྲུགས་དཀྲུགས་བཏང་ནས་གློད་ཡོང་དུས་།འོ་ད།་ང་ནི་མགོ་ཡུར་འཁོར་ནས་ར་བཟི་བ་ནང་བཞིན་ཆག་གི་འདུག་སྨན་ཁང་དུ་ཕྱིན་ཀྱང་སྨན་ནི་མི་འདུག།

    Reply
  3. ཆུ་ཤུར་མིག་དམར་ says:
    ལོ་ 13 སྔོན།

    རྨོ་རྨོ་ཚེ་རིང་ལགས་ངོ་མ་མིང་དོན་མཚུངས་བཞག
    ཁ་གྲོ་ཚེ་རིང་།

    ང་ཚོ་གཞིས་བྱེས་ཡོངས་ཀྱིས།
    སེམས་ནས་བརྩེ་བའི་རྨོ་རྨོ།
    ཚེ་རིང་ལོ་རྒྱ་མཆོག་ལ།
    བཀྲིས་རྟེན་འབྲེལ་ཞུས་ཆོག

    Reply
  4. ཇོ་བོ་རྣམས་གཉིས། says:
    ལོ་ 13 སྔོན།

    Okinawa ཨོ་ཁེ་ན་ཝ་མཚོ་གླིང་དུ་ཡོད་པའི་ཉི་ཧོང་བ་དེ་དག་གི་དུས་རྒྱུན་གྱི་འཚོ་བའི་གོམས་གཤིས་དག་ལ་ང་ཚོ་བོད་པ་དག་གིས་དོ་སྣང་བྱེད་དགོས་གལ་ཤིན་ཏུ་ནས་ཆེ།
    ལུས་ནི་དགྲ་ལྟར་མཐོང་མོད་ཀྱི། །
    དེ་ལྟ་ན་ཡང་དེ་སྲུང་བྱ། །

    Reply
  5. བཟོད་པ་ལྷ་རྩེ། says:
    ལོ་ 13 སྔོན།

    ང་ཟླ་བ་གང་ལ་ཞེས་བཟོ་རོགས

    Reply
  6. བཟོད་པ་ལྷ་རྩེ། says:
    ལོ་ 13 སྔོན།

    ལྷུན་གྲུབ་རྫོང་གི་ཨ་མ་ཚེ་རིང་ལགས་སྐྱེས་ཟླ་སྐྱེས་ཚེས་གསུང་རྒྱུ་ཡོད་པ་དེ་ཡག་པོ་རེད།
    སྤྱིར་བོད་ཀྱི་གྲོང་སེབ་ནང་སྐྱེས་ཟླ་སྐྱེས་ཚེས་ཤོད་རྒྱུ་ཡོད་པ་ནི་ཤིན་ཏུ་དཀོན།
    ངའི་ཨ་མར་ངའི་ཟླ་བ་གང་ལ་སྐྱེས་སམ་ཚེས་པ་གང་ལ་སྐྱེས་ཞེས་འདྲིས་པས།
    ཨོ་ལོ་ཁོ་ཏེ་གང་ཤེས། དབྱར་ཁ་ཆར་སིམ་སིམ་བབ་དུས་ཞིག་ལ་སྐྱེས་པ་རེད་ཟེར།

    Reply
  7. སྟོབས ། says:
    ལོ་ 13 སྔོན།

    ཨ་མ་བགྲེས་མོ་ལགས བདེ་བར་ཕེབས
    མ་གཞིར་འདུ་བྲལ་ཆོས་ཉིད་ཀྱི་ཁ་ཚུབ་པར་ན
    དལ་གྱིས་ཡལ་བཞིན་པ་ནི་ཁྱེད་གཅིག་བུའི་རྣམ་ཤེས་མིན
    ཨ་སྔོན་མཐོངས་དབྱིངས་སུ་རྒྱུ་བའི་
    ཁྱེད་ཀྱི་གཤོག་ཟུང་དེ
    སུ་ལ་ཐོགས་པའི་གཤོག་སྒྲོའི་སྣེ་མོ
    དག་ཞིང་གི་སྤྲིན་དཀར་བརྟོལ་གྱིན
    རྒྱང་རིང་་་་ རྒྱང་རིང་དུ་ཆས་སོང།

    Reply
  8. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    དམ་ཆོས་ཐོག་མེད་ཟེར་བའི་དབྱིན་མིང་ཅན་འདིས་ནམ་རྒྱུན་མཆན་བུ་འདི་འདྲ་རེ་བཏབ་ཡོང་གི་འདུག གལ་སྲིད་ང་དྲ་བདག་ཡིན་རྒྱུ་ན། ཁ་བྱང་དང་བཅས་གཏན་འགོག་བྱེད་ས་རེད། རྒྱུ་མཚན་ནི་ཐེངས་གཅིག་གཉིས་རེ་མ་ཡིན་པར་ནམ་རྒྱུན་འདི་འདྲའི་མཆན་བུ་རྐྱང་བཏབ་དང་འདེབས་བཞིན་པས་སོ། །རྩིས་འཁོར་ནང་དུ་བོད་ཡིག་མེད་མཁན་ཚོས་མཚམས་རེར་དབྱིན་ཡིག་གིས་མཆན་བཏབ་མྱོང་མོད། རྒྱུན་དུ་བོད་ཡིག་དང་དབྱིན་ཡིག་མཉམ་བསྲེས་ཀྱིས་མཆན་བུ་བཏབ་དང་འདེབས་བཞིན་པ་འདིར་དམིགས་ཡུལ་གཞན་ཞིག་ཡོད་མེད་མི་ཤེས་མོད། ཡག་པོ་ཞིག་ཏུ་གཏན་ནས་མཏོང་མ་སོང་ལ། དྲ་བདག་ཚོས་ཀྱང་རང་དགར་བཞག་འདུག་པ་ཅི་ཡིན་མ་ཤེས་སོ།།

    Reply
  9. རག་ཤུལ་བསྟན་འཛིན། says:
    ལོ་ 13 སྔོན།

    བཀླགས་ཟིན།

    Reply
  10. ཤིང་རྟ། says:
    ལོ་ 13 སྔོན།

    བོད་རིགས་ཨ་མ་ཚེ་རིང་ལགས་དགུང་ལོ་༡༡༩་ཡིན་ན། འཛམ་གླིང་ཐོག་ལོ་ན་ཆེ་ཤོས་གྲས་སུ་ཡོད་དམ་མེད། མེད་ན་ལོ་ན་ཆེ་ཤོས་གྲལ་དུ་ཚུད་ཐབས་བྱ་དགོས།
    གང་ཡིན་ཞེ་ན་དེ་ནི་བོད་མི་རིགས་ཀྱི་གཟི་བརྗེད་ཡིན་པའི་ཕྱིར་རོ།

    Reply
  11. རྟ་མགྲིན། says:
    ལོ་ 13 སྔོན།

    འགྲོ་ལ་ཕན་པའི་སེམས་ཅན་གང་ན་སུ་བཞུགས་པ་རྣམས་ཨ་མ་རྒན་མོ་འདི་བཞིན་སྐུ་ཚེ་རིང་གྱུར་ཅིག

    Reply
  12. Dhamchoe @Tommy Thokme says:
    ལོ་ 13 སྔོན།

    There is no way ལྷུན་གྲུབ་རྫོང་གི་ཨ་མ་ཚེ་རིང་ལགས་འཛམ་གླིང་ཐོག་བུད་མེད་ལོ་ན་བགྲེས་ཤོས་ཀྱི་མཚན་མཐོང་དེ་རག་ because of Tibetans do not have birth certificates.

    Reply
  13. བོད་ཀྱི་མཛེས་མ། says:
    ལོ་ 13 སྔོན།

    ལྷུན་གྲུབ་རྫོང་གི་ཨ་མ་ཚེ་རིང་ལགས་འཛམ་གླིང་ཐོག་བུད་མེད་ལོ་ན་བགྲེས་ཤོས་ཀྱི་མཚན་མཐོང་དེ་མ་རག་པའི་རྒྱུ་མཚན་གང་ཡིན་ནམ།

    ཁོང་མོ་འཛམ་གླིང་ཐོག་ལོ་ན་བགྲེས་ཤོས་ཀྱི་མིང་ཐོའི་ནང་མ་སླེབས་པ་དེ་བོད་ཚང་ལ་གྱོང་གུད་ཅིག་ཅིའི་ཕྱིར་མ་ཡིན་ནམ།

    Reply
  14. འབྲོག་མོ says:
    ལོ་ 13 སྔོན།

    ཨོ་་་་་་་་་་ཨ་མ་ཚེ་རིང་ལགས་ཟེར་བ་དེ་ལྟ་གང་དུ་ཡོད་ན་།དཀོན་མཆོག་གི་སྐྱབས་ལོ་།

    Reply
  15. ནད་པ says:
    ལོ་ 13 སྔོན།

    ཡ་གི་སྲིད་རྩེ་ལྷ་ཡི་ཚེ་རིང་གཅིག།
    མ་གི་མནར་མེད་དམྱལ་བའི་ཚེ་རིང་གཉིས།།
    བར་གྱི་འཇིག་རྟེན་མི་ཡི་ཚེ་རིང་གསུམ།།
    སྐྱིད་གསུམ་སྡུག་གསུམ་འཁོར་བའི་ཆོས་ཉིད་ལགས།།

    ཤར་ཕྱོགས་ཉི་ཧོང་མི་ཡི་ཚེ་རིང་གཅིག།
    ནུབ་ཕྱོགས་ཕྷ་རན་སི་མིའི་ཚེ་རིང་གཉིས།།
    བྱང་ཕྱོགས་གངས་ཅན་མི་ཡི་ཚེ་རིང་གསུམ།།
    སྐྱིད་གསུམ་སྡུག་གི་ཚེ་ཚད་ཁྱད་པར་ཡོད།།

    སྟེང་ལ་འཕུར་བའི་ཐང་དཀར་རྒོད་དང་གཅིག།
    བར་ལ་འཕུར་བའི་ཕོ་རོག་ནག་ཆུང་གཉིས།།
    དམའ་ལ་འཕུར་བའི་འདབ་ཆགས་བྱ་བྱིའུ་གསུམ།།
    སྐྱིད་དང་སྡུག་གི་ཚེ་ཚད་མི་འདྲ་ཡོད།།

    ཚད་པར་སྐྱེ་བའི་ཀུ་ཤའི་མེ་ཏོག་གཅིག།
    གྲང་སར་སྐྱེ་བའི་གངས་ལྷའི་མེ་ཏོག་གཉིས།།
    ལྡུམ་རྭར་སྐྱེ་བའི་རྒྱ་ལྕམ་མེ་ཏོག་གསུམ།།
    མཛེས་ལ་བཞད་ཀྱང་དྲི་བསུང་ཆེ་ཆུང་ཡོད།།

    ནགས་ནང་རྒྱུ་བའི་སྟག་གི་ཧར་སྒྲ་གཅིག།
    རི་ལུང་འགྲིམས་པའི་སྤྱང་ཀིའི་ངུ་སྒྲ་གཉིས།།
    གངས་ལ་བཅའ་བའི་སེང་གེའི་ངར་སྒྲ་གསུམ།།
    སྒྲ་སྐད་སྒྲོགས་ཀྱང་དཔའ་རྩལ་ཆེ་ཆུང་ཡོད།།

    རིང་དང་ཐུང་གི་ཚེ་ཚད་མི་འདྲ་གཅིག།
    སྐྱིད་དང་སྡུག་གི་འཚོ་བ་མི་འདྲ་གཉིས།།
    བདེ་དང་སྡུག་གི་ལུས་སེམས་མི་འདྲ་གསུམ།།
    འཁྲུལ་དང་སྣང་བའི་ཞེན་ཆགས་ཆེ་ཆུང་ཡོད།།

    Reply
  16. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    འཛམ་གླིང་ནང་སྐད་གྲགས་ཆེ་པའི་ཟིན་ཐོ་ World Record ཟེར་བའི་མིག་གིས་མ་མཐོང་བའི་ངོ་མཚར་ཅན་མང་པོ་ཞིག་བོད་དུ་ཡོད་རབས་བཤད།
    ལྷ་ས་ལྷུན་འགྲུབ་རྫོང་གི་ཨ་མ་ཚེ་རིང་ལགས་ནི་ ༡༨༩༡ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༦ ཉིན་འཁྲུངས་པ་རེད། ད་ལྟ་དགུང་ལོ་༡༡༩ ལ་སླེབས་ཡོད། བོད་པའི་ཨ་མ་ཚེ་རིང་ལགས་ཀྱིས་འཛམ་གླིང་གི་ཟིན་ཐོ་ཕྱོགས་རིས་བ་དེ་གཏོར་བ་རེད།

    Reply
  17. ལྷ་ཆབ་སྦྱིན་པ། says:
    ལོ་ 13 སྔོན།

    ཨོ་ན་ཨ་མ་ཚེ་རིང་ལགས་འཛམ་གླིང་གི་ལོ་ན་མཐོ་ཤོས་ཀྱི་མི་དེ་ཆགས་འདུག་གཱ

    Reply
  18. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    ལྷ་ས་ལྷུན་འགྲུབ་རྫོང་གི་ཨ་མ་ཚེ་རིང་ལགས་དགུང་ལོ་༡༡༩་ཡིན་ཚེ་མོ་ལས་ཆེ་བ་ཞིག་ཨེ་ཡོད་ན། ད་དུང་སྐུ་ཚེ་རིང་བར་ཤོག

    Reply
  19. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    འཛམ་གླིང་འདིའི་སྟེང་གི་མི་ལོ་རྒན་ཤོས་དེ་ཨེ་ཡིན་ནམ། ད་གང་ལྟར་འདས་ཟིན་པས་འདས་སོང་རྨོ་མོ་ལགས་ལ་མྱ་ངན་ཞུ། སྐྱེ་བ་རྗེས་མ་ཡང་འགྲོ་བ་མི་ལུས་ཤིག་ཐོབ་ཏེ་མི་ལོ་བརྒྱ་དང་ཉི་ཤུར་འདུག་ཐུབ་པའི་སྨོན་ལམ་འདེབས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist