མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒན་གསོ་ཁང་གི་ཉེ་ཁུལ་དུ་མེ་སྐྱོན།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་ཆུ་ཚོད་དང་པོ་ཡོལ་ཙམ་དེར། ངྷ་སའི་ལྷ་རྒྱལ་རིར་ཡོད་པའི་རྒན་གསོ་ཁང་གི་གཤམ་གྱི་རི་ངོས་དེར་མེ་སྐྱོན་བྱུང་འདུག

མེ་སྐྱོན་དེ་ནི་ནགས་ཚུལ་ཅུང་སྟུག་ས་དང་དགུན་གྱི་རྩྭ་སྐྱ་གང་སར་འཐོར་བའི་རི་ངོས་ཤིག་ཡིན་སྟབས། གསར་འགོད་པ་མེ་སྐྱོན་བྱུང་ཡུལ་དངོས་སུ་ཐོན་དུས་རི་ངོས་དེའི་མེ་ད་དུང་མཚམས་ཆད་མེད་པར། དམར་ལྷབ་ལྷབ་ཏུ་གང་སར་མཆེད་ཀྱིན་པའི་མེ་ལྕེ་དང་སྔོ་ལྷོག་ལྷོག་ཏུ་ནམ་མཁར་འཕྱུར་གྱིན་པའི་དུ་སྨུག་གི་ཀློང་ན། ལོ་རྒན་དྲུག་ཅུ་དང་བདུན་བཅུར་སླེབས་ཟིན་པའི་རྒས་འཁོགས་རྣམས་སེམས་འཚབ་ཆེན་པོ་ལངས་ཏེ་རང་རང་གི་ས་ན། སྣོད་རིགས་འདྲ་མིན་ནང་ཆུ་ཁྱེར་ཏེ། མེ་གསོད་ཀྱི་བྱ་བར་ཧུག་ཐག་གིས་ཞུགས་ཀྱིན་འདུག་ལ། ཕྱོགས་བཞིར་མཆེད་ཀྱིན་པའི་མེ་ལྕེ་རྒས་གསོ་ཁང་གི་ཁང་པ་དང་གོམ་པ་ལྔ་ཙམ་གྱི་མཚམས་ནས་གསོད་ཐུབ་པ་བྱུང་འདུག་པས། རྒས་འཁོགས་རྣམས་ཀྱི་སྡོད་ཁང་སོགས་ལ་གནོད་སྐྱོན་གང་ཡང་བྱུང་མེད།

གསར་འགོད་པས་མེ་སྐྱོན་ཇི་ལྟར་བྱུང་མིན་སྐོར་རྒས་འཁོགས་འགར་སྐད་ཆ་དྲིས་པར། དབུ་སྐྲ་དཀར་བོར་གྱུར་བའི་རྨོ་རྨོ་ཞིག་གིས་བཤད་དོན། འདི་ནི་ད་ལོ་གཅིག་པུ་མ་རེད། རྒྱ་གར་ཡུལ་མིས་ལོ་ལྟར་ད་ལྟའི་དུས་འདིར་རི་ངོས་ཀྱི་དགུན་རྩྭ་ལྷག་མ་རྣམས་མེར་བསྲེག་གི་རེད། དེ་ནི་ལོ་རྗེས་མར་རྩྭ་ཡག་པོ་སྐྱེ་རྒྱུའི་ཆེད་དུ་རེད། ཡིན་ནའང་། ཁོང་ཚོས་རི་མགོར་ང་ཚོ་ཡོད་མེད་ལ་མི་ལྟ་བར་རི་གཤམ་ནས་མེ་གཏོང་རྐྱང་བྱེད་པ་འདིས་ང་ཚོའང་འཚིག་རྒྱུའི་ཉེན་ཁ་འདུག་ལ། མེ་འབར་མགོ་བརྩམས་མ་ཐག་རྒན་གསོ་ཁང་གི་རླངས་རྫ་ཡོངས་རྫོགས་དབོར་འདྲེན་བྱས་ཟིན་ཞེས། མེ་གསོད་ཀྱི་བྱ་བར་བཀོད་སྒྲིག་གང་ལེགས་བྱས་ཟིན་སྐོར་འགྲེལ་བརྗོད་གནང་།

གསར་འགོད་པ་ལམ་ལ་མ་ཆས་པའི་སྔོན་དེར། ངྷ་ས་ཁུལ་གྱི་མེ་གསོད་རུ་ཁག་གི་རླངས་འཁོར་ཆེན་པོ་ཞིག་གིས་དུང་བརྡ་གཏོང་བཞིན་གངས་སྐྱིད་ཀྱི་ལམ་ཆུང་བརྒྱུད་མེ་སྐྱོན་བྱུང་སར་བསྐྱོད་ཡོད་ཀྱང་། བདེ་ལེགས་སྨན་ཁང་ཟུར་གྱི་དཀྱོག་ཆེན་པོ་ཞིག་ཏུ་རླངས་འཁོར་ཁ་དཀྱོག་མ་ཐུབ་པར་ཡུན་རིང་ལྷག་པར་བརྟེན། མེ་སྐྱོན་བྱུང་སའི་ས་ཁུལ་དུ་དུས་ལྟར་ཐོན་མེད་ལ། གསར་འགོད་པ་མེ་སྐྱོན་བྱུང་སར་ཕྱིན་ནས་ཕྱིར་ལམ་ལ་ཆས་སྐབས་གཞི་ནས་འབྱོར་སོང་། སྐབས་དེར་རྒས་འཁོགས་རྣམས་དང་མཉམ་དུ་མེ་གསོད་ཀྱི་བྱ་བར་ཞུགས་པའི་ཕྱི་གླིང་བ་ཞིག་གིས། ༼ མེ་གསོད་རླངས་འཁོར་ཞིག་ཡོང་གིན་འདུག ཡིན་ནའང་། འཕྱི་དྲགས་ཐག་ཆོད་འདུག ༽ ཅེས་འདི་གའི་གསར་འགོད་པར་བརྗོད་བྱུང་། 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 14

  1. མཐུ་སྟོབས་མཇུག་གནོན་བྱུང་བ། says:
    ལོ་ 16 སྔོན།

    དགོད་དྲོ་བ་ཞིག་ལ། རྒན་འཁོགས་དེ་དག་ལ་ལུས་རྩལ་ཡག་པོ་ཞིག་བྱུང་འདུག དེ་དང་ལྷན་དུ་མི་ལུས་ཡུན་རིང་མ་ཡིན་པར་གནོད་སྐྱོན་མང་བའི་དྲན་གསོ་ཞིག་ཀྱང་བྱས་འདུག

    Reply
  2. ཆུ་ཤུར་མིག་དམར་ says:
    ལོ་ 16 སྔོན།

    བོད་གཞུང་གིས་རྒྱ་གར་གཞུང་ལ་སྙན་ཞུ་ཞིག་རྒྱབ་ཐུབ་ཀྱི་མེད་དམ??????????
    ལོ་ལྟར་རི་ལ་མེ་རྒྱབ་པའི་དུས་ཚོད་དེ་སྟེང་རྒས་ཁོག་རྣམས་འཇིགས་སྣང་གི་ངང་ཚེ་འཇུག་བསྐྱལ་ཏེ་སྡོདགོས་ཀྱི་ཡོད

    Reply
  3. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    ད་ཆ་གཞི་ནས་ཐག་རིང་ཐག་རིང་གི་འགྲེལ་བཤད་དེ་ཚོས་གཞི་ནས་ཁ་གྲག་གི་ཡོད་པའི་ཚོར་སྣང་སྟེར་མགོ་ཚུགས་སོང་། གསར་འགོད་པས་འགྲེལ་བཤད་མང་ཙམ་བརྒྱབ་འདུག་པ་ཐུགས་རྗེ་ཆེ། ཚོགས་གཏམ་བཏང་བ་ག་ནས་ཡིན་ཏེ། ངོས་འཛིན་དེ་འདྲ་ཞིག་གནང་འདུག་སྟབས། ད་ནི་སེམས་ཕུག་དེ་ཤེས་ཡོད། ད་ནས་ཚིག་གཅིག་ཞུ་མ་དགོས་པ་ཞུས་ཆོག་པ་ཞུ།

    Reply
  4. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ད་ཕྱི་ཟླ་དྲུག་པ་ཟིན་རན་འདུག དགུན་ཁའི་རྩྭ་སྐྱ་ད་དུང་ཡོད་པ་ཁྱད་མཚར་རེད།

    Reply
  5. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    དྲ་གྲོགས་བསྟན་ཚེ་ལགས། དང་ཐོག་ཁྱེད་ཀྱིས་མཛུབ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ། དེ་སེམས་བསམ་པའི་སྟེང་གི་སྐད་ཆ་ཡང་ཡིན།

    མེ་སྐྱོན་བྱུང་ས་ནི་ ༼ ངྷ་སའི་ལྷ་རྒྱལ་རིར་ཡོད་པའི་རྒན་གསོ་ཁང་གི་གཤམ་གྱི་རི་ངོས་དེ་ ༽ རེད། ཚིག་གྲུབ་གོང་མའི་ནང་དུ་མེ་སྐྱོན་བྱུང་སའི་ཡུལ་གསལ་བོར་བསྟན་ཡོད་སྟབས། ཚིག་གྲུབ་འོག་མའི་ནང་དུ་ ༼ མེ་སྐྱོན་དེ་ནི་ནགས་ཚུལ་ཅུང་སྟུག་ས་དང་དགུན་གྱི་རྩྭ་སྐྱ་གང་སར་འཐོར་བའི་རི་ངོས་ཤིག་ཡིན་སྟབས། ༽ ཞེས་བརྗོད་ཀྱང་སྐྱོན་དུ་མཐོང་གི་མེད། ཡིན་ནའང་། ཚིག་གྲུབ་འོག་མ་དེ་ཅུང་བརྗོད་མི་བདེ་བ་ཞིག་ཏུ་གྲུབ་པ་ཁས་ལེན་གི་ཡིན།
    དེ་བཞིན་གསར་འགོད་པས། ༼ ཕྱོགས་བཞིར་མཆེད་ཀྱིན་པའི་མེ་ལྕེ་ ༽ ཞེས་བྲིས་པར། ཉིད་ཀྱིས་༼ ཕྱོགས་བཞི་མཚམས་བརྒྱད་ཀྱི་མེ་ལྕེ་ ༽ ཞེས་སྣོན་འཕྲི་མཛད་འདུག སྔ་མ་དེས་དམར་ལྷབ་ལྷབ་ཏུ་འབར་གྱིན་པའི་མེ་ལྕེ་དེ་རྒན་གསོ་ཁང་གི་གཤམ་གྱི་རི་ངོས་དེའི་ཕྱོགས་བཞིར་མཆེད་ཀྱིན་པ་བསྟན་པ་དང་། ཕྱི་མས་ཕྱོགས་བཞི་དང་མཚམས་བརྒྱད་ཀྱི་མེ་ལྕེ་དེ་རྒན་གསོ་ཁང་གི་ཕྱོགས་སུ་འབར་གྱིན་པ་བསྟན་འདུག དེ་ལྟར་ན། ཚིག་གྲུབ་ཕྱི་མ་དེ་གསར་འགོད་པས་བྲིས་པར་ཆ་བཞག་སྟེ། ཉིད་ཀྱིས་ཚོགས་གཏམ་ཡག་ཐག་ཆོད་ཅིག་གཏོང་ཆོག་གི་རེད།

    མཇུག་མཐར་ངེས་དགོས་པ་ཞིག་ནི། མཆན་འདིའི་རིགས་དྲ་ངོས་འདི་ནས་དུས་ནམ་ཡང་གསུབ་ཀི་མ་རེད། ད་དུང་མུ་མཐུད་དེ་ཡོང་གི་སྡོད། མཛུབ་སྟོན་གནང་གི་ཤོག

    Reply
  6. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    ༡ མེ་གསོད་རླངས་འཁོར་ལས་གསར་འགོད་པ་མགྱོགས་པ་སླེབས་སྐོར་བྲིས་འདུག དེ་གསལ་པོ་ཞིག་གོ་སོང་།

    ༢ ཕྱོགས་བཞི་མཚམས་བརྒྱད་ཀྱི་མེ་ལྕེ་ཚང་མ་རྒན་གསོ་ཁང་གི་ཕྱོགས་སུ་མཆེད་སྐོར་བྲིས་འདུག དེ་ལྟར་ན། རྒན་གསོ་ཁང་དེ་རི་ངོས་དེའི་ཕྱོགས་བཞི་མཚམས་བརྒྱད་ཁེབས་པ་ཞིག་ཡོད་འདུག ལོ་ཤས་གོང་རྒན་གསོ་ཁང་དེར་ཐེངས་གཅིག་བཅར་རྒྱུ་བྱུང། དེ་དུས་ནི་མཐའ་རྒྱ་ཕྱོགས་བཞི་མཚམས་བརྒྱད་ལ་བསྐྱེད་པ་གང་ཡང་བྱུང་མི་འདུག ཡང་ན། གསར་འགྱུར་འབྲི་མཁན་ནོར་འདུག ཡང་ན་ནི། ལོ་ཤས་གོང་མཐོང་བའི་ངའི་མིག་ལམ་གྱི་རྒན་གསོ་ཁང་དེ་ད་ལྟ་འགྱུར་ཚར་ཡོད་འདུག

    ༣ ༼མེ་སྐྱོན་དེ་ནི་ནགས་ཚུལ་ཅུང་སྟུག་ས་དང་དགུན་གྱི་རྩྭ་སྐྱ་གང་སར་འཐོར་བའི་རི་ངོས་ཤིག་ཡིན་སྟབས།༽ཞེས་གསར་འགྱུར་གྱི་མགོ་བཟུང་འདུག ཡིག་ནོར་ཕར་ཟད། མེ་སྐྱོན་དེ་ནི་ནགས་ཚལ་ཅུང་སྟུག་ས་དང་དགུན་གྱི་རྩྭ་སྐྱ་གང་སར་འཐོར་བའི་རི་ངོས་ཤིག་ཡིན་ཚུལ་བཤད་པ་འདིས། དགོས་རྒྱུའི་གོ་བརྡ་དེ་ཐག་རིང་ཞིག་ནས་སྤྲད་སོང་། ཡིན་ངོ་མ་ནི། འདྲ་པར་གཉིས་བཀོད་ནས་འདུག་པ་འདིས་གོ་བརྡ་ཡག་པོ་ཞིག་སྤྲད་སོང་།

    ༤ གསར་འགྱུར་དུས་ཐོག་ལ་བཏང་བ་ལེགས་པར་འདུག་སྟེ། ཁ་རུ་ཁ་ཐུག་གིས་བྲིས་ནས་སྤེལ་རྒྱུ་ལ་བསམ་པར་བྱ་བ་མང་དུ་འདུག་པར་མཐོང་ནས། ལག་པ་སྡོད་མ་ཚུགས་ཏེ་ཚིག་འགའ་ཐལ་བར་དགོངས་ཚོམ་མེད་པ་ཞུའོ།། ཅི་སྟེ་དགོངས་པ་ཚོམས་ན། བསུབ་གནང་རོགས་ཞུའོ།།

    Reply
  7. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    མཆན་འགའ་ཞིག་ལ་ཡིག་སྐྱོན་མང་དྲགས་པས་ཀློག་མི་ཐུབ་ལ་དོན་དེ་བས་ཀྱང་མི་གོ།

    Reply
  8. tshanpo says:
    ལོ་ 16 སྔོན།

    འདི་ཉེན་ཁ་ཆེན་པོ་རེད། གོམ་པ་བརྒྱ་ལྷག་གི་སར་༧་གོང་ས་མཆོག་གི་ཕོ་བྲང་ཡོད་རེད། ཕོ་བྲང་གི་ཕྱོགས་ལ་མེ་འབར་གི་རེད།རྒན་འགའ་རེ་མ་གཏོགས་རེད་པ་ཡོད་སྐྱོ་བ་རེད། ཕྱི་རྒྱལ་ན་མ་ཡེལ་ལྔ་དྲུག་རེ་སར་མེ་བསླེབས་ན་ཉིན་ཡོལ་ལ་འགྲོ་གི་འདུག

    Reply
  9. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    རྒས་རྣམས་སྨྲོས་མེད་མ་ཟད་ས་དྲུག་གི་དེད་དཔོན་ཆེན་པོའི་གཟིམ་ཤག་ཀྱང་ཉེན་ཁ་འདུག་

    Reply
  10. རིག་འཛིན། says:
    ལོ་ 16 སྔོན།

    རྒན་པོ་རྒན་མོ་རྣམས་མེའི་འཇིགས་པའི་འོག་ཏུ་འཆི་ཉེར་འདུག་ད་་་་་དངོས་གནས་བཟག་བཟག་བཟོ་རོགས་ལོ།

    Reply
  11. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    རྒན་འཁོག་ཚོ་མེར་བསྲེགས་ཐལ་ན་དཔེ་བསགས་ཡོང་།

    Reply
  12. karma dorje says:
    ལོ་ 16 སྔོན།

    ཕོ་བྲང་ཉེ་འཁོར་ཡང་ཡིན་སྟབས་ཧ་ཅང་གིས་དོ་ནན་དགོས་འདུག

    Reply
  13. ཕུན་ཚོགས ། says:
    ལོ་ 16 སྔོན།

    ངས་ད་རུང་དུང་སྒྲ་གྲག་བཞིན་པར་ཅི་ཞིག་ཡིན་མིན་ཐེ་ཚོམ་ཟ་བཞིན་པའི་སྒང་ལ་ཁྱོད་ཚོས་གནས་ཚུལ་རྒྱུས་ལོན་བྱས་ཚར་འདུག
    ངོ་མ་ངར་གི་ཡ།

    Reply
  14. ཕུན་ཚོགས ། says:
    ལོ་ 16 སྔོན།

    གསར་འགྱུ་ཟེར་ནོ་རེད།གནས་ཚུལ་དུས་ཐོག་ཏུ་ཐོན་གྱི་འདུག
    འདི་ལྟར་གནས་ཚུལ་དུས་ཐོག་ཏུ་ཐོན་ཐུབ་ན་ཤིན་ཏུ་བཟང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese