མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གླུ་གཞས་འདི་དག་ལ་མ་ཉན་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

 
གཞིས་རྩེ་ས་ཁུལ་གཏིང་སྐྱེས་རྫོང་སློབ་འབྲིང་གི་གསལ་བརྡ།
                  
འོད་ཟེར་པོད་ཁུག་ལས་བསྒྱུར།  ནགས་ཤོད་སད་མི།
 
དགེ་སློབ་ཡོངས་ལ་ཞུ་རྒྱུར།
ས་ཁུལ་སློབ་གསོ་ཅུས་བཀའ་མངགས་ལྟར།  ཁ་བྲལ་བའི་འཐབ་རྩོད་ཀྱི་རྙོག་འཛིང་རང་བཞིན་དང་ཟུང་དུ་འབྲེལ་བའི་གཤམ་འཁོད་གླུ་གཞས་འདི་རྣམས་བདེ་ཐང་གི་རྣམ་པ་མེད་པས།   སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་གླུ་གཞས་འདི་དག་གཏོང་ཉན་བྱ་རྒྱུ་མེད།   དེ་དག་ནི  ༼  བདེ་སྐྱིེད་ཀྱི་ཤམ་བྷ་ལ  ༽ དང་། ༼   རེ་སྒུག  ༽  ༼  རེ་སྒུག—བླ་སློབ་ཆེད་སྒྲིག   ༽  ༼  གངས་ཕྲུག་གི་རེ་སྨོན   ༽   ༼  བཀའ་དྲིན   ༽  ( བོད་གཞས་སྤྱིན་ཤོག  )  ༼  ཚོན་མདངས་སྣ་ལྔའི་ཀླུང་རྟ  ༽ ( བོད་གཞས་སྤྱིན་ཤོག  )  ༼  གངས་རིའི་བུ   ༽  ( བོད་གཞས་སྤྱིན་ཤོག  )  ༼ མེ་ཏོག་པད་མའི་བརྩེ་བ   ༽ ( བོད་གཞས་སྤྱིན་ཤོག  )  ༼  ཕྱེ་ལེབ་ཀྱི་གཤོག་པ  ༽ ༼  ཞི་བདེའི་མཚམས་སྤྲིན  ༽  ༼  བུ་མོ–ང་ཁྱོད་ལ་དགའ  ༽༼ བུ་མོ–རེ་སྒུག  ༽  ༼  བཙན་པོའི་ཕོ་ཉ   ༽  ༼  འབྱོར་ཕྱུག་གི་གནམ་མཚོ་ཕྱུག་མོ  ༽  ༼  རེ་བ  ༽  ༼  རྒྱང་རིང་གི་གཅེན་པོ  ༽  ༼  ངོ་མཚར་གྱི་གངས་ལྗོངས   ༽  ༼  དགའ་རོགས  ༽  ༼  རེ་སྒུག་གི་སྨོན་པ  ༽  ༼ དུས་འཁོར་དབྱངས་ཅན ༽  ༼ ཞི་བདེའི་ཉི་ཟེར ༽  ༼  སྒྲ་དབྱངས་ལྷང་ལྷང  ༽  ༼  མི་ཚེའི་མདུན་ལམ  ༽ སོགས་ཀྱི་འཁོར་ལེབ་འདི་ཚོ་རེད།   དེ་དང་མཉམ་དུ་དགེ་སློབ་ཡོངས་ནས་ལག་ཐོགས་ཁ་པར་ནང་དུའང་གླུ་གཞས་འདི་དག་ཡོད་མི་ཆོག   ཅི་སྟེ་ལག་འཁྱེར་ཁ་པར་ནང་གླུ་གཞས་འདི་ཚོ་ཡོད་ཚེ།  རང་འགུལ་ངང་སོ་སོ་ནས་གསུབ་དགོས་ལ་ཁྲིམས་འགལ་གྱི་
སྤྱིན་ཤོག་དང་འཁོར་ཐག་ཡོད་ན་རང་འགུལ་ངང་མེད་པར་བཟོ་དགོས།
སློབ་གྲྭའི་ཨུ་ལྷན་ཁང་དང་སློབ་སྟོན་ཁྲུའུ།  ཐང་ཀྲི་པུའུ་རྩ་་འཛུགས་སྡེ་ཁག་སོགས་ཀྱིས་གཙང་བཤེར་བྱས་ཏེ་གོང་བརྗོད་ཀྱི་ཁྲིམས་འགལ་གླུ་གཞས་གཏོང་ཉན་བྱ་མཁན་ཚོ་ཁྲིམས་ཆད་ནན་པོ་གཅོད་རྒྱུ།  གལ་ཏེ་སློབ་ཕྲུག་ཚོས་གོང་གི་གླུ་གཞས་འདི་དག་བཏང་བ་ཡིན་ཚེ་འཛིན་གྲྭའི་འགན་འཛིན་གྱིས་འགན་འཁུར་གྱི་འོས་འགན་ལ་རྩད་གཅོད་བྱ་རྒྱུ།
ཆེད་དུ་སྤེལ་བའི་བརྡ་སྦྱོར།
གཏིང་སྐྱེས་རྫོང་སློབ་འབྲིང།
༢༠༡༠  ལོའི་ཟླ་བ  ༤  པའི་ཚེས་  ༢༡།

འབྲེལ་ཡོད་གསར་འགྱུར།

Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༡༩ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༡༩ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠

མཆན། 13

  1. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    འདི་ཚོའི་ནང་ནས་ཀྱང་༼བཙན་པོའི་ཕོ་ཉ་༽ཞེས་པའི་གཞས་དེ་དངོས་ཉིད་སྐད་སྒྲགས་ཆེན་པོ་རེད། གཞན་པ་དེ་ཚོ་ཀྱང་ཉན་མྱོང་།

    Reply
  2. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    གཞས་འདི་ཚོ་གཏང་མཁན་སུ་ཡིན་ནམ་

    Reply
  3. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    རྒྱ་མིས་ག་ཚོད་ཀྱི་དམ་བསྒྲགས་བྱས་པ་དང་། ག་ཚོད་ཀྱིས་སྡུག་རྩུབ་དཔྱད་པ་དེ་ཚོད་ཀྱི་བོད་པ་ཚང་གི་རྡོ་རྩ་ཅིག་སྒྲིལ་དང་མི་རིགས་ཀྱི་ལ་རྒྱ་ཇི་བརྟན་གྱི་རྒྱུ་ཉག་གཅིག་ཡིན། དར་དམར་འོག་ནས་འཚར་ལོངས་བྱུང་བའི་གངས་ཕྲུག་གཞོན་ནུ་དག་གིས་ཡང་ཁོ་བ་ཚོར་བློ་གཏད་མེད་པར་ཁོ་བ་ཚོས་ད་དུང་མ་ཤེས་པ་སྙིང་རྗེ། ཉིན་ཞིག་རྒྱ་ནག་མི་མང་ནས་ཁོ་བ་ཚོས་གདོང་སྤགས་ངོ་མ་དེ་ཤུ་ངོས།་ ནོར་གཅོས་ཞུས།

    Reply
  4. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    རྒྱ་མི་ག་ཚོད་ཀྱི་དམ་བསྒྲགས་བྱས་པ་དང་། ག་ཚོད་ཀྱི་སྡུག་རྩུབ་དཔྱད་པ་དེ་ཚོད་ཀྱི་བོད་པ་ཚང་གི་རྡོ་རྩ་ཅིག་སྒྲིལ་དང་མི་རིགས་ཀྱི་ལ་རྒྱ་ཇི་བརྟན་གྱི་རྒྱུ་ཉག་གཅིག་ཡིན། དར་དམར་འོག་ནས་འཚར་ལོངས་བྱུང་བའི་གངས་ཕྲུག་གཞོན་ནུ་དག་གིས་ཡང་ཁོ་བ་ཚོར་བློ་གཏད་མེད་པ་ཁོ་བ་ཚོས་ད་དུང་ཤེས་པ་སྙིང་རྗེ། ཉིན་ཞིག་རྒྱ་ནག་མི་མང་ནས་ཁོ་བ་ཚོས་གདོང་སྤགས་ངོ་མ་དེ་ཤུ་ངོས།

    Reply
  5. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅།། གཞས་འདི་དག་ལ་ཉན་མི་ཆོག་ན གཞས་པ་ཚོ་ལ་ཅི་བྱུང་ཡོད་ན

    མགོ་ནག་རྩམ་ཟན་ཚོའི་རྩམ་པ་ཟ་མི་ཉན་པའི་དུས་ཞིག་སླེབས་རྒྱུ་རེད

    Reply
  6. འཇམ་མགོན། says:
    ལོ་ 15 སྔོན།

    སྐྱོན་ཡོད་ནི་མ་རེད། ཁོ་ཚོས་ག་ཚོད་བཀག་རྒྱ་བྱས་ན་བོད་མི་ཚོ་དེ་ཙམ་གྱིས་བཙན་དུ་འགྲོ་ནི་རེད། རྒྱས་གནམ་ས་གཉིས་ནས་བཀག་རུང་ད་ནི་བོད་པ་ཚང་མི་ཁོག་ཁོ་ཐག་རེད། རྒྱ་གཞུང་ཡང་འཛམ་གླིང་འདི་ཐོག་ཏུ་ལངས་དགོས་སྟབས་མགོ་བོ་སྒུར་གྲབས་ཡོད་པ་རེད། ཆུ་རག་ཤོར་བ་ལྟར་དེང་སང་རྒྱ་ནག་གི་ཁྲིམས་གཞི་ཡང་གཏད་སོ་མེད་པར་ཕྱོགས་གང་ས་ནས་བླུད་བཞིན་པའི་སྒང་རེད།

    Reply
  7. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    ངའི་གྲོགས་པོ་ཞིག་གིས་སྔོན་མ་ནས་ཁམས་སོག་རྫོང་ཁུལ་དུ་བོད་ནང་གི་གཞས་པ་ཀུན་དགའ་དང་། ཤེར་བསྟན་སོགས་ཀྱི་གཞས་ཉན་ཆོག་གི་མ་རེད་ཟེར་བའི་སྐད་ཆ་ཞིག་བཤད་སོང་། འོན་ཀྱང་དེ་སྐབས་ངས་དམིགས་བསལ་དོ་སྣང་ཞིག་གང་ཡང་མ་བྱུང་ལ། གནས་ཚུལ་ཞིབ་ཕྲ་ག་འདྲ་ཡིན་མིན་འདྲི་རྒྱུ་མ་བྱུང་། ཕལ་ཆེར་འདི་ལྟ་བུའི་གནས་ཚུལ་ཡོད་པ་ཡིན་གྱི་རེད།

    Reply
  8. ནགས་མེ། says:
    ལོ་ 15 སྔོན།

    སྤྱིན་ཤོག་འགའ་ཞིག་གི་མིང་སྒྱུར་བོད་སྐད་དུ་ཏག་ཏག་འབྱོར་ཡོད་མེད་བཤད་ཚོད་དཀའ་ཡོད་པས་ཀློག་པོ་རྣམས་ཀྱིས་འོད་ཟེར་དྲ་ཚིགས་རང་ལ་རྩ་འཛིན་བྱ་རོགས།

    Reply
  9. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    ད་དངོས་གནས་རྒྱ་ནག་གི་བོད་མི་ན་གཞོན་ཡང་ལ་སྙིང་ལ་ཚ་གཟེར་རྒྱག་ཅུག་གི་འདུག ད་ཡིན་ན་བྱ་བ་ཅིག་རང་།

    Reply
  10. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 15 སྔོན།

    སྨྲ་དབང་དང་རྡོད་དབང་མེད་པ་བོད་པ་ཚང་གི་ལས་ཅི་ཧ་དཀོན་མཆོག་མཁྱེན།

    Reply
  11. ཕུན་ཚོགས ། says:
    ལོ་ 15 སྔོན།

    ད་ངོ་མ་དགོད་སྤྱད་རེད།ཧ་ཧ་ཧ་ཧ

    འདི་ནི་བོད་ཁུལ་དུ་ཡོད་པའི་ས་གནས་དཔོན་ངན་ཚོས་ཁོ་ཚོའི་གོ་ས་དང་མིང་ཆས་ལ་གནོད་པར་དོགས་ནས་ཚོད་ཚོད་དུ་འདྲོག་ལོང་བ་ཙམ་རེད།འདི་ནི་ཆབ་སྲིད་པའི་ལམ་གྲོགས་རྩ་བ་ཉིད་ནས་མིན་པས།འདི་ནི་བོད་པ་ཚོའི་སྤོབས་པ་དང་ང་རྒྱལ་སློང་བྱེད་ཀྱི་རྐྱེན་དུ་འགྲོ་ངེས།ཐུགས་རྗེ་ཆེ།དཔོན་ངན་སྐྱག་པ་ཟ་རྒྱུ་ཚོ།་
    ཨོ་ཨོ་་་དགོངས་དག་་་ཡང་སྐྱག་པ་ཞེས་པའི་ཚིག་ཅིག་ཤོར་སོང་་།

    Reply
  12. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཉི་མ་གཅིག་ལ་རྒྱ་ནག་གཞུང་གིས་བོད་པ་ཚོར་ཁྱེད་ཚོས་རྩམ་པ་ཡང་ཟ་མི་ཆོག གང་ཡིན་ཟེར་ན་ཏཱ་ལའི་བླ་མས་རྩམ་པ་ཟ་གི་ཡོད་པ་རེད། འདི་ཁ་བྲལ་གྱི་ཟ་མ་རེད་ཅེས་ཟེར་རམ།

    བཀག་སྡོམ་འོག་གི་གཞས་རེ་ཤེས་ན་འདིར་ངོ་སྤྲོད་གནང་རོགས།

    Reply
  13. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཨ་ཁུ་པདྨ་ཡང་དབུས་ཕྱོགས་སུ་བཀག་སྡོམ་ཅན་གྱི་གཞས་ཤིག་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese