མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་ནང་གི་སྐྱེ་རྒུ་མདོ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དགུས་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་ཁྲོད་ལུས་པའི་བོད་མི་ཚོར་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེད་བྱ་རྒྱུའི་གྲོས་ཆོད་ཅིག་གཏན་འབེབས་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༤  ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མེག་མེན་དང་མེན་རྫུ་ལོ།  ལྩམ་རེས་ཆར་ཌི་སེན། ལྕམ་སི་པི་ཡཱར་བཅས་གཙོས་པའི་གྲོས་ཚོགས་ཀྱི་འཐུས་མི་དགུ་ཡིས་མ་སྐུལ་དང་བླངས་ཀྱིས་གྲོས་ཚོགས་ཀྱི་གྲོས་འཆར་ཨང་ ༡༣༢༤ གཏན་འབེབས་ལྟར། ཐེངས་འདིའི་སྐྱེ་རྒུ་མདོའི་ས་ཡོམ་གྱི་གནོད་འཚེ་ཁྲོད་མི་ཕྱུགས་གཉིས་ལ་སྲོག་སྐྱོན་དང་གཏོར་སྐྱོན་ཚབས་ཆེན་བྱུང་བའི་ཤུལ་ལུས་མི་མང་ལ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེད་བྱ་རྒྱུའི་གྲོས་ཆོད་ཅིག་བཞག་ཡོད་པ་རེད། ཐེངས་འདིའི་གྲོས་ཆོད་དེའི་ནང་འཐུས་མི་ཚོས་འཕྲལ་ཕུགས་གཉིས་ལ་དམིགས་ཏེ་སྐྱེ་རྒུ་མདོའི་མི་མང་གི་དཀའ་ངལ་སེལ་རྒྱུ་དང་། མྱུར་སྐྱོབ་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཞུ་རྒྱུ་ལས་གཞན། མ་འོངས་པར་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་ཆེད་ཐེངས་འདིའི་གོད་ཆག་ཁྲོད་གཏོར་བཤིག་ཐེབས་པའི་དགོན་སྡེ་དང་ཆོས་ཀྱི་བསྟི་གནས་ཁག་སླར་གསོ་བྱ་རྒྱུ་ཡིན་པའི་སྐོར་བཀོད་ཡོད་འདུག་ལ། འཐུས་མི་ཚོས་གྲོས་ཆོད་ཁག་གཏན་འབེབས་གནང་རྗེས་མ་འོངས་པར་གྲོས་ཆོད་ལག་བསྟར་བྱ་ཕྱོགས་ཀྱི་དབང་ཚད་དེ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་ལ་ཕུལ་ཡོད་ཚུལ་གསར་ལམ་དུ་སྤེལ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

ཆུ་ཚོད་ ༥ སྔོན་ལ།
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡

མཆན། 5

  1. ཨ་བཀྲ་ཤིས། says:
    ལོ་ 16 སྔོན།

    ཨ་རིས་ཁ་ནང་སྣ་འཐེན་ན་མི་ཡོང་ནོའི་བར་དཀྲུགས་གྲོས་ཆོད་དག་བཞག་ནས་བོད་རྒྱ་ཞི་མོལ་ཡང་ཡག་པོ་གཅིག་འགྲོ་ཐུབ་ཀྱི་མི་འདུག ཁ་སྟོང་ནང་གི་ཚིག་སྟོང་གི་གསལ་བསྒྲགས་ཙམ་མ་གཏོགས་ཅི་ཞིག་ཕན།

    Reply
  2. ཟིལ་ཁྲོམ། says:
    ལོ་ 16 སྔོན།

    དུས་བབས་ཚང་ལགས། གུས་ཀྱིས་ཁྱེད་ཚང་ལ་གྲུབ་དབང་རྫོགས་ཆེན་དགོན་གཞི་བྱེས་གཉིས་ཀྱིས་ཐེངས་འདིར་སྐྱེ་རྒུ་འདོའི་གོད་ཆགས་ཕོག་ཡུལ་ལ་རོགས་སྐྱོར་བྱས་ཚུལ་གྱི་ཡི་དེ་ཐེངས་གཉིས་བཏང་ཡང་། འདིར་མི་བཀོད་པའི་རྒྱུ་མཚན་གསལ་བཤད་ཞིག་བྱེད་རོགས། གུས་བཅས།

    Reply
  3. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ཡང་ཨ་རའི་གྲོས་ཚོགས་ནས་བོད་དུ་གེགས་ཆག་ཕོགས་ལ་དམིགས་ཏེ་གྲོས་བརྗོད་བཞག་ཡོད་པ་ལ་དགའ་མ་སོང༌། འདས་པའི་མི་ལོ་ལྔ་བཅུའི་རིང་མགོ་སེར་རྣམས་ནས་ཁོང་རང་ཚོགས་མངོན་འདོད་སྒྲུབ་རྒྱུའི་ཆེད་བོད་དོན་དེ་ཐབ་ཕྱིས་མང་པོ་བྱས་སོང་། ཡང་བསྐྱར་གོ་སྐབས་འདིའི་གང་ཞིག་ཕྱིས་ཡས་ཀྱི་ཐབ་ཕྱིས་བྱས་མི་ཡོང་ངམ་སྙམ། ཕན་དོགས་ཆེན་པོ་མི་ཡོང་བ་ངེས་ཅན་རེད།
    བོད་དོན་ རྒྱལ་ཁབ་ཕན་ཚུན་གྲོགས་པོ་བསྒྲིགས་རྒྱུའི་ལག་ཆ།
    བོད་དོན་ ཚོང་འབྲེལ་གྱི་རྒྱུན་ཐག་ཕྲ་བོ།
    བོད་དོན་ རྒྱ་ནག་པར་སྡིག་ར་བསྐུལ་བྱེད་ཀྱི་རྟ་ལྩགས།
    བོད་དོན་ བོད་མི་དཔའ་བོ་ཚེ་སྲོག་བཀུམས་བྱེད་ཤན་གྲི།
    བོད་དོན་ ངའི་སྙིང་དུ་རྣགས་པའི་སྒྲུབ་མ་ཐུབ་པའི་དོན་ཆེན།
    བོད་དོན་ བོད་དོན་ བོད་དོན༎

    Reply
  4. བྲ་རྡོར says:
    ལོ་ 16 སྔོན།

    ཨ་རི་ལྟ་བའི་རྒྱལ་ཁབ་སྟོབས་ཆེན་དག་གི་རྒྱབ་སྐྱོར་བྱས་ན་ཐུགས་རྗེ་ཆེ་ཞུ་དགོས་པ་ཞིག་དང་ཞུ་འོས་པ་ཡིན་ཀྱང།དོན་ངོ་བོ་གནས་ཚུལ་ལ་བོད་རང་གི་ནང་གཅིག་གྱུར་ཐོག་གཉིད་ལས་སངས་དགོས་པ་དེ་གལ་ཆེ་ཞིག་ཏུ་མཐོང་།

    Reply
  5. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    ང་ཚོར་དགོས་པ་ནི་དོན་དམ་གྱི་བརྒྱབ་སྐྱོར་ཡིན་པ་ལས། ནུས་མེད་ཀྱི་གྲོས་ཆོད་དག་མིན་ན་ཡང་ལས་འགུལ་འདི་ལྟ་བུའང་བཀའ་དྲིན་ཞུ་ཡུལ་ཙམ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese