མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ནི་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

༼སྦས་སྐུང་གི་བོད་༽ཅེས་པའི་རྩོམ་པ་པོ་སིར་ཇོ་སི་ཨེ་སི་མཆོག་གིས་ངྷ་སའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་བོད་དེ་གཞན་གྱིས་བཙན་བཟུང་བྱས་ཡོད་པའི་རང་བཙན་གྱི་རྒྱལ་ཁབ་ཅིག་རེད་ཅེས་བརྗོད་ཡོད་འདུག


ཕྱི་ཚེས་ ༦ ཉིན་བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། གོང་ཚེས་ཉིན་ཨུ་རུ་སུའི་རྒྱལ་ས་མོ་སུ་ཀོར་རྟེན་གཞི་བྱས་པའི་བོད་སྐྱོབ་ཐེབས་རྩ་ཁང་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་ཀྱི་གོ་སྒྲིག་འོག་ངྷ་སར་གསར་འགོད་ལྷན་ཚོགས་ཤིག་འཚོགས་ཡོད་པ་དང་། སྐབས་དེར་ཨུ་རུ་སུའི་སྤྱི་ཚོགས་ཚན་རིག་ཁང་ནས་ཡིན་པའི་ཌོག་ཊར་སིར་ཇོ་སི་ཨེ་ཁོ་སི་མིན་ Dr. Sergius L. Kuzmin གྱིས་བོད་ནི་གཞན་གྱིས་བཙན་འཛུལ་བྱས་ཡོད་པའི་རང་བཙན་རྒྱལ་ཁབ་ཅིག་ཡིན་ཞེས་བརྗོད་ཡོད་འདུག གསར་འགོད་ལྷན་ཚོགས་དེ་ནི་ཁོང་གི་བཙན་འཛུལ་དང་རང་བཙན་གྱི་ལོ་རྒྱུས་༼སྦས་སྐུང་གི་བོད་༽ཅེས་པ་བོད་ཀྱི་དཔེ་མཛོད་ཁང་དུ་གཞུང་འབྲེལ་ཐོག་འགྲེམས་སྟོན་ཞུས་རྗེས་གསལ་བསྒྲགས་སྤེལ་པ་ཞིག་རེད།

སྐབས་དེར་བཀའ་ཁྲི་མཆོག་གིས་རྩོམ་པ་པོས་བདེན་པ་གཞི་རྩར་བཞག་ཅིང་ཕྱོགས་ལྷུང་མེད་པར་དོན་དངོས་ཀྱི་ལོ་རྒྱུས་ཤིག་བྲིས་གནང་ཐུབ་པ་དེར་རྗེས་སུ་ཡི་རངས་དང་བཀའ་དྲིན་ཆེ་ཞུས་ཡོད་འདུག

གསར་འགོད་འདུ་འཛོམས་ཐོག་མཁས་དབང་ཁོ་སི་མིན་མཆོག་གིས་བརྗོད་དོན། བོད་ནི་ལོ་རྒྱུས་ཐོག་དུས་ནམ་ཡང་རྒྱལ་ཁབ་གཞན་གྱི་ཆ་ཤས་སུ་གྱུར་མྱོང་མེད་ལ། རྒྱ་ནག་དེ་ཡོན་དང་མན་ཇུ། ཆིན་རྒྱལ་རབས་སོགས་ཀྱི་སྐབས་སུ་ཆབ་སྲིད་ངོ་བོ་གཅིག་ཏུ་འདྲེས་པའི་གནས་སྐབས་སུའང་བོད་དེ་སྔར་བཞིན་ལོགས་སུ་ཡོད་པའི་རྒྱལ་ཁབ་ཅིག་ཆགས་ཡོད་ལ། དེ་བཞིན་རྒྱ་ནག་ཐང་རྒྱལ་རབས་དང་མིན་རྒྱལ་རབས་ཀྱི་སྐབས་སུའང་བོད་དེ་རང་བཙན་གྱི་ངོ་བོར་གནས་ཡོད་ཅེས་དང་། ཡང་ཁོང་གིས་རྒྱ་ནག་གིས་ཐོག་མཐའ་བར་གསུམ་དུ་བོད་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་འཇུག་ཐབས་བྱེད་བཞིན་པ་དེ་ནི་ཁྲིམས་མཐུན་ཞིག་ཆགས་མེད་ལ། བོད་དེ་གཞན་གྱིས་བཙན་བཟུང་བྱས་ཡོད་པའི་རང་བཙན་གྱི་རྒྱལ་ཁབ་ཅིག་རེད་ཅེས་ཁོང་གིས་བརྗོད་ཡོད་འདུག  མཐའ་དོན་ཁོང་གིས། དེབ་དེའི་དུམ་མཚམས་དང་པོའི་ནང་བདག་གིས་གནའ་རབས་བོད་ཀྱི་ལོ་རྒྱུས་ཀྱི་བྱུང་བ་ནས་ད་ལྟའི་ང་ཚོའི་མི་རབས་བར་གྱི་གནས་སྟངས་སོགས་བྲིས་ཡོད་པ་དང་། དུམ་མཚམས་གཉིས་པའི་ནང་། བོད་རྒྱལ་ཁབ་འཛུགས་བསྐྲུན་དང་རྒྱ་ནག་གི་གོང་མ་རིམ་བྱོན་གྱི་གནས་སྟངས། དེ་བཞིན་རྒྱ་ནག་དང་དེའི་ཁྱིམ་ཚེས་རྒྱལ་ཁབ་ཁག མཐའ་སྡོམ་ལེའུ་ནང་དུ་བོད་དེ་བཙན་བཟུང་བྱས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ལུགས་དང་། བོད་རང་བཙན་གྱི་ལས་འགུལ་ནི་ཁ་བྲལ་རིང་ལུགས་པའི་བྱེད་ཐབས་ཞིག་མིན་ཚུལ། དེ་ནི་རྒྱལ་ཁབ་བམ་རང་སྐྱོང་གནས་སྟངས་ཞིག་གསར་དུ་རག་ཆེད་མིན་པར་བོད་མི་མང་གི་ཁྲིམས་མཐུན་གྱི་བཀའ་ཤག་གཞུང་དེ་བསྐྱར་གསོ་བྱ་རྒྱུའི་ལས་འགུལ་ཞིག་ཡིན་ཚུལ་སོགས་བརྗོད་ཡོད་པ་རེད།

མཁས་དབང་ཁོང་ནི་ཕྱི་ལོ་ ༡༩༥༩ ལོ་སྟེ་བོད་ས་ཤོར་བའི་ལོ་དེར་ཨུ་རུ་སུའི་རྒྱལ་སར་འཁྲུངས་ཡོད་ལ། ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༢ པའི་ནང་ཁོང་བོད་ནང་དུ་གཟིགས་སྐོར་ལ་ཕེབས་ཡོད་འདུག

མཆན། 21

  1. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 12 སྔོན།

    འདིའི་ནང་གི་མཆན་དེ་དག་ཡལ་འདུག ཅི་ཡིན་གྱི་རྒྱུ་མཚན་ཤེས་མ་སོང་། བརྟག་དཔྱད་བྱ་གི་ཡོད།

    Reply
  2. གངས་རྡེའུ། says:
    ལོ་ 12 སྔོན།

    མཁར་སྟོགས་སད་ད་ལྟ་སྨྱོས་འདུག་འདི་འདྲའི་ས་སྟོང་རངི་བོ་ཞིག་བཞག་ནས་ཅི་བྱེད་པ་ཡིན་ནམ།

    Reply
  3. ཧོར་བུ་ཡེ་ཤེས says:
    ལོ་ 12 སྔོན།

    མཁས་དབང་བློ་བཟང་ཐུབ་བསྟན་ལགས།ཁྱོད་བྲིས་ཡིག་ནོར་ནི་ང་ལས་མང་བ་འདུག།

    Reply
  4. ཧོར་བུ་ཡེ་ཤེས says:
    ལོ་ 12 སྔོན།

    མཁས་དབང་བློ་བཟང་ཐུབ་བསྟན་ལགས།ཁྱོད་ཀྱིས་ཡིག་ནོར་ནི་ང་ལས་མང་བ་འདུག།

    Reply
  5. karma dorje says:
    ལོ་ 12 སྔོན།

    མཆན་བུ་འཇའ་ལྟར་ཡལ་འདུག

    Reply
  6. མགར་རྟོགས་སད says:
    ལོ་ 12 སྔོན།
    Reply
  7. མགར་རྟོགས་སད says:
    ལོ་ 12 སྔོན།
    Reply
  8. མགར་རྟོགས་སད says:
    ལོ་ 12 སྔོན།
    Reply
  9. མགར་རྟོགས་སད says:
    ལོ་ 12 སྔོན།
    Reply
  10. མགར་རྟོགས་སད says:
    ལོ་ 12 སྔོན།
    Reply
  11. མགར་རྟོགས་སད says:
    ལོ་ 12 སྔོན།
    Reply
  12. བཀྲ་ཤིས། ། says:
    ལོ་ 12 སྔོན།

    དེབ་དེ་བོད་ཡིག་ཐོག་ཡོདན་་གཅིག་ཀློག་གི་ཡིན།

    Reply
  13. ལྷ་མ་ཡིན། says:
    ལོ་ 12 སྔོན།

    གོང་གི་མཆན་གྱི་ནང་དུ་མཁས་དབང་མིང་ཅན་ཞིག་ཡོད་པ་ལ་དགོད་ཁ་ཤོར་སོང་། དེའང་ནོར་བཅོས་བྱས་ན།
    གོང་ས། ༧གོང་ས།
    དགོངས་བཞི་་ དགོངས་གཞི།
    རང་གི རང་གིས།
    གསུང་པ། གསུངས་པ།
    ནོར་ཁྲུལ། ནོར་འཁྲུལ་རེད།

    Reply
  14. མགར་རྟོགས་སད says:
    ལོ་ 12 སྔོན།

    གསར་གཏོད་ཀྱི་སྟོབས་མེད་ན་དྲང་བདེན་ཟེར་བ་ཞིག་མེད་ལ་ལས་འབྲས་ཟེར་བ་ཡང་སྐྱག་རྫུན་ཡིན་གསུང་པ་དེ་ཅི་མི་བདེན།

    Reply
  15. སློང་མོ་བ། says:
    ལོ་ 12 སྔོན།

    ཅོ་རི་ཉི་མ་ལགས། ༸གོང་ས་མཆོག་ནས་ད་ལྟའི་དུས་བབ་ཀྱི་དབང་ལས་ལམ་དབུ་མ་གདམ་ག་གནང་བ་མ་གཏོགས། བོད་དེ་རང་བཙན་རྒྱལ་ཁབ་ཅིག་མ་འདོད་པ་མིན།
    མཁས་དབང་ Dr. Sergius L.Kuzmin མཆོག་ནས་བོད་དེ་ལོ་རྒྱུས་ཐོག་རྒྱལ་ཁབ་གཞན་གྱི་ཆ་ཤས་སུ་གྱུར་མེད་པའི་རྒྱུ་མཚན་གང་དང་གང་བཀོད་པ་དེ་ཁྱེད་ཀྱིས་ཤེས་པ་གྱིས་དང་རྨོངས་གཉིད་ལས་སད་ཡོང་།

    Reply
  16. མཁས་དབང་བློ་བཟང་ཐུབ་བསྟན་ says:
    ལོ་ 12 སྔོན།

    གོང་ས་མཆོག་གི་དགོངས་བཞི་་རང་གི་ཤེས་བཞིན་དུ་དེ་ལྟར་གསུང་པ་
    ནོར་ཁྲུལ་རེད་

    Reply
  17. ལུང་རྟོགས། says:
    ལོ་ 12 སྔོན།

    བོད་རང་བཙན་ཡིན་པ་བཤད་པ་ཙམ་གྱིས་༸གོང་ས་མཆོག་ལ་ཁ་གཏོང་བ་ཡིན་ན། ༢༠༠༨ལོའི་བོད་ནང་གི་སྐད་འབོད་བྱེད་མཁན་དེ་ཚོས་ཀྱང་༸གོང་ས་མཆོག་ལ་ཁ་གཏོང་བ་རེད་དམ

    Reply
  18. ཟིལ་ཁྲོམ། says:
    ལོ་ 12 སྔོན།

    དུས་བབས་ཚང་ལགས། གུས་ཀྱིས་ཁྱེད་ཚང་ལ་གྲུབ་དབང་རྫོགས་ཆེན་དགོན་གཞི་བྱེས་གཉིས་ཀྱིས་ཐེངས་འདིར་སྐྱེ་རྒུ་འདོའི་གོད་ཆགས་ཕོག་ཡུལ་ལ་རོགས་སྐྱོར་བྱས་ཚུལ་གྱི་ཡི་དེ་ཐེངས་གཉིས་བཏང་ཡང་། འདིར་མི་བཀོད་པའི་རྒྱུ་མཚན་གསལ་བཤད་ཞིག་བྱེད་རོགས། གུས་བཅས།

    Reply
  19. དཀོན་མཆོག says:
    ལོ་ 12 སྔོན།

    ཅོ་རི་ཉི་མ་ལགས། གལ་ཏེ། ཕྱི་རྒྱལ་བ་དེས་ལམ་དབུ་མའི་དང་གོང་ས་མཆོག་ལ་ཁ་གཏོང་གི་ཡོད་ན། རང་བཙན་གྱི་ལས་འགུལ་སྤེལ་མཁན་ཡོངས་རྫོགས་གོང་ས་མཆོག་གི་དགྲ་རེད་པས། ༸གོང་ས་མཆོག་གིས་མཐའ་མའི་ཐག་གཅོད་དེ་བོད་མི་དམངས་ཀྱིས་གཅོད་ཀྱི་རེད་གསུངས་ཡོད་པ་རེད་མ་གཏོགས། རང་བཙན་གྱིས་ལམ་ལ་སྐྱོད་མཁན་དག་ཁོང་གིས་དགྲ་བོ་དང་ཁོང་ལ་ཁ་གཏོང་མཁན་རེད་ནམ་ཡང་གསུང་ཡོད་མ་རེད།
    དོན་ངོ་མ་བཤད་ན། ཁྱེད་རང་ཀླད་སྙིང་ཅིག་ཡིན་ཐག་ཆོད།

    Reply
  20. ཅོ་རི་ཉི་མ། says:
    ལོ་ 12 སྔོན།

    ཕྱི་རྒྱལ་བ་འདིས་ཀྱང་ལམ་དབུ་མ་དང་༧གོང་ས་མཆོག་ལ་ཁ་གཏོང་གི་འདུག

    Reply
  21. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 12 སྔོན།

    དཔེ་དེབ་འདི་ཀློག་འདོད་ཡོད་ན་ཁོང་གིས་དྲ་ངོས་ནས་རིན་མེད་དུ་མར་འཕབ་ལེན་བྱེད་དུ་འཇུག་གི་འདུག ཕབ་ལེན་བྱས་ཚར་རྗེས་གྷོ་གྷལ་ཡིག་སྒྱུར་སྤྱད་དེ་དབྱིན་ཡིག་དང་རྒྱ་ཡིག་གང་རུང་གི་སྟེང་ནས་ཀློག་ཆོག་གི་རེད། ངས་དབྱིན་ཡིག་གི་ཐོག་ནས་ཀློག་གིན་ཡོད།

    གྷོ་གྷལ་གྱི་འགྱུར་དེ་ཧ་ལས་པའི་དག་མོ་ཞིག་མིན་ཡང་། ནང་དོན་ཕལ་ཆེར་བསྡད་ཡོད་པ་རེད། དེབ་དེ་ཀློག་འདོད་ཡོད་ན་གཤམ་གྱི་དྲ་བྱང་བཤུས་ནས་སྔོག་རོགས།

    http://www.savetibet.ru/2010/03/10/tibet_book.html

    Reply

Leave a Reply to མགར་རྟོགས་སད Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist