མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པོ་ཏ་ལའི་ཐང་ཆེན་གྱི་ས་འོག་བགྲོད་ལམ་ལེགས་གྲུབ་བྱུང་བ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་གཅིག་ལྷག་གི་གོང་དུ་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གིས་ཕོ་བྲང་པོ་ཏ་ལའི་འོག་ཏུ་ཤར་ནས་ནུབ་ལ་སྤྲེལ་བའི་ས་འོག་གཞུང་ལམ་བཟོ་སྐབས་ཆུ་ལོག་བྱུང་སྟེ། མཐའ་འཁོར་གྱི་ས་ངོས་སུ་སེར་ག་ཤོར་བའི་དབང་གིས་ཕོ་བྲང་པོ་ཏ་ལའི་བརྟན་གནས་ཉེན་ཁ་བསླེབས་འདུག་ཅེས་བརྗོད་ཡོད་ཀྱང་། ཕྱི་ཚེས་ ༡༡ ཉིན་རྒྱ་ནག་གིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ས་འོག་བགྲོད་ལམ་ལེགས་གྲུབ་མཛད་སྒོ་ལྷ་སར་བསྡུས་ཡོད་འདུག

དེ་རིང་ཀྲུང་གོའི་བོད་ལྗོངས་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ས་འོག་བགྲོད་ལམ་ལེགས་གྲུབ་མཛད་སྒོ་ལྷ་སར་བསྡུས་པ་དང་། མཛད་སྒོའི་སྟེང་བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་མགོ་གཙོ་གཞོན་པ་ཝུའུ་ཡིང་ཅེ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཆིན་དབྱི་ཀྲི། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་སུང་ཧྲན་ལི། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་མགོ་གཙོ་གཞོན་པ་བློ་བཟང་རྡོ་རྗེ་སོགས་མཛད་སྒོར་ཕེབས་ཤིང་། ལས་གྲྭ་དེ་ལེགས་གྲུབ་བྱུང་བ་མཚོན་པའི་དར་ཚོན་བཅད་པ་དང་། ལྷ་ས་གྲོང་ཁྱེར་གྱི་གྲོང་གཙོ་ཨ་བུ་ཡིས་མཛད་སྒོའི་སྟེང་ཤིས་ཚིག་ཕུལ།

ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ས་འོག་བགྲོད་ལམ་ནང་ལོགས་སུ་བོད་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་མཛེས་རྒྱན་གྱིས་རྣམ་པར་སྤུད་རྒྱུ་ཡིན་པ་ཕུད། དེ་དང་དུས་མཚུངས་སུ་མེ་གསོད་མེ་འགོག་ཡོ་བྱད་དང་། བདེ་འཇགས་མྱུལ་ལྟའི་ཚོད་འཛིན་ཡོ་བྱད་དང་། ཉེར་མཁོའི་སྣང་བྱེད་གློག་སྒྲོན་སོགས་སྒྲིག་སྦྱོར་བྱས་ཡོད་པ་རེད་ཅེས་ཟེར།

གསར་འགྱུར་དེའི་ནང་མུ་མཐུད་དེ་གསལ་དོན། ༢༠༠༥ ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཕོ་བྲང་པོ་ཏ་ལའི་ཉེ་འཁོར་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་མགོ་བརྩམས་ཤིང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ས་འོག་བགྲོད་ལམ་བཏོད་པའི་ལས་དེ་ཕོ་བྲང་པོ་ཏ་ལའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་འཆར་གཞིའི་གྲས་སུ་བཞག་པ་རེད། ལོ་དེའི་ཟླ་ ༥ བར་ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་ཅུས་ཀྱིས་ཇུས་འགོད་ལས་ཁུངས་ལ་ཇུས་གཞི་འགོད་དུ་བཅུག་པ་དང་། ཟླ་ ༡༠ བར་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཆེད་ལས་མཁས་པ་སྒྲིག་འཛུགས་བྱས་ཏེ་ཁྲིན་ཏུའུ་ནས་ས་འོག་བགྲོད་ལམ་ལ་དམིགས་པའི་རིགས་ལུང་ཁུངས་སྐྱེལ་གྱི་བགྲོ་གླེང་མཛད། ༢༠༠༧ ལོའི་ཟླ་ ༦ པར་ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་སྡེ་ཁག་གིས་འོག་གི་མིའི་བགྲོད་ལམ་གྱི་ཇུས་གཞིར་ཡང་བསྐྱར་རིགས་ལུང་གི་བརྟག་དཔྱད་བྱས་ཏེ་བརྡར་ཤ་བཅད། ༢༠༠༩ ལོའི་ཟླ་ ༨ ཚེས་ ༡༢ ཉིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང་ས་འོག་བགྲོད་ལམ་གཏོད་པའི་ཇུས་གཞིའི་སྐོར་གྱི་སྙན་ཞུ་ལ་གསན་རྗེས།   ད་གཟོད་ཇུས་གཞི་ལ་གྲོས་འཆམ་བྱུང་བ་རེད། ཅེས་ཟེར།

ས་འོག་བགྲོད་ལམ་དེ་ནི་ཕོ་བྲང་པོ་ཏ་ལའི་ཤར་ནུབ་གཉིས་སུ་ཕར་འགྲོ་ཚུར་འོང་བྱེད་པའི་རླངས་འཁོར་དང་མཇལ་སྐོར་བ། ལམ་འགྲོ་བ་སོགས་ཧ་ཅང་མང་བས་རྟག་ཏུ་འཚང་ཁ་ཤིག་ཤིག་བྱེད་ཀྱི་ཡོད་པར་དམིགས་ནས་བསྐྲུན་པ་ཡིན་ཞིང་།  ས་འོག་གི་མིའི་བགྲོད་ལམ་འདི་བཏོད་རྗེས་འགྲིམ་འགྲུལ་སྟབས་བདེ་མིན་པའི་གནས་ཚུལ་དེ་དུས་ད་ནས་བཟུང་འདས་སོང་གི་ལོ་རྒྱུས་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་མ་ཟད།   གནམ་ཟམ་དང་། ས་འོག་གི་མིའི་བགྲོད་ལམ་ཡོད་པའི་རྣམ་པ་གསར་བ་ཞིག་ཀྱང་ང་ཚོའི་མིག་ལམ་དུ་མངོན་རྒྱུ་རེད།   

བགྲོད་ལམ་དེ་གཉིས་ནི་ནུབ་བྱང་གི་ཕྱོགས་སུ་ཡོད་དེ། ལམ་དེའི་ནུབ་ནས་བྱང་བར་གྱི་རིང་ཚད་ལ་སྨི་དྲུག་ཅུ་ནས་བརྒྱད་ཅུ་ཡོད་པ་དང་། མ་དངུལ་ཁྱོན་སྡོམ་སྒོར་ཁྲི་ལྔ་སྟོང་ལྷག་བཏང་ཁར། ཨར་ལས་ལག་རྩལ་དང་ས་འོག་བགྲོད་ལམ་གྱི་སྣེ་གཉིས་ཀྱི་སྒོ་མོ་བཅས་ཀྱི་བཟོ་བཀོད་ཡོད་ཚད་ཕོ་བྲང་པོ་ཏ་ལའི་ཉེ་འཁོར་གྱི་བཀོད་པ་དང་མཐུན་པར་བྱས་ནས་མི་རིགས་ཀྱི་ཁྱད་ཆོས་མངོན་ཐུབ་པ་བྱས་ཡོད། ཅེས་ཟེར།

འོན་ཀྱང་། ཕྱི་ཟླ་གསུམ་པའི་ནང་བཙན་བྱོལ་བོད་གཞུང་གིས་སྤེལ་བའི་གནས་ཚུལ་ལྟར་ན།  པོ་ཏ་ལའི་འོག་གི་ས་འོག་གཞུང་ལམ་དེ་བཟོ་བཞིན་པའི་སྐབས་སུ། ཆུ་ལོག་བྱུང་བའི་ཤུགས་རྐྱེན་གྱི་དབང་གིས་ཕོ་བྲང་པོ་ཏ་ལའི་ཉེ་འཁོར་གྱི་ས་ངོས་སུ་སེར་ག་གས་པ་དང་། ཕོ་བྲང་གི་བརྟན་གནས་ལ་གནོད་ཚབས་ཆེན་པོར་གྱུར་འདུག་ཅེས་དང་། ༡༩༨༨ ལོ་ནས་ ༡༩༩༣ ལོའི་བར་གྱི་ཞིག་གསོའི་སྲིད་བྱུས་ཀྱི་འོག་ནས་རྒྱ་གཞུང་གིས་ཕོ་བྲང་པོ་ཏ་ལར་ཡང་ཉམས་གསོ་བྱེད་པའི་ལས་གཞི་མགོ་བཙུགས་ཡོད་ལ། ༢༠༠༠ ལོར་ཕོ་བྲང་ནང་ལོག་གི་སྡེབས་རིས་དང་བརྐོས་རིས་མང་པོ་ཞིག་བསྐྱར་ཏུ་བྲིས་ཡོད། སྐབས་དེར་བོད་ལུགས་ཀྱི་སྒྱུ་རྩལ་ལ་ཉམས་མྱོང་མེད་པའི་དབང་གིས་སྡེབས་རིས་འགའ་ཤས་ལ་རྒྱ་ནག་གི་སྒྱུ་རྩལ་བ་དག་གིས་ལག་པ་འཆང་སྟེ་སྐྱོན་ཆེན་པོ་བཟོས་ཡོད་སྐོར་གསུངས་པ་མ་ཟད།

བཙན་བྱོལ་བོད་གཞུང་གིས་བཤད་དོན། རྒྱ་ནག་གཞུང་གིས་བོད་ནང་དུ་དེང་རབས་ཀྱི་གྲོང་ཚོ་གསར་པ་འཛུགས་བསྐྲུན་བྱེད་པའི་ལས་འགུལ་འོག ཕོ་བྲང་པོ་ཏ་ལ་གཙོས་པའི་བོད་ཀྱི་རིག་གནས་སྒྱུ་རྩལ་དང་ཤུལ་དངོས་རྩ་ཆེན་མང་པོ་ཞིག་གཏོར་བཤིག་བཏང་ཡོད་འདུག བོད་མི་རིགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་འཛམ་གླིང་སྟེང་གི་རིག་གནས་ཀྱི་ཤུལ་བཞག་གལ་ཆེན་འདི་གཏོར་བཤིག་ལས་སྲུང་སྐྱོབ་ཡོང་བར་འབོད་སྐུལ་ཞུ་གིན་ཡོད་ཅེས་གསལ་ཡོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༡༡ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 10

  1. ལི་སྐལ་བཟང says:
    ལོ་ 16 སྔོན།

    དཔེ་ཡག་པོ་རེད་ཐུགས་རྗེ་ཆེ།

    Reply
  2. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    གང་ལྟར་མི་དམངས་ལ་ཕན་པའི་བྱ་བ་ཞིག་ཡིན་ཕྱིན་དགག་བྱ་མེད།
    འོན་ཀྱང་དེ་རིག་ལ་མི་རིག་དབྱེ་འབྱེད་དང་འབྱོར་ཕྱུག་དབྱེ་འབྱེད་མེད་པར་སྤྱོད་ཆོག་ན་དངོས་ནས་ཡག་པོ་རེད།

    Reply
  3. གངས་ཕྲུག says:
    ལོ་ 16 སྔོན།

    ལམ་ལེགས་གྲུབ་བྱུང་བ་ལ་དགའ་བསུ་ཡོད། འོན་ཀྱང་མི་མང་ལ་དཀག་རྒྱ་མེད་པའི་ཐོག་
    ལོང་སྤྱོད་ཆོག་པ་དགོས།

    Reply
  4. ལྷ་མ་ཡིན། says:
    ལོ་ 16 སྔོན།

    སྐུ་མགྲོན་ཚོ་རྒྱ་སྐྱག་ཏག་ཏག་རེད་ལ།

    Reply
  5. དྲང་བདེན་གི་གཏམ་ says:
    ལོ་ 16 སྔོན།

    དེ་ཡག་པོ་རེད་ ཡར་རྒྱས་བོད་ལ་ཡང་དགོས་ངེས་རེད། ཡར་རྒྱས་མ་བཏང་ན་རྒྱ་གུང་ཁྲན་ལ་ཡང་འཛམ་གླིང་ཡུལ་གྲུ་རྣམས་ནས་སྐྱོན་བརྗོད་བྱེད་སྲིད། ལྷག་པར་བཙན་བྱོལ་བོད་གཞུང་ནས་

    Reply
  6. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    རེད་རེད་ ཡག་པོ་རེད བཟོ་མ་དགོས་བ་རེད
    ཁོ་བ་ཚོའི་བསམ་དོན་ཡང་འགྲུབ་ཡོད་རྒྱུ་རེད ་་ང་རང་ཚོ་ལ་ཡང་ཅིག་ཐོབ་པ་རེད་ ་་་གང་ལྟར་གཉིས་ཕན་རེད་

    Reply
  7. karma dorje says:
    ལོ་ 16 སྔོན།

    འདི་ལ་ལེགས་ཉེས་གཅིས་ཀར་ཡོད་པས། སོ་སོར་དབྱེ་འབྱེད་བྱེད་ཤེས་དགོས།

    Reply
  8. གནམ་ལྕགས། says:
    ལོ་ 16 སྔོན།

    འདི་འདྲའི་སྐབས་སུ་ང་ཚོས་མཐའ་གཅིག་ཏུ་ལྡོག་ཕྱོགས་ནས་བསམ་བློ་གཏོང་དགོས་དོན་མི་འདུག་དྲན་བྱུང་། གཅིག་བྱས་ན་འདི་དག་ནི་ང་ཚོར་ཕན་པའི་ལས་ཤིག་ཀྱང་ཡིན་སྲིད། གལ་སྲིད་བོད་འདི་ཕྱིར་ལོག་པའི་དུས་ཤིག་ཤར་ན། ལས་ཀ་འདི་དག་ནི་ང་ཚོས་དུས་ནམ་ཡང་བསྒྲུབ་མི་བཏུབ་པ་ཞིག་མ་རེད་དམ།

    Reply
  9. བྲ་རྡོར says:
    ལོ་ 16 སྔོན།

    གཅིགགཏོར་ནས་གཅིག་བཟོ་དགོས་པ་དེ་འགྲོ་ལུགས་ཞིག་མ་རུ་དམ།

    Reply
  10. བྲ་རྡོར says:
    ལོ་ 16 སྔོན།

    འོ་འདི་ཡག་པོ་རེད།ང་ཚོའི་བཟོ་མ་དགོས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese